ཝུའུ་ཀང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-04-07 17:55ལ་འགྲུབ།

ཝུའུ་ཀང་།

ཝུའུ་ཀང་།
ཝུའུ་ཀང་གྲོང་ཁྱེར་ནི་ཧུའུ་ནན་ཞིང་ཆེན་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན། ཧྲའོ་དབྱང་གྲོང་ཁྱེར་གྱིས་ཚབ་བྱས་ཏེ་དོ་དམ་བྱེད་ཀྱིན་ཡོད། ཧུའུ་ནན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་། ཞུའེ་ཧྥེང་རི་བོའི་ཤར་ངོས། ལྷོ་ནི་བྱང་མཚམས་སུ་སླེབས་པ་དང་། ཙི་ཧྲུའེ་ཡི་སྟོད་རྒྱུད་བཅས་སུ་ཆགས་ཡོད། ས་བབ་ནི་ཤར་དང་། ནུབ། ལྷོ་བཅས་ཕྱོགས་གསུམ་རི་བོས་བསྐོར་བ་དང་དབུས་རྒྱུད་དམའ་ཞིང་། ལྷོ་ནས་བྱང་དུ་གསེག་ནས་ས་བབ་མཐོ་ཤོས་ལ་སྨི1410དང་ས་བབ་དམའ་ཤོས་ལ་སྨི260ཡོད་པ་རེད། ཆུ་ནི་ལྷོ་ནུབ་ནས་ཤར་བྱང་དུ་བཞུར། གྲོང་ཁྱེར་གྱི་ནམ་ཟླ་ནི་ཚ་ཁུལ་བར་མའི་དུས་རླུང་བརླན་གཤེར་གྱི་ནམ་ཟླ་ཡིན་པ་དང་། གནམ་གཤིས་དྲོ་འཇམ་ཡིན། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1549ཡོད། ཝུའུ་ཀང་གྲོང་ཁྱེར་དུ་རྡོ་སོལ་དང་ལྕགས། མཱན། ཞ་ཉེ། ཏི་ཚ། ཧྭ་རྡོ། སྣུམ། རྡོ་གཡམ་སོགས་གཏེར་རྫས་ཐོན་ཁུངས་ཡོད་པ་དང་། མངའ་ཁོངས་ཀྱི་གཏེར་ཁ་གཙོ་བོ་རྡོ་སོལ་ཡིན་པ་དང་རྡོ་སོལ་འདུས་ཚད་སྟོང་སྨི་གྲུ་བཞི་མ400ཙམ་ཡོད། ཝུའུ་ཀང་ནི་རྒྱལ་ཁབ་ཚོང་འབྲུའི་རྟེན་གཞིའི་གྲོང་ཁྱེར་དང་། ཇ་ལོའི་ཐོན་སྐྱེད་རྟེན་གཞིའི་གྲོང་ཁྱེར། “ལོ་ལེགས་འཆར་གཞིའི”གཙོ་གནད་གྲོང་ཁྱེར། ཧུའུ་ནན་ཞིང་ཆེན་གྱི་སུར་པན་རྟེན་གཞི། “ངང་སེར་གྱི་ཕ་ཡུལ”བཅས་ཡིན། སྤྱི་ལོ2018ལོར་ཝུའུ་ཀང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང4དང་། གྲོང་རྡལ11ཤང3བཅས་ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི78.05ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར149.84མངོན་འགྱུར་བྱུང་བ་དང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རིན་ཐང་འཕར་མ་སོ་སོར་སྒོར་དུང་ཕྱུར42.15དང་། སྒོར་དུང་ཕྱུར29.78 སྒོར་དུང་ཕྱུར77.91བཅས་ཟིན་པ་དང་། ཐོན་ལས་ཐེངས་གསུམ་གྱི་གྲུབ་ཆ28.1:19.9:52.0ཡིན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར19250ཡིན། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ལོ་ཧྲིལ་པོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར26454དང་། སྒོར12130ཡིན། སྤྱི་ལོ2019ལོའི་ཟླ12པའི་ཚེས31ཉིན་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་རྫོང་དུ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武冈
ཕྱི་ཡིག་གི་མིང་།
Wugang
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང4གྲོང་རྡལ11ཤང3བཅས་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0739
སྦྲག་སྲིད་ཨང་རྟགས།
422400
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1549ཡོད།
མི་གྲངས།
ཁྲི78.05ཡོད།
རླངས་འཁོར་ཚབ་ཨང་།
ཞང(湘)E
ནམ་ཟླ
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
1 ​སྲིད་འཛིན་དབྱེ་མཚམས།

སྤྱི་ལོ2017ལོ་བར་ཝུའུ་ཀང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཁྲོམ་གཞུང4ཡོད་པ་སྟེ། ཧུའེ་མོན་ཁོའུ་ཁྲོམ་གཞུང་དང་། ཡིང་ཁྲུན་ཐིང་ཁྲོམ་གཞུང་། ཧྲུའེ་ཤིས་མོན་ཁྲོམ་གཞུང་། ཧྥ་ཤང་ཡན་ཁྲོམ་གཞུང་བཅས་དང་། གྲོང་རྡལ11སྟེ། ཏེང་ཡོན་ཐའེ་གྲོང་རྡལ་དང་། ཝན་ཐོའུ་ཆའོ་གྲོང་རྡལ། ཝུན་ཕིང་གྲོང་རྡལ། ཅིང་ཀྲུའུ་ཕུའུ་གྲོང་རྡལ། ཁྲིག་ཧྲུའུ་ཐང་གྲོང་རྡལ། ཏེང་ཅ་ཕུའུ་གྲོང་རྡལ། ལུང་ཤིས་གྲོང་རྡལ། སི་མ་ཁྲུང་གྲོང་རྡལ། ཆིན་ཆའོ་གྲོང་རྡལ། ཏ་ཏན་གྲོང་རྡལ། ཧྲོང་ཕེ་གྲོང་རྡལ། ཤང3སྟེ། མ་ཕིན་ཤང་དང་། ཡན་ཐེན་ཤང་། ཧྲུའེ་ཆིན་ཕིན་ཤང་བཅས་གསུམ་ཡོད། ཝུའུ་ཀང་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཡིང་ཁྲུན་ཐིང་ཁྲོམ་གཞུང་དུ་གནས་ཡོད།

2 ས་ཁམས་ཁོར་ཡུག
2_1 གནས་ཡུལ།

ཝུའུ་ཀང་ནི་ཙི་ཧྲུའེ་སྟོད་རྒྱུད་དང་། ཞུའེ་ཧྥེང་རི་བོའི་འདབས་སུ་གནས་པ་དང་། ཧྲའོ་དབྱང་གྲོང་ཁྱེར་གྱི་ལྷོ་ནུབ་རྫོང་ལྔའི་བར་གྱི་ལྟེ་བའི་ས་ཁོངས་ཡིན་ཞིང་། དེར་ཀུའེ་ཀྲོའུ་ཡི་ཝུའུ་ཡིའུ་ས་ཁུལ་དང་ཧུའུ་ནན་ལྷོ་ནུབ་ཀྱི་གྲོང་རྡལ་གཙོ་བོ་ཞེས་པའི་མཚན་སྙན་ཡོད། ཝུའུ་ཀང་གྲོང་ཁྱེར་གྱི་ཤར་ལྷོ་ནུབ་བྱང་ནི་རིམ་བཞིན་ཧྲའོ་དབྱང་རྫོང་དང་། ཞིན་ཉིང་རྫོང་། ཁྲེང་པུའུ་རྫོང་། སུའེ་ཉིང་རྫོང་། ཏུང་ཁོའུ་རྫོང་། ལུང་ཧུའེ་རྫོང་བཅས་ཀྱི་འབྲེལ་མཚམས་སུ་སླེབས། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག110°25′35″—111°01′58″དང་། བྱང་གི་འཕྲེད་ཐིག26°32′42″—27°02′09″བར་དུ་གནས་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1549ཡོད་པ་དང་། མངའ་ཁོངས་ཀྱི་ཤར་ནུབ་རྒྱ་ཁྱོན་ལ་སྟོང་སྨི60.8ཡོད་པ་དང་། བྱང་སྣེའི་རིང་ཚད་ལ་སྟོང་སྨི54.43ཡོད།

2_2 ནམ་ཟླ།

ཝུའུ་ཀང་གྲོང་ཁྱེར་ནི་ཚ་ཁུལ་བར་མའི་དུས་རླུང་རླན་གཤེར་ནམ་ཟླ་ཁུལ་དུ་གནས་པ་དང་། དེ་ནི་ཚ་ཁུལ་བར་མའི་རི་ཁུལ་གྱི་ནམ་ཟླ་ཡིན་པ་དང་། དུས་བཞི་གསལ་བ་དང་། ཆར་ཆུ་མོད། དགུན་དུས་གྲང་ངར་ཉུང་བ། དབྱར་དུས་སུ་ཚ་གདུག་མེད་པ། རི་ཁུལ་གྱི་དྲོད་ཚད་ལྡོག་ནུས་མངོན་གསལ་ཆེ་བ་བཅས་ཡིན། ལོ་ཧྲིལ་པོར་ཉི་འོད་ཕོག་ཚད་ཆུ་ཚོད1134.6ནས1601.5བར་ཡིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད16.8℃ཡིན། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1218.5ཡིན། ལོ་རེའི་ཆ་སྙོམས་ཁ་བ་འབབ་པའི་ཉིན་གྲངས9.8ཡིན། ལོ་རེའི་ཆ་སྙོམས་ཁ་བ་བབས་ཚད75ནས83%བར་ཡིན་པ་བཅས་རེད། ལོ་རེའི་ཆ་སྙོམས་བ་མོ་ཡོད་པའི་ཉིན་གྲངས་ནི་ཉིན17.1ཡིན་པ་དང་། ལོ་ཧྲིལ་པོའི་ཆ་སྙོམས་ཀྱི་ཉིན་གྲངས་ནི་ཉིན8.7ཡིན། རྒྱལ་ཁོངས་ནང་གི་དབྱར་གཞུང་དང་སྟོན་འགོའི་ལྷོ་རླུང་ལས་གཞན། རླུང་ཕྱོགས་གཙོ་བོ་བྱང་རླུང་ཡིན་པ་དང་། ལོ་རེའི་ཆ་སྙོམས་ཀྱི་རླུང་ཤུགས་སྐར་ཆ་རེར་སྨི2.3ཡིན། རླུང་ཤུགས་ཆེ་ཤོས་རིམ་པ་བརྒྱད་ནས་དགུ་བར་སླེབས་ཀྱིན་ཡོད།

3 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་བར་ཝུའུ་ཀང་གྲོང་ཁྱེར་གྱི་མི་འབོར་བསྡོམས་འབོར་ཁྲི83.79ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི77.63ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི34.33ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད44.22%ཟིན་ཡོད་པ་རེད།

4 དཔལ་འབྱོར།
4_1 ཐོན་ལས་དང་པོ།

གྲོང་ཁྱེར་དེ་ཡོངས་ཀྱི་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང་སྟོང76.23ཡོད་པ་དང་འབྲུ་རིགས་སྣ་ཚོགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི47.46ཡོད་པ་དེ་དུས་མཚུངས་ལས2.05%འཕར་བའི་ནང་ཆུ་འབྲས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི34.3དང་མ་རྨོས་ལོ་ཏོག་ཐོན་ཚད་བསྡོམས་འབོར་ཏུན་ཁྲི10.2ཡིན་པ་དང་། སྣུམ་རྒྱུ་ཐོན་ཚད་བསྡོམས་འབོར་ཏུན་ཁྲི1.95ཡོད་པ་དེ་དུས་མཚུངས་ལས0.8%འཕར། ཤིང་ཏོག་ཐོན་ཚད་ཏུན་ཁྲི11.29ཡོད་པ་དེ་དུས་མཚུངས་ལས2.4%འཕར་ཡོད། ཕྱུགས་ལས་གསོ་ཚགས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི295378ཡོད་པ་དེ་དུས་མཚུངས་ལས2.7%འཕར་ཡོད། ལོ་འདིའི་ནང་ཕག་ཁྲི154བཤས་པ་དང་ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི12.9ཡིན་པ་དེ་དུས་མཚུངས་ལས6.79%འཕར་ཡོད། ནགས་ལས་དང་ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི15.33དང་སྒོར་ཁྲི16862སོ་སོར་ཟིན་པ་དེ་དུས་མཚུངས་ལས6.6%དང8.9%འཕར་བ་དང་ཆུའི་ཐོན་རྫས་ཀྱི་སྤྱིའི་ཐོན་ཚད་ཏུན8785ཡིན་པ་དེ་དུས་མཚུངས་ལས11.84%འཕར་ཡོད་པ་རེད།     སྤྱི་ལོ2020ལོའི་ཟླ1པོའི་ཚེས2ཉིན་ཝུའུ་ཀང་གྲོང་ཁྱེར་རྒྱལ་ཡོངས་ཀྱི་ཁག་བཞི་པའི་སྔོན་ལ་ཞིང་ལས་ལོ་ཏོག་གཙོ་བོ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)གི་མིང་ཐོའི་ནང་ཚུད།

4_2 ཐོན་ལས་གཉིས་པ།

སྤྱི་ལོ2017ལོར་ཝུའུ་ཀང་གྲོང་ཁྱེར་དུ་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི222698བྱུང་བ་དེ་དུས་མཚུངས་ལས5.7%འཕར་ཡོད། གྲོང་ཁྱེར་ཡོངས་སུ་ཁྱོན་གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས72ཡོད་པ་དང་། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི174893ཡིནན་པ་དང་། ཐོན་སྐྱེད་རིན་ཐང་སྒོར་ཁྲི802309ཡོད་པ་དེ་དུས་མཚུངས་ལས6.4%དང14.1%སོ་སོར་འཕར། ཐོན་འཚོང་བྱེད་ཚད98.86%ཟིན། ཁེ་སྤོགས་སྒོར་ཁྲི་1682དང་ཁེ་སྤོགས་དཔྱ་ཁྲལ་སྒོར་ཁྲི42715ཟིན་པ་དེ་དུས་མཚུངས་ལས19.6%དང11.2%སོ་སོར་འཕར། གྱོང་གུན་ཕོག་པའི་ཁེ་ལས3ཡོད་པ་དང་ཁེ་ལས་ལ་གྱོང་གུན་ཕོག་ཚད4.2%ཡིན། གྲོང་ཁྱེར་དེ་ཡོངས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་བའི་བཟོ་ལས་ཁེ་ལས20ལས་སྒོར་ཁྲི5000ལས་བརྒལ་ཡོད། བཟོ་ལས་སྡེ་གླིང་གི་ཐོན་རྫས་རིན་ཐང་སྒོར་ཁྲི640098ཡིད་པ་དེ་དུས་མཚུངས་ལས9.4%འཕར་ཡོད།     སྤྱི་ལོ2017ལོར་ཝུའུ་ཀང་གྲོང་ཁྱེར་དུ་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར5.13ཡོད་པ་དེ་དུས་མཚུངས་ལས8.2%འཕར་བ་དང་། འོས་བབ་རིམ་པའི་ཨར་སྐྲུན་ཁེ་ལས་ཀྱི་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི160ཡིན་པ་དེ་དུས་མཚུངས་ལས11.8%འཕར་ཡོད། དྲ་སྦྲེལ་ཐད་གཏོང་གི་ས་ཁང་བདག་ཁོངས་ཁེ་ལས་ལ་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་ཁྲི119216བཏང་བ་དེ་དུས་མཚུངས་ལས26.8%འཕར།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2017ལོར་ཝུའུ་ཀང་གྲོང་ཁྱེར་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར83.58ཡོད་པ་དེ་དུས་མཚུངས་ལས10.1%འཕར་ཡོད། ཕྱིར་ཚོང་བྱ་ཡུལ་གཞིར་བཟུང་གྲོང་ཁྱེར་རིམ་པ་དང་གྲོང་ཁྱེར་མན་དུ་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར73.40དང་སྒོར་དུང་ཕྱུར10.18སོ་སོར་ཟིན་པ་དེ་དུས་མཚུངས་ལས10.5%དང7.3%འཕར་ཡོད། ལས་རིགས་ལ་གཞིགས་ནས་དབྱེ་ན་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ལ་སྒོར་དུང་ཕྱུར75.73དང་ཞག་སྡོད་དང་བཟའ་བཏུང་ལས་རིགས་ལ་སྒོར་དུང་ཕྱུར7.84བཏང་བ་དེ་དུས་མཚུངས་ལས10.0%དང10.7%འཕར་ཡོད། གཞི་ཁྱོན་ཆེ་བའི་ཚོང་དོན་ཁེ་ལས7གསར་དུ་འཕར་ཡོད།     སྤྱི་ལོ2017ལོར་ཝུའུ་ཀང་གྲོང་ཁྱེར་གྱིས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི807ཡོད་པ་དེ་དུས་མཚུངས་ལས25.1%འཕར་བའི་ནང་ཕྱིར་གཏོང་ཨ་སྒོར་ཁྲི806ཡོད་པ་དེ་དུས་མཚུངས་ལས24.9%འཕར་བ་དང་དོན་དངོས་ཐོག་ཕྱི་དངུལ་ཨ་སྒོར་ཁྲི3251ཡོད་པ་དེ་དུས་མཚུངས་ལས17.0%འཕར། ནང་དངུལ་སྒོར་ཁྲི805300སྤྱད་པ་དེ་དུས་མཚུངས་ལས21.5%འཕར་ཡོད། ལོ་འདིའི་ནང་ཚོང་འགུགས་རྣམ་གྲངས46ཁྱབ་བསྒྲགས་བྱས་པ་དང་རགས་རྩིས་ལ་མ་དངུལ་སྒོར་དུང་ཕྱུར154.68བཏང་ཡོད་པ་རེད། གྲུབ་འབྲས་ཐོབ་པའི་ངང་ནང་འདྲེན་དངོས་ཚན་ཐོན་ལས་རྣམ་གྲངས25ཡོད།

5 སྤྱི་ཚོགས་བྱ་གཞག
5_1 སློབ་གསོ།

སྤྱི་ལོ2017ལོ་བར་ཝུའུ་ཀང་གྲོང་ཁྱེར་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ10338ཡོད་པ་དང་། སློབ་འབྲིང་དཀྱུས་མའི་སློབ་གྲྭར་ཡོད་པའི་སློབ་མ50127ཡོད། སློབ་ཆུང་དུ་སློབ་གྲྭར་ཡོད་པའི་སློབ་མ62034ཡོད་པ། དམིགས་བསལ་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མ216ཡོད། བུ་བཅོལ་ཁང་གི་སློབ་གྲྭར་ཡོད་པའི་སློབ་མ23183ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་སོ་སོར100%དང100%ཟིན་པ་དང་སློབ་ཆུང་གི་མཐར་ཕྱིན་སློབ་མའི་སློབ་རིམ་འཕར་ཚད100%ཟིན་ཡོད།

5_2 ཚན་རྩལ།

སྤྱི་ལོ2017ལོ་བར་ཝུའུ་ཀང་གྲོང་ཁྱེར་དུ་མཐོ་གསར་ལག་རྩལ་ཁེ་ལས26ཡོད་པ་དང་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི425261ཡོད་པ་དེ་དུས་མཚུངས་ལས4.0%འཕར་བ་དང་མཐོ་གསར་ལག་རྩལ་ཐོན་རྫས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི392513ཡོད་པ་དེ་དུས་མཚུངས་ལས0.8%འཕར་ཡོད། ལོ་ཧྲིལ་པོར་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས་ཀྱི་འགྲོ་གྲོན་སྒོར་ཁྲི11887བཏང་བ་དང་། ཁེ་བེད་བདག་ཐོབ་རེ་ཞུ214བྱས། ཁེ་བེད་བདག་ཐོབ་07དབང་སྤྲོད་བྱས།

5_3 རིག་གནས།

སྤྱི་ལོ2017ལོ་བར་ཝུའུ་ཀང་གྲོང་ཁྱེར་གྱི་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར98%ཟིན་ནས་དཔེ་མཛོད་ཁང་དང་། དངོས་མང་བཤམས་སྟོན་ཁང་། ལུས་རྩལ་ཁང་། དགེ་རྒན་འཕེལ་རྒྱས་ལྟེ་གནས། གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས། བཟོ་པའི་རིག་གནས་ཕོ་བྲང་། བུད་མེད་དང་བྱིས་པའི་བྱེད་སྒོའི་ལྟེ་གནས། མིན་ཝང་ཧྥུ་ལོ་རྒྱུས་རིག་གནས་སྒྱུ་རྩལ་ལྟེ་གནས། ཀྲུང་ཧྲན་ཐང་དྲན་གསོ་ཁང་བསྐྱར་སྐྲུན་རྒྱས་སྐྲུན་སོགས་འཛུགས་སྐྲུན་ལས་གྲྭ་ཆེན་པོ་རབ་དང་རིམ་པ་ལག་ལེན་བསྟར་འགོ་ཚུགས་པ་རེད། གྲོང་ཚོ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ལྟེ་གནས117བསྐྲུན་པ་དང་ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད། ཞིང་པའི་ལུས་རྩལ་ལུས་སྦྱོང་འདུ་འགོད་ཀྱི་སྲིད་འཛིན་གྲོང་ཚོ70གསར་སྐྲུན་བྱས་པ་དང་ལོ་རེར་ཆ་སྙོམས་གྲོང་གསེབ་ཏུ་འཁྲབ་སྟོན་ཐེངས70ལྷག་ཙམ་བྱས། གྲོང་གསེབ་ཀྱི་སྤྱི་ཕན་གློག་བརྙན6087བསྟན་པ་བཅས་རེད། ལོ་ཧྲིལ་པོར་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ཐེངས15སྤེལ་བ་དང་བྱེད་སྒོའི་ནང་ཞུགས་མཁན་མི་གྲངས་ཁྲི35ལྷག་ཙམ་ཟིན་ཡོད།

5_4 སྨན་བཅོས།

སྤྱི་ལོ2017ལོ་བར་ཝུའུ་ཀང་གྲོང་ཁྱེར་དུ་རིགས་ཁག་གི་འཕྲོད་བསྟེན་སྒྲིག་གཞི394ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང21དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)7གྲོང་ཚོའི་འཕྲོད་བསྟེན་ཁང302ཡོད་པ་དང་། དངོས་ཡོད་ཉལ་ཁྲི3515དང་འཕྲོད་བསྟེན་ལག་རྩལ་མི་སྣ2849ཡོད་པའི་ནང་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ1465དང་ལས་ཐོག་ཐོ་འགོད་བྱས་པའི་སྨན་གཡོག1384ཡོད་པ་རེད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་ནང་ཞུགས་མཁན་ཞིང་པ་ཁྲི69.11ཟིན་ནས་ཆ་སྙོམས་མཉམ་ལས་སྨན་བཅོས་ནང་ཞུགས་ཚད97%ཟིན་པ་དང་ས་ཁུལ་གྱི་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་སྡོད་པའི་ཁ་གསབ་བྱེད་ཚད68.7%ཟིན་ཡོད།

6 མཚན་སྙན།

སྤྱི་ལོ2019ལོའི་ཟླ12པའི་ཚེས31ཉིན་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་རྫོང་དུ་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།