ཧུང་ཨན་རྫོང་།སྔ་མའི་པར་གཞི་དེ མཁའ་འབུམ་བཀྲ་ཤིས།  ནས 2020-04-07 09:04ལ་འགྲུབ།

ཧུང་ཨན་རྫོང་།

ཧུང་ཨན་རྫོང་།
ཧུང་ཨན་རྫོང་ནི་ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧུའུ་པེ་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་ཧུའུ་པེ་དང་ཧོ་ནན་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་ཆགས་ཡོད་ཅིང་། ཤར་ནི་མཱ་ཁྲེང་དང་འབྲེལ་ཞིང་། ནུབ་ནི་ཧོང་པེ་ཆུས་དང་ཏ་ཝུའུ་རྫོང་དང་འབྲེལ་ཡོད། ལྷོ་ནི་ཞིན་ཀྲོའུ་ཆུས་དང་འབྲེལ་ཞིང་། བྱང་ནི་ཧོ་ནན་ཞིང་ཆེན་གྱི་ཞིན་རྫོང་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1796ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
红安县
ཕྱི་ཡིག་གི་མིང་།
Hongan County
མིང་གཞན།
ཅང་ཅུན་རྫོང་།
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར།
མངའ་ཁོངས།
ཤང་གྲོང12དང་སྲིད་འཛིན་གྲོང་ཚོ396ཡོད།
སྲིད་གཞུང་གནས་ཡུལ།
ཁྲེང་ཀོན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0713
སྦྲག་སྲིད་ཨང་རྟགས།
438400
གནས་ཡུལ།
ཧུའུ་པེ་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་ཧུའུ་པེ་དང་ཧོ་ནན་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1796ཡོད།
མི་གྲངས།
མི་ཁྲི60.92(སྤྱི་ལོ2017ལོའི་རྒྱུན་སྡོད་མི་འབོར)
ནམ་ཟླ།
ཚ་རྒྱུད་བར་མའི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཐེན་ཐའེ་རི་བོ། ཅིའུ་ཡན་རི་བོ། ཧུང་ཨན་དམག་དཔོན་གློག་བརྙན་བརྙན་འཕྲིན་གྲོང་།
གནམ་གྲུ་ཐང་།
ཝུ་ཧན་ཐན་ཧུ་རྒྱལ་སྤྱིའི་གནམ་ཐང་།
མེ་འཁོར་འབབ་ཚུགས།
ཧུང་ཨན་ནུབ་ཚིགས།
རླངས་འཁོར་ཚབ་ཨང་།
ཨོ(鄂)J
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
421122
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར153.81(སྤྱི་ལོ2017ལོར)
1 ལོ་རྒྱུས་ཀྱི་འཕེལ་རིམ།

མིན་རྒྱལ་རབས་དང་མེང་རྒྱལ་རབས་ཀྱི་སྐབས་སུ་ཧོང་ཀྲོའུ་ཧྥུ་ཡི་ཁོངས་གཏོགས་ཡིན།

མིང་ཅ་ཅིན་སྲིད་ལོ་བཞི་བཅུ་ཞེ་གཉིས་ལ(སྤྱི་ལོ1563ལོར)སྲིད་གཞུང་གིས་དངོས་སུ་རྫོང་འཛུགས་པར་ཆོག་མཆན་བཀོད། མ་ཁྲེང་གྲོང་ཁྱེར་གྱི་ཐའེ་ཕིན་དང་ཞན་ཅུས་ཞང་གཉིས་ཀྱི་ལི་ཅ20བགོས་པ(དུད་ཚང110ནི་ལི་གཅིག དུད་ཚང10ལ་ཅཱ1)དང་། ཧོང་ཕི་ཡི་ཅེ་ཡོན་ཞང་གི་ལི་ཅ8དང་ཧོང་ཀང་གི་ཧྲང་ཧོ་ཞང་གི་ལི་ཅ12ཞིན་ཅན་རྫོང་གི་ཁོངས་གཏོགས་ཡིན་ཞིང་། མིང་ལ་ཞིན་ཨན་རྫོང་ཟེར། མི་རིང་བར་ཧོང་ཨན་རྫོང་ཞེས་པར་བསྒྱུར།

མིན་གོའི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)ཅང་ཧན་ཏའོ་ཡི་ཁོངས་སུ་གཏོགས། མིན་གོའི་སྲིད་ལོ་བཅུ་དྲུག་པར(སྤྱི་ལོ1927ལོར)ཏའོ་མེད་པར་བཟོས་པ་དང་། ཧུའུ་པེ་ཞིང་ཆེན་སྲིད་གཞུང་ལ་ཐད་ཀར་གཏོགས། མིན་གོའི་སྲིད་ལོ་ཉེར་གཅིག་པ(སྤྱི་ལོ1932ལོར)ཧུའུ་པེ་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བཞི་པར་གཏོགས། མིན་གོའི་སྲིད་ལོ་ཉེར་ལྔ་པའི་(སྤྱི་ལོ1936ལོ)སྲིད་འཛིན་ལྟ་ཞིབ་ཁུལ་གསུམ་པ་དང་བཞི་པའི་སྲིད་འཛིན་ལྟ་ཞིབ་ཁུལ་དེ་སྲིད་འཛིན་ལྟ་ཞིབ་ཁུལ་གཉིས་པར་ཟླ་སྒྲིལ་བཏང་བ་དང་སྲིད་འཛིན་ལྟ་ཞིབ་ཁུལ་གཉིས་པར་གཏོགས་ཡོད། མིན་གོའི་སྲིད་ལོ་ཉེར་དགུ་པའི(སྤྱི་ལོ1940ལོའི)ཟླ་དང་པོར་སྲིད་འཛིན་ལྟ་ཞིབ་ཁུལ་གཉིས་པ་ཧུའུ་པེ་ཞིང་ཆེན་ཧུའུ་པེ་ཤར་རྒྱུད་སྲིད་འཛིན་ཀུང་ཧྲུའུ་རུ་བསྒྱུར་ཞིང་། ཧུའུ་པེ་ཤར་རྒྱུད་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས་པ་རེད། མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པའི(སྤྱི་ལོ1945ལོའི)ཟླ11པར་ཧུའུ་པེ་ཤར་རྒྱུད་སྲིད་འཛིན་ཀུང་ཧྲུའུ་ཡང་བསྐྱར་སྲིད་འཛིན་ལྟ་ཞིབ་ཁུལ་གཉིས་པར་བསྒྱུར་ཞིང་། སྔར་བཞིན་སྲིད་འཛིན་ལྟ་ཞིབ་ཁུལ་གཉིས་པར་གཏོགས།

སྤྱི་ལོ1949ལོའི་ཟླ4པར་ཧུའུ་པེ་དང་ཧོ་ནན་མཐའ་ཁུལ་གྱི་སྲིད་འཛིན་ས་ཁུལ་གསུམ་པར་གཏོགས་པ་དང་། ཟླ5པར་ཞའོ་ཀན་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1952ལོའི་ཟླ6པར་ཧོང་ཀང་ཀྲོན་ཆུས་སུ་བསྒྱུར།

སྤྱི་ལོ1952ལོའི་ཟླ9པར་ཀྲུང་དབྱང་མི་དམངས་སྲིད་གཞུང་སྲིད་དོན་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཧོང་ཨན་དེ་ཧུང་ཨན་དུ་བསྒྱུར།

སྤྱི་ལོ1996ལོར་ཧོང་ཀང་ས་ཁུལ་ཧོང་ཀང་གྲོང་ཁྱེར་དུ་བསྒྱུར། ཧུང་ཨན་ཁོངས་ཧོང་ཀང་གྲོང་ཁྱེར་དུ་གཏོགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2019ལོར་ཧུང་ཨན་རྫོང་ཁོངས་གཏོགས་སུ་གྲོང་རྡལ10དང་ཤང1ཡོད། ཧུང་ཨན་རྫོང་མི་དམངས་སྲིད་གཞུང་ཁྲེང་ཀོན་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཧུའུ་པེ་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་ཧུའུ་པེ་དང་ཧོ་ནན་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་ཆགས་ཡོད་ཅིང་། ཤར་ནི་མཱ་ཁྲེང་དང་འབྲེལ་ཞིང་། ནུབ་ནི་ཧོང་པེ་ཆུས་དང་ཏ་ཝུའུ་རྫོང་དང་འབྲེལ་ཡོད། ལྷོ་ནི་ཞིན་ཀྲོའུ་ཆུས་དང་འབྲེལ་ཞིང་། བྱང་ནི་ཧོ་ནན་ཞིང་ཆེན་གྱི་ཞིན་རྫོང་དང་འབྲེལ་ཡོད།  གཞུང་ཐིག་ཤར་མའི114°23′—114°49′དང་། འཕྲེད་ཐིག་བྱང་མའི30°56′—31°35′བར་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1796ཡོད།  རྫོང་མཁར་ནས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་བར་སྟོང་སྨི100ཡོད།

3_2 ས་དབྱིབས།

ཧུང་ཨན་རྫོང་གི་ས་བབ་བྱང་མཐོ་ལ་ལྷོ་ངོས་དམའ་བ་དང་ས་བབ་མཐོ་ཚད་སྤྱིར་སྨི200ཡིན། རྫོང་གི་བྱང་ཤར་རྒྱུད་ནི་རི་ཁུལ་ཡིན་པ་དང་གཟར་ཚད་ཏུའུ15ནས་ཏུའུ40བར་ཡིན་པ་དང་། མཐོ་ཤོས་ནི་རྫོང་བྱང་གི་ལའོ་ཅུན་རི་བོ་ཡིན་པ་དང་། ས་བབ་མཐོ་ཚད་སྨི840.5ཡོད། རྫོང་ཁོངས་ཀྱི་ཆེས་དམའ་ཤོས་ནི་ལྷོ་རྒྱུད་ཀྱི་ཐའེ་ཕིང་ཟམ་པ་གྲོང་རྡལ་དང་ཤིན་ཀྲོའུ་རྫོང་འབྲེལ་མཚམས་ཀྱི་ཆུ་ལོག་གཙང་འགྲམ་གྱི་ཏུའུ་ཅ་དབན་ཡིན་པ་དང་ས་བབ་མཐོ་ཚད་སྨི30ལས་མེད། ཧུང་ཨན་རྫོང་གི་ལྷོ་རྒྱུད་ཀྱི་དེའུ་འབུར་མང་པོའི་གཟར་ཚད་ཏུའུ5ནས་20བར་ཡིན། རྫོང་དེ་ཡོངས་སུ་ལུང་གཞུང་གི་བདེ་ཐང་ཉུང་ལ། རི་ཆུང་དང་དེའུ་འབུར་གྱི་ས་ཁུལ་ཡིན། རི་རྒྱུད་ནི་རི་བོ་ཏ་པིའེ་རི་རྒྱུད་ཀྱི་ཡན་ལག་ཡིན་པ་དང་། བྱང་ནས་ལྷོ་རུ་ཕྱོགས་ཡོད། ཤར་ནུབ་བྱང་གསུམ་དུ་ཁྱབ་ཡོད། ལའོ་ཅུན་རི་བོ་ནི་མངའ་ཁོངས་ནང་གི་ས་བབ་ཆེས་མཐོ་ཤོས་ཡིན་པ་དང་། དེས་རྗེས་ཐེན་ཐའེ་རི་བོ་ཡིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི817ཡོད།

3_3 ནམ་ཟླ།    

ཧུང་ཨན་རྫོང་ནི་ཚ་ཁུལ་ཕལ་བའི་གནམ་གཤིས་ལ་གཏོགས། ལོ་རེའི་ཆ་སྙོམས་དྲོད་ཚད་ནི15.7℃ཡིན་པ་དང་། ཆེས་མཐོ་བའི་ཐལ་དྲགས་པའི་དྲོད་ཚད་ནི41.5℃ཡིན་པ་དང་། ཆེས་དམའ་བའི་ཐལ་དྲགས་པའི་དྲོད་ཚད་ནི-14.5℃ཡིན། སད་མེད་དུས་ཆ་སྙོམས་ཉིན236.4ཡིན། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད1998.8ཡིན་པ་དེས་ཉི་འོད་ཕོག་ཚད་ཀྱི45%བཟུང་ཡོད། ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི1116.2ཡིན་པ་དང་དབྱར་དུས་སུ་ཆར་པ་འབབ་ཚད་ཀྱིས་ལོ་རེའི་ཆར་ཆུ་འབབ་ཚད་བསྡོམས་འབོར་གྱི་ཕྱེད་ཀ་ཟིན་གྱིན་ཡོད། ལོ་རེའི་ཆ་སྙོམས་ཀྱི་ཁ་བ་འབབ་པའི་ཉིན་ནི་ཉིན8.3ཡིན། ལོ་རེའི་ཆ་སྙོམས་ཀྱི་བརླན་ཚད77%ཡིན། རླུང་ཕྱོགས་གཙོ་བོ་བྱང་རླུང་དང་ལོ་རེའི་ཆ་སྙོམས་རླུང་ཤུགས་རིམ་པ་གསུམ་པ་ཡིན།

4 མི་འབོར།     

སྤྱི་ལོ2017ལོའི་ལོ་མཇུག་བར་ཧུང་ཨན་རྫོང་དུ་རྒྱུན་སྡོད་མི་འབོར་ཁྲི60.92ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.18འཕར་བ་དང་། ལོ་མཇུག་ཏུ་བསྡོམས་དུད་ཁྱིམ་ཁྲི21.69ཡོད་པ་དང་ཐེམ་ཐོའི་མི་འབོར་ཁྲི65.36ཡོད་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་མི་ཁྲི0.71ཉུང་དུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི12.67ཡོད་པ་དེ་ལོ་གོང་མ་ལས་མི་ཁྲི0.82འཕར་བ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད42.63%ཟིན་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར8780དང་མི་འབོར་སྐྱེས་ཚད་སྟོང་ཆའི14.41%ཡིན།

5 དཔལ་འབྱོར།     

སྤྱི་ལོ2017ལོར་ཧུང་ཨན་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར153.81(ད་ལྟའི་རིན་གོང)མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས7.7%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར27.37ཡིན་པ་དང་ལོ་གོང་མ་ལས7.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར73.74ཡིན་པས་ལོ་གོང་མ་ལས8.2%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར52.71ཡིན་པས་ལོ་གོང་མ་ལས8.7%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་གྱི་བསྡུར་ཚད་སྤྱི་ལོ2016ལོའི18.45:48.42:33.13ནས17.79:47.94:34.27བར་ལེགས་སྒྲིག་བྱས་པ་དང་ཐོན་ལས་གསུམ་པའི་བཟུང་ཚད་བརྒྱ་ཆའི་གྲངས1.14མཐོ་རུ་ཕྱིན་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར25323ཡིན་པ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར8.82%འཕར་ཡོད། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཁྲོམ་རའི་བྱེད་པོའི་སྤྱི་འབོར་དུད་ཚང42320ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་དུད་ཚང3238མང་དུ་ཕྱིན་ནས་ལོ་གོང་མ་ལས8.29%འཕར་ཡོད། དེའི་ནང་ཁེར་རྐྱང་བཟོ་ཚོང་དུད་ཚང35575དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང1028 རང་རྒྱལ་གྱི་མ་རྩ་འཇོག་པའི་ཁེ་ལས841སྒེར་གཉེར་ཁེ་ལས4876བཅས་ཡོད་པ་རེད།

6 སྤྱི་ཚོགས་ཀྱི་ལས་དོན།     
6_1 སློབ་གསོའི་བྱ་གཞག   

སྤྱི་ལོ2017ལོའི་ལོ་མཇུག་བར་ཧུང་ཨན་རྫོང་དུ་རིགས་ཁག་གི་སློབ་གྲྭ་ཁྱོན158ཡོད་པ་དེ་ལོ་གོང་མ་ལས་སློབ་གྲྭ9ཉུང་དུ་ཕྱིན་ཡོད། དེའི་ནང་ལས་རིགས་མཐོ་འབྲིང1དང་། སློབ་འབྲིང་དཀྱུས་མ32 སློབ་ཆུང62བཅས་ཡོད། སློབ་གྲྭར་ཡོད་མུས་ཀྱི་སློབ་མའི་བསྡོམས་འབོར71672ཡོད་པ་དེ་ལོ་གོང་མ་ལས་མི1640ཉུང་དུ་ཕྱིན་ཡོད། སློབ་ཆུང་གི་སློབ་མ32073ཡོད་པ་དེ་ལོ་གོང་མ་ལས་མི138འཕར་ཡོད། རྫོང་དེ་ཡོངས་ཀྱི་ཆེད་བསྐོས་དགེ་རྒན4642ཡོད་པ་དེ་སྔ་ལོ་ལས115ཉུང་དུ་ཕྱིན་ཡོད། དེའི་ནང་ལས་རིགས་མཐོ་རིམ་སློབ་འབྲིང་གི་སློབ་མ145ཡོད་པ་དེ་ལོ་གོང་མ་ལས་མི11མང་དུ་ཕྱིན་པ་དང་། སློབ་འབྲིང་དཀྱུས་མའི་སློབ་མ2203ཡོད་པ་དེ་ལོ་གོང་མ་ལས་མི177དང་སློབ་ཆུང་གི་སློབ་མ1642ཉུང་དུ་ཕྱིན་ནས་ལོ་གོང་མ་ལས་མི100ཉུང་དུ་ཕྱིན་ཡོད། བུ་བཅོལ་ཁང62ཡོད་པ་དེ་ལོ་གོང་མ་ལས9ཉུང་དུ་ཕྱིན་པ་དང་བུ་བཅོལ་ཁང་དུ་ཕྲུ་གུ13292ཡོད་པ་དེ་ལོ་གོང་མ་ལས་མི1566ཉུང་དུ་ཕྱིན་ཡོད་པ་རེད། སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་སློབ་ལོ་ལོན་པའི་མི་འབོར་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི100ཟིན་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་སློབ་རིམ་འཕར་ཚད་བརྒྱ་ཆའི96ཟིན་ཡོད། ཚད་ལྡན་ཅན་གྱི་སློབ་གྲྭའི་རླངས་འཁོར་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།

6_2 འཕྲོད་བསྟེན་ལས་དོན།

སྤྱི་ལོ2017ལོའི་ལོ་མཇུག་བར་ཧུང་ཨན་རྫོང་དུ་འཕྲོད་བསྟེན་སྨན་བཅོས་སྒྲིག་གཞི475ཡོད་པ་རེད། དེའི་ནང་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི5དང་། འཕྲོད་བསྟེན་ཁང12ནད་ཡམས་ཚོད་འཛིན་ལྟེ་གནས1 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྨན་ཁང1 འཕྲོད་བསྟེན་སྒྲིག་གཞིའི་ནད་ཁྲི3470ཡོད་པ་དེ་ལོ་གོང་མ་ལས་ནད་ཁྲི290འཕར་ཡོད། འཕྲོད་བསྟེན་མི་སྣ1998ཡོད་པ་དེ་ལོ་གོང་མ་ལས་མི11དང་འཕྲོད་བསྟེན་ལག་རྩལ་མི་སྣ1823ཉུང་དུ་ཕྱིན་པ་དེ་ལོ་གོང་མ་ལས་མི11ཉུང་དུ་སོང་བའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ1275ཡོད། རྫོང་དེ་ཡོངས་ཀྱི་མི་སྟོང་རེར་སྨན་ཁང་གི་ཉལ་ཁྲི4.89ཡོད་པ་དང་མི་སྟོང་རེར་སྨན་པ2.29ཡོད།

6_3 ཁོར་ཡུག་སྲུང་སྐྱོང་།     

སྤྱི་ལོ2017ལོར་ཧུང་ཨན་རྫོང་ལ་མཚེའུ་མཛོད་རྣམ་པའི་ཆུ་འགོ12དང་། ཆུ་བོ་རྣམ་པའི་ཆུ་འགོ3ཡོད་པའི་ནང་རིགས་གཉིས་པའི་ས་ངོས་ཆུའི་ཚད་གཞི3དང་། རིགས་གསུམ་པའི་ས་ངོས་ཆུའི་ཚད་གཞི12 འཐུང་ཆུའི་ཆུ་འགོ་ལོན་ཚད100%ཟིན་ཡོད་པ་རེད། གྲོང་ཁུལ་གྱི་གནམ་གཤིས་བཟང་པོའི་ཉིན་གྲངས268ཡོད་པ་དང་། ལེགས་ཚད74.7%ཟིན་ཡོད། ལོ་མཇུག་ཏུ་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི410.8ཡོད་པ་དེ་ལོ་གོང་མ་ལས་སྨི་རྒྱ་དཔངས་གྲུ་བཞི་ཁྲི0.8མང་དུ་ཕྱིན་ཡོད།

6_4 བདེ་འཇགས་འཛུགས་སྐྲུན།     

སྤྱི་ལོ2017ལོར་ཧུང་ཨན་རྫོང་གི་ཉེས་དོན་གྱོད་གཞི1735ཐོ་འགོད་བྱས་པ་དེ་དུས་མཚུངས་ལས7.12%ཆག་པ་དང་། འགྲིམ་འགྲུལ་དོན་རྐྱེན5497བྱུང་བ་དེ་དུས་མཚུངས་ལས3.19%འཕར། མེ་སྐྱོན་ལས་འཛོལ147བྱུང་བ་དང་མི་སྣ་གཅིག་ཀྱང་ཤི་མེད་པས་མེ་སྐྱོན་ཐོན་ཚད་དུས་མཚུངས་ལས29.3%ཆག་ཡོད་པ་རེད། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས95.13%དང་། བདེ་འཇགས་བློ་ཡིད་ཚིམ་ཚད93.5%ཡིན། སྲིད་ཁྲིམས་ལས་ཁུངས་ཀྱི་གཞུང་དྲང་ཁྲིམས་འཛིན་བློ་ཡིད་ཚིམ་ཚད91.55%དང་བདེ་འཇགས་འཛུགས་སྐྲུན་ཤེས་རྟོགས་ཐུབ་ཚད87.34% བདེ་འཇགས་འཛུགས་སྐྲུན་ནང་ཞུགས་ཚད67.86%བཅས་ཡོད་པ་རེད། “རྒྱལ་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཀྱི་ཕུལ་བྱུང་རྫོང”གི་མཚན་སྙན་ཐོབ་ཡོད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ3པའི་ཚེས6ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ནོར་སྲིད་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱིས《གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོ(ཁག་དང་པོ)》ཡོངས་བསྒྲགས་བྱས་པ་དང་ཧུང་ཨན་རྫོང་དེའི་ནང་ཚུད་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ཧུའུ་པའེ། ས་ཁོངས།