ཞན་ཉིན་གྲོང་ཁྱེར།སྔ་མའི་པར་གཞི་དེ མཁའ་འབུམ་བཀྲ་ཤིས།  ནས 2020-04-07 09:05ལ་འགྲུབ།

ཞན་ཉིན་གྲོང་ཁྱེར།

ཞན་ཉིན་གྲོང་ཁྱེར།
ཞན་ཉིན་ནི་ཧུའུ་པེ་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཧུའུ་པེ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་འབྲི་ཆུའི་བར་རྒྱུད་ཀྱི་ལྷོ་ངོགས་སུ་གནས་པ་དང་། ཧུའུ་ནན་དང་། ཅང་ཞི་དང་ས་མཚམས་འབྲེལ་ཡོད། “ཧུའུ་པེའི་ལྷོ་སྒོ་ཆེན་མོ”ཞེས་འབོད་སྲོལ་ཡོད། དེ་ནི་ཝུའུ་ཧན་གྲོང་ཁྱེར་མུ་ཁྱུད་དང་འབྲི་ཆུའི་བར་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་ཀྱི་ཁོངས་གལ་ཆེན་ཞིག་ཡིན། གནམ་གཤིས་དྲོ་པོ་ཡོད་པ་དང་། ཆར་ཆུ་འབེལ་བ། ཉི་འོད་ཕོག་ཚད་མང་བ། དུས་བཞིའི་དབྱེ་བ་གསལ་བ། སད་མེད་པ། ས་བབ་ལྷོ་མཐོ་ལ་བྱང་དམའ་བ་ཡིན། མངའ་ཁོངས་སུ་ཞན་ཨན་ཆུས་དང་། ཐུང་ཁྲེང་རྫོང་། ཐུང་ཧྲན་རྫོང་། ཅ་ཡུས་རྫོང་། ཁྲུང་དབྱང་རྫོང་། ཁྲི་པེ་གྲོང་ཁྱེར་བཅས་ཡོད། སྤྱི་ལོ2017ལོར་སྤྱིའི་མི་འབོར་ཁྲི253.51ཡོད། མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ9861ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
咸宁
ཕྱི་ཡིག་གི་མིང་།
Xian’ning City
མིང་གཞན།
ཀུའེ་ཧྭ་གྲོང་ཁྱེར།
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཀྲུང་ས་ཁུལ། ཧུའུ་པེ་ཞིང་ཆེན།
མངའ་ཁོངས།
ཞན་ཨན་ཆུས་དང་། ཅ་ཡུས་རྫོང་། ཐུང་ཁྲེང་རྫོང་། ཁྲུང་དབྱང་རྫོང་། ཐུང་ཧྲན་རྫོང་། ཁྲི་པེ་གྲོང་ཁྱེར་བཅས་ཡོད།
སྲིད་གཞུང་གནས་ཡུལ།
ཝུན་ཆོན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཝུན་ཆོན་ཁྲོམ་གཞུང16པ།
ས་ཁོངས་ཁ་པར་ཨང་རྟགས།
(+86)0715
སྦྲག་སྲིད་ཨང་རྟགས།
437000
གནས་ཡུལ།
འབྲི་ཆུའི་ཤར་ལྷོའི་ངོགས་དང་། མུའུ་ཧྥུ་རི་བོའི་བྱང་འདབས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ9861ཡོད།
ནམ་ཟླ།
ཚ་ཁུལ་ཕལ་པའི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མི་གྲངས།
མི་ཁྲི253.51(སྤྱི་ལོ2017ལོར)
མཛེས་ལྗོངས་གྲགས་ཅན།
ཅིའུ་ཀུང་ཧྲན་དང་། ཁྲི་པི་གནའ་བོའི་གཡུལ་ས། ཝང་ཚང་གི་མེས་པོའི་མཆོད་ཁང་།
མེ་འཁོར་འབབ་ཚུགས།
ཞན་ཉིན་ས་ཚིགས། ཞན་ཉིན་བྱང་ཚིགས། ཞན་ཉིན་ལྷོ་ཚིགས། ཞན་ཉིན་ཤར་ཚིགས། ཁྲི་པེ་བྱང་ཚུགས། ཁྲི་པི་ས་ཚིགས།
རླངས་འཁོར་ཚབ་ཨང་།
ཨོ(鄂)L
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར་1234.86(སྤྱི་ལོ2017ལོར)
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
421200
1 འཛུགས་སྐྲུན་གྱི་འཕེལ་རིམ།

ཞན་ཉིང་གྲོང་ཁྱེར་གྱི་སྲིད་འཛིན་འཛུགས་སྐྲུན་ཅུང་འཕྱི་བ་ཡིན། འོན་ཀྱང་མངའ་ཁོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)ཁག་ལ་ལོ་རྒྱུས་ཡུན་རིང་ལྡན་པ་ཡིན།

ཧན་རྒྱལ་རབས་ཀྱི་དུས་འགོར་ཧྲ་ཡུས་རྫོང་བཙུགས་ཡོད།   ཞན་ཉིང་དང་། ཅ་ཡུས། ཕུའུ་ཆི་དེའི་ཁོངས་སུ་གཏོགས། ཁྲུང་དབྱང་དང་ཐུང་ཁྲེང་ནི་ནན་ཅུན་ཞ་ཅུན་རྫོང་གི་ཁོངས་སུ་གཏོགས།

རྒྱལ་ཁབ་གསུམ་གྱི་སྐབས་སུ་ཝུའུ་ཡི་ཁོངས་སུ་གཏོགས་པ་དང་། ཝུའུ་ཧོང་ཝུའུ་སྲིད་ལོ་གཉིས་པར(སྤྱི་ལོ223)ལོར་ཕུའུ་ཆི་རྫོང་བཙུགས།  

ཐང་ཐའེ་ཙུང་ཁྲི་ལོ་གསུམ་པར(སྤྱི་ལོ768ལོར)ཡུང་ཨན་གྲོང་རྡལ་བཙུགས།

ཐང་ལྷོ་མའི་པའོ་ཏ་ཁྲི་ལོ་བཅུ་གསུམ་པར(སྤྱི་ལོ955ལོར)ཡུང་ཨན་རྫོང་དུ་འཕར།

སུང་ཅིན་ཏེ་ཁྲི་ལོ་བཞི་པར(སྤྱི་ལོ1007ལོར)མིང་ལ་ཞན་ཉིན་རྫོང་ཞེས་བཏགས།

ཐང་རྒྱལ་རབས་ལྷོ་མའི་པའོ་ཏ་ཁྲི་ལོ་བཅུ་གཅིག་པར(སྤྱི་ལོ953ལོར)ཅ་ཡུས་རྫོང་བཙུགས།

སུང་རྒྱལ་རབས་བྱང་མའི་ཆན་ཏེ་ཁྲི་ལོ་གཉིས་པར(སྤྱི་ལོ964ལོར)ཐུང་ཧྲན་རྫོང་བཙུགས།

སུང་རྒྱལ་རབས་བྱང་མའི་ཁའེ་པའོ་ཁྲི་ལོ་བརྒྱད་པར(སྤྱི་ལོ975ལོ)ཁྲུང་དབྱང་རྫོང་བཙུགས།

སུང་རྒྱལ་རབས་བྱང་མའི་ཞི་ཉིན་ཁྲི་ལོ་ལྔ་པར(སྤྱི་ལོ1072ལོར)ཐུང་ཁྲེང་རྫོང་བཙུགས། སྤྱི་ལོ1135ལོར་ཁྲུང་དབྱང་དང་ཐུང་ཁྲེང་ཧྥུ་གཉིས་ཟླ་སྒྲིལ་བཏང་། སྤྱི་ལོ1145ལོར་བསྐྱར་དུ་དབྱེ་འབྱེད་བྱས།

ཡོན་རྒྱལ་རབས་ཀྱི་སྐབས་སུ། ཞན་ཉིང་དང་ཅ་ཡུས། ཐུང་ཁྲེང་། ཕུའུ་ཆི། ཁྲུང་དབྱང་ཧུའུ་ཀོང་ཞིན་ཞིང་ཆེན་ཝུའུ་ཁྲང་ལམ་གྱི་ཁོངས་གཏོགས་ཡིན་པ་དང་། ཐུང་ཧྲན་ནི་ཅང་ཧོའེ་ཞིན་ཞིང་ཆེན་ཆི་ཧོང་ཏའོ་ཡི་ཁོངས་སུ་གཏོགས། ཅུང་མ་འགོར་པར་ཧུའུ་ཀོང་ཞིན་ཞིང་ཆེན་གྱི་ཞིན་གོ་ལམ་གྱི་ཁོངས་སུ་གཏོགས།

མིང་དང་ཆིང་རྒྱལ་རབས་ཀྱི་དུས་སྐབས་སུ། ཁོངས་གཏོགས་ས་ཁུལ་ཚང་མ་ཝུའུ་ཁྲང་ཧྥུ་ལ་གཏོགས།

མིན་གོའི་སྲིད་ལོ21ལོར(སྤྱི་ལོ1932ལོར)ཐུང་ཧྲན་ནི་ཧུའུ་པེ་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་གཉིས་པར་གཏོགས་པ་དང་། རྫོང་གཞན་དག་ནི་སྲིད་འཛིན་ལྟ་ཞིབ་ཁུལ་དང་པོར་གཏོགས་པ་ཡིན།

སྤྱི་ལོ1936ལོར་ཐུང་ཧྲན་སྲིད་འཛིན་ལྟ་ཞིབ་ཁུལ་དང་པོའི་ཁོངས་གཏོགས་སུ་བསྒྱུར།

སྤྱི་ལོ1949ལོ་ནས་སྤྱི་ལོ1952ལོའི་བར་ཞན་ཉིང་དང་། ཁྲུང་དབྱང་། ཐུང་ཧྲན། ཐུང་ཁྲེང་བཅས་ཏ་ཡེ་ཀྲོན་ཆུས་སུ་གཏོགས་པ་དང་། ཅ་ཡུས་དང་ཕུའུ་ཆི་མན་དབྱང་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1951ལོར་ཏ་ཡེ་ཀྲོན་ཆུས་ཀྱི་ཁོངས་གཏོགས་སུ་བསྒྱུར།

སྤྱི་ལོ1952ལོར་ཏ་ཡེ་ཀྲོན་ཆུས་མེད་པར་བཟོས་པ་དང་། ཞན་ཉིང་དང་ཅ་ཡུས། ཐུང་ཧྲན། ཐུང་ཁྲེང་། ཕུའུ་ཆི། ཁྲུང་དབྱང་བཅས་ཞའོ་ཀན་ས་ཁུལ་གྱི་ཁོངས་གཏོགས་སུ་བསྒྱུར།

སྤྱི་ལོ1959ལོའི་ཟླ12པར་ཝུའུ་ཧན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ1961ལོར་ཞའོ་ཀན་ས་ཁུལ་གྱི་ཁོངས་གཏོགས་སུ་བསྒྱུར།

སྤྱི་ལོ1965ལོའི་ཟླ6པར་ཞན་ཉིང་ཀྲོན་ཆུས་བཙུགས་པ་དང་དེའི་ཁོངས་སུ་ཞན་ཉིང་དང་ཅ་ཡུས། ཕུའུ་ཆི། ཐུང་ཧྲན། ཁྲུང་དབྱང་། ཐུང་ཁྲེང་། དབྱང་ཞིན། ཨོ་ཁྲེང་། ཝུའུ་ཁྲང་བཅས་རྫོང9ཡོད། སྤྱི་ལོ1968ལོར་ཞན་ཉིང་ཀྲོན་ཆུས་དེ་ཞན་ཉིང་ས་ཁུལ་དུ་བསྒྱུར།

སྤྱི་ལོ1975ལོའི་ཟླ11པ་དང་སྤྱི་ལོ1979ལོའི་ཟླ11པར། ཝུའུ་ཁྲང་དང་ཨོ་ཁྲེང་སོ་སོར་ཝུའུ་ཧན་གྲོང་ཁྱེར་དང་ཧོང་ཀང་ས་ཁུལ་དུ་བགོས།

སྤྱི་ལོ1983ལོའི་ཟླ8པར། ཞན་ཉིང་རྫོང་མེད་པར་བཟོས་ཤིང་། ཞན་ཉིང་གྲོང་ཁྱེར་བཙུགས།

སྤྱི་ལོ1986ལོའི་ཟླ5པར་ཕུའུ་ཆི་རྫོང་མེད་པར་བཟོས་པ་དང་ཕུའུ་ཆི་གྲོང་ཁྱེར་བཙུགས།

སྤྱི་ལོ1996ལོའི་ཟླ12པར། དབྱང་ཞིན་ཧོང་ཧྲི་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་བསྒྱུར།

སྤྱི་ལོ1998ལོའི་ཟླ6པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཕུའུ་ཆི་གྲོང་ཁྱེར་གྱི་མིང་ཁྲེ་པེ་གྲོང་ཁྱེར་ཞེས་པར་བསྒྱུར།

སྤྱི་ལོ1998ལོའི་ཟླ12པའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཞན་ཉིང་ས་ཁུལ་དང་རྫོང་རིམ་པའི་ཞན་ཉིང་གྲོང་ཁྱེར་མེད་པར་བཟོས་ཏེ། ས་ཁུལ་རིམ་པའི་ཞན་ཉིང་གྲོང་ཁྱེར་བཙུགས། དེ་སྔའི་རྫོང་རིམ་པའི་ཞན་ཉིང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ནི་ཞན་ཨན་ཁུལ་གྱི་སྲིད་འཛིན་ས་ཁོངས་ཡིན། ཟླ12པའི་ཚེས22ཉིན། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཆན་བཀོད་བཀའ་ལན་གནང་བར། དེ་སྔའི་ཞན་ཉིང་ས་ཁུལ་གྱི་ཁྲི་པེ་གྲོང་ཁྱེར་ནི་ཞན་ཉིང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2016ལོའི་བར། ཞན་ཉིང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཞན་ཨན་ཆུས་དང་། ཅ་ཡུས་རྫོང་། ཐུང་ཁྲེང་རྫོང་། ཁྲུང་དབྱང་རྫོང་། ཐུང་ཧྲན་རྫོང་། ཁྲེ་པེ་གྲོང་ཁྱེར་བཅས་སུ་ཁྱོན་ཤང12དང་། གྲོང་རྡལ51 ཁྲོམ་གཞུང6བཅས་བཀོད་སྒྲིག་བྱས་པ་དང་ཁོངས་གཏོགས་སུ་སྲིད་འཛིན་གྲོང་ཚོ1049དང་གྲོང་མིའི་ཚོགས་ཆུང10145ཡོད་པ་རེད། གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཝུན་ཆོན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཝུན་ཆོན་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཞན་ཉིང་གྲོང་ཁྱེར་ནི་ཧུའུ་པེ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་འབྲི་ཆུའི་བར་རྒྱུད་ཀྱི་ལྷོ་ངོགས་དང་། ཧུའུ་ནན་དང་། ཧུའུ་པེ། ཅང་ཞི་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་ཆགས་ཡོད། ཤར་ནས་དབྱང་ཞིན་དང་། ལྷོ་ནས་ཁྲུང་དབྱང་དང་འབྲེལ་ཡོད་ལ། ནུབ་ནས་ཕུའུ་ཆི་དང་། བྱང་ནས་ཝུའུ་ཁྲང་དང་འབྲེལ་ཡོད། ཤར་ལྷོ་ནི་ཐུང་ཧྲན་དང་ནུབ་བྱང་ནི་ཅ་ཡུས་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ9861ཡོད།

3_2 ནམ་ཟླ།     

ཞན་ཉིན་གྲོང་ཁྱེར་གྱི་གནམ་གཤིས་དྲོ་པོ་ཡོད་པ་དང་། ཆར་ཆུ་འབེལ་བ། ཉི་འོད་ཕོག་ཚད་མང་བ། དུས་བཞིའི་དབྱེ་བ་གསལ་བ། སད་མེད་པའི་དུས་ཡུན་རིང་བ་རེད། དགུན་དུས་བྱང་རླུང་ལྡང་བ་དང་། ཅུང་གྲང་ལ་སྐམ་ཤས་ཆེ་བ། དབྱར་དུས་ལྷོ་རླུང་དང་། དྲོད་ཚད་མཐོ་ཞིང་ཆར་ཆུ་མང་། ལོ་རེའི་ཆ་སྙོམས་དྲོད་ཚད16.8℃ཡིན་པ་དང་། ཆེས་མཐོ་བའི་ཐལ་དྲགས་པའི་དྲོད་ཚད41.4℃ཡིན་ལ། ཆེས་དམའ་བའི་དྲོད་ཚད་ནི་ཀླད་ཀོར་འོག་གི15.4℃ཡིན། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1577.4ཡིན་པ་དང་། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་པའི་དུས་ཚོད་ནི་ཆུ་ཚོད1754.5དང་། ལོ་རེའི་ཆ་སྙོམས་སད་མེད་དུས་ནི་ཉིན245~258ཡིན། བགེགས་སྐྱོན་རང་བཞིན་གྱི་གནམ་གཤིས་གཙོ་བོ་ནི་དཔྱིད་གྲང་དང་། དྲག་ཆར། ཆུ་སྐྱོན། ཞོད་སྐྱོན་དང་དབྱར་ཐན་སོགས་ཡིན།

4 མི་གྲངས་དང་མི་རིགས།     
4_1 མི་གྲངས།     

སྤྱི་ལོ2017ལོའི་ལོ་མཇུག་བར་ཞན་ཉིང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི253.51ཡིན་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་མི་ཁྲི0.91འཕར་ཡོད་པ་རེད། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད52.5%ཡིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.3འཕར་ཡོད། ལོ་ཧྲིལ་པོར་ཐེམ་ཐོའི་མི་འབོར་ཁྲི304.0ཡིན་པ་དང་ཐེམ་ཐོའི་མི་འབོར་ཁྲི5.59སྐྱེས་པ་དང་། སྐྱེས་ཚད་སྟོང་ཆའི18.39ཟིན། མི་འབོར་ཁྲི3.44ཤི་བ་དང་ཤི་ཚད་སྟོང་ཆའི11.31ཟིན་ཡོད། ཐེམ་ཐོའི་མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི7.09ཡིན།     

4_2 མི་རིགས།     

ཞན་ཉིང་གྲོང་ཁྱེར་ནི་གྲངས་ཉུང་མི་རིགས་འདྲེས་སྡོད་ས་ཁུལ་ཞིག་ཡིན་པ་དང་། གྲངས་ཉུང་མི་རིགས་ནི་ཧུའེ་རིགས་དང་། མན་ཇུ་རིགས། ཀྲོང་རིགས། ཐུའུ་ཅ་རིགས། མིའོ་རིགས་བཅས་གཙོ་བོ་ཡིན།

5 དཔལ་འབྱོར།

སྤྱི་ལོ2017ལོར་ཞན་ཉིང་གྲོང་ཁྱེར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1234.86ཡིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས8.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར193.45ཡིན་པ་དང་ལོ་གོང་མ་ལས4.2%འཕར། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར597.41ཡིན་པ་དང་ལོ་གོང་མ་ལས7.6%འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར444ཡིན་པ་དང་ལོ་གོང་མ་ལས10.6%འཕར་ཡོད། ཐོན་ལས་གསུམ་པའི་ཐོན་ལས་གྲུབ་ཆའི་བསྡུར་ཚད15.6:48.4:36.0ཡིན་པ་དང་ཐོན་ལས་གསུམ་པའི་རིན་ཐང་འཕར་མའི་བསྡུར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས0.4མཐོ་རུ་ཕྱིན་ཡོད། ལོ་ཧྲིལ་པོར་མི་རེའི་ཆ་སྙོམས་ཀྱིས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར48798ཡིན་པ་དང་ལོ་གོང་མ་ལས7.5%འཕར་ཡོད།

6 སྤྱི་ཚོགས་ཀྱི་ལས་དོན།
6_1 སློབ་གསོ།

སྤྱི་ལོ2017ལོར་ཞན་ཉིང་གྲོང་ཁྱེར་གྱི་རིགས་ཁག་གི་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མ7339དང་། སློབ་གྲྭར་ཡོད་པའི་སློབ་མ18693 སློབ་ཐོན་སློབ་མ6340བཅས་ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་མ13863བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ40609དང་སློབ་ཐོན་སློབ་མ14306ཡོད། སྤྱིར་བཏང་གི་དམའ་རིམ་སློབ་འབྲིང་དུ་སློབ་གྲྭར་ཡོད་པའི་སློབ་མ86827དང་། སློབ་ཆུང་དུ་སློབ་གྲྭར་ཡོད་པའི་སློབ་མ227972 བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ108768བཅས་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་དང་སློབ་ཆུང་གི་སློབ་ཐོན་སློབ་མ་ཚང་མ100%ཟིན་པ་དང་མཐོ་རྒྱུགས་ཀྱི་སློབ་མ་བསྡུ་ཚད92.33%ཟིན་ཡོད།

6_2 སྨན་བཅོས་འཕྲོད་བསྟེན།     

སྤྱི་ལོ2017ལོའི་ལོ་མཇུག་བར་ཞན་ཉིང་གྲོང་ཁྱེར་དུ་འཕྲོད་བསྟེན་སྒྲིག་གཞི1303ཡོད་པའི་ནང་སྨན་ཁང32དང་། འཕྲོད་བསྟེན་སྒྲིག་གཞིའི་མི་སྣ21698ཡོད་པའི་ནང་ལས་གཉེར(ལས་རོགས་སྨན་པ)6743ཡོད་པ་དང་། ནད་གཡོག7578ཐོ་འགོད་བྱས་ཡོད། འཕྲོད་བསྟེན་སྒྲིག་གཞིའི་ནད་ཁྲི14415ཡོད་པའི་ནང་སྨན་ཁང་གི་ནད་ཁྲི9632ཡོད་པ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནད་བརྟག་སྨན་བཅོས་མི་གྲངས་མི་ཐེངས་ཁྲི1408ཡོད། མི་སྟོང་རེར་ཉལ་ཁྲི5.68ཡོད་པ་དང་མི་སྟོང་རེར་ཆེད་ལས་འཕྲོད་བསྟེན་ལག་རྩལ་མི་སྣ6.76ཡོད།

6_3 སྤྱི་ཚོགས་ཀྱི་འགན་སྲུང་།     

སྤྱི་ལོ2017ལོའི་ལོ་མཇུག་བར་ཞན་ཉིང་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི43.03ཡོད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི103.46ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་མི་གྲངས་ཁྲི25.87དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་མི་གྲངས་ཁྲི242.53 ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི14.53 ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི16.73 བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི16.86བཅས་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ཁྱོན་མི་ཁྲི12.88ཡོད་པའི་ནང་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་མི་ཁྲི3.97དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་མི་ཁྲི8.91ཡོད་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་ཁྲི1.08ཡོད། སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར4.39བཏང་ཡོད། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དེ་མི་རེར་ལོ་རེར་ཆ་སྙོམས་སྒོར4380ནས་ལོ་རེར་སྒོར6396བར་མཐོ་རུ་བཏང་བ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དེ་མི་རེར་ལོ་རེར་སྒོར3805ནས་ལོ་རེར་སྒོར4417བར་མཐོ་རུ་བཏང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་གྱི་ཚད་གཞི་དེ་མི་རེར་ལོ་རེར་སྒོར7508ནས་ལོ་རེར་སྒོར8183བར་མཐོ་རུ་བཏང་། ལོ་ཧྲིལ་པོར་ཕན་བདེའི་རྒྱན་ཤོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར3.91ཡིན་ནས་སྔ་ལོ་ལས3.2%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གྲོང་ཁྱེར། ཧུའུ་པའེ། ས་ཁོངས།