ཝུའུ་དབྱི་ཧྲན་གྲོང་ཁྱེར།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-04-27 10:28ལ་འགྲུབ།

ཝུའུ་དབྱི་ཧྲན་གྲོང་ཁྱེར།

ཝུའུ་དབྱི་ཧྲན་གྲོང་ཁྱེར།
ཝུའུ་དབྱི་ཧྲན་གྲོང་ཁྱེར་ནི(གནའ་བོའི་ཅན་ཉིང་ཧྥུ་ཁྲུང་ཨན་རྫོང་ལ་གཏོགས)ཧྥུའུ་ཅན་ཞིང་ཆེན་ནན་ཕིང་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས་པའི་རྫོང་རིམ་པའི་གྲོང་ཁྱེར་ཡིན་ལ། ཧྥུའུ་ཅན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་ཆགས་ཡོད་པ་དང་། ཤར་དུ་ཕུའུ་ཁྲེང་དང་འབྲེལ་ཞིང་། ལྷོ་རུ་ཅན་དབྱང་དང་འབྲེལ། ནུབ་ཏུ་ཀོང་ཙེ། བྱང་དུ་ཅང་ཞི་ཞིང་ཆེན་གྱི་ཞ་ཧྲན་རྫོང་དང་འབྲེལ་ཡོད། མངའ་ཁོངས་ཡོངས་ཀྱི་ཤར་ནུབ་ཀྱི་ཞེང་ཚད་སྟོང་སྨི70དང་ལྷོ་བྱང་གི་རིང་ཚད་སྟོང་སྨི72.5ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武夷山市
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2798
ཕྱི་ཡིག་གི་མིང་།
Wuyishan City
མི་གྲངས།
246707(སྤྱི་ལོ2019ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ནམ་ཟླ།
ཚ་ཁུལ་དཀྱུས་མའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཀྲུང་གོ་ཧྭ་ཤར།
རླངས་འཁོར་ཚབ་ཨང་།
闽H
སྦྲག་ཨང་།
354300
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
350782
1 ​ངོ་སྤྲོད།

ཧྥུའུ་ཅན་དང་ཅང་ཤིས་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་ཁུལ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་དུ་གཏོགས་པ་དང་ཧྥུའུ་ཅན་ཞིང་ཆེན་གྱི་མིང་གཡར་ནས་བཏགས་པའི་གསར་དར་ཡུལ་སྐོར་གྲོང་ཁྱེར་གཅིག་པུ་དེ་ཡིན། ཝུའུ་དབྱི་ཧྲན་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2798ཡོད་པ་དང་། སྤྱི་ལོ2019ལོར་སྤྱིའི་མི་འབོར་ཁྲི24.6707ཟིན་པ། དེའི་ཁོངས་སུ་གྲོང་རྡལ3དང་། ཡུལ་ཚོ4  ཁྲོམ་གཞུང3  ཇ་ཞིང་ར་བ4  སྲིད་འཛིན་གྲོང་ཚོ115བཅས་ཡོད།

སྤྱི་ལོ1999ལོའི་ཟླ12པར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཆོག་མཆན་བཀོད་དེ《འཛམ་གླིང་ཤུལ་བཞག་མིང་གཞུང》དུ་བཀོད་དེ། ཀྲུང་གོའི་ཨང4བ་དང་འཛམ་གླིང་རིག་གནས་དང་རང་བྱུང་གི“ཤུལ་བཞག་གཉིས”ཀྱི་ས་གནས23གྱི་གྲས་སུ་བདམས་ཐོན་བྱུང་།

སྤྱི་ལོ2013ལོའི་ཟླ་12པར་ཝུའུ་དབྱི་ཧྲན་སྤྱི་ལོ2013ལོའི་ཡུལ་སྐོར་འགྲན་རྩོད་ཕུལ་བྱུང་བརྒྱའི་རྫོང་དུ་བདམས་པ་རེད། སྤྱི་ལོ2019ལོར་ཝུའུ་དབྱི་ཧྲན་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་ཁྲི2071161ཟིན་ཡོད།

སྤྱི་ལོ2018ལོའི་ཟླ11པར་སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི“བདེ་སྐྱིད་རྫོང་བརྒྱའི”མིང་ཐོའི་ནང་ཚུད་པ་རེད།

སྤྱི་ལོ2018ལོའི་ཟླ12པར་རྒྱལ་ཁབ་ཀྱི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་དང་རྫོང་ཁག་གཉིས་པའི་མཚན་སྙན་ཐོབ་ཡོད།

སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་སླེབས་ཡོད།

སྤྱི་ལོ2019ལོའི་ཟླ9བར་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཆུས་ཁག་དང་པོར་བདམས་པ་དང་།  རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བའི་རྫོང་ཁག་གཉིས་པ་རུ་བདམས་ཐོན་བྱུང་།

2 ལོ་རྒྱུས་ཀྱི་འཕེལ་རིམ།
2_1 མི་སེར་རྒྱལ་ཁབ་ཀྱི་དུས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དགུ་བ(སྤྱི་ལོ1930ལོ)ཟླ2པར་ཅན་དབྱང་གི་ཁྲུང་ཝུན་དང་ཧྲང་ལིའི་ཁོངས་སུ་ཁྲེང་ཚུན་དང་ཏ་ཧྥེང་། ཅིན་ཆན། དབྱང་ཀྲེན་སོགས་ཚུད་པའི་ས་ཁུལ་དེ་ཁྲུང་ཨན་ཆུས་བཞིའི་ཝུན་ཞན་ཡུལ་ཚོ་རུ་བགོས་ཡོད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ(སྤྱི་ལོ1931ལོ)ཟླ་དང་བོར་རྫོང་ཁོངས་ཀྱི་སི་ཆུས་གྲོང་གསར་ལི་ཡོན་ཡུལ་ཚོ་དང་ཅན་དབྱང་ཁྲང་ཕིང་གི་ས་འབྲེལ་ཧྲི་ཅ་ཕིང་དང(རྒྱ་ཁྱོན་ལ་མུའུ288ཙམ་ཡོད)ཅན་དབྱང་ལ་བགོས་ཡོད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གཉིས་པ(སྤྱི་ལོ1933ལོ)རུ་སུའུ་ཝེ་ཨེད་སྲིད་གཞུང་བཙུགས།

3 དེང་རབས།

སྤྱི་ལོ1949ལོའི་ཟླ5བའི་ཚེས9ལ་བཅིངས་འགྲོལ་ཐོབ། 

སྤྱི་ལོ1951ལོའི་ཟླ1པོར་རྫོང་ཡོངས་སུ་ཆུས6དབྱེ་ཡོད་པ་སྟེ། ཆུས་དང་པོའི་ཁོངས་སུ་ཅི་ཞན་དང་། ལི་རེན། ནན་ཞིན། ཁྲི་ཧྲི། ཧོང་པའེ། སྤྱི་ཁང་། ཞ་མེ་བཅས་ཡུལ་ཚོ7ཡོད། ཆུས་གཉིས་པའི་ཁོངས་སུ་གཏོགས་པའི་ཞིན་གྲོང་ཚོ་དང་། ཚའོ་ཏུན། ཐུང་མུའུ། ལི་ཡོན། ཧྥེང་ལིན་བཅས་ཡུལ་ཚོ5ཡོད། ཆུས་གསུམ་གྱི་ཁོངས་སུ་ཞིན་ཐེན་དང་། ཞན་ཏན། ཁྲེང་ཚུན། ཧྲོང་ཞི། ཁྲེང་ཁྲེང་། ནན་ཧྲུའུ་བཅས་ཡུལ་ཚོ6ཡོད། ཆུས་བཞི་པའི་ཁོངས་གཏོགས་ཝུའུ་ཧྥུའུ་དང་། ཏ་ཅང་། ཁྲེང་ཞི། ཧྲང་མེ། པའེ་ཧྲུའེ་བཅས་ཡུལ་ཚོ5དང་། དེ་དག་གི་ཁོངས་སུ་ཝུའུ་ཐུན་དང་། དབྱང་ཅུས། ཏ་ཧན། ཏ་ཅི། ལིན་ཀེན། ཧྥེང་ཁོའུ། ལན་ཅང་། ལན་ཀུའུ། ཧེང་ཏུན། ལིའུ་ཞི་བཅས་ཡུལ་ཚོ10ཡོད། ཆུས་དྲུག་གི་ཁོངས་སུ་དབྱང་ཀྲོང་། ཏ་ཨན། ཚུན་ཝེ། ཐུང་ཁོའུ། ཏུང་ཚུན། ཞུན་ཞི་བཅས་ཡུལ་ཚོ6ཡོད། 

སྤྱི་ལོ1951ལོའི་ཟླ5བར་ཐེངས་དང་པོར་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ལེགས་སྒྲིག་བྱས། ཧྥུའུ་ཅན་ཞིང་ཆེན་གྱི་མི་དམངས་སྲིད་གཞུང་གིས་ཁྲུང་ཨན་རྫོང་ལ་སོགས་པའི་རྫོང་གི་སྒྲིག་ཁོངས་སུ་གཏན་འཁེལ་བྱས་པར་མ་ཟད། འཛུགས་སྟངས་རྙིང་པ་རྣམས་གྲོང་གསེབ་དང་ཁྱིམ་མཚེས་སུ་བསྒྱུར་རྒྱུ་དང་། སྤྱིར་བཏང་དུ་ས་མཚམས་རྙིང་པ་སྔར་བཞིན་སོར་བཞག་བྱས་ཡོད། དེ་དང་མཉམ་དུ། སྔོན་ཆད་རྒྱལ་ནང་གསར་བརྗེའི་དམག་འཁྲུག་ཐེངས་གཉིས་པའི་སྐབས་སུ་བཙན་ཤེད་ཀྱིས“གནས་སྤོས་ཡུལ་མི་གྲོང་ཚོ་ཟླ་སྒྲིལ་བྱེད་པའི”རང་བྱུང་གྲོང་ཚོ་ཤས་ཡང་བསྐྱར་གསར་འཛུགས་བྱས། 

སྤྱི་ལོ1952ལོའི་ཟླ9བར། ཁུལ་ལྔ་བའི་ནང་ནས་ལན་ཀུའུ་ཁུལ་དྲུག་པ་དང་། སྔོན་གྱི་ཁུལ་དྲུག་པ་དེ་ཁུལ་བདུན་པར་བསྒྱུར། 

སྤྱི་ལོ1954ལོར་གྲངས་རིམ་གྱིས་ཆུས་མིང་བྱས་པའི་ཆུས་དག་ལ་དུས་མཉམ་དུ་ཁྲིན་ཀོན་དང་ཞིན་ཚུན། ཞིན་ཐེན། ཝུའུ་ཧྥུ། ལན་ཀུའུ། དབྱང་ཀྲོང་ཆུས་ཞེས་སོགས་སུ་འབོད། ལོ་དེའི་ཟླ8པར། ཕ་ཡུལ་གྱི་རྒྱ་ཁྱོན་ཅུང་ཆེ་བ་དང་། སྲིད་དབང་བཀོལ་སྤྱོད་བྱེད་བདེ་བའི་ཆེད་དུ། གྲོང་གསེབ་ཀྱི་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་ཆེད། ནན་ཕིང་ཀྲོན་ཧྲུའུ་ཡིས་ཁྲུང་ཨན་རྫོང་གི་ཡུལ་ཚོ23ལ་བགོས་ཏེ། ཡུལ་ཚོའི་ཁྱབ་ཁོངས་ཇེ་ཆུང་དུ་བཏང་། ལེགས་སྒྲིག་བྱས་རྗེས་རྫོང་ཡོངས་ལ་ཆུས7དང་ཡུལ་ཚོ77 གྲོང་རྡལ2བཅས་ཡོད། 

སྤྱི་ལོ1954ལོའི་ཟླ8པར། ཁྲུང་ཨན་ཆུས་བཞི་ཡི་ཁྲེང་ཞི་ཅན་དབྱང་དུ་བགོས། སྤྱི་ལོ1957ལོའི་ཟླ2པར། ཝུའུ་ཧྥུའུ་ཆུས་པའེ་ཧྲུའེ་ཡུལ་ཚོ་ཞི་ཁེང་གྲོང་ཚོ་དེ་ཕུའུ་ཁྲེང་གྲོང་ཁྱེར་དུ་སྤར། 

སྤྱི་ལོ1957ལོའི་ཟླ9བར་ཕུའུ་ཁྲེང་གི་ཀྲང་ཧྲུའུ་དང་། ཏེན་ཁེང་། ཁྲ་ཤུའུ། ཏུང་ཁེང་། དཀར་ཡོལ་བཟོ་གྲྭ་བཅས་ཁྲུང་ཨན་རྫོང་གི་ཁོངས་སུ་བགོས། 

སྤྱི་ལོ1989ལོའི་ཟླ8པའི་ཚེས21ཉིན་ཁྲུང་ཨན་རྫོང་དུ་ཝུའུ་དབྱི་ཧྲན་གྲོང་ཁྱེར་བཙུགས། རྒྱལ་ཁབ་དམངས་སྲིད་པུའུ་ཡིས་མཆན་འགོད་བཀའ་ལན་ཡིག་ཆའི་ནང་དེ་སྔའི་ཁྲུང་ཨན་རྫོང་གི་སྲིད་འཛིན་ས་ཁོངས་དེ་ཝུའུ་དབྱི་ཧྲན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་སུ་དབྱེ་ཡོད།

4 སྲིད་འཛིན་བགོས་ཁོངས།
4_1 ཁོངས་བགོས་འཕེལ་རིམ།

སྤྱི་ལོ1954ལོར་གྲངས་རིམ་གྱིས་ཆུས་མིང་བྱས་པའི་ཆུས་དག་ལ་དུས་མཉམ་དུ་ཁྲིན་ཀོན་དང་ཞིན་ཚུན། ཞིན་ཐེན། ཝུའུ་ཧྥུ། ལན་ཀུའུ། དབྱང་ཀྲོང་ཆུས་ཞེས་སོགས་སུ་འབོད། ལོ་དེའི་ཟླ8པར། ཕ་ཡུལ་གྱི་རྒྱ་ཁྱོན་ཅུང་ཆེ་བ་དང་། སྲིད་དབང་བཀོལ་སྤྱོད་བྱེད་བདེ་བའི་ཆེད་དུ། གྲོང་གསེབ་ཀྱི་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་ཆེད། ནན་ཕིང་ཀྲོན་ཧྲུའུ་ཡིས་ཁྲུང་ཨན་རྫོང་གི་ཡུལ་ཚོ23ལ་བགོས་ཏེ། ཡུལ་ཚོའི་ཁྱབ་ཁོངས་ཇེ་ཆུང་དུ་བཏང་། ལེགས་སྒྲིག་བྱས་རྗེས་རྫོང་ཡོངས་ལ་ཆུས7དང་ཡུལ་ཚོ77  གྲོང་རྡལ2བཅས་ཡོད། 

སྤྱི་ལོ1954ལོའི་ཟླ8པར། ཁྲུང་ཨན་ཆུས་བཞི་ཡི་ཁྲེང་ཞི་ཅན་དབྱང་དུ་བགོས། སྤྱི་ལོ1957ལོའི་ཟླ2པར། ཝུའུ་ཧྥུའུ་ཆུས་པའེ་ཧྲུའེ་ཡུལ་ཚོ་ཞི་ཁེང་གྲོང་ཚོ་དེ་ཕུའུ་ཁྲེང་གྲོང་ཁྱེར་དུ་སྤར། 

སྤྱི་ལོ1957ལོའི་ཟླ9བར་ཕུའུ་ཁྲེང་གི་ཀྲང་ཧྲུའུ་དང་། ཏེན་ཁེང་། ཁྲ་ཤུའུ། ཏུང་ཁེང་། དཀར་ཡོལ་བཟོ་གྲྭ་བཅས་ཁྲུང་ཨན་རྫོང་གི་ཁོངས་སུ་བགོས།

སྤྱི་ལོ1989ལོའི་ཟླ8པའི་ཚེས21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་དེ་དེ་སྔའི་ཁྲུང་ཨན་རྫོང་ཕྱིར་འཐེན་བྱས་ཏེ་ཝུའུ་དབྱི་ཧྲན་གྲོང་ཁྱེར་བཙུགས་ཤིང་། བདག་སྤྲོད་བྱེད་ཁོངས་སོར་བཞག་བྱས། རྫོང་བཙུགས་པའི་རྨང་གཞིའི་སྟེང་གྲོང་ཁྱེར་བཙུགས་པ་དང་ཆབས་ཅིག་ཞིང་ཐེན་ཡུལ་ཚོ་དང་ཝུའུ་ཕུའུ་ཡུལ་ཚོ་བཙུགས་ནས་ཁོངས་གཏོགས་ཀྱི་འབྲེལ་བ་དང་ཁོངས་གཏོགས་ཀྱི་ཁྱབ་ཁོངས་སྔར་བཞིན་བཞག  ཞ་དབྱང་ཡུལ་ཚོ་སྲིད་གཞུང་གི་གནས་ཡུལ་ནི་ཧྲང་མེ་ཡིན་པ་དང་། ཧྲང་མེ་ནི་མི་སེར་རྒྱལ་ཁབ་ཀྱི་ལོ17པའི་ཟླ9བར་མིང་དུ་གྲགས་པའི་ཧྲང་མེ་གྱེན་ལངས་སློང་མཁན་གྱི་གསར་བརྗེའི་རྗེས་དྲན་བྱེད་ས་ཡིན།

སྤྱི་ལོ1989ལོའི་ཟླ12པར་ཧྥུའུ་ཅན་ཞིང་ཆེན་དམངས་སྲིད་ཐིང་གི་ཆོག་མཆན་ཐོབ་ནས་ཧྲང་མེ་ཡུལ་ཚོ་རུ་བསྒྱུར། ཝུའུ་དབྱི་ཧྲན་གྲོང་ཁྱེར་དུ་གྲོང་རྡལ4དང་། ཡུལ་ཚོ6  སྲང་ལམ13  གྲོང་ཚོ115  སྡོད་དམངས་ཚོགས་ཆུང86  གྲོང་མིའི་ཚོགས་ཆུང1469བཅས་ཡོད་པ་རེད།

སྤྱི་ལོ2000ལོར་ཝུའུ་དབྱི་ཧྲན་གྲོང་ཁྱེར་ཁོངས་སུ་གྲོང་རྡལ5དང་ཡུལ་ཚོ5ཡོད་པ་སྟེ། ཁྲུང་ཨན་གྲོང་རྡལ་དང་། ཞིན་གྲོང་རྡལ་། ཞིན་ཐེན་གྲོང་རྡལ། ཝུའུ་ཧྥུ་གྲོང་རྡལ། ཝུའུ་དབྱི་གྲོང་རྡལ། ཁྲེང་ཏུང་ཡུལ་ཚོ། ཧྲང་མེ་ཡུལ་ཚོ། ཝུའུ་ཐུན་ཡུལ་ཚོ། ལན་ཀུའུ་ཡུལ་ཚོ། དབྱང་ཀྲོང་ཡུལ་ཚོ་བཅས་ཡིན། 

སྤྱི་ལོ2002ལོའི་ཟླ11པར་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཁྲུང་ཨན་གྲོང་རྡལ་དང་། ཁྲེང་ཏུང་ཡུལ་ཚོ་། ཝུའུ་དབྱི་གྲོང་རྡལ་བཅས་མེད་པ་བཟོ་རྒྱུའི་ཆོག་མཆན་སྤྲད་ནས་ཁྲུང་ཨན་ཁྲོམ་གཞུང་དང་། ཤིན་ཧྥུང་ཁྲོམ་གཞུང་། ཝུའུ་དབྱི་ཁྲོམ་གཞུང་བཅས་བཙུགས་པ་སྟེ། དེ་སྔའི་ཁྲེང་ཏུང་ཡུལ་ཚོ་ནས་གྲོང་ཚོ4བཅད་དེ་ཁྲུང་ཨན་ཁྲོམ་གཞུང་གི་དོ་དམ་བྱེད་ཁོངས་སུ་གཏོགས་པ་དང་། གྲོང་ཚོ3བཅད་ནས་ཤིན་ཧྥུང་ཁྲོམ་གཞུང་གི་དོ་དམ་བྱེད་ཁོངས་སུ་བཞག  ཁྲུང་ཨན་ཁྲོམ་གཞུང་དུ་སྡེ་ཁུལ2བཟོས་ནས་ཤིན་ཧྥུང་ཁྲོམ་གཞུང་གི་དོ་དམ་བྱེད་ཁོངས་སུ་བཅུག་ཡོད། 

སྤྱི་ལོ2002ལོར་ཝུའུ་དབྱི་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་སྲང་ལམ3དང་། གྲོང་རྡལ3  ཡུལ་ཚོ4ཡོད་པ་སྟེ། ཁྲུང་ཨན་སྲང་ལམ། ཝུའུ་དབྱི་སྲང་ལམ། ཞིན་ཧྥེང་སྲང་ལམ། ཞིན་ཧྥེང་གྲོང་རྡལ། ཞིན་ཐེན་གྲོང་རྡལ། ཝུའུ་ཧྥུ་གྲོང་རྡལ། ཧྲང་མེ་ཡུལ་ཚོ། ཝུའུ་ཐུན་ཡུལ་ཚོ། ལན་ཀུའུ་ཡུལ་ཚོ། དབྱང་ཀྲོང་ཡུལ་ཚོ་བཅས་ཡིན།

4_2 ཁོངས་བགོས་གནས་ཚུལ། 

སྤྱི་ལོ2017ལོའི་སྲིད་གཞུང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཝུའུ་དབྱི་ཧྲན་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཁྲོམ་གཞུང3(ཁྲུང་ཨན་ཁྲོམ་གཞུང་དང་། ཝུའུ་དབྱི་ཁྲོམ་གཞུང་། ཤིན་ཧྥུང་ཁྲོམ་གཞུང་བཅས)གྲོང་རྡལ3(ཤིན་ཤིན་གྲོང་ཚོ་དང་གྲོང་རྡལ་དང་། ཤིན་ཐེན་གྲོང་རྡལ། ཝུའུ་ཕུའུ་གྲོང་བརྡལ)ཡུལ་ཚོ4(ཧྲང་མེ་ཡུལ་ཚོ་དང་། ཝུའུ་ཐུན་ཡུལ་ཚོ་། ལན་ཀུའུ་ཡུལ་ཚོ་། དབྱང་ཀྲོང་ཡུལ་ཚོ)བཅས་ཡོད་པ་རེད། གྲོང་ཁྱེར་སྲིད་གཞུང་བཅའ་སྡོད་བྱ་ཡུལ་ཁྲུང་ཨན་ཁྲོམ་གཞུང་བྱས།

5 ས་ཁམས་ཁོར་ཡུག
5_1 གནས་ཁོངས།

ཝུའུ་དབྱི་ཧྲན་གྲོང་ཁྱེར་ནི་ཧྥུའུ་ཅན་ཞིང་ཆེན་གྱི་བྱང་རྒྱུད་དུ་གནས་ཤིང་། ཧྥུའུ་ཅན་དང་ཅང་ཞི་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་ཆགས། མངའ་ཁོངས་ཡོངས་ཀྱི་ཤར་ནུབ་ཞེང་ཚད་སྟོང་སྨི70དང་ལྷོ་བྱང་གི་རིང་ཚད་སྟོང་སྨི72.5ཡོད། དེ་ནི་ཤར་གྱི་གཞུང་ཐིག117°37'22~118°19'44དང་བྱང་གི་འཕྲེད་ཐིག27°27'31~28°04'49བཅས་སུ་གནས་ཡོད། ཤར་ངོས་ཕུའུ་ཁྲེང་རྫོང་དང་ལྷོ་ངོས་ཅན་དབྱང་གྲོང་ཁྱེར་དང་འབྲེལ། ནུབ་ངོས་ཀོང་ཙེ་རྫོང་དང་འབྲེལ་ལ། བྱང་ངོས་ཅང་ཤིས་ཞིང་ཆེན་ཞ་ཧྲན་རྫོང་དང་ས་འབྲེལ་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2798ཡོད།

6 མི་གྲངས།

སྤྱི་ལོ2019ལོར་ལོ་ཧྲིལ་བོར་སྤྱི་བདེའི་དུད་ཚང71686དང་སྤྱི་བདེའི་ཐེམ་ཐོའི་མི་གྲངས་བསྡོམས་འབོར246707ཡོད་པའི་ནང་སྐྱེས་པ125176ཡོད་པ་དེས50.74%བཟུང་བ་དང་། བུད་མེད121531ཡོད་པ་དེས49.26%བཟུང་ཡོད།

ཕྱོགས་ཡོངས་ནས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་བསྟར་བརྟན་པོ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་འཆར་ལྡན་བུ་བཙའི་རྒྱུན་སྡོད་མི་འབོར241641ཡོད་པ་དང་། སྐྱེས་མ་ཐག་པའི་མི་འབོར2860ཡོད་ལ། མི་འབོར་སྐྱེ་ཚད12.96%དང་ཤི་ཚད6.1‰  རང་བྱུང་འཕར་ཚད6.8‰ཡིན། སྐྱེས་མ་ཐག་པའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད113:100ཡིན་ལ་སྲིད་ཇུས་དང་མཐུན་ཚད་ཀྱིས92.24%ཟིན། མངལ་མ་སྐྱེས་གོང་གི་ལེགས་བཙའི་བདེ་ཐང་རིན་མེད་ཞིབ་བཤེར་བྱེད་ཚད་དེ84.07%ཟིན་ཡོད་པ་བཅས་རེད།

6_1 མི་རིགས།

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་བའི་ཐོག་ནས་མངོན་པར། ཝུའུ་དབྱི་ཧྲན་གྲོང་ཁྱེར་དུ་མི་རིགས26ཡོད་པའི་ནང་རྒྱ་རིགས211303ཡོད་པ་དེས་སྤྱིའི་མི་འབོར་གྱི99.60%བཟུང་བ་དང་། གྲངས་ཉུང་མི་རིགས853ཡོད་པ་དེས་སྤྱིའི་མི་འབོར་གྱི0.40%བཟུང་ཡོད། ཝུའུ་དབྱི་ཧྲན་གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་མང་ཆེ་བ་ཧྲེ་རིགས་ཡིན་པ་དེས་གྲངས་ཉུང་མི་རིགས་ཀྱི61.78%བཟུང་ཡོད།

7 གཟི་བརྗིད་མཚན་སྙན།

ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར་ཁག་དང་པོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡིད་དབང་འཕྲོག་པའི་གྲོང་ཁྱེར། ཀྲུང་གོའི་ཡུལ་སྐོར་འགྲན་རྩོད་ནུས་པ་རང་ཆས་སུ་རྫོགས་པའི་རྫོང་། གོ་ལ་ཧྲིལ་པོའི་བདེ་སྐྱིད་སྟོན་གྲངས་མཐོ་ཤོས་བཅུའི་གྲས། རྒྱལ་ཡོངས་ཀྱི་ནགས་ཚལ་ཡུལ་སྐོར་དཔེ་སྟོན་རྫོང་།


དཔྱད་གཞིའི་ཡིག་ཆ།