ཧྭ་ལུང་ཆུས།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-04-07 09:03ལ་འགྲུབ།

ཧྭ་ལུང་ཆུས།

ཧྭ་ལུང་ཆུས།
ཧྭ་ལུང་ཆུས་ནི་ཕུའུ་དབྱང་གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས་ཡིན་ལ། ཧོ་ནན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་ཅི་ལུའུ་ཡུས་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། སྤྱི་ལོ1986ལོར་བཙུགས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ119དང་། རྨོ་ཞིང་གི་རྒྱ་ཁྱོན་ལ་སྤྱི་ཆིང7360ཡོད། སྤྱི་ལོ2008ལོར་སྤྱིའི་མི་འབོར་ཁྲི34.97དང་དེའི་ནང་ཞིང་ལས་མི་འབོར་ཁྲི7.3ལྷག་ཟིན། སྤྱི་ལོ2012ལོར་ཧྭ་ལུང་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར70.83ལེགས་གྲུབ་བྱུང་བ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར54.19དང་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར98.4ཡོད། ཧྭ་ལུང་ཆུས་ནི་ཕུའུ་དབྱང་གྲོང་ཁྱེར་གྱི་ཁོངས་གཏོགས་སྲིད་འཛིན་ཁུལ་འབའ་ཞིག་ཡིན་པ་དང་ཕུའུ་དབྱང་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་དང་ཀྲུང་ཡོན་སྣུམ་ཞིང་གི་སྤྱི་ཁྱབ་པུའུ་ཡིན། ཧྭ་ལུང་ཆུས་ལ་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་སྔོན་ཐོན་ཁུལ” དང་། “རྒྱལ་ཁབ་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ”“རྒྱལ་ཡོངས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་དཔེ་སྟོན་ཁུལ” “རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྔོན་ཐོན་ཁུལ”“རྒྱལ་ཁབ་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ”“རྒྱལ་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་ལས་དོན་གྱི་དཔེ་སྟོན་སྡེ་ཁུལ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
华龙区
སྲིད་འཛིན་ཁུལ་གྱི་རིགས།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་ཧོ་ནན་ཞིང་ཆེན་ཕུའུ་དབྱང་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་ལམ7དང་། ཞང5ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0393
སྦྲག་སྲིད་ཨང་རྟགས།
457001
ས་གནས།
ཧོ་ནན་ཞིང་ཆེན་གྱི་བྱང་ཤར་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ119ཡོད།
མི་གྲངས།
མི་ཁྲི34.97ཡོད།(སྤྱི་ལོ2008)
ནམ་ཟླའི་ཆ་རྐྱེན།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས(豫)J
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410902


1 འཛུགས་སྐྲུན་གྱི་འཕེལ་རིམ།

ལོ་ངོ5000གི་ཡར་སྔོན་དུ་ཧྭ་ལུང་ཆུས་ནི་གོང་མ་ལྔའི་ཚོ་བའི་གནས་ཡུལ་ཡིན། གནའ་དུས་སུ“ཐང་ཤུལ་རྒྱལ་ས”དང་“ཏི་ཆིའུ”ཞེས་འབོད་ཀྱིན་ཡོད།

སྤྱི་ལོ1986ལོར་ཕུའུ་དབྱང་གྲོང་ཁྱེར་ཧྭ་ལུང་ཆུས་སྲིད་གཞུང་བཙུགས།

སྤྱི་ལོ1987ལོར་ཕུའུ་དབྱང་གྲོང་ཁྱེར་ཉེ་འདབས་མེད་པར་བཟོས་ནས་ཕུའུ་དབྱང་རྫོང་བཙུགས།

སྤྱི་ལོ2002ལོའི་ཟླ12པའི་ཚེས25ཉིན་དམངས་སྲིད་པུའུ་ཡིས་ཕུའུ་དབྱང་གྲོང་ཁྱེར་གྱི་གྲོང་ཁུལ་ཧྭ་ལུང་ཆུས་སུ་མིང་བསྒྱུར་རྒྱུའི་ཆོག་མཆན་བཀོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2006ལོའི་བར་ཧྭ་ལུང་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང7དང་ཤང5ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཧྭ་ལུང་ཆུས་ནི་ཧོ་ནན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་ཆགས་ཡོད་པ་དང་། ཕུའུ་དབྱང་གྲོང་ཁྱེར་གྱི་དབུས་ཁུལ་དང་ཤར་གྱི་གཞུང་ཐིག1115°07′-115°89′དང་། བྱང་གི་འཕྲེད་ཐིག35°78′-36°12′བར་དུ་ཡོད། ཅི་ལུའུ་ཡུས་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད།

3_2 ས་དབྱིབས། 

ཧྭ་ལུང་ཆུས་ཀྱི་ས་དབྱིབས་ནི་ཀྲུང་གོའི་རིམ་པ་གསུམ་པའི་སྐས་ཐེམ་གྱི་དཀྱིལ་རྒྱབ་ཏུ་གཏོགས་ལ། རྨ་ཆུའི་འདེད་བསགས་བདེ་ཐང་གི་ཆ་ཤས་ཤིག་ཡིན། ས་བབ་ཅུང་ཁོད་སྙོམས་པོ་ཡོད་པ་དང་། ལྷོ་ནུབ་ནས་བྱང་ཤར་ཕྱོགས་སུ་ཅུང་ཟད་གསེག་པ་དང་། ས་བབ་སྤྱིར་བཏང་དུ་སྨི48~58བར་ཡོད།

3_3 ནམ་ཟླའི་ཁོར་ཡུག

ཧྭ་ལུང་ཆུས་ནི་འཕྲེད་ཐིག་དཀྱིལ་མའི་ཁུལ་དུ་གནས་པ་དང་། ལོ་འཁོར་མོར་ཤར་ལྷོའི་དུས་རླུང་འཁོར་རྒྱུན་ཚོད་འཛིན་དང་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ཁྱད་ཆོས་ནི་དུས་བཞི་གསལ་ལ། དཔྱིད་ཀར་ཐན་པ་དང་བྱེ་རླུང་མང་བ། དབྱར་དུས་ཚ་བ་ཆེ་བ་དང་ཆར་པ་མང་བ། སྟོན་དུས་གནམ་དྭངས་ཤིང་ཉི་འོད་རིང་བ། དགུན་དུས་ཐན་པ་དང་གངས་ཆར་ཉུང་བ་བཅས་ཡིན།

4 རང་བྱུང་ཐོན་ཁུངས།
4_1 གཏེར་རྫས་ཐོན་ཁུངས།

ཧྭ་ལུང་ཆུས་ནི་ཀྲུང་ཡོན་སྣུམ་ཞིང་སྤྱི་ཁྱབ་པུའུ་ས་གནས་ཡིན་པ་དང་། རྡོ་སྣུམ་དང་། རང་བྱུང་སོལ་རླངས། རྡོ་སོལ། ཚྭ་བཅས་གསོག་ཚད་ཕུན་སུམ་ཚོགས་ལ་སྤུས་ཚད་ཀྱང་ཡག་པོ་ཡོད། སྤྱི་ལོ2012ལོར་རྡོ་སྣུམ་གྱི་རྒྱང་རིང་ཐོན་ཁུངས་ཏུན་དུང་ཕྱུར10ལྷག་ཙམ་དང་། རང་བྱུང་སོལ་རླངས་ཀྱི་རྒྱང་རིང་ཐོན་ཁུངས་ཀྱི་འབོར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2000ནས3000བར་ཟིན་པ། རྡོ་སོལ་གསོག་ཚད་ཏུན་དུང་ཕྱུར800(གཏིང་ཚད་སྨི400ནས600བར་ཟིན་པ )བྲག་ཚྭའི་ཐོན་ཁུངས་གསོག་ཚད་ཏུན་དུང་ཕྱུར1440(གཏིང་ཚད་སྨི2100ནས2700བར་ཟིན་པ)ཟིན་ཡོད།

4_2 ཞིང་ལས་ཐོན་ཁུངས།

ཧྭ་ལུང་ཆུས་ནི་ཧྭ་པེ་བདེ་ཐང་གི་ཞིང་ལས་ཁུལ་དུ་གཏོགས་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཚོང་འབྲུ་ཐོན་སྐྱེད་རྟེན་གཞི་གཙོ་བོ་དང་ཧོ་ནན་ཞིང་ཆེན་གྱི་འབྲུ་རིགས་དང་སྲིང་བལ། སྣུམ་བཅས་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན། ཕུའུ་དབྱང་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་གྲོ་དང་། འབྲས། མ་རྨོས་ལོ་ཏོག འབྲུ་རིགས། ཀའོ་ལིའང་། སྲན་ཆེན། ཞོག་ཁོག སྲིང་བལ་སོགས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་ཤུན་ཏུ་ལེགས། སྤྱི་ལོ2012ལོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི2240དང་སྲིང་བལ་ཏུན་ཁྲི41ཡིན། ཤ་མོ་དང་སུར་པན་སོགས་ཤིང་ཏོག་དང་སྔོ་ཚལ་ཐོན་ཚད་ཏུན་ཁྲི3000ཟིན། ཕུའུ་དབྱང་གྲོང་ཁྱེར་ཉེ་འདབས་ཀྱི་ཞིང་ལས་ཁུལ་ཡིན་པའི་ཧྭ་ལུང་ཆུས་ཀྱི་ཁོངས་གཏོགས་སུ་ཞིང་ལས་ཤང་གཉིས་སྤྱི་ཆིང7360ཡོད།

4_3 ཆུའི་ཐོན་ཁུངས།

ཧྭ་ལུང་ས་ཁོངས་ནང་གི་ས་ངོས་ཀྱི་ཆུ་དང་ས་འོག་གི་ཆུའི་ཐོན་ཁུངས་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར7.41ཡོད་པ་དང་། རྨ་ཆུའི་ཆུ་འགོ་འདྲེན་ཚད་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར8ཡོད། ལྷོ་ཆུ་བྱང་འདྲེན་དེ་ཕུའུ་དབྱང་གྲོང་ཁྱེར་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1.19བགོ་བཤའ་བརྒྱབ་པ་དང་དེའི་ཐོག་ཀྲུང་ཧྲུའེ་བསྐྱར་སྤྱོད་བྱས་པས་ལོར་ཆུའི་ཐོན་ཁུངས་བསྡོམས་འབོར་ལི་ཧྥང་དུང་ཕྱུར17ཙམ་ཟིན་གྱིན་ཡོད།

5 མི་འབོར་དང་མི་རིགས།
5_1 མི་འབོར།

སྤྱི་ལོ2008ལོའི་བར་དུ་མི་གྲངས་ཁྲི34.97ཡོད་དང་། དེའི་ནང་ཞིང་ལས་མི་འབོར་ཁྲི5.7དང་ཞིང་ལས་མ་ཡིན་པའི་མི་འབོར་ཁྲི29.27ཡོད། ལྗོངས་ཡོངས་སུ་སྐྱེས་པའི་མི་འབོར331དང་སྐྱེས་ཚད9.47%  རྐྱེན་ལམ་དུ་ཤོར་བའི་མི་འབོར165དང་ཤི་ཚད4.73%  མི་འབོར་རང་ཤུགས་སུ་འཕར་ཚད4.74%བཅས་ཟིན།

5_2 མི་རིགས།

སྤྱི་ལོ2008ལོའི་བར་དུ། ཧྭ་ལུང་ཆུས་སུ་མི་རིགས42ཡོད། དེ་དག་ནི་ཧུའེ་རིགས། ཐུའུ་ཅ་རིགས། ཏུང་རིགས། སོག་རིགས། བོད་རིགས། མིའོ་རིགས། ཀྲོང་རིགས། ཧོར་རིགས། ས་ལར་རིགས། དབྱིས་རིགས། ཏ་ཝོར་རིགས། ཁྲའོ་ཞན་རིགས། པུའུ་དབྱི་རིགས། མན་ཇུ་རིགས། པའེ་རིགས། ཀའོ་ཧྲན་རིགས། པུའུ་ལང་རིགས་སོགས།

6 དཔལ་འབྱོར་གནས་ཚུལ་མདོར་བསྡུས།
6_1 ཐོན་ལས་དང་པོ།

སྤྱི་ལོ2010ལོར་ཧྭ་ལུང་ཆུས་ཀྱིས་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི54620ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2009ལོ་ལས་སྒོར་ཁྲི4987མང་དུ་ཕྱིན་པ་དང་དེ་དུས་མཚུངས་ལས་4.0%འཕར་བ། ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི28537ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2009ལོ་ལས་སྒོར་ཁྲི3016འཕར་བ་དང་དེ་དུས་མཚུངས་ལས་4.0%འཕར་བ། འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང8458ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2009ལོའི་སྤྱི་ཆིང8403དང་སྤྱི་ཆིང55འཕར་བ་དེ་དུས་མཚུངས་ལས0.7%འཕར་བ། འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན55957ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2009ལོའི་ཏུན55346ལས་ཏུན611འཕར་བ་དེ་དུས་མཚུངས་ལས1.1%འཕར་བ།  དབྱར་འབྲུའི་སྤྱིའི་ཐོན་འབོར་ཏུན30934ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས1%འཕར་བ་དང་སྟོན་འབྲུའི་སྤྱིའི་ཐོན་འབོར་ཏུན25023ཟིན་པ་དེ་དུས་མཚུངས་ལས1.3%འཕར་ཡོད།

སྤྱི་ལོ2010ལོར་ལག་ཡོད་བཤས་ཕག55722དང་ལག་ཡོད་བཤས་ཕྱུགས1885 ལག་ཡོད་ལུག5409 ལག་ཡོད་ཁྱིམ་བྱ1867750བཅས་ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན7104དང་། བྱ་སྒོང་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན20370འོ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན7817བཅས་ཡོད།

6_2 ཐོན་ལས་གཉིས་པ།

སྤྱི་ལོ2010ལོར་ཧྭ་ལུང་ཆུས་ཀྱི་བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི199438ཡོད་པ་དེ་དུས་མཚུངས་ལས17.39%འཕར་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི170430ཡོད་པ་དེ་སྤྱི་ལོ2009ལོའི་དུས་མཚུངས་ལས20.7%འཕར་བ་དང་། ཆེ་འབྲིང་གི་བཟོ་ལས་ཁེ་ལས་ཀྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི24968ཡོད་པ་དེ་སྤྱི་ལོ2009ལོའི་དུས་མཚུངས་ལས14.6%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཕྱིར་ཚོང་ཐོན་རྫས་རིན་ཐང་སྒོར་ཁྲི705457ཡོད་པ་དེ་དུས་མཚུངས་ལས22.3%འཕར་བ། དེའི་ནང་བཟོ་ལས་ཁེ་ལས་ཆེ་འབྲིང་གི་ཕྱིར་ཚོང་ཐོན་རྫས་རིན་ཐང་སྒོར་ཁྲི97904ཡོད་པ་དེ་དུས་མཚུངས་ལས13.9%འཕར་བ། ཐོན་འཚོང་བྱེད་ཚད98.9%ལ་སླེབས་ཤིང་། སྤྱི་ལོ2009ལོ་ལས་བརྒྱ་ཆའི་གཞི་གྲངས0.2འཕར་བ། གཞི་ཁྱོན་མན་གྱི་བཟོ་ལས་ཁེ་ལས186དང་། མ་དཔེའི་ཁེ་ལས་50དང་ཁེར་རྐྱང་གི་མ་དཔེའི་ཚོགས་པ19བཅས་ཡོད་པ་དེས་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི29016ཡོད་པ་དེ་སྤྱི་ལོ2009ལོ་ལས3.0%བཅས་འཕར་ཡོད།

6_3 ཐོན་ལས་གསུམ་པ།

སྤྱི་ལོ2010ལོར་ཧྭ་ལུང་ཆུས་སུ་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི354045ཡོད་པ་དེ་སྤྱི་ལོ2009ལོའི་དུས་མཚུངས་ལས30.2%འཕར་བ་དང་། དེའི་ནང་སྡེབ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་ཁྲི10843ཡོད་པ་དེ་སྤྱི་ལོ2009ལོའི་དུས་མཚུངས་ལས30.1%འཕར་བ། སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་ཁྲི288242ཡོད་པ་དེ་སྤྱི་ལོ2009ལོའི་དུས་མཚུངས་ལས31.2%འཕར་བ། ཞག་སྡོད་ལས་རིགས་ལ་ཡོང་འབབ་སྒོར་ཁྲི11721ཡོད་པ་དེ་སྤྱི་ལོ 2009ལོའི་དུས་མཚུངས་ལས35.7%འཕར་བ། བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་ཁྲི43239ཡོད་པ་དེ་ སྤྱི་ལོ2009ལོའི་དུས་མཚུངས་ལས30.8%བཅས་འཕར་ཡོད།

7 སྤྱི་ཚོགས་ལས་དོན།
7_1 རྨང་གཞིའི་སྒྲིག་བཀོད།

སྤྱི་ལོ2012ལོར་ཅང་སུའུ་བྱང་ལམ་དང་ཀྲུང་ཡོན་ལམ་ཤར་ཡན་ལས་གྲྭ། རྫོང་ལམ008ལམ་ཐིག་འཛུགས་སྐྲུན། ལའོ་མཱ་ཕེ་ཧོ་གྲོང་ཁུལ་དུམ་བུའི་བཅོས་སྒྲིག་དཔལ་འབྱོར་ཚོང་དོན་ཁུལ་གྱི་དྲོད་རླངས་མཁོ་འདོན་ས་ཚིགས་དང་། དེ་བཞིན་དྲོད་རླངས་མཁོ་འདོན་མདོང་ལམ་འདིང་བ་སོགས་ཀྱི་ལས་གྲྭ་དང་མོང་ལུའུ་ཤང་གི་ཆུ་གྲོན་ཆུང་གི་ཆུ་འདྲེན་རྣམ་གྲངས་ཚང་མ་ལེགས་གྲུབ་དང་ཁྲང་ཆིང་ལམ་གྱི་གློག་སྒྱུར་ས་ཚིགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི2091བཏང་ཟིན།

གྲོང་ཁུལ་གྱི་ལྟེ་བའི་གྲོང་ཚོ་དང་གྲོང་ཁུལ་གྱི་མཐའ་འཁོར་གྲོང་ཚོ9ལ་ཚད་ལྡན་ཅན་གྱི་སྡོད་ཁང522དང585ལྷག་སོ་སོར་འཛུག་བསྐྲུན་བྱས།  ལྗོངས་ཀྱི་འཚོ་ཁུལ་གཉིས་པ་དང་ཡུས་ལན་མེ་ཏོག་ལྡུམ་རའི་གསར་སྤེལ་འཛུགས་སྐྲུན་གྱི་དུས་འགོའི་གྲ་སྒྲིག་ལས་དོན་ལེགས་གྲུབ་བྱུང་བ་དང་། ཧྥེང་ལིན་ཆུ་ངོགས་ཀྱི་ཉིན་དགུའི་གྲོང་དང་། པད་མའི་གླིང་ཁ། སྔོ་ལྗང་མེ་ཏོག་ལྡུམ་ར། ཅིན་ཤིན་མེ་ཏོག་ལྡུམ་ར། ལི་ཏུའུ་དུས་རབས་ཀྱི་མེ་ཏོག་ལྡུམ་ར་སོགས་དེང་རབས་ཚོང་སྡོད་ཁུལ་དག་འཛུགས་བསྐྲུན་བྱེད་འགོ་ཚུགས། 

7_2 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2012ལོར་ཧྭ་ལུང་ཆུས་ཀྱིས་གྲོང་ཁྱེར་གྱི“མ་མཐའི་འཚོ་བ་འགན་ལེན”སྒོར་ཁྲི270སྤྲད་པ་དང་། གེགས་སེལ་དཀའ་སེལ་སྒོར་ཁྲི35དང་རྨས་སྐྱོན་གྱི་འཆི་གོད་གྱོང་གསབ་དངུལ་དང་ཁ་གསབ་དངུལ་སྒོར་ཁྲི87བཅས་སྤྲད་པ་རེད། 

7_3 སློབ་གསོ།

སྤྱི་ལོ2010ལོར་ཧྭ་ལུང་ཆུས་སུ་ཁྱོན་སློབ་གྲྭ35དང་སློབ་གྲྭར་ཡོད་པའི་སློབ་མ26393དགེ་རྒན་དང་ལས་བཟོ1733ཆེད་བསྐོས་དགེ་རྒན1606བཅས་ཡོད། དེའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མ1དང་ཁྱོན་དགེ་རྒན་དང་ལས་བཟོ279 ཆེད་བསྐོས་དགེ་རྒན271 སློབ་གྲྭར་ཡོད་པའི་སློབ་མ3570བཅས་ཡོད། དམའ་འབྲིང་དཀྱུས་མ7ཡོད་པ་དང་། དགེ་རྒན595 ཆེད་བསྐོས་དགེ་རྒན525 སློབ་གྲྭར་ཡོད་པའི་སློབ་མ9314  ལྗོངས་ཡོངས་སུ་སློབ་ཆུང27 དགེ་རྒན་དང་ལས་བཟོ859 ཆེད་བསྐོས་དགེ་རྒན810 སློབ་གྲྭར་ཡོད་པའི་སློབ་མ13509 སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%བཅས་ཟིན་ཡོད།

སྤྱི་ལོ2012ལོར་མ་དངུལ་སྒོར་ཁྲི8600བཏང་ནས་ཆུས་ཀྱི་སློབ་འབྲིང་དང་པོའི་སློབ་ཁྲིད་ཐོག་ཁང་དང་། འབྲིང་གཉིས་པའི་ཉལ་ཁང་། ཧོང་ཁྲེང་བུ་བཅོལ་ཁང་སོགས་སློབ་གྲྭ་བསྐྱར་སྐྲུན་རྣམ་གྲངས19ལེགས་གྲུབ་དང་། སློབ་གྲྭ་འབྲིང་ཆུང1དང་བུ་བཅོལ་ཁང7གསར་སྐྲུན་དང་རྒྱས་སྐྲུན་བྱས་ཡོད།

7_4 འཕྲོད་བསྟེན།

སྤྱི་ལོ2012ལོར་ཧྭ་ལུང་ཆུས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་འཛུགས་སྐྲུན་ལ་རྒྱལ་ཁབ་དང་ཞིང་ཆེན་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཞིབ་དཔྱད་བྱས་པ་བརྒྱུད། “ཞིང་ཆེན་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་དཔེ་སྟོན་ཁུལ”ཞེས་མིང་བཏགས་ཡོད། 

སྤྱི་ལོ2012ལོར་ཧྭ་ལུང་ཆུས་སུ་ཁྱོན་སྨན་ཁང10ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།