སུང་ཞི་རྫོང་།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-04-27 09:47ལ་འགྲུབ།

སུང་ཞི་རྫོང་།

སུང་ཞི་རྫོང་།
སུང་ཞི་རྫོང་ནི(གནའ་བོའི་ཅན་ཉིང་གཞུང་སུང་ཞི་རྫོང་ཁོངས་སུ་གཏོགས)ཧྥུའུ་ཅན་ཞིང་ཆེན་ནན་ཕིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧྥུའུ་ཅན་དང་ཀྲེ་ཅང་གི་འབྲེལ་མཚམས་སུ་ཆགས་ཡོད། ཝུའུ་དབྱི་རི་འདབས་ཀྱི་ཤར་ལྷོའི་གཞོགས་དང་། གནའ་བོའི་དུས་སུ་ཆུ་བོའི་ངོགས་གཉིས་སུ་ཏུའོ་ཆའོ་སུང་ཞེས་འབོད་ཅིང་། དེར“པའེ་ལི་སུང་དབྱིན་པི་ཞི”ཞེས་འབོད་སྲོལ་ཡོད་པ་དང་། སུང་ཞི་རྫོང་ལ་དེའི་རྐྱེན་གྱིས་མིང་དེ་ལྟར་ཐོགས་པ་རེད། སུང་ཤིས་རྫོང་གི་གནམ་གཤིས་ཁྲོད་ཚ་ཁུལ་ཕལ་བའི་བརླན་གཤེར་ཆེ་བའི་དུས་རླུང་གནམ་གཤིས་སུང་ཤིས་རྫོང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1043ཟིན་པ་དང་སྤྱི་ལོ2016ལོར་སྤྱིའི་མི་འབོར་ཁྲི16.8ཡོད་པ་རེད། ཤར་དུ་ཆིང་ཡོན་རྫོང་གྲོང་དུ་སྤྱི་ལེ48ཡོད་པ་དང་། ཤར་ལྷོར་ཀྲེང་ཧོ་རྫོང་གྲོང་བར་སྤྱི་ལེ27ཡོད། ནུབ་ཏུ་ཅན་དབྱང་རྫོང་གྲོང་བར་སྤྱི་ལེ107དང་བྱང་དུ་ཕུའུ་ཁྲེང་རྫོང་གྲོང་བར་སྤྱི་ལེ75ཡོད། སུང་ཞི་རྫོང་ཁོངས་སུ་སྲང་ལམ1དང་གྲོང་རྡལ2 ཡུལ་ཚོ6བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
松溪县
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1043
ཕྱི་ཡིག་གི་མིང་།
Songxi County
མི་གྲངས།
ཁྲི16.8(སྤྱི་ལོ2016ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
རྫོང་རིམ་པ།
ནམ་ཟླ།
ཚ་ཁུལ་དཀྱུས་མའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཀྲུང་གོ་ཧྭ་ཤར།
རླངས་འཁོར་ཚབ་ཨང་།
闽H
སྦྲག་ཨང་།
353500
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
350724
1 ​ངོ་སྤྲོད།

སུང་ཞི་རྫོང་ལ་སྤྱི་ལོ2000ལོའི་ཟླ5བར་རིག་གནས་པུའུ་ཡིས“ཀྲུང་གོའི་དམངས་ཁྲོད་ཀྱི་བརྐོས་རིས་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་མིང་བཏགས་ཡོད། སྤྱི་ལོ2016ལོའི་ཟླ7པའི་ཚེས22ཉིན་སུང་ཤིས་རྫོང་ལ་ཁོར་ཡུག་སྲུང་སྐྱོང་པུའི་རྒྱལ་ཁབ་རིམ་པའི་སྣོད་བཅུད་རྫོང་གི་དཔྱད་ཞིབ་རྩིས་ལེན་ཐོབ་ནས་ཧྥུའུ་ཅན་བྱང་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་སྣོད་བཅུད་རྫོང་དང་པོར་གྱུར་ཡོད། སྤྱི་ལོ2016ལོར་སུང་ཤིས་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར46.64བྱུང་ཡོད། སྤྱི་ལོ2019ལོའི་ཟླ1པོའི་ཚེས9ཉིན་སུང་ཞིའི་བརྐོས་རིས་ལ་བརྟེན་ནས་སྤྱི་ལོ2018ལོ་ནས་སྤྱི་ལོ2020ལོའི་ལོ་འཁོར་གྱི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”གྱི་མིང་ཐོའི་ནང་བཅུག་པ་རེད། སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོའི་ནང་བཅུག་པ་རེད། སྤྱི་ལོ2019ལོའི་ཟླ11པར“རྒྱན་བཞིའི་གྲོང་གསེབ་གཞུང་ལམ”ཞེས་པའི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་གི་མཚན་སྙན་གནང་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།
2_1 མི་སེར་རྒྱལ་ཁབ་ཀྱི་དུས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)  ཧྥུའུ་ཅན་ཞིང་ཆེན་གྱིས་ལམ4ཡོད་པ་དང་། སུང་ཞི་རྫོང་དེ་ཧྥུའུ་ཅན་ཞིང་ཆེན་གྱི་བྱང་ལམ་དུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)བྱང་ལམ་ཞེས་པའི་མིང་དེ་ཅན་ཨན་ཏའོ་ཞེས་པར་བསྒྱུར་པ་དང་། ཏའོ་ཀུང་ཧྲུའུ་ཞེས་པ་ཚང་མ་ནན་ཕིང་དུ་བཅའ་སྡོད་བྱས་ཡོད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅོ་ལྔ་བར(སྤྱི་ལོ1926ལོར)རྒྱལ་དམངས་གསར་བརྗེའི་དམག་ཧྥུའུ་ཅན་དུ་བསྐྱོད་པ་དང་། ཕྱི་ལོའི་ཟླ2པར་སུང་ཞི་རྫོང་གི་སྲིད་གཞུང་བཙུགས་པ་དང་། ཐད་ཀར་ཧྥུའུ་ཅན་ཞིང་ཆེན་སྲིད་གཞུང་གི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གཉིས་པ(སྤྱི་ལོ1922ལོ)ཟླ11པར་ཧྥུའུ་ཅན་དུ་སྐབས་ཤིག་རིང་ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་གསར་བརྗེའི་སྲིད་གཞུང་བཙུགས་པ་དང་སུང་ཞི་རྫོང་ནི་ཡན་ཅན་ཞིང་ཆེན་གྱི་ཁོངས་སུ་གཏོགས། ཕྱི་ལོའི་ཟླ1པོར། མི་དམངས་གསར་བརྗེ་སྲིད་གཞུང་ཕམ་ཞིང་། སུང་ཞི་རྫོང་དེ་ཧྥུའུ་ཅན་ཞིང་ཆེན་གྱི་ཐད་གཏོགས་རྫོང་དུ་གྱུར། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ23པར(སྤྱི་ལོ1923ལོ)ཟླ7པར་ཞིང་ཆེན་དང་རྫོང་དབར་སྲིད་འཛིན་ལྟ་ཞིབ་ཁུལ་བཙུགས་པ་དང་ཞིང་ཆེན་ཡོངས་ནས་སྲིད་འཛིན་ལྟ་ཞིབ་ཁུལ10རུ་དབྱེ་བ་དང་སུང་ཞི་རྫོང་སྲིད་འཛིན་ལྟ་ཞིབ་ཁུལ་ཨང་བཅུ་བའི་ཁོངས་གཏོགས་སུ་ཡོད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བཞི་པའི(སྤྱི་ལོ1924ལོ)ཟླ10བར་སྲིད་འཛིན་ལྟ་ཞིབ་ཁུལ་གསུམ་པ་ཞེས་པར་བསྒྱུར་ཞིང་། ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཚང་མ་ཕུའུ་ཁྲེང་དུ་བཅའ་སྡོད་བྱས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བདུན་པའི་ཟླ8པར(སྤྱི་ལོ1938ལོ)ཅན་དབྱང་དུ་སྤོས་པ་རེད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ38པའི(སྤྱི་ལོ1949ལོའི་ཟླ5བའི་ཚེས14ཉིན། )སུང་ཞི་རྫོང་བཅིངས་འགྲོལ་བཏང་ཞིང་། ཧྥུའུ་ཅན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་དང་པོར་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ38པར(སྤྱི་ལོ1949ལོའི་ཟླ6པ)སྲིད་འཛིན་ལྟ་ཞིབ་ཁུལ་དང་པོ་ཅན་ཡུས་ཀྲོན་ཆུས་སུ་བསྒྱུར་ཞིང་ཟླ9བར་ཅན་དབྱང་ཀྲོན་ཆུས་ཞེས་པའི་མིང་ལ་བསྒྱུར། 

2_2 བཅིངས་འགྲོལ་རྗེས།

སྤྱི་ལོ1956ལོའི་ཟླ3པར་ཅན་དབྱང་ཀྲོན་ཆུས་མེད་པར་བཟོས་པ་དང་། སུང་ཞི་རྫོང་ནན་ཕིང་ཀྲོན་ཆུས་དུ་གཏོགས། སྤྱི་ལོ1959ལོའི་ཟླ7པའི་ཚེས1ཉིན་ཧྥུའུ་ཨན་ཀྲོན་ཆུས་སུ་བགོས། སྤྱི་ལོ1960ལོའི་ཟླ2པའི་ཚེས1ཉིན་སུང་ཞི་དང་ཀྲེང་ཧོ་རྫོང་གཉིས་ཟླ་སྒྲིལ་བཏང་ནས་སུང་ཀྲེང་རྫོང་ཟེར་ཞིང་། རྫོང་ནང་དུ་སུང་ཞི་ཁྲེང་ཀོན་བཙུགས་པ་དང་སྔར་བཞིན་ཧྥུའུ་ཨན་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས་ཡོད། སྤྱི་ལོ1962ལོའི་ཟླ8པའི་ཚེས2ཉིན་སུང་ཞི་དང་ཀྲེང་ཧོ་རྫོང་གཉིས་ཀྱི་སྒྲིག་གཞི་བསྐྱར་གསོ་བྱས། སྤྱི་ལོ1970ལོའི་ཟླ7པའི་ཚེས1ཉིན་ཡང་བསྐྱར་ཀྲེང་ཧོ་རྫོང་དང་ཟླ་སྒྲིལ་བཏང་ནས་ནན་ཕིང་ཀྲོན་ཆུས(སྤྱི་ལོ1971ལོའི་ཟླ6པར་ཅན་དབྱང་ས་ཁུལ་ཞེས་པར་བསྒྱུར)སུ་བཞག སྤྱི་ལོ1975ལོའི་ཟླ3པའི་ཚེས15ཉིན་ཡང་བསྐྱར་སུང་ཞི་དང་ཀྲེང་ཧོ་རྫོང་གཉིས་ཀྱི་སྒྲིག་གཞི་སླར་གསོ་བྱས་ཤིང་སྔར་བཞིན་ཅན་དབྱང་ས་ཁུལ་ཁོངས་གཏོགས་སུ་བཞག (སྤྱི་ལོ1989ལོའི་ཟླ1པོར་ནན་ཕིང་ས་ཁུལ་དུ་བསྒྱུར)

3 སྲིད་འཛིན་ཁོངས་བགོས།
3_1 ཁོངས་བགོས་འཕེལ་རིམ། 

སྤྱི་ལོ1996ལོར་སུང་ཞི་རྫོང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1043ཡོད་པ་དང་། མི་གྲངས་ཁྲི15.5ཙམ་ཡོད་ཅིང་། དེའི་ཁོངས་སུ་གྲོང་རྡལ3དང་ཡུལ་ཚོ6ཡོད་པ་སྟེ། སུང་ཡོན་གྲོང་རྡལ་དང་། ཀྲེང་ཏུན་གྲོང་རྡལ། ཝེ་ཐེན་གྲོང་རྡལ། ཧོ་ཏུང་ཡུལ་ཚོ། ཅིའུ་རྫོང་ཡུལ་ཚོ། ཞི་ཏུང་ཡུལ་ཚོ། ཧྭ་ཆའོ་ཡུལ་ཚོ། ཙུའུ་ཏུན་ཡུལ་ཚོ། ཁྲ་ཕིན་ཡུལ་ཚོ་བཅས་ཡོད་ལ། རྫོང་སྲིད་གཞུང་སུང་ཡོན་གྲོང་རྡལ་དུ་བཅའ་སྡོད་བྱས། སྤྱི་ལོ2000ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་བའི་སྐབས་སུང་ཞི་རྫོང་ལ་རྒྱུན་སྡོད་མི་གྲངས142453ཡོད་པ་དང་། དེའི་ནང་སུང་ཡོན་གྲོང་རྡལ་ལ་མི་གྲངས33201དང་ཀྲེང་ཏུན་གྲོང་རྡལ་ལ་མི་གྲངས16891  ཝེ་ཐེན་གྲོང་རྡལ་ལ་མི་གྲངས22038  ཧོ་ཏུང་ཡུལ་ཚོར་མི་གྲངས13512  ཁྲ་ཕིང་ཡུལ་ཚོར་མི་གྲངས13109  ཅིའུ་ཞན་ཡུལ་ཚོར་མི་གྲངས13450  ཞི་ཏུང་ཡུལ་ཚོར་མི་གྲངས11136  ཧྭ་ཆའོ་ཡུལ་ཚོར་མི་གྲངས10944  ཙུའུ་ཏུན་ཡུལ་ཚོར་མི་གྲངས8172བཅས་ཡོད། སྤྱི་ལོ2003ལོའི་ལོ་མཇུག་ཏུ་སུང་ཞི་རྫོང་དུ་ཐེམ་ཐོ་ཡོད་པའི་མི་འབོར་ཁྲི15.88ཡོད་པའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི2.77ཡོད། དེའི་ཁོངས་སུ་གྲོང་རྡལ3དང་ཡུལ་ཚོ6ཡོད་པ་སྟེ། སུང་ཡོན་གྲོང་རྡལ་དང་། ཀྲེང་ཏུན་གྲོང་རྡལ། ཝེ་ཐེན་གྲོང་རྡལ། ཧོ་ཏུང་ཡུལ་ཚོ། ཅིའུ་རྫོང་ཡུལ་ཚོ། ཤིས་ཏུང་ཡུལ་ཚོ། ཧྭ་ཆའོ་ཡུལ་ཚོ། ཙུའུ་ཏུན་ཡུལ་ཚོ། ཁྲ་ཕིང་ཡུལ་ཚོ་བཅས་ཡིན། སྤྱི་ལོ2008ལོར་ཞིང་ཆེན་སྲིད་གཞུང་གིས་མཆན་འགོད་བཀའ་ལན་གནང་བ་བརྒྱུད་སུང་ཡོན་གྲོང་རྡལ་མེད་པ་བཟོས་ནས་སུང་ཡོན་ཁྲོམ་གཞུང་བཙུགས་པ་རེད། ལེགས་སྒྲིག་བྱས་རྗེས་སུང་ཤིས་རྫོང་ཁོངས་གཏོགས་ཀྱི་ཁྲོམ་གཞུང1དང་གྲོང་རྡལ2   ཡུལ་ཚོ6བཅས་ཡོད་པ་སྟེ། སུང་ཡོན་ཁྲོམ་གཞུང་དང་། ཀྲེང་ཏུན་གྲོང་རྡལ། ཝུའེ་ཐེན་གྲོང་རྡལ། ཧོ་ཏུང་ཡུལ་ཚོ། ཁྲ་ཕིང་ཡུལ་ཚོ། ཅིའུ་རྫོང་ཡུལ་ཚོ། ཤིས་ཏུང་ཡུལ་ཚོ། ཧྭ་ཆའོ་ཡུལ་ཚོ། ཙུའུ་ཏུན་ཡུལ་ཚོ་བཅས་རེད། རྫོང་སྲིད་གཞུང་སུང་ཡོན་ཁྲོམ་གཞུང་དུ་བཅའ་སྡོད་བྱས།

3_2 ཁོངས་བགོས་གནས་ཚུལ།

སྤྱི་ལོ2016ལོའི་བར་སུང་ཞི་རྫོང་གི་ཁོངས་གཏོགས་སུ་ཁྲོམ་གཞུང1དང་གྲོང་རྡལ2  ཡུལ་ཚོ6  གྲོང་ཚོ109ཡོད་པ་སྟེ། སུང་ཡོན་ཁྲོམ་གཞུང་དང་། ཀྲེང་ཏུན་གྲོང་རྡལ། ཝེ་ཐེན་གྲོང་རྡལ། ཧོ་ཏུང་ཡུལ་ཚོ། ཅིའུ་རྫོང་ཡུལ་ཚོ། ཞི་ཏུང་ཡུལ་ཚོ། ཧྭ་ཆའོ་ཡུལ་ཚོ། ཙུའུ་ཏུན་ཡུལ་ཚོ། ཁྲ་ཕིང་ཡུལ་ཚོ་བཅས་ཡིན་པ་རེད།

4 ས་ཁོངས་ཁོར་ཡུག
4_1 གནས་ཁོངས།

སུང་ཞི་རྫོང་ནི་ཧྥུའུ་ཅན་ནན་ཕིང་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཆགས་ཡོད་པ་དང་། དེ་ནི་ཝུའུ་དབྱི་རི་རྒྱུད་ཀྱི་བྱང་སྣེ་དང་ཞན་ཞ་ལིང་གི་ལྷོ་འདབས་དང་། བྱང་གི་ཕུའུ་ཁྲེང་རྫོང་དང་འབྲེལ་ལ། ལྷོ་ཡི་ལེན་ཀྲེང་ཧོ་རྫོང་དང་འབྲེལ་ཡོད། ནུབ་ཀྱི་ཅན་དབྱང་ཁུལ་དང་འབྲེལ་ལ། ཤར་གྱི་ཀྲེ་ཅང་ཞིང་ཆེན་ཆིན་ཡོན་རྫོང་དང་འབྲེལ་མཚམས་སུ་ཆགས་ཡོད། རྫོང་ཁོངས་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ34དང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ49   སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1043ཡོད་པ་བཅས་སོ།

4_2 ནམ་ཟླ།

སུང་ཞི་རྫོང་ནི་འཕྲེད་ཐིག་བྱང་མའི་ཏུའུ27དུ་གནས་པ་དང་། ཚ་ཁུལ་བར་མའི་བརླན་གཤེར་ཆེ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དགུན་དུས་གྲང་ངར་མེད་པ་དང་། དབྱར་དུས་ཚ་གདུག་མེད་པ། དབྱར་དུས་དང་དགུན་དུས་རིང་བ། དཔྱིད་དུས་དང་སྟོན་དུས་ཐུང་བ། དུས་བཞིའི་དབྱེ་བ་གསལ་ཞིང་དུས་རླུང་མངོན་གསལ་ཡིན་པ། ཆར་ཆུ་དང་ཚ་བ་ཆེ་བའི་དུས་མཚུངས་སུ། འོད་འཕྲོ་བ་དང་། དྲོད་ཚད་མཐོ་བ། ཆར་ཆུ་འབབ་པའི་ས་ཁོངས་བཅས་ཀྱི་ཁྱད་ཆོས་མངོན་གསལ་ཡིན་པ་དང་གནམ་གཤིས་ཀྱི་གནོད་འཚེ་ཡང་ཡང་ཐོན་གྱིན་ཡོད་པའི་ས་ཞིག་ཡིན།

5 མི་གྲངས།

སྤྱི་ལོ2016ལོའི་ཟླ1པོའི་ཚེས4ཉིན་བར་སུང་ཞི་རྫོང་གི་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི12.10ཡོད་པ་རེད། སྐྱེ་ཚད13.90%ཡིན་པ་དང་ཤི་ཚད7.8%   རང་བྱུང་གི་འཕར་ཚད6.1བཅས་ཡིན། སྤྱི་ལོ2016ལོར་སུང་ཤིས་རྫོང་གི་དུས་མཇུག་ཏུ་ཐེམ་ཐོ་ཡོད་པའི་མི་འབོར་ཁྲི16.8ཡོད་པ་དང་ལོ་ཧྲིལ་པོར་སྐྱེས་པའི་མི་འབོར3364ཡིན་པ་རེད།

5_1 མི་རིགས།

སུང་ཞི་རྫོང་གི་གཙོ་གཞི་ནི་རྒྱ་རིགས་གྲངས་ཉུང་མི་རིགས་ལ་སོག་རིགས་དང་ཧུའེ་རིགས། བོད་རིགས། ཡུ་གུར་རིགས། མིའོ་རིགས། དབྱིས་རིགས། ཀྲོང་རིགས། པུའུ་དབྱི་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། ཏུང་རིགས། པའེ་རིགས། པའེ་རིགས། ཐུའུ་ཅ་རིགས། ཧ་ཉི་རིགས། ཏའེ་རིགས། ལི་རིགས། ཧྲེ་རིགས། ཧ་སག་རིགས། ཨུ་རུ་སུ་རིགས། ཨོ་ལུན་ཁྲུན་རིགས། ཀའོ་ཧྲན་རིགས། ཧྲུའེ་རིགས། འཇང་རིགས། ས་ལར་རིགས། ཀེ་ལའོ་རིགས། ཞི་པོ་རིགས། ཨ་ཁྲང་རིགས། ཆའང་རིགས། ཐ་ཅི་ཁེ་རིགས། ཅིན་རིགས་སོགས་མི་རིགས་དུ་མ་ཡོད།

6 དཔལ་འབྱོར།
6_1 རགས་བཤད།

སྤྱི་ལོ2016ལོར་སུང་ཞི་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར46.64བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2015ལོ་ལས6.8%ཀྱིས་འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར13.48ཟིན་ནས4.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར17.32ཟིན་ནས7.4%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར15.84ཟིན་ནས8.5%འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར38542ཟིན་པ་དེ་དུས་མཚུངས་ལས7.1%ལ་འཕར། ཐོན་ལས་གྲུབ་ཆ་ཐེངས་གསུམ་པ་དེ་སྤྱི་ལོ2015ལོའི28.9:37.9:33.2ནས28.9:37.1:34.0བར་ལེགས་སྒྲིག་བྱས། ཐོན་ལས་ཆེན་པོ་གསུམ་གྱི་དཔལ་འབྱོར་འཕར་ཚད་ཀྱིས་སོ་སོར་བརྒྱ་ཆའི་གཞི་གྲངས1.2%དང2.8%  2.8%བཅས་ཟིན་བྱས་ཡོད།

7 འགྲིམ་འགྲུལ།
7_1 མྱུར་བགྲོད་གཞུང་ལམ།

སུང་ཅན་མྱུར་བགྲོད་གཞུང་ལམ་ནི་སུང་ཞི་རྫོང་གི་མྱུར་བགྲོད་གཞུང་ལམ་དང་པོ་དེ་ཡིན་པ་དང་། མྱུར་བགྲོད་གཞུང་ལམ་དྲ་བའི་ཙུང་ཏུའེ་གསུམ་པའི་ཁྲང་ཁྲུན་ནས་ཧྲེན་ཀྲེན་བར་གྱི་ལམ་ཐིག་གི་ཕུའུ་ཅན་ཞིང་ཆེན་གྱི་ས་ཁོངས་ནང་གི་ལམ་དུམ་གལ་ཆེན་ཞིག་ཡིན་པ་དང་། མཚོ་ནུབ་མྱུར་བགྲོད་གཞུང་ལམ་དྲ་བའི་ཙུང་ཏུའེ་གསུམ་པ་སུང་ཞི་ནས་ཝུའུ་ཕིང་བར་གྱི་ལམ་ཐིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཧྥུའུ་ཅན་ཞིང་ཆེན་གྱི“ལྷོ་འབྲེལ་བྱང་སྦྲེལ”གྱི་མྱུར་བགྲོད་ཧྥུའུ་ཅན་གྱི་འགྲིམ་འགྲུལ་མ་ལམ་གལ་ཆེན་ཞིག་ཡིན་པ་རེད། སུང་ཅན་མྱུར་བགྲོད་གཞུང་ལམ་ལ་མྱུར་ཚད་སྟོང་སྨི100ཡོད་པ་དང་། བྱང་དུ་ཀྲེ་ཅང་ཞིང་ཆེན་ལུང་ཆོན་གྲོང་ཁྱེར་དང་འབྲེལ་ཞིང་། འབྲི་ཆུའི་ཟུར་གསུམ་གླིང་ལ་ཤར་གཏོང་ཐུབ། ལྷོ་ཕྱོགས་ཅན་ཡུས་གྲོང་ཁྱེར་དང་འབྲེལ་ཞིང་། མིང་ནན་གྱི་ཅིན་སན་ཅའོ་དཔལ་འབྱོར་ཁུལ་དང་ཀོང་ཏུང་ཀྲུའུ་ཅང་ཟུར་གསུམ་དཔལ་འབྱོར་ཁུལ་ལ་ཐད་ཀར་འབྲེལ་ཡོད། སུང་ཅན་མྱུར་བགྲོད་གཞུང་ལམ་དུ་ཞབས་ཞུའི་ཁུལ་གཉིས་བཙུགས་པ་སྟེ་ཀྲན་ལུའུ་ཞབས་ཞུའི་ཁུལ་དང་པེ་ཡོན་ཞབས་ཞུའི་ཁུལ་གཉིས་ཡིན།

8 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་རིག་གནས་དང་ཡུལ་སྐོར་པུའུ་ཡིས་སྤྱི་ལོ2018ལོ་ནས་སྤྱི་ལོ2020ལོའི་ལོ་འཁོར་གྱི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་གནང་།

སྤྱི་ལོ2019ལོའི་ཟླ11པར“རྒྱན་བཞིའི་གྲོང་གསེབ་གཞུང་ལམ”ཞེས་པའི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་གི་མཚན་སྙན་གནང་།

སྤྱི་ལོ2019ལོའི་ཟླ11པའི་ཚེས14ཉིན་སྣོད་བཅུད་ཁོར་ཡུག་པུའུ་ཡིས་ཁག་གསུམ་པའི་རྒྱལ་ཁབ་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་དང་རྫོང་གི་མཚན་སྙན་གནང་།


དཔྱད་གཞིའི་ཡིག་ཆ།