སུའེ་ཉིན་རྫོང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-04-07 09:43ལ་འགྲུབ།

སུའེ་ཉིན་རྫོང་།

སུའེ་ཉིན་རྫོང་།
སུའེ་ཉིན་རྫོང་ནི་ཧུའུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧྲའོ་དབྱང་གྲོང་ཁྱེར་ཁོངས་ཀྱི་ནུབ་རྒྱུད་མཐའ་མཚམས་སུ་ཆགས་ཡོད། བྱང་གི་འཕྲེད་ཐིག26°16′~27°8′དང་། ཤར་གྱི་གཞུང་ཐིག109°49′~110°32′བར་དུ་གནས་ཡོད། ལྷོ་བྱང་གི་དྲང་ཐིག་རིང་ཚད་ལ་སྤྱི་ལེ103.5དང་། ཤར་གྱི་དྲང་ཐིག་གི་ཞེང་ཚད་ལ་སྤྱི་ལེ56ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2927ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར་སུའེ་ཉིང་རྫོང་གི་ཐེམ་ཐོའི་མི་འབོར་ཁྲི38.48ཡོད་པའི་ནང་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས62%བཟུང་ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར་སུའེ་ཉིང་རྫོང་ཁོངས་ཀྱི་ཤང་གྲོང17ཡོད་པ་དང་རྫོང་མི་དམངས་སྲིད་གཞུང་གནས་ཡུལ་ཁྲང་ཕུའུ་གྲོང་རྡལ་ཀྲུའུ་ཧྲ་ཐང་སྡེ་ཁུལ་ཡིན། སྤྱི་ལོ2018ལོར་སུའེ་ཉིན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི929551ཡོད་པ་དེ་ལོ་སྔོན་མ་ལས7.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི176011ཟིན་ནས4.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི409586ཟིན་ནས6.1%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི343954ཟིན་ནས9.8%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད18.9%བཟུང་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་གི་བསྡུར་ཚད44.1%ཡིན། ཐོན་ལས་གསུམ་པའི་འཕར་ཐང་གི་བསྡུར་ཚད37.0%ཡིན་པ་བཅས་རེད། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར25232(ད་ལྟའི་རིན་གོང)ཡིན་པ་དེ4.1%འཕར་ཡོད། སྤྱི་ལོ2019ལོའི་ཟླ4པའི་ཚེས16ཉིན་ཧུའུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སུའེ་ཉིང་རྫོང་དབུལ་ཐར་གྱི་ཞྭ་མོ་ཕུད་རྒྱུར་མོས་མཐུན་བྱུང་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
绥宁县
སྲིད་འཛིན་ས་ཁོངས་རིགས་དབྱེ།
རྫོང་།
ས་ཁོངས་ཁ་པར་ཨང་རྟགས།
0739
སྦྲག་སྲིད་ཨང་རྟགས།
422600
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞིན་མ2927ཡོད།
མི་གྲངས།
མི་ཁྲི38.48ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཞང(湘)E
སྲིད་འཛིན་ཚབ་ཨང་།
430527
1 སྲིད་འཛིན་དབྱེ་མཚམས།

སྤྱི་ལོ2018ལོའི་ལོ་མཇུག་བར་སུའེ་ཉིན་རྫོང་ཁོངས་ཀྱི་ཤང་གྲོང17ཡོད་པའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2917ཡོད་པ་དང་རྫོང་མི་དམངས་སྲིད་གཞུང་ཁྲང་ཕུའུ་གྲོང་རྡལ་ཀྲུའུ་ཧྲ་ཐང་སྡེ་ཁུལ་དུ་གནས་ཡོད།     གྲངས་ཉུང་མི་རིགས་ཀྱི་ཤང8དང་གྲོང་རྡལ8 ཤང1བཅས་ཡོད།

2 ས་ཁམས་ཁོར་ཡུག
2_1 གནས་ཡུལ།

སུའེ་ཉིན་རྫོང་ནི་ཧྲའོ་དབྱང་གྲོང་ཁྱེར་གྱི་ནུབ་རྒྱུད་མཐའ་མཚམས་སུ་ཆགས་ཡོད་པ་དང་། འཕྲེད་ཐིག་བྱང་མའི26°16′~27°8′དང་། ཤར་གྱི་གཞུང་ཐིག109°49′~110°32′བར་དུ་གནས་ཡོད། དབྱིབས་ནི་བྱང་སྣེའི་ཤར་ཕྱོགས་སུ་གསེག་པའི་མཐའ་བཞི་དབྱིབས་དང་མཚུངས། ལྷོ་བྱང་གི་དྲང་ཐིག་གི་རིང་ཚད་ལ་སྤྱི་ལེ103.5དང་ཤར་ནུབ་ཀྱི་དྲང་ཐིག་གི་ཞེང་ཚད་ལ་སྤྱི་ལེ56དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2927ཡོད་པ་དེས་གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི14.1%བཟུང་བ་དེ་གྲོང་ཁྱེར་དེ་ཡོངས་ཀྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་རྫོང་དང་འབྲེལ་བ་ཡོད། ཤར་རྒྱུད་དེ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་ཏུང་ཁོའུ་རྫོང་དང་། ཝུའུ་ཀང་གྲོང་ཁྱེར། ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་བཅས་དང་སོ་སོར་འབྲེལ་ཡོད། ནུབ་རྒྱུད་ནི་བྱང་ནས་ལྷོ་རུ་ཧའེ་ཧྭ་ས་ཁུལ་གྱི་ཆན་དབྱང་རྫོང་དང་། ཧུའེ་ཐུང་རྫོང་། ཅིན་ཀྲོའུ་མིའོ་རིགས་ཏུང་རིགས་རང་སྐྱོང་རྫོང་དང་སོ་སོར་འབྲེལ་ཡོད།

2_2 ནམ་ཟླ།

སུའེ་ཉིན་རྫོང་གི་མངའ་ཁོངས་སུ་གནམ་གཤིས་དྲོ་ཞིང་བཞའ་ཚན་ཆེ་བ་དང་། དུས་བཞི་གསལ་བ་དང་། ཆུ་བོ་མང་བ། ཉི་འོད་མང་བ། ནགས་ཚལ་སྙོམས་སྒྲིག་གི་ཤུགས་རྐྱེན་ཐེབསཛ། ཚ་བ་ཉུང་ཛ། གྲང་ངར་ཆེ་བ་བཅས་ནི་ཚ་ཁུལ་བར་མའི་དུས་རླུང་བརླན་གཤེར་ཆེ་བའི་ནམ་ཟླ་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད16.7℃ཡིན་པ་དང་ཆ་སྙོམས་ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི1325ཡིན། ལོ་རེར་ཆ་སྙོམས་སད་མེད་དུས་ཉིན308དང་། ཆར་ཆུ་མོད། གནམ་གཤིས་དྲོ་ཞིང་བཞའ་ཚན་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན།

3 མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་བར་སུའེ་ཉིན་རྫོང་གི་ཐེམ་ཐོའི་མི་འབོར་ཁྲི38.48ཡོད་པའི་ནང་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས62%བཟུང་ཡོད། ལོ་འདིའི་ནང་གསར་སྐྱེས་མི་འབོར3848ཡོད་པའི་ནང་སྐྱེས་པ2049དང་། བུད་མེད1799ཡོད། སྐྱེས་ཚད9.9‰བཅས་ཡོད་པ་རེད། འཆི་བའི་མི་འབོར2214ཡོད་པ་དང་། ཤི་ཚད5.7‰ཡིན། ལོ་ཧྲིལ་པོར་མི་འབོར1634གཙང་འཕར་བྱུང་ཞིང་། རང་བྱུང་གི་འཕར་ཚད་སྟོང་ཆའི4.3ཡིན། རྒྱུན་སྡོད་མི་འབོར་ཁྲི37.21ཡོད་པའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི22.97དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི14.24གྲོང་ཁྱེར་ཅན་གྱི་ཆུ་ཚད38.27%བཅས་ཡོད་པ་རེད།     སུའེ་ཉིན་རྫོང་གི་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲོད་མི་གྲངས་ཅུང་མང་བའི་མིའོ་རིགས་དང་། ཏུང་རིགས། ཡའོ་རིགས། ཐུའུ་ཅ་རིགས་བཅས་ཡོད།

4 དཔལ་འབྱོར།
4_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར་སུའེ་ཉིན་རྫོང་གི་ཞིང་ནགས་ཕྱུགས་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི305380ཡོད་པ་དེ་དུས་མཚུངས་ལས4.1%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི140820ཡོད་པ་དེ་དུས་མཚུངས་ལས2.2%འཕར་བ་དང་། ནགས་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི42886ཡོད་པ་དེ་དུས་མཚུངས་ལས3.4%འཕར། ཕྱུགས་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི110723ཡོད་པ་དེ་དུས་མཚུངས་ལས6.8%འཕར། ཉ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི3293ཡོད་པ་དེ་དུས་མཚུངས་ལས1.6%འཕར་ཡོད།     སྤྱི་ལོ2018ལོར་སུའེ་ཉིན་རྫོང་ནགས་ལས་ཐོན་ལས་ལ་མ་དངུལ་སྒོར་ཁྲི16223བཏང་ཡོད། ལོ་ཧྲིལ་པོར་ཤིང་འཛུགས་ནགས་བཟོ་སྤྱི་ཆིང3000བྱས་པ་དང་། ལོ་མཇུག་ཏུ་དངོས་སུ་རི་རྒྱ་ནགས་གསོ་རྒྱ་ཁྱོན་སྤྱི་ཆིང3133ཡོད། ལྗང་གསོའི་རྒྱ་ཁྱོན་སྤྱི་ཆིང20ཡིན། སྡོང་ཕྲུག་ཐོན་ཚད་རྐང་ཁྲི690ཡིན། ཤིང་ཆའི་ཐོན་རྫས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི7.01ཡིན། སྨྱུག་མའི་རྒྱུ་ཆའི་ཐོན་རྫས་རྐང་ཁྲི320ཡིན། ལོ་མཇུག་ཏུ་དངོས་སུ་སྣུམ་རྒྱུའི་ཇ་ཤིང་རྒྱ་ཁྱོན་སྤྱི་ཆིང16726ཡོད་པའི་ནང་གསར་དུ་བསྐྲུན་པའི་རྒྱ་ཁྱོན་སྤྱི་ཆིང440ཡོད་པ་དང་སྣུམ་རྒྱུའི་ཇ་འབྲུ་ཐོན་ཚད་ཏུན5730ཟིན་ཡོད་པ་རེད།

4_2 ཐོནལས་གཉིས་པ།

སྤྱི་ལོ2018ལོར་སུའེ་ཉིན་རྫོང་གི་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར104.1ཡོད་པ་དེ་དུས་མཚུངས་ལས3.2%འཕར་ཡོད། ཁེ་ལས་ཀྱི་གཞི་ཁྱོན་ལྟར་དབྱེ་ན། ཁེ་ལས་ཆེ་འབྲིང་ལ་སྒོར་དུང་ཕྱུར59.8དང་། ཁེ་ལས་ཆུང་གྲས་སྒོར་དུང་ཕྱུར44.3ཡིན། དཔལ་འབྱོར་གྱི་རྣམ་པ་ལྟར་དབྱེ་ན། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ལ་སྒོར་དུང་ཕྱུར1.2དང་། མ་རྐང་ལམ་ལུགས་ཀྱི་ཁེ་ལས་ལ་སྒོར་དུང་ཕྱུར92ཁེ་ལས་གཞན་དག་ལ་སྒོར་དུང་ཕྱུར10.9བཅས་ཡོད། ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ལ་གཞིགས་ནས་བགོས་ན་ཡང་བའི་བཟོ་ལས་ལ་སྒོར་དུང་ཕྱུར52.6དང་ལྕི་བའི་བཟོ་ལས་ལ་སྒོར་དུང་ཕྱུར51.6ཟིན་ཡོད། གླིང་ཁུལ་གྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར19.57ཡོད་པ་དེས་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་རིན་ཐང་འཕར་མ་ཧྲིལ་པོའི་བསྡུར་ཚད་ཀྱི79.0%བཟུང་ཡོད། རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར101.1ཟིན་ནས་ཁེ་སྤོགས་སྒོར་དུང་ཕྱུར7.03བྱུང་ཡོད།     སྤྱི་ལོ2018ལོར་སུའེ་ཉིང་རྫོང་གི་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི25014ཡོད་པ་དེ་དུས་མཚུངས་ལས6.0%འཕར། འོས་བབ་རིམ་པའི་ཨར་སྐྲུན་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི73641ཡོད་པ་དེ་དུས་མཚུངས་ལས10.0%འཕར་ཡོད། ལོ་འདིའི་ནང་སྡོད་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི72.75ཡོད་པ་དེ་དུས་མཚུངས་ལས8.7%འཕར་བ་དང་སྡོད་ཁང་འཛུགས་སྐྲུན་ལས་མཇུག་འགྲིལ་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི32.51ཡོད་པ་དེ་དུས་མཚུངས་ལས15.2%འཕར་ཡོད་པ་རེད།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་སུའེ་ཉིན་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི322.37ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས27.10%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར24.32བྱུང་བ་དེ་དུས་མཚུངས་ལས27.81%འཕར་ཡོད། དེའི་ནང་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས321.44ལ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར24.17བྱུང་བ་དང་། རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་བ་ཁྲི0.93ཟིན་ནས་ཕྱི་དངུལ་ཡོང་འབབ་ཨ་སྒོར་ཁྲི229.21ཟིན་ཡོད་པ་རེད།     སྤྱི་ལོ2018ལོར་སུའེ་ཉིན་རྫོང་གི་འགན་བཅོལ་ལས་སྒོའི་ཡོང་འབབ་སྒོར་ཁྲི21008ཡོད་པ་དེ་དུས་མཚུངས་ལས3.4%ཆག་པ་དེའི་ནང་མི་སྲོག་འགན་བཅོལ་གྱི་འགན་བཅོལ་ཡོང་འབབ་སྒོར་ཁྲི15103ཡོདན་པ་དེ་དུས་མཚུངས་ལས3.9%ཆག་པ་དང་རྒྱུ་ནོར་འགན་བཅོལ་གྱི་འགན་བཅོལ་ཡོང་འབབ་སྒོར་ཁྲི5905ཡོད་པ་དེ་དུས་མཚུངས་ལས2.0%ཆག་ཡོད། འགན་བཅོལ་ལས་སྒོའི་གཏོང་སྒོ་སྒོར་ཁྲི11687ཡོདན་པ་དེ་དུས་མཚུངས་ལས3.0%འཕར་བ་དེའི་ནང་མི་སྲོག་འགན་བཅོལ་གྱི་འགྲོ་གྲོན་སྒོར་ཁྲི8742བཏང་བ་དེ་དུས་མཚུངས་ལས6.8%འཕར་བ་དང་རྒྱུ་ནོར་འགན་བཅོལ་གྱི་འགྲོ་གྲོན་སྒོར་ཁྲི2945བཏང་བ་དེ་དུས་མཚུངས་ལས6.9%ཆག

5 སྤྱི་ཚོགས་བྱ་གཞག
5_1 སློབ་གསོ།

སྤྱི་ལོ2018ལོ་བར་སུའེ་ཉིན་རྫོང་དུ་ལས་རིགས་སློབ་འབྲིང་གི་སློབ་གྲྭ1དང་། སློབ་འབྲིང་དཀྱུས་མའི་སློབ་གྲྭ10(དེའི་ནང་དམངས་བཙུགས་སློབ་གྲྭ་3སློབ་ཆུང་དཀྱུས་མའི་སློབ་གྲྭ25བུ་བཅོལ་ཁང120ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ11ལྟེ་གནས་སློབ་ཆུང11རིགས་ཁག་གི་དམངས་བཙུགས་སློབ་གྲྭ9བཅས་ཡོད། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མ462དང་། སློབ་གྲྭར་ཡོད་པའི་སློབ་མ1372མཐར་ཕྱིན་སློབ་མ397ཡོད། སློབ་འབྲིང་དཀྱུས་མར་སློབ་མ་931བསྡུས་པ་དང་། སློབ་འབྲིང་དཀྱུས་མའི་མཐོ་རིམ་སློབ་འབྲིང་དུ་སློབ་མ4725ཡོད། མཐར་ཕྱིན་སློབ་མ1553ཡོད། སློབ་འབྲིང་དཀྱུས་མའི་དམའ་རིམ་སློབ་འབྲིང་གི་སློབ་མ11940ཡོད་པ་དང་མཐར་ཕྱིན་སློབ་མ3423ཡོད། སློབ་ཆུང་དཀྱུས་མར་སློབ་མ4161དང་། སློབ་གྲྭར་ཡོད་པའི་སློབ་མ25104མཐར་ཕྱིན་སློབ་མ4614བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ8391བུ་བཅོལ་ཁང་དུ་བུད་པའི་སློབ་མ4490བཅས་ཡོད། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%དང་། སློབ་ཆུང་གི་སློབ་ཐོན་སློབ་མ་སློབ་རིམ་འཕར་ཚད99.5%དམའ་རིམ་སློབ་འབྲིང་གི་མཐར་ཕྱིན་སློབ་མ་སློབ་རིམ་འཕར་ཚད92.5%ཡིན། སྤྱི་ལོ2018ལོའི་མཐོ་རྒྱུགས་ཀྱི་དངོས་གཞིའི་ཚན་ཁག་ཁག་གཉིས་པ་ཡན་ལ་སླེབས་མཁན་མི329ཡོད་པའི་ནང་གཙོ་གནད་དངོས་གཞིའི་ཚན་ཁག་གི་མི134ཡོད་པ་རེད།

5_2 ཚན་རྩལ།

སྤྱི་ལོ2018ལོར་སུའེ་ཉིན་རྫོང་གི་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པར་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ6752ཡོད་པ་རེད། སྲིད་གཞུང་གིས་ཚན་རྩལ་བྱེད་སྒོའི་འགྲོ་གྲོན་སྒོར་ཁྲི81བཏང་ནས་ཁེ་བེད་བདག་ཐོབ་རེ་ཞུ108བདག་སྤྲོད་བྱས་པའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ31དང་། ཁེ་བེད་བདག་ཐོབ51ཚན་རྩལ་གྲུབ་འབྲས4བཅས་ཡོད་པ་རེད།

5_3 རིག་གནས།

སྤྱི་ལོ2018ལོ་བར་སུའེ་ཉིན་རྫོང་དུ་རིག་གནས་ཁང1དང་། སྤྱི་པའི་དཔེ་མཛོད་ཁང1ཡིག་ཚགས་ཁང1སྐུད་ཡོད་བརྙན་འཕྲིན་ལས་ཁུངས1བཅས་ཡོད།

5_4 འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་བར་སུའེ་ཉིན་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི43ཡོད་པའི་ནང་སྨན་ཁང41དང་། ཆེད་ཚན་ནད་ཡམས་འགོག་བཅོས་ཁང1མ་བུ་བདེ་སྲུང་ཁང1བཅས་ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ1185ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ929དང་། ནད་གཡོག815ཐོ་འགོད་བྱས་ཡོད། སྔོན་འགོག་ཚོད་འཛིན་ལྟེ་གནས1དང་འཕྲོད་བསྟེན་ལག་རྩལ་མི་སྣ17ཡོད། འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་ལས་ཁུངས1དང་འཕྲོད་བསྟེན་ལག་རྩལ་མི་སྣ3ཡོད། འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི2173ཡོད་པའི་ནང་སྨན་ཁང་གི་ཉལ་ཁྲི2133ཡོད། ཤང་གྲོང་འཕྲོད་བསྟེན་ཁང25དང་། ཉལ་ཁྲི388འཕྲོད་བསྟེན་ལག་རྩལ་མི་སྣ837བཅས་ཡོད།

5_5 ལུས་རྩལ།

སྤྱི་ལོ2018ལོར་སུའེ་ཉིན་རྫོང་དུ་ལུས་རྩལ་ཐང125ཡོད་པའི་ནང་ལུས་རྩལ་ཐང29ཡོད་པ་རེད། ལོ་ཧྲིལ་པོར་རྫོང་དང་དེ་ཡན་གྱི་ལུས་རྩལ་འགྲན་ཚོགས་སྣ་ཚོགས་ཐེངས6གཉེར་བ་དང་། འགྲན་ཞུགས་ལུས་རྩལ་པ་མི་ཐེངས4900དང་། རྩལ་ཁྲིད་པ7གདན་ཞུ་བྱས། རྒྱལ་ཁབ་ཀྱི་ལུས་རྩལ་སྦྱོང་བརྡར་ཚད་གཞིའི་མི་གྲངས་ཁྲི26ཡོད་པ་དེའི་ནང་བུད་མེད་ཁྲི12ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།