ཕུའུ་དབྱང་རྫོང་།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-04-07 09:44ལ་འགྲུབ།

ཕུའུ་དབྱང་རྫོང་།

ཕུའུ་དབྱང་རྫོང་།
ཕུའུ་དབྱང་རྫོང་ནི་ཧོ་ནན་ཞིང་ཆེན་བྱང་ཤར་རྒྱུད་ཀྱི་རྨ་ཆུའི་འགྲམ་དང་ཡུས་ལའོ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། ཀྲུང་ཡོན་དཔལ་འབྱོར་ཁུལ་དང་པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་གྱི་འབྲེལ་མཐུད་ཁུལ་དུ་གནས་ཡོད་པས། ཀྲུང་ཡོན་དཔལ་འབྱོར་ཁུལ་དང་ཆིའུ་ཧྥན་ཐའེ་དབུལ་སྐྱོར་གསར་སྤེལ་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། རྫོང་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ1382དང་། ཁོངས་སུ་གྲོང་རྡལ11དང་ཤང9 དོན་གཅོད་ཁང1 སྲིད་འཛིན་གྲོང་ཚོ(གྲོང་ལྷན)993 མི་འབོར་ཁྲི115.1 རྨོ་ཞིང་གི་རྒྱ་ཁྱོན་ལ་མུའུ་ཁྲི135བཅས་ཡོད། ཐོན་ཁུངས་ཕུན་སུམ་ཚོགས་པ་དང་དཔལ་འབྱོར་དར་རྒྱས་བྱུང་ཡོད་པས“རྒྱལ་ཡོངས་ཀྱི་རིམ་འདས་འབྲུ་རིགས་ཐོན་འབོར་ཆེ་བའི་རྫོང་ཆེ་གྲས་དང་ཀྲུང་གོའི་བཟོ་ལས་ཕུལ་བྱུང་ཅན་བརྒྱའི་རྫོང”དང་། དམངས་སྲོལ་གཞུང་དྲང་དང་སྤྱི་ཚོགས་ཞི་མཐུན་ཡིན་པས“ཧོ་ནན་ཞིང་ཆེན་གྱི་མ་འཇོག་གྲོང་ཁྱེར་ཡག་ཤོས་དང་ཧོ་ནན་ཞིང་ཆེན་གྱི་དུས་བདེའི་འཛུགས་སྐྲུན་གྱི་སྔོན་ཐོན་རྫོང”བཅས་སུ་བདམས་ཡོད། སྤྱི་ལོ2018ལོའི་ཟླ11པར་ཕུའུ་དབྱང་རྫོང་སྤྱི་ལོ2018ལོའི་བཟོ་ལས་ཕུལ་བྱུང་ཅན་བརྒྱའི་རྫོང(གྲོང་ཁྱེར)དུ་བདམས་པ་དང་། སྤྱི་ལོ2019ལོའི་ཟླ5པའི་ཚེས9ཉིན། ཞིང་ཆེན་རིམ་པའི་ཆེད་དོན་དཔྱད་དཔོག་དང་ཞིབ་བཤེར་བྱས་པ་བརྒྱུད་དངོས་སུ་དབུལ་ཐར་གྱི་གྲས་སུ་ཚུད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
濮阳县
སྲིད་འཛིན་ཁུལ་གྱི་རིགས།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧོ་ནན་ཞིང་ཆེན་ཕུའུ་དབྱང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ11དང་ཤང9ཡོད།
སྲིད་གཞུང་གི་ས་གནས།
ཁྲེང་ཀོན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0393
སྦྲག་སྲིད་ཨང་རྟགས།
457100
ས་གནས།
ཧོ་ནན་ཞིང་ཆེན་གྱི་བྱང་ཤར་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1382ཡོད།
མི་གྲངས།
ཁྲི115.1ཡོད།(2016ལོ)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས(豫)J
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410928
GDP
སྒོར་དུང་ཕྱུར376.2ཡོད།(2016ལོར)
མི་རེའི་ཆ་སྙོམས་ཀྱིGDP
སྒོར་ཁྲི3.3ཡོད།(2016ལོར)
ནོར་སྲིད་ཡོང་སྒོ།
སྒོར་དུང་ཕྱུར9.6ཡོད།(2016ལོར)
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཞ་རྒྱལ་རབས་ཀྱི་དུས་སུ་ཁུན་ཝུའུ་ཡི་མིང་ལ་ཞ་པོ་ཟེར་བ་དང་། ཏུའུ་ཏི་ཆིའུ་ལ་ཁུན་ཝུའུ་རྒྱལ་ཁབ་ཅེས་འབོད།

ཁྲུན་ཆིའུ་དུས་སུ་གོང་མ་ཆིའུ་ཞེས་འབོད།

སྤྱི་ལོའི་སྔོན་གྱི629ལོར་ཝེ་ཁྲེང་ཀུང་གིས་ཁྲུའུ་ཆིའུ་ནས་རྒྱལ་ས་ཏི་ཆིའུ་རུ་སྤོས། 

སྤྱི་ལོའི་སྔོན་གྱི241ལོར་ཆིན་གྱིས་སྲུང་དམག་རྩ་མེད་དུ་བཏང་བ་དང་། ཏུང་ཅུན་གྱི་ཁོངས་སུ་གཏོགས་པ་ནི་ཕུའུ་དབྱང་རྫོང་ཡིན།

རྒྱལ་རབས་ལྔ་དང་སུང་རྒྱལ་རབས་ཀྱི་སྐབས་སུ་འགོག་སྲུང་ཀྲོའུ་དང་། ཀྲེན་ཉིན་གྱི་ཅེ་ཏུའུ། པེ་ཧྥུ། ཁའེ་ཏེ་ཧྥུ་སོགས་སུ་བསྒྱུར།

མིང་ཧུང་ཀྲི། (སྤྱི་ལོ1491ལོར)ཁའེ་ཀྲོའུ་རུ་ཞའོ་དབྱི་དང་ཅིན་དབྱང་། ཅིན་སི་གྲོང་ཁྱེར་དང་གྲོང་གསེབ་བཅས་བཙུགས་ཡོད་པ་དང་། དེའི་ཁོངས་སུ་ཞང347ཡོད།

མིན་གོའི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)ཕུའུ་དབྱང་རྫོང་ཞེས་བཏགས།

སྤྱི་ལོ1952ལོའི་ཟླ12པར་ཕུའུ་དབྱང་རྫོང་ནི་ཧོ་ནན་ཞིང་ཆེན་ཕུའུ་དབྱང་ཆེད་གཏོགས་ཡིན་པ་དང་།

སྤྱི་ལོ1954ལོའི་ཟླ9པར་ཕུའུ་དབྱང་རྫོང་དེ་ཧོ་ནན་ཞིང་ཆེན་ཨན་དབྱང་ཆེད་གཏོགས་ལས་ཁུངས་སུ་བསྒྱུར།

སྤྱི་ལོ1949ལོའི་ཟླ8པར་ཕིན་ཡོན་ཞིང་ཆེན་ཕུའུ་དབྱང་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་པ་དང་ཕུའུ་དབྱང་དང་། ཧྲང་ཧོ། ཁུན་ཝུའུ་བཅས་རྫོང་ཁོངས་ཡིན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཕུའུ་དབྱང་དང་། ཧྲང་ཧོ། ཁུན་ཝུའུ་བཅས་རྫོང་གསུམ་ཟླ་སྒྲིལ་བཏང་ནས་སྔར་བཞིན་ཕུའུ་དབྱང་རྫོང་ཟེར།

སྤྱི་ལོ1958ལོར་ཨན་དབྱང་དང་ཞིན་ཞང་གཉིས་ཟླ་སྒྲིལ་བཏང་བ་དང་། ཕུའུ་དབྱང་རྫོང་ནི་ཞིན་ཞང་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས། 

སྤྱི་ལོ1962ལོར་ཞིན་ཞང་དང་ཨན་དབྱང་གཉིས་ཀྱི་ཆེད་གཏོགས་སོ་སོར་བཙུགས་པ་དང་། ཕུའུ་དབྱང་རྫོང་ཨན་དབྱང་དུ་ཕྱིར་ལོག་ཆེད་གཏོགས་ལས་ཁུངས་བཙུགས། 

སྤྱི་ལོ1983ལོའི་ཟླ9པར་ཕུའུ་དབྱང་རྫོང་མེད་པར་བཟོས། 

སྤྱི་ལོ1984ལོའི་ཟླ2པར། སྔོན་གྱི་ཕུའུ་དབྱང་རྫོང་གི་རྨང་གཞིའི་སྟེང་ཕུའུ་དབྱང་གྲོང་ཁྱེར་བཙུགས།

སྤྱི་ལོ1987ལོའི་ཟླ6པར་ཕུའུ་དབྱང་གྲོང་ཁྱེར་ཉེ་འདབས་ནས་ཕྱིར་འཐེན་བྱས་ཏེ་ཕུའུ་དབྱང་རྫོང་བསྐྱར་གསོ་བྱས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2013ལོར་ཕུའུ་དབྱང་རྫོང་ཁོངས་སུ་གྲོང་རྡལ11དང་ཤང9ཡོད། གྲོང་རྡལ11ནི་ཁྲེང་ཀོན་གྲོང་རྡལ་དང་། ཞུས་ཀྲེན་གྲོང་རྡལ། ཝུན་ལིའུ་གྲོང་རྡལ། ཆིང་ཙུའུ་གྲོང་རྡལ། ལིའུ་ཐུན་གྲོང་རྡལ། ཝང་མིང་ཅུན་གྲོང་རྡལ། པ་ཀུང་ཆའོ་གྲོང་རྡལ། དུད་ཚང་པུའུ་ཀྲའེ་གྲོང་རྡལ། ལུའུ་ཧོ་གྲོང་རྡལ། ཙི་ཨན་གྲོང་རྡལ། ཧུའུ་ཏི་གྲོང་རྡལ་བཅས་ཡིན། ཞང9ནི་ཧའེ་ཐུང་ཞང་དང་། ཞི་གྲོང་གསེབ། ལིའང་གྲོང་ཞང་། ལི་ཡོན་ཞང་། ཝུའུ་ཞིན་ཞང་། པའེ་ཆི་ཞང་། ཆིན་ཧོ་ཐོའུ་ཞང་། ཆུས་ཚུན་ཞང་། ལང་ཀྲུང་ཞང་བཅས་ཡིན།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཕུའུ་དབྱང་རྫོང་ནི་ཧྭ་པེ་བདེ་ཐང་དུ་གནས་པ་དང་། ཧོ་ནན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་རྨ་ཆུའི་སྨད་རྒྱུད་ཀྱི་བྱང་ངོགས། ཧོ་ནན་དང་ཧྲན་ཏུང་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཡོད། ལྷོ་རྒྱུད་དང་ཤར་ལྷོའི་རྒྱུད་དུ་རྨ་ཆུ་ས་མཚམས་བྱས་ཏེ། ཧྲན་ཏུང་ཞིང་ཆེན་གྱི་ཏུང་མིང་རྫོང་དང་ཆི་ཁྲེང་རྫོང་དང་ཁ་གཏད་དུ་གནས་ཡོད། ཤར་རྒྱུད་དང་བྱང་ཤར་རྒྱུད་ནི་ཧོ་ནན་ཞིང་ཆེན་གྱི་ཧྥན་རྫོང་དང་ཧྲན་ཏུང་ཞིང་ཆེན་གྱི་ཞིན་རྫོང་གི་ས་མཚམས། བྱང་རྒྱུད་དང་ནུབ་བྱང་རྒྱུད་ནི་ཧོ་ནན་ཞིང་ཆེན་གྱི་ཕུའུ་དབྱང་གྲོང་ཁྱེར་དང་ཆིན་ཧྥེང་རྫོང་། ནུབ་རྒྱུད་དང་ལྷོ་ནུབ་རྒྱུད་ནི་ཧོ་ནན་ཞིང་ཆེན་ཁོངས་ཀྱི་ཧོང་རྫོང་དང་། ཧྭ་རྫོང་། ཁྲང་ཡོན་རྫོང་བཅས་ཀྱི་ས་མཚམས་དང་འབྲེལ་ཡོད། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག114.52°ནས115.25°བར་དང་། བྱང་གི་འཕྲེད་ཐིག35.20°ནས35.50°བར་ཡིན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ1382ཡོད།

3_2 ནམ་ཟླ།

ཕུའུ་དབྱང་རྫོང་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ལ་གཏོགས། དུས་བཞིའི་དབྱེ་མཚམས་གསལ་པོ་ཡོད་པ་སྟེ། དཔྱིད་ཀར་ཐན་པ་དང་བྱེ་རླུང་མང་བ་དང་། དབྱར་དུས་ཚ་བ་ཆེ་བའི་ཆར་པ་གཅིག་སྡུད་ཆེ་བ། སྟོན་དུས་ཉི་འོད་རིང་བ་དང་དགུན་དུས་གྲང་ངར་ཆེ་ལ་ཁ་བ་བུ་ཡུག་ཉུང་བ། ཆར་བ་དང་ཚ་བ་ཆེ་བའི་དུས་གཅིག་ཡིན། ཕུའུ་དབྱང་རྫོང་གི་ལོའི་ཆ་སྙོམས་དྲོད་ཚད་ནི13.4℃དང་། ཟླ་དང་པོའི་ཆ་སྙོམས་དྲོད་ཚད2.27℃ ཟླ་བདུན་པའི་ཆ་སྙོམས་དྲོད་ཚད27.5℃བཅས་ལོར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི626ཟིན་གྱིན་ཡོད།

4 རང་བྱུང་ཐོན་ཁུངས།
4_1 གཏེར་རྫས་ཐོན་ཁུངས།

སྤྱི་ལོ2001ལོར་ཕུའུ་དབྱང་རྫོང་གིས་རྡོ་སྣུམ་གསོག་ཚད་ཏུན་དུང་ཕྱུར4རྩད་ཆོད་ཅིང་། རང་བྱུང་སོལ་རླངས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར546ཟིན་ཡོད། ཕུའུ་དབྱང་རྫོང་གིས་ཀྲུང་ཡོན་སྣུམ་ཞིང་གི་གཟིགས་སྐྱོང་རིན་གོང་གི་རང་བྱུང་སོལ་རླངས་སྨི་ངོས་གྲུ་བཞི་མ་ཁྲི63ཟིན་གྱིན་ཡོད་པ་དང་། ཕུའུ་དབྱང་རྫོང་གི་རྒྱང་རིང་གི་གསོག་ཚད་ཏུན་དུང་ཕྱུར1440ཡན་ཟིན་ཡོད།

4_2 རྩི་ཤིང་ཐོན་ཁུངས།

སྤྱི་ལོ2013ལོར་ཕུའུ་དབྱང་རྫོང་ཁོངས་སུ་འབྲུ་རིགས་ལོ་ཏོག་གི་གྲོ་དང་། མ་རྨོས་ལོ་ཏོག་སོགས་སྣ་ཁ23དང་། དཔལ་འབྱོར་ལོ་ཏོག་གི་སྲིང་བལ། བ་དམ་སོགས་སྣ་ཁ11སྔོ་ཚལ་རིགས28ཀྭ་རིགས13ཤིང་ཏོག་རིགས15སྨན་རྩྭ་རིག་17མེ་ཏོག་རིགས13ཕྱུགས་རྩྭ་རིགས21བཅས་ཡོད་པ་དང་། ཤིང་རིགས་རྩི་ཤིང་རིགས33དང་། ཁོངས49རིགས136བཅས་ཡོད།

4_3 སྲོག་ཆགས་ཐོན་ཁུངས།

ཕུའུ་དབྱང་རྫོང་ཁོངས་སུ་རིགས600ཡོད་པ་དེའི་ནང་སྒལ་ཚིགས་མེད་པའི་གདོད་མའི་སྲོག་ཆགས་དང་། ཁོག་རྒྱུ་སྲོག་ཆགས་དང་། འཁོར་ཚིགས་སྲོག་ཆགས། རྐང་ཚིགས་སྲོག་ཆགས་བཅས་རིགས400ཙམ་ཡོད། སྒལ་ཚིགས་སྲོག་ཆགས་ལ་ཉ་རིགས་དང་། སྐམ་ཆུ་གཉིས་འཚོའི་རིགས། གོག་འགྲོའི་རིགས། འདབ་ཆགས་རིགས། འོ་འཐུང་སྲོག་ཆགས་བཅས་རིགས200ལྷག་ཙམ་ཡོད། སྦྲུལ་དང་གྲོག་མ། འབུ་འཛིང་སོགས་རིགས500ཡོད།

4_4 ཆུའི་ཐོན་ཁུངས།

ཕུའུ་དབྱང་རྫོང་གི་ཆུའི་ཐོན་ཁུངས་གསོག་ཚད་བསྡོམས་འབོར་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུ་4.9ཡན་ཟིན་པ་དང་། ས་འོག་གི་ཆུའི་ཐོན་ཁུངས་གསོག་ཚད་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར3.3ཡན། ལོར་ཆར་ཆུ་འབབ་ཚད་དང་ས་ངོས་ཀྱི་རྒྱུག་ཆུའི་མཁོ་སྤྲོད་བྱེད་ཚད་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2.7ཡན་ཟིན་པ་བཅས་རེད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།

སྤྱི་ལོ2012ལོར་ཕུའུ་དབྱང་རྫོང་གི་གསར་དུ་འཕར་བའི་སྒྲིག་བཀོད་ཞིང་ལས་རྒྱ་ཁྱོན་མུའུ་ཁྲི4.6ཟིན་པ་དང་སྤྱིའི་རྒྱ་ཁྱོན་མུའུ་ཁྲི35.5ཡོད། ཤིང་འཛུགས་ནགས་གསོ་ཁྲི2325.8ལེགས་གྲུབ། ཆུ་རགས་ལྷོ་མའི་ཞིང་ཆུ་གཏོང་ཁུལ་གྱི་མཐུད་སྐྲུན་ལེ་ལག་ཚང་སྒྲིག་དང་ཆུ་གྲོན་ཆུང་སྒྱུར་བཀོད་དང་། རྒྱལ་པོའི་མཚན་སྙན་གྱི་ཞིང་ཆུ་གཏོང་ཁུལ་འབྲིང་གྲས་ཀྱི་ཆུ་གྲོན་ཆུང་སྒྱུར་བཀོད་ལས་གྲྭ་ལེགས་སྒྲུབ་བྱེད་པ། མ་དངུལ་སྒོར་ཁྲི1400བཏང་ནས་བཅོས་སྐྱོང་ལས་གྲྭ་འཛུགས་སྐྲུན་བྱས་པ་རེད། ཐོན་འབབ་འབྲིང་དམའི་ས་ཞིང་མུའུ་ཁྲི1ལེགས་གྲུབ་དང་། དབྱར་ཁར་གྲོ་མུའུ་ཁྲི116.7བསྡུ་བ་དང་སྤྱིའི་ཐོན་འབབ་སྤྱི་རྒྱ་དུང་ཕྱུར5.6ཟིན་པ་དེ་སྤྱི་ལོ2011ལོ་ལས3%འཕར་ཡོད། 

སྤྱི་ལོ2012ལོ་བར་ཕུའུ་དབྱང་རྫོང་གི་སྒྲིག་བཀོད་ཞིང་ལས་ཀྱི་སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི10.2ཟིན་ནས་ས་ཞིང་བརྒྱུད་བཤུག་རྒྱ་ཁྱོན་མུའུ་ཁྲི20.4ཟིན་ཡོད་པ་རེད། ཕུའུ་དབྱང་རྫོང་གིས་སྤྱི་གནོད་མེད་པའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི5དང་། སྤྱི་གནོད་མེད་པའི་སྔོ་ཚལ་ཐོན་རྫས5ལྗང་མདོག་སྔོ་ཚལ་བཟའ་བཅའ2བཅས་གཏན་འཁེལ་བྱས་པ་དང་། ལྗང་མདོག་བཟའ་བཅའི་ཚོང་རྟགས21ཐོ་འགོད། ཆུ་ཡུར་ལམ་རྒྱུད་དང་རྒྱལ་ལམ106གི་སྒྲིག་བཀོད་ཞིང་ལས་དཔེ་སྟོན་ཁུལ9བཅས་རགས་ཙམ་ཆགས་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2012ལོར་ཕུའུ་དབྱང་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར179.7ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས20.6%འཕར་ཡོད། ཕུའུ་དབྱང་གྲོང་ཁྱེར19ཡི་གཙོ་གནད་བཟོ་ལས་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར70བཏང་ནས“གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་སྔོན་ཐོན་རྫོང”ལ་བདམས་པ་རེད། རྫོང་ཡོངས་ཀྱི་བཟོ་ལས་ཀྱི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར26.64ཟིན་པ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར1026.1 ཁེ་སྤོགས་སྒོར་དུང་ཕྱུར83.9 ཁྲལ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར49.8 དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར295.76བཅས་ཟིན་ཡོད། 

5_3 ཐོན་ལས་གསུམ་པ།

སྤྱི་ལོ2012ལོར་ཕུའུ་དབྱང་རྫོང་གི་ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར43.7ཟིན་པ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི15.6%དང་་དེ་ཕུའུ་དབྱང་གྲོང་ཁྱེར་གྱི་ཆ་སྙོམས་ཆུ་ཚད་ལས5.4%དམའ་རུ་ཕྱིན་ཡོད།

6 འགྲིམ་འགྲུལ།

ཕུའུ་དབྱང་རྫོང་གི་ལྕགས་ལམ་གཙོ་བོའི་ནང་པེ་ཅིང་དང་གྲུ་ཁའི་མྱུར་བགྲོད་ལྕགས་ལམ་དང་ཀྲེན་ཅི་མྱུར་བགྲོད་ལྕགས་ལམ་གྱིས་ས་ཁོངས་ནང་ཁུལ་དུ“རྒྱ་གྲམ་རྣམ་པའི”འགྲུལ་སྐྱེལ་བགྲོད་ལམ་ཆགས་ནས་ཏུན་ཁྲི་རྟགས་ཅན་གྱི་ལྗིད་ཐེག་ལྕགས་ལམ་གྱིས་ཧྲན་ཞིའི་དབུས་ལྷོའི་ལྕགས་ལམ་འཕྲེད་བཅད་བྱས་ཡོད། ཕུའུ་དབྱང་རྫོང་གི་མངའ་ཁོངས་སུ་ཤར་དུ་ཅིན་ཅིའུ་དང་། ནུབ་ཏུ་ཅིན་ཀོང་འཕར་རྩ་ཆེན་པོ། རྒྱལ་ལམ106 ཏ་ཀོང་མྱུར་བགྲོད་གཞུང་ལམ། ཧྥན་ཧུའེ་མྱུར་བགྲོད་གཞུང་ལམ། ཏེ་ཧྲང་མྱུར་བགྲོད་གཞུང་ལམ་བཅས་ཀྲེང་ཀྲོའུ་དང་ཅི་ནན་གྱི་རྒྱལ་སྤྱིའི་གནམ་ཐང་གཉིས་དང་བར་ཐག་སྤྱི་ལ200ཙམ་ཡོད།

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོའི་བྱ་གཞག

སྤྱི་ལོ2013ལོར་ཕུའུ་དབྱང་རྫོང་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ665དང་སློབ་གྲྭར་ཡོད་པའི་སློབ་མ153941ནང་བུ་བཅོལ་ཁང157དང་བུ་བཅོལ་ཁང་དུ་ཡོད་པའི་ཕྲུ་གུ29653 སློབ་ཆུང449 སློབ་གྲྭར་ཡོད་པའི་སློབ་མ80895 དམའ་རིམ་སློབ་འབྲིང50 སློབ་གྲྭར་ཡོད་པའི་སློབ་མ28109 མཐོ་རིམ་སློབ་འབྲིང་དཀྱུས་མ་3 སློབ་གྲྭར་ཡོད་པའི་སློབ་མ10186 ལས་རིགས་སློབ་གྲྭ4 སློབ་གྲྭར་ཡོད་པའི་སློབ་མ5050 དམིགས་བསལ་སློབ་གསོའི་སློབ་གྲྭ1 སློབ་གྲྭར་ཡོད་པའི་སློབ་མ48  ཟབ་སྦྱོང་སློབ་གྲྭ1བཅས་ཡོད་པ་རེད། 

7_2 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2012ལོར་མ་དངུལ་སྒོར་ཁྲི1000ལྷག་ཙམ་གྲབས་གསོག་བྱས་པ་དང་། ཤང་གྲོང་གི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཐོག་ཁང10གསར་སྐྲུན་དང་ཐོག་ཁང5བསྐྱར་སྐྲུན། རྒྱ་ཁྱོན་ཆ་སྙོམས་སྨི་ངོས་གྲུ་བཞི་མ500ཡན་ཟིན་ཡོད། རྫོང་དང་ཤང་གི་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞིར“སྤུས་ལེགས་ཞབས་ཞུ་དང་། ཆ་འཕྲིན་དོ་དམ་ལེགས་གཏོང་། སྨན་ཁབ་རྒྱག་པའི་སྤུས་ཚད་མཐོར་གཏོང་། སོན་འདེབས་བྱེད་ཚད་མཐོར་གཏོང”བཅས་ནང་དོན་གཙོ་བོར་བྱས་པའི་རིམས་འགོག་འཆར་འགོད“ལེགས་པོ་གཉིས་དང་ལེགས་གཏོང་གཉིས”ཀྱི་བྱེད་སྒོ་སྤེལ་བ་རེད།

སྤྱི་ལོ2019ལོའི་ཟླ8པར་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་གི་ཚོད་ལྟའི་རྫོང་དུ་བདམས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།