ཅན་ཨུའོ།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-04-27 10:22ལ་འགྲུབ།

ཅན་ཨུའོ།

ཅན་ཨུའོ།
ཅན་ཨུའོ་ཡི(གནའ་བོའི་ཅན་ཉིང་གཞུང་ཅན་ཨན་རྫོང་དང་ཨུའོ་ཉིང་རྫོང་ཁོངས་སུ་གཏོགས )བསྡུས་མིང་ལ་ཀྲི་ཞེས་བྱ། དེ་ནི་ཧྥུའུ་ཅན་ཞིང་ཆེན་བྱང་རྒྱུད་ཀྱི་ཞིང་ལས་གྲོང་ཁྱེར་ཆེན་པོ། ཞིང་ཆེན་རིམ་པའི་སྐྱེ་ཁམས་གྲོང་ཁྱེར་དང་ཞིང་ཆེན་རིམ་པའི་སྐྱེད་ཚལ་གྲོང་ཁྱེར་བཅས་ཡིན་ལ། ཅེ་ཝུའུ་དབྱི་རི་རྒྱུད་དང་པི་ཧྥུང་རི་རྒྱུད་དབར་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4233ཟིན་པ་དང་དེའི་ཁོངས་སུ་གྲོང་རྡལ10དང་ཡུལ་ཚོ4 ཁྲོམ་གཞུང4 གྲོང་ཚོ217དང་གྲོང་མི་ཨུ་ལྷན27བཅས་ཡོད་པ་དང་མི་འབོར་བསྡོམས་པའི་ཁྲི54.5ཟིན་པའི་ནང་ཞིང་ལས་མི་འབོར་ཁྲི46ཡོད་པ་ལས་རྒྱ་རིགས་གཙོ་བོ་ཡིན་པ་དང་། ད་དུང་ཆི་དང་མེའོ་རིགས་སོགས་གྲངས་ཉུང་མི་རིགས་ཀྱང10ལྷག་ཡོད་ཅིང་། ཧྥུའུ་ཅན་ཞིང་ཆེན་གྱི་སྐམ་སའི་རྒྱ་ཁྱོན་ཆེ་ཤོས་དང་ཧྥུའུ་ཅན་བྱང་རྒྱུད་ཀྱི་མི་འབོར་མང་ཤོས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
建瓯
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ4233
ཕྱི་ཡིག་གི་མིང་།
Jianou City
མི་གྲངས།
ཁྲི45.3(སྤྱི་ལོ2016ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
རྫོང་རིམ་པ།
ནམ་ཟླ།
ཚ་ཁུལ་དཀྱུས་མའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཀྲུང་གོ་ཧྭ་ཤར།
རླངས་འཁོར་ཚབ་ཨང་།
闽H
སྦྲག་ཨང་།
353100
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
350783
1 ངོ་སྤྲོད།

ཡི་གེར་བཀོད་པའི་ལོ་རྒྱུས་ལོ3000ལྷག་ཙམ་ཡོད་པ་དང་། རྫོང་བཙུགས་པའི་ལོ་རྒྱུས་ལོ་ངོ1800ལྷག་ཙམ་ལྡན་པ་དང་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་ཀྱང་ཡིན། “ཧྥུའུ་ཅན”ལོ་རྒྱུས་ཐོག་བཀོད་སྒྲིག་སྔ་ཤོས་ཀྱི་རྫོང་བཞིའི་གྲས་ཤིག་ཡིན་པ་དང་། ཧྥུའུ་ཅན་ལོ་རྒྱུས་ཐོག་བཀོད་སྒྲིག་སྔ་ཤོས་བྱས་པའི་སྲིད་གཞུང་ཡིན་ལ། ཧྥུའུ་ཅན་འཛུགས་སྐྲུན་བྱས་མ་ཐག་ཅན་ཀྲོའུ(ད་ལྟའི་ཅན་ཨུའོ)ལེན་གྱི་ཡོད།  943ལོར་ཝང་ཡན་ཀྲེང་གིས་ཀྲོའུ་བཙུགས་ནས་གོང་མ་བྱས།  945ལོར་ཝང་ཡན་ཀྲེང་གིས་ཧྥུའུ་ཅན་རྒྱལ་ཁབ་ཏུ་བསྒྱུར་པ་དང་། རྒྱལ་ས་སྔར་བཞིན་ཀྲོའུ་ནས་འཛུགས་སྐྲུན་བྱས་པ་དང་།  སྤྱི་ལོ1913ལོར་སྲིད་གཞུང་ཕྱིར་འཐེན་བྱས།

ལི་ཙི་ཅུན་དང་ཀྲོའུ། ཧྥུའུ། ཏུའུ།  ལམ་སྐྱོང་ཁང་བཅས་སུ་དབྱེ་ཡོད།  ཧྥུའུ་ཅན་བྱང་རྒྱུད་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་སུ་གྱུར།

ཀུའེ་ཙུང་ཡན་དང་། དབན་མུའུ་ལིན། ཧྥུའུ་ཅན་ནང་བསྟན་གནས་མཆོག་ཀོང་ཤའོ་ཅན་དགོན། ཧྥུའུ་ཅན་རྒྱལ་ཁབ་ཀྱི་གོང་མ་ཚང་གི་མཚོན་བྱེད་རང་བཞིན་གྱི་སྐྲུན་དངོས“ཁྱུང་ལྔའི་ཐོག་ཁང”(རྔ་ཁང)   རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པའི་པེ་ཡོན་ཡུས་ལུའུ་གནའ་ཤུལ་དང་ཏུང་ཡུས་ལྷ་ཁང་ནི་ཞིང་ཆེན་ཡོངས་ཀྱི་ད་ཡོད་གཞི་ཁྱོན་ཆེ་ཤོས་ཡིན། སུང་རྒྱལ་རབས་ཀྱི་བཟོ་སྐྲུན་གྱི་ཁྱད་ཆོས་ལྡན་པའི་ཅན་ཉིང་དགོན་དང་། ཝེ་ཝུའུ་མོན། ལིན་ཅང་མོན། ཐུང་ཅི་མོན། ཐུང་ཤན་མོན་སོགས་ཡུལ་སྐོར་དང་གནའ་ཤུལ་གྲགས་ཅན་མང་པོ་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།
2_1 མི་སེར་རྒྱལ་ཁབ་ཀྱི་དུས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)མིང་ལ་ཅན་ཉིང་ཧྥུའུ་ཟེར་ཞིང་། རྗེས་སུ་ཅན་ཡུས་ཧྥུའུ་ཞེས་པར་བསྒྱུར། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པར་ཀྲི་ཧྥུའུ་ཞེས་པར་བསྒྱུར། ཅན་ཨན་དང་ཨུའོ་ཉིང་རྫོང་གཉིས་ཟླ་སྒྲིལ་བཏང་ཞིང་། སོ་སོའི་ཡིག་འབྲུ་སྔོན་མ་སྤྱད་དེ་ཅན་ཨུའོ་རྫོང་ཞེས་མིང་བཏགས་པ་དང་ཅན་ཨན་ཏའོ་ཡི་མངའ་འོག་ཏུ་གཏོགས་ལ་གནས་ཡུལ་ནན་ཕིང་དུ་བཙུགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ17པའི་རིང་ཞིང་ཆེན་དང་རྫོང་རིམ་པ་གཉིས་ལས་བཙུགས་མེད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ35ལ་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ལྟ་ཞིབ་ཁུལ7དབྱེ་ཡོད། སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཅན་ཡང་དུ་བཙུགས།

2_2 བཅིངས་འགྲོལ་རྗེས།

སྤྱི་ལོ1949ལོའི་ཟླ5བའི་ཚེས13ཉིན། ཅན་ཨུའོ་བཅིངས་འགྲོལ་བཏང་ཞིང་། ཧྥུའུ་ཅན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་དང་པོ་བཙུགས་ཤིང་། དེའི་མངའ་ཁོངས་སུ་ཅན་ཨུའོ་དང་ཅན་དབྱང་། ཁྲུང་ཨན། ཕུའུ་ཁྲེང་། ཧྲུའེ་ཅི། སུང་ཞི། ཀྲེང་ཧོ། ཧྲའོ་ཝུའུ། ཀོང་ཙེ་བཅས་རྫོང9བཙུགས་ཡོད། སྤྱི་ལོ1950ལོའི་ཟླ3པར་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་རུ་བསྒྱུར། ལོ་དེའི་ཟླ4བར་ཧྲུའུ་ཡི་གནས་ཡུལ་ཅན་དབྱང་དུ་སྤོས་པ་དང་མིང་ཅན་དབྱང་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་ཞེས་པར་བསྒྱུར་ཅིང་། རྫོང་གི་ཁོངས་གཏོགས་སུ་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་བཙུགས། སྤྱི་ལོ1956ལོར་ཅན་དབྱང་ཀྲོན་ཡོན་ཀུང་ཧྲུའུ་དེ་ནན་ཕིང་ཀྲོན་ཡོན་ཀུང་ཧྲུའུ་རུ་ཟླ་སྒྲིལ་བཏང་བ་དང་ཅན་ཨུའོ་རྫོང་ནན་ཕིང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་གཏོགས་སུ་བསྒྱུར། སྤྱི་ལོ1970ལོར་ཅན་དབྱང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་བསྐྱར་འཛུགས་བྱས། ཅན་ཨུའོ་རྫོང་ཅན་དབྱང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་མངའ་འོག་ཏུ་གཏོགས། སྤྱི་ལོ1989ལོའི་ཟླ1པོར། ཅན་དབྱང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ནན་ཕིང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཞེས་པར་མིང་བསྒྱུར་ཅིང་། ནན་ཕིང་དང་ཧྲུན་ཁྲང་། ཅན་ཡུང་། ཅན་དབྱང་། ཁྲུང་ཨན། ཕུའུ་ཁྲེང་། སུང་ཞི། ཀྲེང་ཧོ། ཧྲའོ་ཝུའུ། ཀོང་ཙེ་བཅས་རྫོང་དང་གྲོང་ཁྱེར10ལ་བདག་སྐྱོང་བྱས། སྤྱི་ལོ1992ལོའི་ཟླ10བའི་ཚེས20ཉིན། རྒྱལ་ཁབ་དམངས་སྲིད་པུའུ་ཡིས་ཅན་ཨུའོ་རྫོང་མེད་པར་བཟོས་ནས་ཅན་ཨུའོ་གྲོང་ཁྱེར་འཛུགས་པའི་ཆོག་མཆན་བཀོད།

3 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2014ལོའི་ཟླ1བའི་ཚེས་20ཉིན་བར་ཅན་ཆུས་གྲོང་ཁྱེར་ཁོངས་གཏོགས་སུ་གྲོང་རྡལ10དང་། ཡུལ་ཚོ4  ཁྲོམ་གཞུང4   གྲོང་ཚོ217   གྲོང་མིའི་ཨུ་ཡོན་ལྷན་ཁང27བཅས་ཡོད་པ་རེད།

སྤྱི་ལོ1949ལོའི་ཟླ5བའི་ཚེས13ཉིན། ཅན་ཨུའོ་བཅིངས་འགྲོལ་བཏང་ཞིང་། ཧྥུའུ་ཅན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་དང་པོ་བཙུགས་ཤིང་། དེའི་མངའ་ཁོངས་སུ་ཅན་ཨུའོ་དང་ཅན་དབྱང་། ཁྲུང་ཨན། ཕུའུ་ཁྲེང་། ཧྲུའེ་ཅི། སུང་ཞི། ཀྲེང་ཧོ། ཧྲའོ་ཝུའུ། ཀོང་ཙེ་བཅས་རྫོང9བཙུགས་ཡོད། སྤྱི་ལོ1950ལོའི་ཟླ3པར་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་རུ་བསྒྱུར། ལོ་དེའི་ཟླ4བར་ཧྲུའུ་ཡི་གནས་ཡུལ་ཅན་དབྱང་དུ་སྤོས་པ་དང་མིང་ཅན་དབྱང་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་ཞེས་པར་བསྒྱུར་ཅིང་། རྫོང་གི་ཁོངས་གཏོགས་སུ་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་བཙུགས། སྤྱི་ལོ1956ལོར་ཅན་དབྱང་ཀྲོན་ཡོན་ཀུང་ཧྲུའུ་དེ་ནན་ཕིང་ཀྲོན་ཡོན་ཀུང་ཧྲུའུ་རུ་ཟླ་སྒྲིལ་བཏང་བ་དང་ཅན་ཨུའོ་རྫོང་ནན་ཕིང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་གཏོགས་སུ་བསྒྱུར། སྤྱི་ལོ1970ལོར་ཅན་དབྱང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་བསྐྱར་འཛུགས་བྱས། ཅན་ཨུའོ་རྫོང་ཅན་དབྱང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་མངའ་འོག་ཏུ་གཏོགས།

4 ས་ཁམས་ཁོར་ཡུག
5 གནས་ཁོངས།

ཅན་ཡུས་གྲོང་ཁྱེར་ནི་ཝུའུ་དབྱི་རི་རྒྱུད་ཀྱི་ཤར་ལྷོའི་ཕྱོགས་སུ་ཆགས་ཡོད་པ་དང་། ཅན་ཧྥེང་རི་རྒྱུད་ཀྱི་ནུབ་བྱང་གི་ཕྱོགས་སུ་ཆགས་ཡོད་ཅིང་། ཤར་གྱི་གཞུང་ཐིག 117°58'45”~118°57'11”བར་དང་། བྱང་གི་འཕྲེད་ཐིག 26°38'54”~27°20'26”དང་། བྱང་གི་ཅན་དབྱང་ཁུལ་དང་འབྲེལ་ཞིང་། ལྷོ་ཡི་ཡན་ཕིང་ཆུས་དང་ཀུའུ་ཐེན་རྫོང་དང་འབྲེལ་ཡོད། ཤར་གྱི་ཀྲེང་ཧོ་དང་ཕིང་ནན་རྫོང་དང་འབྲེལ་ཞིང་ནུབ་དང་ཧྲུན་ཁྲང་རྫོང་གི་འབྲེལ་མཚམས་སུ་ཆགས་ཡོད། གྲོང་ཁྱེར་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4233.13(ས་མུའུ་ཁྲི635ཟིན་པ་དང་། སྐམ་སས96.43%བཟུང་ཡོད། ཆུ་ཁོངས་ཀྱིས3.57%བཟུང་ཡོད)ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ96.5དང་ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ76.6ཡོད།

6 དཔལ་འབྱོར།
6_1 རགས་བཤད།

སྤྱི་ལོ2014ལོར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར175.92ཟིན་ནས9.5%འཕར་བ། སྤྱི་བའི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར11.88ཟིན་ནས8.9%འཕར་བ་དང་། ས་གནས་ཀྱི་སྤྱི་བའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར8.57ཟིན་ནས13.2%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར214.18བཏང་ནས19.9%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར60.96ཡིན་པས10.9%འཕར་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར24489ཟིན་ནས9%འཕར་བ། ཞིང་བ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར12391ཟིན་ནས11.3%འཕར་བ། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ཨ་སྒོར་དུང་ཕྱུར1.44ཟིན་ནས2.3%ཆག་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་ཀྱིས3.1%ཟིན་ཅིང་། མི་འབོར་རང་ཤུགས་སུ་འཕར་ཚད་ཀྱིས་སྟོང་ཆའི7.47ཟིན་ཡོད།

6_2 ཞིང་ལས།

ས་རྒྱུ་གཤིན་ལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས“གསེར་གྱི་ས་གཞི”དང་། “ལྗང་མདོག་གསེར་མཛོད”“སྨྱུག་མཚོའི་འབྲུ་མཛོད”“ཆང་མཁར་གྱི་སྨྱུག་རྩེ”ཞེས་བརྗོད་སྲོལ་ཡོད། རྒྱལ་ཡོངས་ཀྱི་ཚོང་འབྲུ་རྟེན་གཞིའི་གྲོང་ཁྱེར་དང་། “རྒྱལ་ཡོངས་ཀྱི་གཙོ་གནད་ནགས་ལས་རྫོང(གྲོང་ཁྱེར)”ཞིང་ཆེན་ཡོངས་ཀྱི་ཚ་ལུ་མ་ཐོན་སྐྱེད་རྟེན་གཞིའི་གྲོང་ཁྱེར། “ཀྲུང་གོའི་གྲགས་ཅན་དང་དམིགས་བསལ་སྤུས་ལེགས་ཀྱི་དཔལ་འབྱོར་ནགས་གླིང་སྙུང་ལིའི་ཕ་ཡུལ”རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་ཅན་གྱི་དཔེ་སྟོན་རྟེན་གཞི་ཁག་གཉིས་པ། རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་ཁག་གསུམ་པ་བཅས་ཡིན་པ་དང་། བཟའ་བྱའི་ཤ་མོ་དང་། པད་མ། ཙེ་ཤི། ལྷ་རྩྭ། ཐང་ཚིལ་སོགས་ཡུལ་ཐོན་ཁྱད་རྫས་སྣ་ཚོགས་ཐོན་གྱི་ཡོད། སྨྱུག་རྩྭ་བཟོས་རྫས་དང་། ཇ་ལོ། པད་མ། ལུའུ་ཙའོ། རྒུན་འབྲུམ། འབྲས་སོགས་ཞིང་ལས་ཐོན་རྫས་མང་པོ་ཞིག་ལ་ལྗང་མདོག་བཟའ་བཅའ་དང་ཡང་ན་སྤྱི་གནོད་མེད་པའི་སྐྱེ་ལྡན་བཟའ་བཅའི་བདེན་དཔང་ར་སྤྲོད་ཐོབ་པ་དང་། ཅན་ཡན་ལི་དང་། པེ་ཡོན་ཀུང་ཇ། ཏུང་ཧྥུང་གི་རྐང་ཐུང་ཝུའུ་ལུང་། ཅན་ཙེ་ཤུའུ་བཅས་ལ་ས་ཁམས་མཚོན་རྟགས་ཀྱི་བདེན་དཔང་ཚོང་རྟགས་ཐོབ་ཡོད་པ་རེད། སྤྱི་ལོ2014ལོར་གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར81.75ཟིན་པ་དང་ཞིང་ལས་སྣེ་འདྲེན་ཁེ་ལས113ཡོད་པ་རེད། ཤིང་སྨྱུག་དང་། ཇ་འབྲས། སྒོ་ཕྱུགས་དང་ཁྱིམ་བྱ་བཅས་ཞིང་ལས་ཀྱི་གཙོ་ཁྲིད་ཐོན་ལས་ཆེན་པོ་གསུམ་དང་། འབྲུ་རིགས་དང་། སྔོ་ཚལ། བཟའ་བཅའི་ཤ་མོ། སྙུང་ལི་སོགས་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་བཟོ་ཚོང་ཐོ་འགོད་བྱས་པའི་ཞིང་པའི་ཆེད་ལས་མཉམ་ལས་ཁང789ཡོད་པའི་ནང་ཞིང་ཆེན་རིམ་པ་ཡན་གྱི་དཔེ་སྟོན་ཁང17(རྒྱལ་ཁབ་རིམ་པ་པའི་དཔེ་སྟོན་ཅན6ཡོད)ཡོད་པ་དང་། བཟོ་ཚོང་ཐོ་འགོད་བྱས་པའི་ཁྱིམ་ཚང་ཞིང་ར58ཟིན་ཡོད་པ་རེད།

སྤྱི་ལོ2014ལོར་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི58.29ཟིན་པ་དང་སྤྱིའི་ཐོན་འབོར་ཏུན་ཁྲི22.38ཟིན་ནས་ལོའི་འཆར་གཞིའི100.81%ལེགས་གྲུབ་བྱུང་ཡོད། ཞིང་བའི་ལས་གཏོད་དཔེ་སྟོན་རྟེན་གཞིའི་ཆུ་ལུད་གཞི་གཅིག་ཅན་གྱི་སྒྲིག་བཀོད་དང་དེ་བཞིན་རྒྱང་ཁྲིད་ལྟ་སྐུལ་ཚོད་འཛིན་སྒྲིག་བཀོད་འཛུགས་སྐྲུན་ལེགས་གྲུབ་ཟིན་པ་དང་། སྔོ་ཚལ་སྒྲིག་བཀོད་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི34.5ཟིན་པ། ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་མ་དངུལ་སྒོར་ཁྲི4174.53སྤྲད་པ་བཅས་རེད།

6_3 བཟོ་ལས།

ཧྲང་ཀྲོའུ་དུས་རབས་སུ། གྲོང་ཁྱེར་ནང་དུ་རྫ་ཆས་བཟོས་མྱོང་། རྒྱལ་ཁབ་གསུམ་གྱི་དུས་སྐབས་སུ་གྲུ་བཟོ་ལས་རིགས་ཅུང་དར་རྒྱས་ཆེ། ཏུང་ཅིན་དུས་སྐབས་སུ་སོ་ཕག་བཟོ་བའི་ལས་རིགས་ཀྱི་གཞི་ཁྱོན་དུ་གྱུར་ཡོད། ཐང་སུང་གི་དུས་སུ་སྲིང་བལ་འཁལ་འཐག་ཐོན་རྫས་སྐད་གྲགས་ཆོད་ཅིང་ཇ་ལོ་ལས་སྣོན་ལས་རིགས་ཀྱང་དར་རྒྱས་ཆེན་པོ་བྱུང་ཡོད། སུང་རྒྱལ་རབས་ནས་བཟུང་“སྨན་སྦྱོར་དྲུག་”གི་ཐབས་ལ་བརྟེན་ནས་ཟངས་བཙོ་སྦྱང་བྱས་པ་དང་། ལྕགས་བཞུ་བ་དང་། དངུལ་ལུགས་རྒྱག་པ། རྫ་ཆས་ཐོན་སྐྱེད་བཅས་ཀྱི་གཞི་ཁྱོན་ཧ་ཅང་ཆེན་པོ་ལྡན། ཡོན་རྒྱལ་རབས་ཀྱི་དར་གོས་ཐོན་སྐྱེད་གང་སར་ཁྱབ་ཡོད། མཱིང་རྒྱལ་རབས་ཀྱི་ཤོག་བུ་བཟོ་བའི་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས། ཅ་ཅིང་དང་དབན་ལི་ཡི་ལོ་ཟླའི་ནང་ཅན་ཡན་དང་ཅན་དབྱང་དཔེ་དེབ་ཚོང་པས་ཟངས་པར་གྱི་ཡིག་སྒྲིག་པར་འདེབས་བྱས་པ་དང་། ད་དུང་ལན་སེར་དཔར་མའི“ཀྲི་ཁྲེང་ཟངས་དཔར་མ”དང《མོ་ཙི》ཞེས་པ་སོགས་ད་ལྟའི་བར་དར་ཁྱབ་བྱུང་ཡོད། ཆིང་རྒྱལ་རབས་ཀྱི་སྐབས་ཇ་བཟོ་དེ་སྤུས་ལེགས་ཀྱི་ཕྱོགས་སུ་འཕེལ་རྒྱས་བྱུང་བ་དང་འབྲེལ་གཅིག་རྗེས་གཉིས་མཐུད་ངང་ཕྱིར་གཏོང་བྱས་པ་རེད།

7 སྤྱི་ཚོགས་ལས་དོན།
7_1 ཚན་རྩལ།

བཅིངས་འགྲོལ་བཏང་རྗེས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཚན་རྩལ་ལ་བརྟེན་ནས་རྒྱལ་དམངས་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཚན་རིག་ཞིབ་འཇུག་བྱེད་པར་མཐོང་ཆེན་བྱས་ཐོག་ཆེད་དམིགས་ཀྱི་ཚན་རིག་ལག་རྩལ་དོ་དམ་ལས་ཁུངས་བཙུགས་ནས་ཚན་རྩལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་ཁྱབ་སྤེལ་གཏོང་བ་དང་། ཚན་རིག་ལག་རྩལ་གྱི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་དོ་དམ་དང་ཁྱབ་གདལ་གཏོང་བའི་མ་ལག་རིམ་བཞིན་བཙུགས་ཏེ་མང་ཚོགས་ཀྱི་རང་བཞིན་ལྡན་པའི་ལག་རྩལ་ཁྱབ་སྤེལ་གྱི་རྨང་གཞི་ཚུགས་པར་བྱས་ཏེ་ཚན་རྩལ་གྱི་གྲུབ་འབྲས་མང་པོ་ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།