སྤྱི་ལོ2019ལོ་བར་ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་ཁོངས་གཏོགས་སུ་གྲོང་རྡལ7དང་ཤང5ཡོད་པ་སྟེ། རུའུ་ལིན་གྲོང་རྡལ་དང་། མའོ་ཕིང་གྲོང་རྡལ། ཤིས་ཡན་གྲོང་རྡལ། ཏན་ཁོའུ་གྲོང་རྡལ། ཝུའུ་ཐོན་གྲོང་རྡལ། ཁྲང་ཨན་ཡིང་གྲོང་རྡལ། པའེ་མའོ་ཕིང་གྲོང་རྡལ། ཝུའེ་ཤིས་ཤང་། ལན་རུང་ཤང་། ཐིང་ཕིང་ཤང་། ཅང་ཧྥང་ཤང་། ཅིན་ཙེ་ཤང་བཅས་ཡིན། རྫོང་མི་དམངས་སྲིད་གཞུང་ནི་རུའུ་ལིན་གྲོང་རྡལ་གྲོང་བྱང་སྡེ་ཁུལ་དུ་གནས་ཡོད།
ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་ནི་ཧུའུ་ནན་ཞིང་ཆེན་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་། ཞོའོ་ཧྥིང་རི་རྒྱུད་དང་ལྷོ་ནིཡའོ་ཁྲེང་ལིན་རི་རྒྱུད་ཀྱི་འབྲེལ་མཚམས་སུ་ཆགས་ཡོད། མའོ་ཅང་གཙང་པོའི་ཡན་ལག་ཆུ་བོའི་སྟོད་རྒྱུད། བྱང་གི་འཕྲེད་ཐིག25°58ˊ~26°42ˊདང་ཤར་གྱི་གཞུང་ཐིག109°58ˊ~110°37ˊབར་དུ་གནས་ཡོད། ཤར་ཞིན་ཉིང་རྫོང་དང་། ལྷོ་ཀོང་ཞིའི་ཐོན་ཁུངས་རྫོང་དང་ལུང་ཧྲེང་རིགས་སོ་སོའི་རང་སྐྱོང་རྫོང་དང་། ནུབ་སུའེ་ཉིང་རྫོང་དང་ཐུང་ཏུང་རིགས་རང་སྐྱོང་རྫོང་། བྱང་ཝུའུ་ཀང་གྲོང་ཁྱེར་བཅས་དང་འབྲེལ་ཞིང་། ཤར་ནུབ་དྲང་ཐིག་གི་གཞུང་ཐག་སྟོང་སྨི65དང་། ལྷོ་བྱང་དྲང་ཐིག་གི་གཞུང་ཐག་སྟོང་སྨི83སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2647.07བཅས་ཡོད་པ་དེ་མུའུ་ཁྲི397.06ལ་ཕབ་ཡོད། རྫོང་མཁར་རུའུ་ལིན་གྲོང་རྡལ་ནི་རྫོང་གི་དབུས་ཁུལ་དུ་གནས་ཤིང་། བྱང་དུ་ཧྲའོ་དབྱང་གྲོང་ཁྱེར་དང་སྟོང་སྨི206ཡོད་པ་དང་། ཞིང་ཆེན་ལྟེ་གནས་ཁྲང་ཧྲ་ལ་སྟོང་སྨི436ཡོད། ལྷོ་རུ་ཀུའེ་ལིན་གྲོང་ཁྱེར་ལ་སྟོང་སྨི210བཅས་ཡོད།
ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་ནི་ཚ་ཁུལ་བར་མའི་དུས་རླུང་བརླན་གཤེར་ཅན་གྱི་ནམ་ཟླའི་ཁུལ་དུ་གནས་པ་དང་། དེ་ནི་ཚ་ཁུལ་བར་མའི་རི་ཁུལ་གྱི་ནམ་ཟླ་ཡིན་པ་དང་། དུས་བཞི་གསལ་བ་དང་། ཆར་ཆུ་མོད། དགུན་དུས་གྲང་ངར་ཉུང་བ། དབྱར་དུས་སུ་ཚ་གདུག་མེད་པ། རི་ཁུལ་གྱི་དྲོད་ཚད་ལྡོག་ནུས་མངོན་གསལ་ཆེ་བ་བཅས་ཡིན། ལོ་ཧྲིལ་པོར་ཉི་འོད་ཕོག་ཚད་ཆུ་ཚོད1134.6~1601.5ཡས་མས་ཡིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད16.1℃ཡིན། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1218.5ཡིན། ལོ་རེའི་ཆ་སྙོམས་ཁ་བ་འབབ་པའི་ཉིན་གྲངས9.8ཡིན། ལྟོས་བཅོས་ཀྱི་བརླན་ཚད་ཚད་ལོ་ནི75~83%བར་ཡིན། ལོ་རེའི་ཆ་སྙོམས་བ་མོ་ཡོད་པའི་ཉིན་གྲངས་ནི་ཉིན17.1ཡིན་པ་དང་། ལོ་ཧྲིལ་པོའི་ཆ་སྙོམས་ཀྱི་ཉིན་གྲངས་ནི་ཉིན8.7ཡིན། རླུང་ཕྱོགས་གཙོ་བོ་བྱང་རླུང་ཡིན། ལོ་རེའི་ཆ་སྙོམས་ཀྱི་རླུང་ཤུགས་སྐར་ཆ་རེར་སྨི2.3ཡིན། རླུང་ཤུགས་ཆེ་ཤོས་ཚད་རིམ་བརྒྱད་ནས་དགུ་བར་སླེབས་ཀྱིན་ཡོད།
སྤྱི་ལོ2016ལོ་བར་ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་གི་མི་འབོར་བསྡོམས་འབོར་ཁྲི28.8093ཡོད་པ་དང་། ལོ་འདིའི་ནང་གསར་སྐྱེས་མི་འབོར3708ཡོད། སྐྱེས་ཚད13.88%ཡིན། རྐྱེན་ལམ་དུ་ཤོར་བའི་མི་འབོར1599དང་ཤི་ཚད5.98%ཟིན། ལོ་ཧྲིལ་པོར་མི་འབོར2109འཕར་ནས་རང་བྱུང་འཕར་ཚད7.9%ཟིན་ཡོད། རྫོང་དེ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི26.7043ཟིན་ཡོད། སྤྱི་ལོ2010ལོའི་བར་ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་གི་རྒྱུན་སྡོད་མི་འབོར་ཁྲོད་གྲངས་ཉུང་མི་རིགས་ཁྲི15.6582ཡོད་པ་དེས་སྤྱིའི་མི་འབོར་གྱི62.47%བཟུང་བ་དང་། མིའོ་རིགས་ནི་མི་རིགས་གཙོ་བོ་ཡིན་པ་དེས་སྤྱིའི་མི་འབོར་གྱི59.14%བཟུང་ཡོད། སྤྱི་ལོ2014ལོའི་བར་ཁྲེང་པུའུ་རུ་མེའོ་རིགས་དང་། རྒྱ་རིགས། ཏུང་རིགས། ཡའོ་རིགས། ཧུའེ་རིགས། མན་ཇུ་རིགས་སོགས་མི་རིགས24ཡོད་པ་དང་གྲངས་ཉུང་མི་རིགས་ཀྱིས62.3%བཟུང་ཡོད།
སྤྱི་ལོ2017ལོར་ཁྲེང་པུའུ་མེའོ་རིགས་རང་སྐྱོང་རྫོང་ཞིང་ནགས་ཕྱུགས་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི186651ཡོད་པ་དེ་ལོ་སྔོན་མ་ལས4.7%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི76653ཟིན་ནས2.5%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི16608ཟིན་ནས6.5%འཕར། ཕྱུགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི90314ཟིན་ནས6.2%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི1163ཟིན་ནས1.7%འཕར། ཞིང་ནགས་ཕྱུགས་ཉ་བཅས་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི1912ཟིན་ནས7.4%འཕར་ཡོད། རྫོང་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང་སྟོང15.68ཡོད་པ་དེ་ལོ་སྔོན་མ་ལས1.9%འཕར། སྣུམ་རྒྱུ་འདེབས་ཁྱོན་སྤྱི་ཆིང་སྟོང2.85ཟིན་ནས1.24%འཕར། སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང་སྟོང5.39ཟིན་ནས2.13%འཕར་ཡོད། རྫོང་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན79234དང་། སྣུམ་རྒྱུ་ཐོན་ཚད་ཏུན4022ཤིང་འབྲས་ཐོན་ཚད་ཏུན44025སྔོ་ཚལ་ཐོན་ཚད་ཏུན98783བཅས་ཡིན་པ་དང་། ཤ་རིགས་ཐོན་ཚད་བསྡོམས་འབོར་ཏུན19768ཡིན། ཆུའི་ཐོན་རྫས་ཐོན་ཚད་ཏུན959ཡིན་པ་བཅས་རེད།
སྤྱི་ལོ2017ལོར་ཁྲེང་པུའུ་མེའོ་རིགས་རང་སྐྱོང་རྫོང་གི་གཞི་ཁྱོན་ལྡན་པའི་བཟོ་ལས27གྱི་རིན་ཐང་འཕར་མ་སྒོར་ཁྲི83980ཟིན་ནས10.4%འཕར་ཡོད། བཟོ་ལས་ཐོན་རྫས་ཐོན་འཚོང་འབྲེལ་མཐུད་ཡག་པོ་བྱུང་ནས་ལོ་ཧྲིལ་པོའི་བཟོ་ལས་ཐོན་རྫས་ཕྱིར་ཚོང་བྱེད་ཚད99.3%ཟིན་ནས་ལོ་སྔོན་མ་དང་མཉམ་པ་རེད། དཀར་ཆུའི་ལས་རིགས་ནི་སྔར་བཞིན་རང་རྫོང་གི་ཀ་རྟེན་ཐོན་ལས་ཀྱི་གྲས་ཤིག་ཡིན་པ་དང་། མུ་མཐུད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན། ལོ་ཧྲིལ་པོར་འོ་རྩམ་ཏུན16370ཐོན་སྐྱེད་ཐུབ། ཐོན་རྫས་ཕྱོགས་སྒྱུར་ཐུབ། ལོ་ཧྲིལ་པོར་གཤེར་རྣམ་འོ་མ་ཏུན15348ཐོན་སྐྱེད་ཐུབ། དེ་མིན་གྱི་བཟོ་ལས་ཐོན་རྫས་གཙོ་བོ་ནི། གློག་འདོན་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར6.19ཟིན་ནས32.3%འཕར་བ་དང་འཕར་ཚད་མངོན་གསལ་དོད་པོ་ཡིན། ཨར་འདམ་ཏུན་ཁྲི6.3 འོད་གློག་རྡུལ་འཕྲུལ་ཆས་ཁྲི1274ཡོད་པ་དེ14.7%འཕར་ཡོད།
སྤྱི་ལོ2016ལོར་ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་གི་ཐོབ་ཐང་རིམ་པ་ལྡན་པའི་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས4ཡོད་པ་དེར་མ་དངུལ་སྒོར་ཁྲི8023བཏང་བ་དང་། ཁང་པ་རྒྱག་ཁྱོན་སྨི་གྲུ་བཞི་མ་ཁྲི13.4144ཡོད། ལས་མཇུག་འགྲིལ་ཁྱོན་སྨི་གྲུ་བཞི་མ་ཁྲི1.1468ཡོད། ཚོང་ཟོག་ཁང་པའི་ཕྱིར་ཚོང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི10.3842ཡོད།
སྤྱི་ལོ2017ལོར་ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི272923ཡོད་པ་དེ་ལོ་སྔོན་མ་ལས10.7%འཕར་བའི་ནང་རྫོང་གྲོང་དུ་སྒོར་ཁྲི227434ཟིན་ནས9.7%འཕར་བ་དེས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི83.3%བཟུང་བ་དང་། རྫོང་གྲོང་མན་གྱི་སྒོར་ཁྲི45489ཟིན་ནས15.7%འཕར་བ་དེས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི16.7%བཟུང་ཡོད། ལས་རིགས་དབྱེ་བ་ནི། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ལ་སྒོར་ཁྲི248906ཡོད་པ་དེས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི91.2%བཟུང་། ཞག་སྡོད་དང་བཟའ་བཏུང་ལས་རིགས་ལ་སྒོར་ཁྲི24017བཏང་བ་དེས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི8.8%བཟུང་ཡོད། གློག་རྡུལ་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་བཏང་བས་གློག་རྡུལ་ཚོང་དོན་གྱི་ཉམས་མྱོང་ཞིང་ཆེན་ཡོངས་སུ་ཁྱབ་གདལ་བཏང་ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་དུ་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ10དང་། རིག་གནས་ཁང་དང་ས་ཚིགས14སྒྱུ་རྩལ་འཁྲབ་སྟོན་བྱེད་ས11སྤྱི་པའི་དཔེ་མཛོད་ཁང1དཔེ་དེབ་ཁྲི8.6བཅས་ཡོད་པ་རེད། ཚད་གཞི་མཐོ་བའི་གློག་བརྙན་ཁང1དང་ལོ་ཧྲིལ་པོར་གློག་བརྙན་ཐེངས3240བསྟན་པ་དང་ལྟད་མོ་བ་མི་ཐེངས18748ལ་ཡོང་འབབ་སྒོར་ཁྲི35བྱུང་ཡོད། རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་གཏོང་ཁང1ཡོད་པ་དང་། སྐུད་ཡོད་བརྙན་འཕྲིན་དུད་ཁྱིམ་ཁྲི5.8ཡོད། བརྙན་འཕྲིན་མི་འབོར་ཁྱབ་ཚད96%ཟིན། སྐུད་ཡོད་བརྙན་འཕྲིན་དུད་ཚང་དུ་ཁྱབ་ཚད63.2%ཟིན། རྫོང་ཡོངས་ཀྱི་སྤྱི་པའི་རིག་གནས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་། ལོ་ཧྲིལ་པོར་སྤྱི་པའི་རིག་གནས་ནོར་སྲིད་གཏོང་སྒོ་སྒོར་ཁྲི5678ཟིན་ནས8.6%འཕར་ཡོད།
སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་འོས་འགན་སློབ་གསོའི་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་ཀྱི་སློབ་གྲྭ(གླིང་ཁུལ)འཛུགས་སྐྲུན་རྣམ་གྲངས་ཁྱོན6ཡོད་པའི་ནང་དམངས་འཚོའི་བྱ་བ་དངོས་སྒྲུབ་པའི་གཙོ་གནད་རྣམ་གྲངས་སློབ་གྲྭ4དང་བུ་བཅོལ་ཁང2ཡོད་པ་དེར་ཁྱོན་མ་དངུལ་སྒོར་ཁྲི1081བཏང་ནས་སློབ་གྲྭའི་རྒྱ་ཁྱོན་སྨི་གྲུ་བཞི་མ2866གསར་སྣོན་བྱས་པ་དང་། ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ3034.7གསར་སྣོན་བྱས། སྒྲིག་བཀོད་སྒྲིག་ཆས་སྣ་ཚོགས2544(ཆ་ཚང་)གསར་སྣོན་བྱས། བྱེད་ནུས་ཁང་ཁག14གསར་སྐྲུན་བྱས། སྒྲིག་བཀོད་སྒྲིག་ཆས་ཀྱི་རིན་ཐང་སྒོར་ཁྲི375གསར་སྣོན་བྱས་པ་བཅས་རེད།
སྤྱི་ལོ2017ལོར་ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་གི་འཕྲོད་བསྟེན་བྱ་གཞག་གི་འགྲོ་གྲོན་སྒོར་ཁྲི26211བཏང་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་ལ་རིགས་ཁག་གི་འཕྲོད་བསྟེན་སྒྲིག་གཞི34ཡོད་པའི་ནང་སྨན་ཁང19(སྒེར་བཙུགས་སྨན་ཁང་4ཚུད་པ)དང་། འཕྲོད་བསྟེན་ཁང12རིམས་ནད་ཚོད་འཛིན་ལྟེ་གནས1པགས་ནད་སྔོན་འགོག་ས་ཚིགས1མ་བུ་བདེ་སྲུང་འཕྲོད་སྦྱོར་འཆར་ལྡན་བུ་བཙའི་ཞབས་ཞུ་ལྟེ་གནས1བཅས་ཡོད་པ་རེད། ནད་ཁྲི1343ཡོད་པ་དང་། རྫོང་ཡོངས་སུ་འཕྲོད་བསྟེན་ལས་དོན་པ965དང་། འཕྲོད་བསྟེན་ལག་རྩལ་མི་སྣ689ལས་གཉེར་སྨན་པ503བཅས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཚན་པ367ཡོད་པ་དང་། འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི2.7ཡོད། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཡོང་འབབ་སྒོར་ཁྲི4285ཡིན། སྒོར་ཁྲི5261གཏོང་སྤྲོད་སྤྱི་འདོམས་བྱས། རྫོང་ཡོངས་སུ་ཁྱོན་མི་ཁྲི22.79གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་ཞུགས་ནས་ཞུགས་ཚད97.5%ཟིན་ཡོད་པ་རེད། ལོ་ཧྲིལ་པོར་ཁྱོན་བསྡོམས་གཏོང་སྒོ་སྒོར་ཁྲི10091བཏང་བ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པར་མི་ཁྲི28.97ལ་ཕན་པ་ཐོབ། ཞིང་པར་ཕན་པ་ཐོབ་ཚད129.6%ཡིན། མི་རེར་ཆ་སྙོམས་སྨན་ཁང་དུ་སྡོད་པའི་ཁ་གསབ་དངུལ་སྒོར3260ཡིན།
སྤྱི་ལོ2016ལོ་བར་ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི15.16ཡོད། རྫོང་ཡོངས་སུ་ཁེ་ལས་དང་། བྱ་གཞག ལས་ཁུངས་བཅས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི1.7893ཡོད། གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་མི་གྲངས་ཁྲི2.7003ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆའི4.2ཟིན། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ3401མང་དུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མེད་པའི་ཁྱིམ་ཚང་གི་ལས་ཞུགས་རོགས་སྐྱོར་བྱེད་ཚད100%ཟིན་ཡོད་པ་རེད། མི་ཁྲི2.2193གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ནང་བཅུག་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་མི་གྲངས8473དང་། གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་མི་གྲངས་ཁྲི1.3720གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དེ་ཟླ་རེར་སྒོར420དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་སྒོར220བཅས་ལེགས་སྒྲིག་བྱས་ནས་མ་མཐའི་འཚོ་བ་འགན་ལེན་གྱི་དངུལ་སྒོར་ཁྲི3984སྤྲད་པ་དང་། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང3620སྒྱུར་བཀོད་བྱས་པར་མ་དངུལ་སྒོར་ཁྲི9354བཏང་། མ་དངུལ་སྒོར་དུང་ཕྱུར4.7455བཏང་ནས་སྡོད་ཁང་སྐྱོ་ཁུལ1358སྒྱུར་བཀོད་བྱས་པ་རེད།
སྤྱི་ལོ2008ལོའི་ཟླ11པར་ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་ལ“ཀྲུང་གོའི་ལྷོ་ཕྱོགས་ཀྱི་དབྱང་ཅ་ཅང་རིག་གནས་སྒྱུ་རྩལ་དར་ཡུལ”ཞེས་པའི་མཚན་སྙན་ཐོབ་པ་རེད།
སྤྱི་ལོ2010ལོའི་ཟླ12པར་ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་ལ“ཀྲུང་གོའི་སྣོད་བཅུད་ཡུལ་སྐོར་རྫོང་ཡག་ཤོས”དང“ཀྲུང་གོའི་ས་ཁོངས་ཀྱི་སྤྲོ་གསེང་ཡུལ་སྐོར་བྱ་ཡུལ་གྲོང་ཁྱེར”ཞེས་པའི་མཚན་སྙན་ཐོབ་པ་རེད།
སྤྱི་ལོ2011ལོའི་ཟླ་དང་པོར་ཁྲེང་པུའུ་མེའོ་རིགས་རང་སྐྱོང་རྫོང་ལ“ཀྲུང་གོའི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་ཕུལ་བྱུང་རྫོང་བརྒྱ”ཞེས་པའི་མཚན་སྙན་ཐོབ་ཡོད། སྤྱི་ལོ2014ལོའི་ཟླ9པར་ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་དེ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་རྫོང”ལ་བདམས་པ་རེད།
སྤྱི་ལོ2015ལོའི་ཟླ12པར་ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་སྔོན་ཐོན་རྫོང་དུ་བདམས་པ་མ་ཟད། ཞིང་ཆེན་དེ་ཡོངས་ཀྱི“བདེ་འཇགས་རྫོང”གི་མཚན་སྙན་ཡང་སྤྲད་པ་རེད།
སྤྱི་ལོ2019ལོའི་ཟླ5པའི་ཚེས18ཉིན་ཁྲེང་པུའུ་མེའོ་རིགས་རང་སྐྱོང་རྫོང་གིས“སྤྱི་ལོ2019ལོའི་ཀྲུང་གོའི་རྫོང་ཁོངས་མཛེས་ཤོས་ཀྱི་མིང་ཐོའི”ནང་བདམས་པ་རེད།