རེན་ཧྭ་རྫོང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-04-16 16:54ལ་འགྲུབ།

རེན་ཧྭ་རྫོང་།

རེན་ཧྭ་རྫོང་།
རེན་ཧྭ་རྫོང་ནི་ཀོང་ཏུང་ཞིང་ཆེན་གྱི་ཧྲའོ་ཀོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ནན་ལིང་རི་རྒྱུད་ཀྱི་ལྷོ་འདབས་དང་། ཀོང་ཏུང་ཞིང་ཆེན་གྱི་བྱང་རྒྱུད་དུ་ཆགས་ཡོད་ཅིང་། ཤར་གྱི་གཞུང་ཐིག113°30′-114°02′བར་དང་། བྱང་གི་འཕྲེད་ཐིག24°56′-25°27′བར་དུ་གནས་ཡོད། རྫོང་ཁོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ་གྲུ་བཞི་མ47.3དང་། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ་གྲུ་བཞི་མ44ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2223ཡོད་ལ། དེའི་ནང་དུ་རི་ཁུལ་གྱི་རྒྱ་ཁྱོན70%དང་། དེའུ་འབུར་གྱི་རྒྱ་ཁྱོན20% བདེ་ཐང་ཆུང་ངུ་ཡི་རྒྱ་ཁྱོན10%བཅས་ཡོད། དེའི་མངའ་ཁོངས་སུ་ཁྲོམ་ལམ1དང་། གྲོང་རྡལ10 གྲོང་ཚོ(གྲོང་ལྷན)125ཡོད་པ་དང་། ཏན་ཞ་ཁྲོམ་ལམ་དུ་རྫོང་མི་དམངས་སྲིད་གཞུང་གི་རྒྱུན་སྡོད་མི་འབོར་ཁྲི21.18ཡོད། རེན་ཧྭ་རྫོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རྒྱལ་རབས་ལྷོ་མ་ཆི་རྒྱལ་ཁབ་ཀྱི་དུས་སྐབས་སུ(སྤྱི་ལོ479ལོ་ནས་སྤྱི་ལོ502ལོ)ཐོག་མར་རེན་ཧྭ་རྫོང་བཙུགས་ཤིང་། ད་ལྟའི་བར་དུ་ལོ་ངོ1500ལྷག་ཙམ་སོང་ཡོད། རེན་ཧྭ་རྫོང་ནི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་ཁུལ་དང་། འཛམ་གླིང་ས་གཤིས་སྤྱི་གླིང་། རྒྱལ་ཁབ་ཀྱིA5རིམ་པའི་མཛེས་ལྗོངས་ཁུལ། རྒྱལ་ཁབ་རིམ་པའི་གྲགས་ཅན་གམཛེས་ལྗོངས་ཁུལ། རྒྱལ་ཁབ་རིམ་པའི་ས་གཤིས་ས་དབྱིབས་དང་རང་བྱུང་སྲུང་སྐྱོང་ཁུལ(ཏན་ཞ་རི)གྱི་གནས་ཡུལ་བཅས་ཡིན། མངའ་ཁོངས་སུ་ཕྱོགས་བཞི་མཚམས་བརྒྱད་དང་འཕྲེད་གཞུང་དུ་བསྣོལ་བའི་འགྲིམ་འགྲུལ་དྲ་བ་ཡོད་པ་དང་། ཅིན་ཅང་གཙང་པོ་དང་ཀྲི་ཅང་གཙང་པོ་གཉིས་འདྲེས་རྗེས་པེ་ཅང་གཙང་པོར་བཞུར་ཡོད་ལ། དེ་ནི་ཀྲུའུ་ཅང་གཙང་པོ་ཟུར་གསུམ་གླིང་དང་ནང་ལོག་སྦྲེལ་བྱེད་ཡིན། སྤྱི་ལོ2018ལོར་རེན་ཧྭ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར118.79ཟིན་པའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར18.49ཟིན་ནས་ལོ་སྔོན་མ་ལས6%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར46.61ཟིན་ནས་ལོ་སྔོན་མ་ལས3.6%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར53.69ཟིན་ནས་ལོ་སྔོན་མ་ལས6.2%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
仁化
ཕྱི་ཡིག་གི་མིང་།
Renhua
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀོང་ཏུང་ཞིང་ཆེན་ཧྲའོ་ཀོན་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ10དང་ཁྲོམ་ལམ་དོན་གཅོད་ཁྲུའུ1བཅས་ཡོད།
སྲིད་གཞུང་གནས་ཡུལ།
ཏན་ཞ་ཁྲོམ་ལམ་།
ས་ཁོངས་ཁ་པར་ཨང་རྟགས།
0751
སྦྲག་སྲིད་ཨང་རྟགས།
512300
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2223ཡོད།
མི་འབོར།
རྒྱུན་སྡོད་མི་འབོར་ཁྲི21.18ཡོད།(སྤྱི་ལོ2018ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུའེF粤F
སྲིད་འཛིན་ཚབ་ཨང་།
440224
1 ངོ་སྤྲོད་མདོར་བསྡུས།

རེན་ཧྭ་རྫོང་ནི་ཀོང་ཏུང་ཞིང་ཆེན་གྱི་ཧྲའོ་ཀོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། རེན་ཧྭ་རྫོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། རྒྱལ་རབས་ལྷོ་མ་ཆི་རྒྱལ་ཁབ་ཀྱི་དུས་སྐབས་སུ(སྤྱི་ལོ479ལོ་ནས་སྤྱི་ལོ502ལོ)ཐོག་མར་རེན་ཧྭ་རྫོང་བཙུགས་ཤིང་། ད་ལྟའི་བར་དུ་ལོ་ངོ1500ལྷག་ཙམ་སོང་ཡོད། རེན་ཧྭ་རྫོང་ནི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་ཁུལ་དང་། འཛམ་གླིང་ས་གཤིས་སྤྱི་གླིང་། རྒྱལ་ཁབ་ཀྱིA5རིམ་པའི་མཛེས་ལྗོངས་ཁུལ། རྒྱལ་ཁབ་རིམ་པའི་གྲགས་ཅན་གམཛེས་ལྗོངས་ཁུལ། རྒྱལ་ཁབ་རིམ་པའི་ས་གཤིས་ས་དབྱིབས་དང་རང་བྱུང་སྲུང་སྐྱོང་ཁུལ(ཏན་ཞ་རི)གྱི་གནས་ཡུལ་བཅས་ཡིན། མངའ་ཁོངས་སུ་ཕྱོགས་བཞི་མཚམས་བརྒྱད་དང་འཕྲེད་གཞུང་དུ་བསྣོལ་བའི་འགྲིམ་འགྲུལ་དྲ་བ་ཡོད་པ་དང་། ཅིན་ཅང་གཙང་པོ་དང་ཀྲི་ཅང་གཙང་པོ་གཉིས་འདྲེས་རྗེས་པེ་ཅང་གཙང་པོར་བཞུར་ཡོད་ལ། དེ་ནི་ཀྲུའུ་ཅང་གཙང་པོ་ཟུར་གསུམ་གླིང་དང་ནང་ལོག་སྦྲེལ་བྱེད་ཡིན།

2 ལོ་རྒྱུས་འཕེལ་རིམ།

མིན་གོ་སྲིད་ལོ་དང་པོར(སྤྱི་ལོ1912ལོ)ཧྲའོ་ཀྲོའུ་ཧྥུ་ཕྱིར་འཐེན་བྱས་ཏེ། རེན་ཧྭ་རྫོང་ཀོང་ཏུང་ཞིང་ཆེན་གྱི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ་ཉེར་གཅིག་པར(སྤྱི་ལོ1933ལོ)རེན་ཧྭ་ཀོང་ཏུང་ཞིང་ཆེན་གྱི་ཞི་པེ་ཐའོ་ཅིན་ཨུ་ཡོན་ལྷན་ཁང་གི་མངའ་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ་ཉེར་ལྔ་པ་ནས་སུམ་ཅུ་སོ་བརྒྱད་པའི་བར་དུ(སྤྱི་ལོ1936ལོ་ནས་སྤྱི་ལོ1949ལོའི་བར)རེན་ཧྭ་རྫོང་ནི་ཀོང་ཏུང་ཞིང་ཆེན་གྱི་ཆུས་གཉིས་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1949ལོའི་ཟླ10པའི་ཚེས6ཉིན་རྫོང་ཡོངས་བཅིངས་འགྲོལ་བཏང་། རེན་ཧྭ་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། ཀོང་ཏུང་ཞིང་ཆེན་གྱི་པེ་ཅང་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1952ལོར་རེན་ཧྭ་རྫོང་ཀྲུང་ནན་དམག་སྲིད་ཨུ་ཡོན་ལྷན་ཁང་ཀོང་ཏུང་ཞིང་ཆེན་ཀོང་ཏུང་བྱང་རྒྱུད་སྲིད་འཛིན་ས་ཁུལ་གྱི་ཁོངས་སུ་གཏོགས། སྤྱི་ལོ1956ལོར་རེན་ཧྭ་རྫོང་ཀོང་ཏུང་ཞིང་ཆེན་ཧྲའོ་ཀོན་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1958ལོའི་ཟླ11པའི་ཚེས7ཉིན། རེན་ཧྭ་རྫོང་ཀོང་ཏུང་ཞིང་ཆེན་གྱི་ཧྲའོ་ཀོན་གྲོང་ཁྱེར་དུ་ཟླ་སྒྲིལ་བཏང་ཞིང་། གྲོང་ཁྱེར་མངའ་ཁོངས་ཀྱི་གྲོང་འདབས་ཡིན།

སྤྱི་ལོ1961ལོའི་ཟླ1པོའི་ཚེས17ཉིན། རེན་ཧྭ་ཧྲའོ་ཀོན་གྲོང་ཁྱེར་ནས་ལོགས་སུ་བགར་ཏེ་རྫོང་གི་སྒྲིག་གཞི་སླར་གསོ་བྱས། ཀོང་ཏུང་ཞིང་ཆེན་ཧྲའོ་ཀོན་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1968ལོའི་ཟླ2པའི་ཚེས21ཉིན། རེན་ཧྭ་རྫོང་གིས་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ནས་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཀོང་ཏུང་ཞིང་ཆེན་ཧྲའོ་ཀོན་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1980ལོའི་ཟླ11པར། རེན་ཧྭ་རྫོང་མི་དམངས་སྲིད་གཞུང་སླར་གསོ་བྱས་ཏེ། ཀོང་ཏུང་ཞིང་ཆེན་གྱི་ཧྲའོ་ཀོན་ས་ཁུལ་དུ་གཏོགས།

སྤྱི་ལོ1983ལོའི་ཟླ6པར་ཧྲའོ་ཀོན་གྲོང་ཁྱེར་དང་ཧྲའོ་ཀོན་ས་ཁུལ་ཟླ་སྒྲིལ་བཏང་ནས་གྲོང་ཁྱེར་གྱིས་རྫོང་ལ་སྣེ་ཁྲིད་བྱས་པ་དང་། རེན་ཧྭ་རྫོང་ནི་ཀོང་ཏུང་ཞིང་ཆེན་ཧྲའོ་ཀོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ2004ལོའི་ཟླ5པའི་ཚེས29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་ནས་ཧྲའོ་ཀོན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱས་པ་སྟེ། དེ་སྔའི་ཆུས་ཅང་རྫོང་གི་ཧོང་ཁེང་གྲོང་རྡལ་དང་། ཀྲོའུ་ཐེན་གྲོང་རྡལ། ཏ་ཆའོ་གྲོང་རྡལ་བཅས་རེན་ཧྭ་རྫོང་གི་དོ་དམ་བྱེད་ཁོངས་སུ་བཅུག ལེགས་སྒྲིག་མ་བྱས་གོང་རེན་ཧྭ་རྫོང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1822ཟིན་པ་དང་མི་འབོར་ཁྲི17ཡོད། ལེགས་སྒྲིག་བྱས་རྗེས། རེན་ཧྭ་རྫོང་གི་ཁོངས་སུ་རེན་ཧྭ་དང་ཁྲེང་ཁོའུ། ཁྲང་ཅང་། ཧྥུ་ཞི། ཏུང་ཐང་། ཧྲི་ཐང་། ཝུན་ཧྲའོ། ཏན་ཞ། ཧུང་ཧྲན། ཧོང་ཁེང་། ཏ་ཆའོ། ཀྲོའུ་ཐེན་བཅས་གྲོང་རྡལ12ཡོད།

3 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2018ལོའི་བར་དུ་རེན་ཧྭ་རྫོང་གི་མངའ་ཁོངས་སུ་ཁྲོམ་ལ1དང་གྲོང་རྡལ10ཡོད་པ་སྟེ། ཏན་ཞ་ཁྲོམ་ལམ་དང་། ཝུན་ཧྲའོ་གྲོང་རྡལ། ཕུའུ་ཤིས་གྲོང་རྡལ། ཁྲང་ཅང་གྲོང་རྡལ། ཁྲེང་ཁོའུ་གྲོང་རྡལ། ཧུང་ཧྲན་གྲོང་རྡལ། ཧྲི་ཐང་གྲོང་རྡལ། ཏུང་ཐང་གྲོང་རྡལ། ཟམ་ཆེན་གྲོང་རྡལ། ཀྲོའུ་ཐེན་གྲོང་རྡལ། ཧོང་ཁེང་གྲོང་རྡལ་བཅས་ཡིན། བསྡོམས་པས་གྲོང་མིའི་ཨུ་ཡོན་ལྷན་ཁང109ཡོད། རྫོང་མི་དམངས་སྲིད་གཞུང་ཏན་ཞ་ཁྲོམ་ལམ་དུ་བཅའ་སྡོད་བྱས་ཡོད།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

རེན་ཧྭ་རྫོང་ནི་ནན་ལིང་རི་རྒྱུད་ཀྱི་ལྷོ་ངོས་སུ་གནས་པ་དང་། ཤར་གྱི་གཞུང་ཐིག113°30′-114°02′བར་དང་། བྱང་གི་འཕྲེད་ཐིག24°56′-25°27′བར་དུ་ཆགས་ཡོད། གནས་ཡུལ་ནི་ཀོང་ཏུང་ཞིང་ཆེན་གྱི་བྱང་རྒྱུད་ཡིན། ཀོང་ཏུང་དང་། ཧུའུ་ནན། ཅང་ཤིས་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ཡིན་པ་དང་། ཤར་ངོས་ཅང་ཤིས་ཞིང་ཆེན་གྱི་ཁྲུང་དབྱི་དང་ཏ་ཡུས་རྫོང་དང་འབྲེལ་ཞིང་། བྱང་ངོས་ཧུའུ་ནན་ཞིང་ཆེན་གྱི་རུའུ་ཁྲེང་རྫོང་དང་འབྲེལ་ལ། ལྷོ་ངོས་ཧྲའོ་ཀོན་གྲོང་ཁྱེར་གྱི་ཁྱིམ་མཚེས་ཡིན། རྫོང་གི་མངའ་ཁོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ་གྲུ་བཞི་མ47.3དང་། ལྷོ་བྱང་གི་རིང་ཚད་སྤྱི་ལེ་གྲུ་བཞི་མ44དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2223ཡོད།

4_2 ནམ་ཟླ།

རེན་ཧྭ་རྫོང་ནི་ཚ་ཁུལ་དཀྱིལ་མའི་ལྷོ་ཕྱོགས་སུ་གནས་པ་དང་། དྲོ་ཞིང་བརླན་བཤེར་ཆེ་བའི་ཚ་ཁུལ་ཕལ་བའི་དུས་རླུང་རྒྱུགས་ཆེ་ལ། དེ་ནི་ཚ་ཁུལ་དཀྱིལ་མའི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། དགུན་དཔྱིད་གྲང་ལ་དབྱར་སྟོན་ཚ་བ་ཆེ་ཞིང་། ལོ་རེའི་ཆ་སྙོམས་དྲོད་ཚད་ནི19.6℃ཡིན་ཞིང་། དྲོད་བསགས་ཚད7180℃ཡིན་ལ། ཆེས་ཐལ་དྲགས་པའི་དྲོད་ཚད40.0℃ཡིན། ཆེས་དམའ་བའི་དྲོད་ཚད་ནི-5.4℃ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི1665ཙམ་ཟིན་པ་དང་། ལོ་རེའི་ཆར་ཆུ་འབབ་ཚད་ཉིན172ཡིན། ལོ་རེའི་ཆ་སྙོམས་ཀྱི་ཉི་འོད་ཕོག་ཡུན་ནི་ཆུ་ཚོད1706.0ཡིན་ལ། ཉི་མའི་འགྱེད་འཕྲོའི་ཚད་ནི་ལི་སྨི་གྲུ་བཞི་མ107.2ཡིན། སད་མེད་དུས་ཉིན308ཡིན།

རེན་ཧྭ་རྫོང་གི་དུས་བཞིའི་གནམ་གཤིས་ཀྱི་ཁྱད་ཆོས་ནི། དཔྱིད་དུས་སུ་ཆར་པ་སམ་སིམ་འབབ་པའི་གནམ་གཤིས་མང་བ་དང་། ཉི་འོད་ཉུང་ལ། མཁའ་རླུང་ཁྲོད་དུ་བརླན་བཤེར་ཆེ། གནམ་གཤིས་འགྱུར་ལྡོག་ཆེ་ཞིང་། གནམ་གཤིས་གྲང་བ་ནས་རིམ་གྱིས་ཇེ་དྲོ་འགྲོ་ཞིང་། དབྱར་དུས་སུ་ཆར་ཆུ་མང་ལ། ཆུ་ལོག་དང་ཞོད་སྐྱོན་མང་པ་དང་། རླུང་འཚུབ་ཆེ། དྲོད་ཚད་མཐོ་བ་བཅས་སོ།། བལྟོས་རྒྱུག་གི་གནམ་གཤིས་མང་། སྟོན་ཁར་ཆར་ཆུ་ཉུང་ཞིང་ཉི་འོད་ཕྱོགས་བཞིར་འཕྲོ་བ་དང་། མཁའ་རླུང་སྐམ་ཤས་ཆེ་ལ། གནམ་གཤིས་གཏན་འཇགས་ཡིན། གནམ་གཤིས་དྲོ་བ་ནས་རིམང་བཞིན་ཇེ་གྲང་དུ་འགྲོ་ལ། དགུན་ཁར་གནམ་གཤིས་གྲང་ལ་ནངས་དགོང་གི་དྲོད་ཚད་ཧེ་བག་ཆེའོ།། ཆར་བ་འབབ་ཚད་ཉུང་ཞིང་། སད་དུས་མང་ལ། གྲང་རླབས་ཆེ། དྲོད་ཚད་དམའ་བ་བཅས་ཀྱི་གནམ་གཤིས་རྟག་ཏུ་ཐོན་གྱི་ཡོད་པས་གྲང་ངར་ཆེ་བའི་གནམ་གཤིས་ཅུང་མང་།

5 མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ་རེན་ཧྭ་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི21.18ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.12འཕར་ཞིང་། དེའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི8.69ཟིན་པ་དེས་རྒྱུན་སྡོད་མི་འབོར་གྱི་བསྡུར་ཚད(རྒྱུན་སྡོད་མི་འབོར་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད)ཀྱི41.01%ཟིན་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་བརྒྱ་ཆའི་0.89འཕར་ཡོད། ཁྱིམ་ཐོའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད39.96%ཟིན་ཡོད་ལ། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར2477ཡོད་པ་དང་། སྐྱེས་ཚད12.68‰ཟིན་པ། རྐྱེན་ལམ་དུ་ཤོར་བའི་མི་འབོར1349ཡིན་ལ། ཤི་ཚད6.9‰ཟིན་ཡོད། རང་ཤུགས་སུ་འཕར་ཚད5.77‰ཟིན་ཡོད།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ་རེན་ཧྭ་རྫོང་གི་ཁྱིམ་ཐོའི་མི་འབོར་ཁྲི24.48ཟིན་པའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི9.78ཟིན་པ་དེས40%བཟུང་ཡོད། གྲོང་གསེབ་ཀྱི་མི་འབོར་ཁྲི14.7ཟིན་པ་དེས60%བཟུང་ཡོད། ཕོ་མོའི་དབྱེ་བ་ལྟར་དབྱེ་ན། སྐྱེས་པའི་མི་འབོར་ཁྲི12.51ཟིན་པ་དེས་སྤྱིའི་མི་འབོར་གྱི་བསྡུར་ཚད་ཀྱི51.1%བཟུང་ཡོད་ལ། བུད་མེད་མི་འབོར་ཁྲི11.97ཟིན་པ་དེས་མི་འབོར་བསྡོམས་གྲངད་ཀྱི48.9%བཟུང་ཡོད།

6 དཔལ་འབྱོར།

སྤྱི་ལོ2018ལོར་རེན་ཧྭ་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར118.79ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས5.2%འཕར་བ་དང་། རྫོང་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར62.67ཟིན་ནསལོ་སྔོན་མ་ལས9.3%འཕར་བ་དེས་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད52.8%བཟུང་ཡོད། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི5.6ཟིན་པ་དེ་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ན་ཨ་སྒོར8499.6ཟིན་ཡོད།

སྤྱི་ལོ2018ལོར་རེན་ཧྭ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་མི་སྣ777ཐོ་འགོད་བྱས་པ་དང་ལས་ཤོར་བྱེད་ཚད2.3%ཐོ་འགོད་བྱས་ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས2092མང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ1811བསྐྱར་དུ་ལས་ཞུགས་བྱེད་ཐུབ་པར་བཀོད་སྒྲིག་བྱས་ཤིང་། དེའི་ནང་དུ་ལས་ཞུགས་དཀའ་བའི་མི་སྣ305བསྐྱར་དུ་ལས་ཞུགས་ཐུབ་ཡོད།

སྤྱི་ལོ2018ལོར་རེན་ཧྭ་རྫོང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར5.95ལེགས་གྲུབ་བྱུང་བ་དེ་ལོ་སྔོན་མ་ལས10.4%འཕར་ཞིང་། དེའི་ནང་དུ་ཁྲལ་འབབ་སྒོར་དུང་ཕྱུར4.25ཟིན་པ་དེ་ལོ་སྔོན་མ་ལས21.5%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར25.14ལེགས་འགྲུབ་བྱུང་བ་དེ་ལོ་སྔོན་མ་ལས21.19%འཕར་བའི་ནང་དུ་སློབ་གསོའི་འགྲོ་སྒོ་སྒོར་དུང་ཕྱུར4.05ཟིན་ཞིང་། ལོ་སྔཕན་མ་ལས12.7%མར་ཆག་ཡོད། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་འགྲོ་སྒོ་སྒོར་དུང་ཕྱུར3.28ཟིན་པ་དེ་ལོ་སྔོན་མ་ལས51.9%འཕར་ཡོད། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་འགྲོ་སྒོ་སྒོར་དུང་ཕྱུར2.75ཟིན་པ་དེ་ལོ་སྔོན་མ་ལས3.3%འཕར་ཡོད། དམངས་འཚོའི་རིགས་ཀྱི་འགྲོ་སྒོ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོའི་བསྡུར་ཚད་ཀྱི80.61%ཟིན་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།