ཉིང་ཏེ་གྲོང་ཁྱེར།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-04-27 09:46ལ་འགྲུབ།

ཉིང་ཏེ་གྲོང་ཁྱེར།

ཉིང་ཏེ་གྲོང་ཁྱེར།
ཉིང་ཏེ་གྲོང་ཁྱེར་ནི་ཧྥུའུ་ཅན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་དང་མིང་ཏུང་དང་ཀྲུང་གོའི་གསེར་ཉ་ཡི་ཕ་ཡུལ། རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར་བཅས་ཡིན། ཧྥུའུ་ཅན་ཞིང་ཆེན་བྱང་ཤར་གྱི་དབྱི་ཧའེ་མཚོ་རྒྱུད་དང་ཧྥུའུ་ཅན་གྱི་མིང་ཏུང་ས་ཁུལ་དུ་ཆགས་ཡོད་པ་དང་། ཤར་དུ་ཤར་གྱི་རྒྱ་མཚོ་དང་འབྲེལ་ཞིང་། ཐའེ་ཝན་འདབས་འབྲེལ་ཡོད། ནུབ་ཕྱོགས་སུ་ནན་ཕིང་ཁྱིམ་མཚེས་བྱས་པ་དང་། ལྷོ་ངོས་ཞིང་ཆེན་གྱི་ལྟེ་གནས་ཕུའུ་ཀྲོའུ་གྲོང་ཁྱེར་དང་འབྲེལ་ཡོད། བྱང་ངོས་ཀྲེ་ཅང་དང་འབྲེལ་ཡོད། དེ་ནི་ཕུའུ་ཅན“འབྲི་ཆུའི་ཟུར་གསུམ་གླིང”དང་། ཉི་ཧོང་། ཧན་གོ་བཅས་དང་ཐག་ཉེ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན། ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.34ཟིན་པ་དང་། ཐད་ཀར་ཁྱིམ་མཚེས་ཀྱི་མཚོ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི4.46ཟིན་པ། འཛམ་གླིང་རིམ་པའི་རང་བྱུང་ཆུ་ཟབ་གྲུ་ཁ་སན་ཏུའུ་ཨའོ་ཡོད་པ་བཅས་ཡིན། ས་དབྱིབས་ནི་རི་མ་ཐང་གཙོ་བོ་ཡིན་པ་དང་། མཚོ་རྒྱུད་ནི་བདེ་ཐང་ཆུང་བ་ཡིན་ལ། ཚ་ཁུལ་བར་མའི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宁德
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ13452
ཕྱི་ཡིག་གི་མིང་།
Ningde City
མི་གྲངས།
ཁྲི291(སྤྱི་ལོ2019ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ནམ་ཟླ།
ཚ་ཁུལ་དཀྱུས་མའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཀྲུང་གོ་ཧྭ་ཏུང་།
རླངས་འཁོར་ཚབ་ཨང་།
闽J
སྦྲག་ཨང་།
352100~355514
ས་ཁུལ་ཁ་པར་ཨང་རྟགས།
0593
1 ​ངོ་སྤྲོད།

ཉིང་ཏེ་གྲོང་ཁྱེར་གྱི་མངའ་འོག་ཏུ་ཅའོ་ཁྲེང་ཆུས་དང་། ཧྥུའུ་ཨན་གྲོང་ཁྱེར། ཧྥུའུ་ཏིང་གྲོང་ཁྱེར། ཀུའུ་ཐེན་རྫོང་། ཞ་ཕུའུ་རྫོང་། ཀྲོའུ་ཉིང་རྫོང་། ཧྲོའུ་ཉིང་རྫོང་། ཕིང་ནན་རྫོང་། ཡུས་རུང་རྫོང་བཅས་ཡོད་ལ། སྤྱི་ལོ2018ལོའི་ལོ་མཇུག་བར་ཉིང་ཏེ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི291ལ་སླེབས་པ་རེད།

2 ལོ་རྒྱུས་ཀྱི་འཕེལ་རིམ།
2_1 ཉེ་རབས་ཀྱི་དུས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)གཞུང་བསྒྱུར་ནས་ཀྲོའུ་དང་ཐིན་བཙུགས་ཤིང་། ཞིང་ཆེན་དང་། སྲང་ལམ། རྫོང་བཅས་རིམ་པ3པའི་ས་གནས་ཀྱི་སྲིད་དབང་ལམ་ལུགས་ལག་བསྟར་བྱས་པ་དང་། ཆུས་ནང་ཁུལ་གྱི་ཀུའུ་ཐེན་དང་། ཕིང་ནན། ཞ་ཕུའུ། ཧྥུའུ་ཏིན། ཉིང་ཏེ། ཧྥུའུ་ཨན། ཧྲོའུ་ཉིང་བཅས་རྫོང་བདུན་ཤར་ལམ་གྱི་ཁོངས་སུ་གཏོགས།    

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)ཤར་ལམ་ཞེས་པའི་མིང་དེ་ཧྥུའུ་ཅན་མཚོ་ལམ་ཞེས་པར་བསྒྱུར་པ་དང་། ཆུས་ནང་ཁུལ་གྱི་རྫོང7དེ་ཧྥུའུ་ཅན་མཚོ་ལམ་ལ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་བཞི་བར(སྤྱི་ལོ1925ལོར)འགྲོ་ལམ་མེད་པར་བཟོས་པ་དང་། ཆུས་ནང་ཁུལ་གྱི་རྫོང་བདུན་ནི་ཞིང་ཆེན་སྲིད་གཞུང་གི་ཁོངས་སུ་གཏོགས་པ་རེད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གཉིས་པར(སྤྱི་ལོ1933ལོ)ཧྥུའུ་ཅན་མངའ་ཁོངས་སུ་ཞིང་ཆེན4དང་གྲོང་ཁྱེར2བགོས་ཤིང་། ཆུས་ནང་ཁུལ་གྱི་རྫོང7དེ་ཧྥུ་ཅན་ཞིང་ཆེན་གྱི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གསུམ་པར(སྤྱི་ལོ1934ལོར་)ཧྥུའུ་ཅན་ཞིང་ཆེན་སྲིད་གཞུང་གི་སྲིད་འཛིན་ལྟ་ཞིབ་ཁུལ་གྱི་ལམ་ལུགས་དངོས་སུ་བཙུགས་པ་དང་། ཧྥུའུ་ཅན་ཤར་རྒྱུད་དེ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་གཉིས་པར་ཕྱེ་ཡོད།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བཞི་པར་སྤྱི་ལོ1935ལོར་ཧྥུའུ་ཅན་ཤར་རྒྱུད་དེ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཨང་དང་པོར་ཟླ་སྒྲིལ་བཏང་།    

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་གཉིས་ལ(སྤྱི་ལོ1943ལོ)མིང་ཏུང་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཨང་བརྒྱད་པར་བགོས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་དྲུག་པར(སྤྱི་ལོ1947ལོ)མིང་ཏུང་ཡང་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་དང་པོར་བཞག་པ་དང་། དེའི་རིང་ཧྥུའུ་ཅན་ཤར་རྒྱུད་ཀྱི་མངའ་ཁོངས་སུ་འཕོ་འགྱུར་ཐེངས་འགའ་བྱུང་།

2_2 དེང་རབས།

སྤྱི་ལོ1949ལོའི་ཟླ9བའི་ཚེས30ཉིན། མིང་ཏུང་ཁུལ་དུ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་གསུམ་པ་བཙུགས་པ་དང་། དེའི་ཁོངས་སུ་ཧྥུའུ་ཨན་དང་ཉིང་ཏེ། ཧྥུའུ་ཏིང(ཟླ11པའི་ཚེས30ཉིན)དང་ཞ་ཕུའུ། ཧྲོའུ་ཉིང་། ཀྲོའུ་ཉིང་། ཆི་རུང་སོགས་རྫོང7ཡོད་ལ།  ཆེད་མངགས་མི་སྣའི་ཀུང་ཧྲུའུ་ཧྥུའུ་ཨན་དུ་བཅའ་སྡོད་བྱས་ཤིང་། ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཁོངས་གཏོགས་ཡིན།

སྤྱི་ལོ1950ལོར། སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་གསུམ་པ་ཧྥུའུ་ཨན་ཀྲོན་ཆུས་ཀྲོན་ཡོན་ཀུང་ཧྲུའུ་ཞེས་མིང་བསྒྱུར་བྱས། 

སྤྱི་ལོ1955ལོའི་ཟླ4བར་ཡང་ཧྥུའུ་ཨན་ཀྲོན་ཡོན་ཀུང་ཧྲུའུ་ཞེས་པར་བསྒྱུར་ཞིང་། ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཁོངས་སུ་གཏོགས། 

སྤྱི་ལོ1956ལོར་ཧྥུའུ་ཅན་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས། 

སྤྱི་ལོ1968ལོར་ཧྥུའུ་ཨན་ཀྲོན་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། ཧྥུའུ་ཅན་ཞིང་ཆེན་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས། 

སྤྱི་ལོ1970ལོར་ཧྥུའུ་ཨན་ཀྲོན་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་སྡོད་གནས་ཧྥུའུ་ཨན་ནས་ཉིང་ཏེ་རྫོང་མཁར་དུ་སྤོས། 

སྤྱི་ལོ1971ལོའི་ཟླ6པར། ཧྥུའུ་ཨན་ཀྲོན་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་དེ་ཉིང་ཏེ་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་དུ་བསྒྱུར། 

སྤྱི་ལོ1978ལོའི་ཟླ4བར་ཉིང་ཏེ་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ནས་ཉིང་ཏེ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་བཙུགས། 

སྤྱི་ལོ1979ལོར་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཁོངས་སུ་གཏོགས། 

སྤྱི་ལོ1983ལོ་ནས་བཟུང་ཉིང་ཏེ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་ཧྥུའུ་ཨན་དང་། ཉིང་ཏེ། ཧྥུའུ་ཏིང་། ཞ་ཕུའུ། ཧྲོའུ་ཉིང་། ཀྲོའུ་ཉིང་། ཧུའེ་རུང་། ཀུའུ་ཐེན། ཕིང་ནན་སོགས་རྫོང9ཡོད། (སྤྱི་ལོ1956ལོ་ནས་སྤྱི་ལོ1983ལོའི་བར་ཧྥུའུ་ཅན་ཤར་རྒྱུད་ཀྱི་ཁོངས་གཏོགས་ས་ཁུལ་ལ་འགྱུར་ལྡོག་མང་། སྔར་ཡོད་མངའ་ཁོངས་ཕུད། ད་དུང་སྔ་རྗེས་སུ་སུང་ཞི་དང་། ཀྲེང་ཧོ། ཁྲང་ལེ། ལེན་ཅང་། ལུའོ་ཡོན་སོགས་རྫོང་དང་ས་གནས་ཡོད)། 

སྤྱི་ལོ1999ལོའི་ཟླ11པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིང་ཏེ་གྲོང་ཁྱེར་དུ་བསྒྱུར་ཏེ་ཉིང་ཏེ་གྲོང་ཁྱེར་མི་དམངས་སྲིད་གཞུང་འཛུགས་པར་ཆོག་མཆན་བཀོད། 

སྤྱི་ལོ2000ལོའི་ཟླ11པའི་ཚེས14ཉིན་དངོས་སུ་སྒོ་བྱང་བཀལ་ཅིང་། ཉིང་ཏེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གསར་དུ་བཙུགས་པའི་ཅའོ་ཁྲེང་ཆུས་སུ་གྲོང་ཁྱེར་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)9ཡོད་པ་རེད།

3 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2015ལོར་ཉིང་ཏེ་གྲོང་ཁྱེར་ཁོངས་ཀྱི་ཅའོ་ཁྲེང་ཆུས་དང་། ཧྥུའུ་ཨན་གྲོང་ཁྱེར། ཧྥུའུ་ཏིང་གྲོང་ཁྱེར། ཞ་ཕུའུ་རྫོང་། ཀུའུ་ཐེན་རྫོང་། ཕིང་ནན་རྫོང་། ཧྲོའུ་ཉིང་རྫོང་། ཀྲོའུ་ཉིང་རྫོང་། ཆུས་རུང་རྫོང་སོགས་རྫོང(གྲོང་ཁྱེར་དང་ཆུས)9དང་ཡུལ་ཚོ46(མི་རིགས་ ཡུལ་ཚོ9ཚུད)དང་། གྲོང་རྡལ66། ཁྲོམ་གཞུང་དོན་གཅོད་ཁང13  སྡེ་ཁུལ183  སྲིད་འཛིན་གྲོང་ཚོ213བཅས་ཡོད་པ་རེད། སྲིད་གཞུང་བཅའ་སྡོད་བྱ་ཡུལ་ཉིང་ཏེ་གྲོང་ཁྱེར་གྱི་ཅའོ་ཁྲེང་ཆུས་སྔར་བཀོད་སྲང་ལམ་ཨང14བ་རུ་བཅའ་སྡོད་བྱས་ཡོད།

4 ས་ཁམས་ཁོར་ཡུག
4_1 གནས་ཁོངས།

ཉིང་ཏེ་ལ་སྔོན་ཆད་མིང་ཏུང་ཟེར། དེ་ནི་འབྲི་ཆུའི་ཟུར་གསུམ་གླིང་དང་ཀྲུའུ་ཅང་ཟུར་གསུམ་གླིང་། ཐའེ་ཝན་ཞིང་ཆེན་གྱི་དཔལ་འབྱོར་ཁུལ་ཆེན་པོ་གསུམ་གྱི་དཀྱིལ་དུ་གནས་པ་དང་།  ཤར་དུ་ཐའེ་ཝན་ལ་ཕྱོགས་ཤིང་། ནུབ་ཏུ་ནན་ཕིང་དང་འབྲེལ་བ། ལྷོ་རུ་ཧྥུ་ཀྲོའུ་དང་འབྲེལ་བ། བྱང་དུ་ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར་དང་འབྲེལ་ཡོད། ཤར་ནུབ་འཕྲེད་ཐག་སྤྱི་ལེ235དང་ལྷོ་བྱང་གཞུང་ཐག་སྤྱི་ལེ153ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི1.35ཟིན་པ་དང་མཚོ་ཁོངས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི4.46ཟིན་ཡོད། རྒྱ་མཚོའི་འགྲམ་རྒྱུད་ཀྱི་རིང་ཚད་ལ་སྤྱི་ལེ1046ཡོད།

4_2 ནམ་ཟླའི་ཆ་རྐྱེན།

ཉིང་ཏེ་ནི་ཚ་ཁུལ་བར་མའི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། དགུན་དུས་གྲང་ངར་ཉུང་ཞིང་དབྱར་དུས་ཚ་གདུག་ཆེ་བ། གནམ་གཤིས་བརླན་གཤེར་ཆེ་ལ་ཆར་ཆུ་འབེལ་བ། དབྱར་དུས་རིང་ཤོས་དང་སྟོན་དུས་ཐུང་ཤོས་ཡིན། གནམ་གཤིས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་གནམ་གཤིས་ཀྱི་གནོད་འཚེ་མང་བ། ས་བབ་མཐོ་བའི་རི་ཁུལ་རྫོང་4ཡོད་པའི་རྐྱེན་གྱིས་གནམ་གཤིས་ཀྱི་རྒྱུ་རྐྱེན་གཙོ་བོའི་ས་ཁམས་ཧེ་བག་ཆེ་ཙམ་ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་ལོ་རེའི་ཆ་སྙོམས་དྲོད་ཚད་ནི17.5℃དང་། སྐྱེ་བའི་དུས་ཡུན་ཉིན327.9སད་མེད་དུས་ཡུན་ཉིན270.4ཉི་འོད་ཕོག་ཡུན་ཆུ་ཚོད1637.7ཆར་ཆུ་འབབ་ཚད་ཧའོ་སྨི2350བཅས་ཡིན་པ་རེད། ཆར་ཆུ་འབབ་པའི་དུས་རིམ་གཉིས་ཏེ། ཟླ5བ་ནས6པའི་བར་གྱི་ཆར་དུས(ཆུ་མ་རྒྱས་གོང་གི་དུས)དང་ཟླ7པ་ནས9པའི་བར་གྱི་རྒྱ་མཚོའི་རླུང་འཚུབ་དུས(ཆུ་རྒྱས་དུས)ཡིན། ལོའི་ཆ་སྙོམས་རྒྱ་མཚོའི་རླུང་འཚུབ་ཀྱི་ཤུགས་རྐྱེན3.5ཡོད་པ་དང་། དྲག་ཆར་ཉིན་ཁ་ཤས་ཆ་སྙོམས་ཉིན5.7ཡིན་པ་དང་། དྲག་ཆར་ཆེན་པོ་ལོར་གྲོང་ཁྱེར་དེ་ཡོངས་ཀྱི་ཆ་སྙོམས80.3%ཡིན་པ་དང་། དྲག་ཆར་ཆེ་ཤོས་ནི་རྒྱ་མཚོའི་རླུང་འཚུབ་ཀྱི་ཤུགས་རྐྱེན་ལས་བྱུང་བ་ཞིག་ཡིན་ཞིང་། དེའི་ཁྲོད་ཀྲེ་རུང་ནི་དྲག་ཆར་འབབ་ཚད་ཧ་ཅང་ཆེ་ཤོས་ཀྱི་ཡུལ་དེ་ཡིན་པ་རེད།

5 མི་གྲངས།

ཉིང་ཏེ་གྲོང་ཁྱེར་གྱི་སྤྱི་ལོ2010ལོའི་མི་འབོར་ཡོངས་བཤེར་ཐེངས་དྲུག་པའི་ཐོག་ནས་མངོན་པར་གཞིགས་ན། ཉིང་ཏེ་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར3393698ཟིན་ནས་ལོ་བཅུའི་ནང་མི157993མང་དུ་ཕྱིན་པ་དང་། རྒྱུན་སྡོད་མི་འབོར2821996ཡོད་པ་དང་ལོ་བཅུའི་ནང་མི169262ཉུང་དུ་ཕྱིན་ཡོད། རྒྱུན་སྡོད་མི་འབོར་ཁྲོད་ལོ60དང་དེ་ཡན་གྱི་མི་འབོར375572ཡོད་པ་དེས13.31%བཟུང་བ་དང་སྤྱི་ལོ2000ལོ་དང་བསྡུར་ན2.59%འཕར་བ་དེ་ཐོག་ནས་ཉིང་ཏེ་གྲོང་ཁྱེར་རྒན་རྒོན་ཅན་གྱི་སྤྱི་ཚོགས་སུ་སླེབས་པ་མཚོན་ཡོད།

5_1 མི་རིགས།

མི་འབོར་ཡོངས་བཤེར་ཐེངས་དྲུག་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཉིང་ཏེ་གྲོང་ཁྱེར་ནི་མི་རིགས་མང་བའི་ས་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། རྒྱ་རིགས་དང་། ཧྲེ་རིགས། ཧུའེ་རིགས། ཀྲོང་རིགས་སོགས་མི་རིགས35ཡོད་པའི་ནང་རྒྱ་རིགས་མི་འབོར་ཁྲི265.33ཡོད་པ་དེས་གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་མི་འབོར་གྱི94.0%བཟུང་བ་དང་། གྲངས་ཉུང་མི་རིགས34དང་མི་འབོར་ཁྲི16.87ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་འབོར་གྱི6.0%བཟུང་ཡོད། གྲངས་ཉུང་མི་རིགས་ཁྲོད་ཧྲེ་རིགས་མི་འབོར་མང་ཤོས་ཡིན་པ་དང་མི་གྲངས་ཁྲི15.48ཟིན་པ་དེས་གྲངས་ཉུང་མི་རིགས་མི་འབོར་གྱི91.7%བཟུང་བ་དང་། དེ་ནས་ཧུའེ་རིགས་ཡིན་པ་དེས6.1%བཟུང་བ་དང་། དེ་ནས་ཀྲོང་རིགས་ཡིན་པ་དེས0.5%བཟུང་ཡོད། ཉིང་ཏེ་གྲོང་ཁྱེར་ནི་ཧྥུའུ་ཅན་ཞིང་ཆེན་གྱི་ཧྲེ་རིགས་མི་འབོར་འདུས་སྡོད་བྱ་ཡུལ་ཡིན་པ་དང་ཧྲེ་རིགས་མི་འབོར་གྱིས་ཞིང་ཆེན་ཡོངས་ཀྱི་ཧྲེ་རིགས་མི་འབོར་གྱི42.4%བཟུང་ཡོད། གཙོ་བོ་མཚོ་རྒྱུད་ཀྱི་རྫོང་དང་གྲོང་ཁྱེར་བཞིར་ཁྱབ་ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་ཧྲེ་རིགས་མི་འབོར་གྱི92.7%བཟུང་ཡོད།

6 དཔལ་འབྱོར།
6_1 རགས་བཤད།

སྤྱི་ལོ2017ལོའི་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1793.87ཟིན་པ་དེ་ལོ་གོང་མ་ལས5.3%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར301.91ཟིན་ནས4.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར876.49ཟིན་ནས2.0%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར615.47ཟིན་ནས10.9%འཕར་ཡོད། ཐོན་ལས་དང་པོའི་རིན་ཐང་འཕར་མས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད16.8%ཟིན་པ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མའི་བསྡུར་ཚད48.9%ཟིན་པ། ཐོན་ལས་གསུམ་པའི་རིན་ཐང་འཕར་མའི་བསྡུར་ཚད34.3%ཟིན་པ་བཅས་རེད། ལོ་ཧྲིལ་བོར་མི་རེའི་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར61964ཟིན་ནས་སྔ་ལོ་ལས4.7%ལ་འཕར་ཡོད།

7 ཆབ་སྲིད།

ཉིང་ཏེ་གྲོང་ཁྱེར་སྲིད་གྲོས་སྐབས་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། ལན་སི་ཆི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཞི་པའི་ཉིང་ཏེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་དང་། ལིན་ཧྲོའུ་དང་། ཝང་ཏའེ་ཀྲུང་། ཀྲང་རུའེ་ཅིན། ལིའུ་ཏེང་ཅན། ཧོང་ཅ་ཧྲེང་། ལིའུ་ཧྲུའེ་ཅིན། ཁྲེང་ཧྲུའུ་ཕིང་། ལིའུ་གོ་ཕིང་། ཁྲེན་མེ་ཡིང་སོགས་མི9ཉིང་ཏེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་པ་རེད།

8 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ་དང་པོར“ཀྲུང་གོའི་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་སྟོན་གྲངས་དེ་སྤྱི་ལོ2019ལོ”ར་ཡོངས་བསྒྲགས་བྱས་པའི་ནང་ཉིང་ཏེ་ཡི་མིང་རིམ་ཨང134བར་སླེབས་ཡོད།


དཔྱད་གཞིའི་ཡིག་ཆ།