ཏུང་ཁོའུ་རྫོང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-04-07 09:09ལ་འགྲུབ།

ཏུང་ཁོའུ་རྫོང་།

ཏུང་ཁོའུ་རྫོང་།
ཏུང་ཁོའུ་རྫོང་ནི་ཧུའུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧུའུ་ནན་ཞིང་ཆེན་གྱི་དབུས་རྒྱུད་ཀྱི་ལྷོ་ནུབ་ཕྱོགས་སུ་གནས་ཡོད། ཤར་དུ་ལུང་ཧུའེ་རྫོང་དང་འབྲེལ། ལྷོ་རུ་ཝུའུ་ཀང་གྲོང་ཁྱེར་དང་སུའེ་ཉིང་རྫོང་དང་འབྲེལ། ནུབ་ཧྲུའུ་ཧོའེ་ཧྭ་གྲོང་ཁྱེར་གྱི་ཧུང་ཅང་གྲོང་ཁྱེར་དང་བྱང་དུ་ཆིའུ་ཕུའུ་རྫོང་དང་འབྲེལ་ཡོད། ས་བབ་ནུབ་བྱང་ནི་རི་མང་པོ་དང་། དབུས་རྒྱུད་ཀྱི་ས་བབ་དམའ་བ། ཤར་ལྷོའི་དེའུ་འབུར་དུ་མིག་མངས་བཀྲམ་པ་བཅས་ནི་ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ཅན་གྱི་ནམ་ཟླ་ཡིན་པས་དུས་བཞི་གསལ་པོ་ཡོད། ཏུང་ཁོའུ་རྫོང་གི་ཤར་ནུབ་རིང་ཚད་ལ་སྟོང་སྨི80.15དང་། ལྷོ་བྱང་ཞེང་ཚད་སྟོང་སྨི65.3སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2184.01བཅས་ཡོད། སྤྱི་ལོ2018ལོ་བར་ཏུང་ཁོའུ་རྫོང་ཁོངས་སུ་ཁྲོམ་གཞུང3དང་། གྲོང་རྡལ14ཤང6(དེའི་ནང་མི་རིགས་ཤང3)དོ་དམ་ཁུལ1བཅསཡོད། རྫོང་སྲིད་གཞུང་ནི་ཝུན་ཁྲང་ཁྲོམ་གཞུང་དུ་གནས་ཡོད། རྫོང་དེ་ཡོངས་ཀྱི་ཐེམ་ཐོ་མི་འབོར་ཁྲི90.12ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི80.53ཡོད་པ་རེད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར172.21ལེགས་གྲུབ་བྱུང་བ་དང་། ཐོན་ལས་གྲུབ་ཚུལ་ཐེངས་གསུམ་ནི26.9:34.0:39.1ཡིན་ཞིང་། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར21366ཡིན་པ་དང་། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26921ཡོད། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར10732ཡོད། སྤྱི་ལོ2020ལོའི་ཟླ2པའི་ཚེས29ཉིན་ཧུའུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཏུང་ཁོའུ་རྫོང་ནི་དབུལ་ཐར་བྱེད་པའི་ཆ་རྐྱེན་དང་འཚམ་པས་དབུལ་ཐར་གྱི་ཞྭ་མོ་ཕུད་རྒྱུར་མོས་མཐུན་བྱུང་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
洞口县
ཕྱི་ཡིག་གི་མིང་།
Dongkou county
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ས་ཁོངས་ཁ་པར་ཨང་རྟགས།
0739
སྦྲག་སྲིད་ཨང་རྟགས།
422300
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2184.01ཡོད།
མི་གྲངས།
ཁྲི90.12ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཞང(湘)E
1 སྲིད་འཛིན་དབྱེ་མཚམས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཏུང་ཁོའུ་རྫོང་གི་ཁོངས་གཏོགས་སུ་ཁྲོམ་གཞུང3དང་། གྲོང་རྡལ14ཤང6དང་དེ་བཞིན་ཇ་ཁང་གི་ཇ་ར་དོ་དམ་ཁུལ་བཅས་ཡོད་པ་དང་ཁྱོན་སྡེ་ཁུལ་གྱི་གྲོང་མིའི་ཨུ་ཡོན་ལྷན་ཁང58དང་སྒྲིག་གཞི་ཚང་བའི་གྲོང་ཚོ536ཡོད་པ་རེད། རྫོང་མི་དམངས་སྲིད་གཞུང་ནི་ཝུན་ཁྲང་སྲང་ལམ་དུ་གནས་ཡོད།

2 ས་ཁམས་ཁོར་ཡུག
2_1 གནས་ཡུལ།

ཏུང་ཁོའུ་རྫོང་ནི་ཧུའུ་ནན་ཞིང་ཆེན་དབུས་རྒྱུད་ཀྱི་ལྷོ་ནུབ་ཕྱོགས་སུ་གནས་པ་དང་། ཞུའེ་ཧྥུང་རི་རྒྱུད་ཀྱི་ཤར་ངོས་སུ་ཆགས་ཡོད་ཅིང་། ཙི་ཅང་གཙང་པོའི་སྟོད་རྒྱུད་དུ་ཆགས་ཡོད། ཤར་དུ་ལུང་ཧུའེ་རྫོང་དང་འབྲེལ་ཡོད་པ་དང་། ལྷོ་རུ་ཝུའུ་ཀང་གྲོང་ཁྱེར་དང་སུའེ་ཉིང་རྫོང་དང་འབྲེལ་ཞིང་། ནུབ་ཧྲུའུ་ཧོའེ་ཧྭ་གྲོང་ཁྱེར་ཧུང་ཅང་གྲོང་ཁྱེར་དང་འབྲེལ་ཞིང་། བྱང་དུ་ཆིའུ་ཕུའུ་རྫོང་དང་འབྲེལ་ཡོད། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག110°8′40″—110°57′10″དང་། བྱང་གི་འཕྲེད་ཐིག26°51'38″—27°22'23″བར་དུ་གནས་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི80.15དང་། ལྷོ་བྱང་གི་ཞེང་ཚད་ལ་སྟོང་སྨི65.3སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2184.01བཅས་ཡོད།

3 ནམ་ཟླ།

ཏུང་ཁོའུ་རྫོང་ནི་ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ཅན་གྱི་ནམ་ཟླ་ཡིན་ཞིང་། དུས་བཞི་གསལ་བ་དང་། དྲོད་ཚད་ཕུན་སུམ་ཚོགས་པ། གྲང་ངར་ཆེ་ཞིང་ཚ་གདུག་ཆེ་བའི་དུས་ཡུན་ཐུང་བ། ལོ་ཏོག་སྐྱེ་ཡུན་རིང་བ་བཅས་ཡིན། དཔྱིད་དུས་ཀྱི་དྲོ་གྲང་འགྱུར་ལྡོག་མང་བ་དང་གྲང་རྒྱུན་གྱི་འགུལ་སྐྱོད་མང་། དཔྱིད་ཀྱི་དུས་མཇུག་དང་དབྱར་གྱི་དུས་འགོར་ཆར་པ་མང་བ་དང་། དབྱར་གྱི་དུས་འགོར་ཐན་པ་མང་། རི་ཁུལ་རི་མ་ཐང་གཉིས། དུས་ཚིགས་ལ་བར་ཁྱད་ཡོད། ནུབ་བྱང་རྒྱུད་ཀྱི་ཞུའེ་ཧྥུང་རི་བོའི་ས་ཁུལ་དང་ཤར་ལྷོའི་རྒྱུད་ཀྱི་ཆིའུ་ཀང་ས་ཁུལ་དུ་གནམ་གཤིས་ཀྱི་ཁྱད་པར་མངོན་གསལ་དོད་པོ་ཡོད། ནུབ་བྱང་རྒྱུད་ཀྱི་རི་ཁུལ་ནི་ཚ་ཁུལ་ཕལ་བའི་བརླན་གཤེར་དྲོད་འཇམ་ཁུལ་ཡིན་པ་དང་། ཆར་ཆུ་མོད། ཚ་ཚད་ཐོན་ཁུངས་ཅུང་ཞན་པ། དཔྱིད་དབྱར་ལ་དྲག་ཆར་མང་། དགུན་དུས་ཁ་བ་མང་བ། དབྱར་དུས་དྲོ་གྲང་སྙོམས་པ། གནམ་གཤིས་དྲང་འཕྱང་གི་ཁྱད་པར་ཆེ་བ་བཅས་རེད། ཤར་ལྷོའི་རྒྱུད་ཀྱི་རི་མ་ཐང་ཁུལ་ནི་ཚ་ཁུལ་ཕལ་བའི་བརླན་གཤེར་དྲོད་འཇམ་ཁུལ་ཡིན་པ་དང་། དཔྱིད་ཀར་ཆར་པ་མང་བ་དང་། སེར་བ་དང་ཆར་པ་ཆེན་པོ་འབབ་ཀྱིན་ཡོད། དབྱར་སྟོན་ཐན་པ་མང་བ་དང་། དེའུ་སྒང་གི་ས་དབྱིབས་མི་འདྲ་བ། གནམ་གཤིས་ཆུང་བ་བཅས་ཀྱི་ཁྱད་པར་མངོན་གསལ་དོད་པོ་ཡོད།     དྲོད་ཚད། ཏུང་ཁོའུ་རྫོང་གི་ལོ་རེའི་ཆ་སྙོམས་དྲོད་ཚད16.6℃ཡིན། རྒྱུན་གཏན་གྱི་ཚ་བ་ཆེ་ཤོས་ནི་ཟླ7པར་ཡིན་པ་དང་ཆ་སྙོམས་དྲོད་ཚད27.3℃ཡིན། ལོ་རེ་ཆེས་གྲང་ངར་ཆེ་བ་ཟླ་དང་པོར་ཡིན་པ་དང་ཆ་སྙོམས་དྲོད་ཚད5.4℃ཡིན། ལོ་རེའི་ཉིན་རེའི་དྲོད་ཚད་དམའ་ཤོས་ནི0.0℃ཡིན་པའི་ཉིན་གྲངས་ལ་ཆ་སྙོམས་བྱས་ན་ཉིན16.2ལས་མེད།     

ཆར་ཆུ་འབབ་ཚུལ། ཏུང་ཁོའུ་རྫོང་གི་ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1491ཡིན་པ་དང་། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཉིན180ཡིན། ཟླ3པའི་ཟླ་སྟོད་ནས་ཟླ4པའི་བར་ནི་དཔྱིད་ཆར་དུས་སྐབས་ཡིན་པ་དང་། ཆར་པ་འབབ་ཉིན་མང་ཞིང་ཆར་ཆུ་འབབ་ཚད་ཆུང་། ཟླ5པ་ནས་ཟླ6པའི་ཟླ་མཇུག་བར་ཆར་ཆུ་འབབ་ཚད་མང་དུ་སོང་བ་དང་དྲག་ཆར་ཐེངས་གྲངས་མང་དུ་སོང་ནས་ཟླ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི200ཡན་ཟིན་གྱིན་ཡོད། ཟླ9པའི་ཟླ་མཇུག་ནས་ཟླ11པའི་ཟླ་སྟོད་བར་ཆར་པ་འབབ་ཚད་མང་དུ་ཕྱིན་ནས་ཟླ10པའི་ཟླ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི100ཡན་ཟིན་གྱིན་ཡོད།     

ཉི་འོད་ཕོག་ཚད། ཏུང་ཁོའུ་རྫོང་དུ་ལོ་རེར་ཉི་འོད་ཕོག་ཚད་ཆུ་ཚོད1173.5ནས1705.5བར་ཡིན་པ་དང་། ལོ་རེའི་འགྱུར་ལྡོག་ཆུ་ཚོད532.0ཡིན། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད1424.0ཡིན། ལོ་རེའི་ཉི་འོད་ཕོག་ཚད་བརྒྱ་ཆའི32%ཡིན་པ་བཅས་རེད། ས་དབྱིབས་དང་ས་བབ་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཉི་འོད་ཕོག་ཡུན་ནི་ཤར་ལྷོ་ནས་ནུབ་བྱང་དུ་རིམ་བཞིན་ཇེ་ཉུང་དུ་སོང་བ་རེད། གནམ་དྭངས་པའི་ཆ་རྐྱེན་འོག ནུབ་བྱང་རི་ཁུལ་གྱི་ཉི་འོད་ཕོག་ཚད་དེ་དབུས་རྒྱུད་ཀྱི་ཕིང་ཀང་ཁུལ་དང་ཤར་རྒྱུད་ཀྱི་ཆིའུ་ཀང་ཁུལ་ལས་ཆ་སྙོམས་ཟླ་རེར་ཆུ་ཚོད51གིས་ཉུང་བ་ཡོད་པ་དང་། ལོ་རེར་ཆུ་ཚོད612ཀྱིས་ཉུང་བ་ཡོད།     

རླངས་འགྱུར། ཏུང་ཁོའུ་རྫོང་གི་ལོ་རེའི་རླངས་པར་འགྱུར་ཚད་ནི་ཧའོ་སྨི1022.0ནས1447.5བར་ཡིན་པ་དང་། ལོ་རེའི་བར་གྱི་འགྱུར་ལྡོག་ཧའོ་སྨི425.5ཡིན། དཔྱིད་ཀ་དང་། དབྱར་ཁ། དགུན་ཁ་བཅས་ཀྱི་ཆར་ཆུ་འབབ་ཚད་ནི་རླངས་པར་འགྱུར་ཚད་ལས་ཆེ་བ་དང་། སྟོན་དུས་རླངས་པར་འགྱུར་ཚད་ནི་ཆར་ཆུ་འབབ་ཚད་ལས་ཆེ་བ་རེད།    

སད། ཏུང་ཁའུ་རྫོང་ལ་ལོ་ཧྲིལ་པོར་སད་མེད་དུས་ཉིན290ཡས་མས་ཡིན། ཐོག་མའི་སད་ནི་སྤྱིར་བཏང་དུ་ལོ་སྔོན་མའི་ཟླ11པའི་ཟླ་དཀྱིལ་དང་། མཇུག་མཐའི་སད་ནི་ལོ་རྗེས་མའི་ཟླ3པའི་ཟླ་སྟོད་དུ་ཡིན།   

ཁ་བ། ཏུང་ཁོའུ་རྫོང་དུ་ཆ་སྙོམས་ཁ་བ་འབབ་ཚད་ཉིན11.8ཡིན་པ་དང་། ལོ་རེའི་ཐོག་མའི་ཁ་བ་སྤྱིར་བཏང་ཟླ11པའི་ཟླ་དཀྱིལ་དུ་ཐོན་གྱིན་ཡོད།     

རླུང་། ཏུང་ཁོའུ་རྫོང་གི་རླུང་ཕྱོགས་དེ་དུས་ཚིགས་དང་བསྟུན་ནས་བརྗེ་སྒྱུར་བྱས་པ་དང་། དགུན་ཁའི་ལོ་ཕྱེད(ཟླ11པ་ནས4པའི་བར)དུ་ཤར་རླུང་ལྡང་རྒྱུ་གཙོ་བོ་ཡིན་པ་དང་། དེ་ནས་བྱང་རླུང་ལྡང་བ། དབྱར་ཁའི་ལོ་ཕྱེད་(ཟླ5པ་ནས10པའི་བར)དུ་ནུབ་རླུང་ལྡང་རྒྱུ་གཙོ་བོར་བྱེད། དེ་ནས་ལྷོ་རླུང་ལྡང་གི་ཡོད། རླུང་ཕྱོགས་ཟློས་ཕྱོད་ཆེས་མང་བ་ནི་ཤར་རླུང་དང་ནུབ་རླུང་ཡིན་ལ། དེ་ནས་བྱང་ཤར་རླུང་ཡིན། ལོ་ལྟར་ཆ་སྙོམས་རླུང་གི་མྱུར་ཚད་སྐར་ཆ་རེར་སྨི1.3ཡིན།

4 མི་འབོར།

སྤྱི་ལོ2017ལོ་བར་ཏུང་ཁོའུ་རྫོང་དུ་ལོ་ཧྲིལ་པོར་སྐྱེས་པའི་མི་འབོར12264ཡོད་པ་དང་སྐྱེས་ཚད13.67%ཡིན། རྐྱེན་ལམ་དུ་ཤོར་བའི་མི་འབོར4915དང་ཤི་ཚད5.48%ཡིན། ལོ་ཧྲིལ་པོར་མི་འབོར7349འཕར་བ་དང་མི་འབོར་རང་བྱུང་འཕར་ཚད8.19%ཡིན། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་ཁྲི89.69ཡིན་པ་དང་རྒྱུན་སྡོད་མི་འབོར་ཁྲི80.66ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི35.77ཡོད་པ་དེས་44.35%བཟུང་བ་དང་། གྲོང་གསེབ་ཀྱི་མི་འབོར་ཁྲི44.89ཡོད་པ་དེས55.65%བཟུང་བ་བཅས་རེད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།

སྤྱི་ལོ2017ལོར་ཏུང་ཁོའུ་རྫོང་གི་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར89.05ཡོད་པ་དེ་ལོ་སྔོན་མ་ལས4.2%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང་སྟོང90.14ཡོད་པ་དེ་ལོ་སྔོན་མ་ལས་སྤྱི་ཆིང་སྟོང0.86འཕར་བ་དང་། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི45.91ཟིན་ནས་ཐོན་འཕར1.7%ཡོད་པའི་ནང་ཆུ་འབྲས་ཐོན་ཚད་ཏུན་ཁྲི38.08ཟིན་ནས་ཐོན་འཕར0.7%ཡིན། སྣུམ་རྒྱུ་ཐོན་ཚད་བསྡོམས་འབོར་ཏུན་ཁྲི3.75ཟིན་ནས་ཐོན་འཕར4.7%ཡིན། ཤིང་ཏོག་ཐོན་ཚད་ཏུན་ཁྲི15ཡིན་པ་དང་ཐོན་འཕར་བརྒྱ་ཆའི0.3བྱུང་ཡོད། ཕྱུགས་རིགས་གསོ་ཚགས་ལས་རིགས་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་ལོ་ཧྲིལ་པོར་ཤ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི18.28ཡོད་པ་དེ་ལོ་སྔོན་མ་ལས6.25%འཕར། བྱ་སྒོང་ཐོན་ཚད་ཏུན1096ཟིན་ནས་ཐོན་འཕར0.2%ཡིན། ཆུ་ཐོན་དངོས་རྫས་ཐོན་ཚད་ཏུན་ཁྲི་.74ཡིན་ཞིང་། ཐོན་འཕར3.16%ཡིན་པ་དང་། སྔོ་ཚལ་ཐོན་ཚད་ཏུན་ཁྲི43.99ཡིན་ཞིང་། ཐོན་འཕར1.3%ཡིན།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2017ལོར་ཏུང་ཁོའུ་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་ཐོན་རྫས་ཕྱིར་ཚོང་བྱེད་ཚད99%ཟིན་ཡོད། བཟོ་ལས་ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་མུ་མཐུད་བསྐྱར་འཕར་བྱུང་ཞིང་། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་ལོ་ཧྲིལ་པོར་ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར9.31ལེགས་གྲུབ་བྱུང་བས5.6%འཕར་བ་དང་། བཟོ་ལས་ཀྱི་ཁྲལ་འབབ་སྒོར་ཁྲི12110ཟིན་ནས10.6%འཕར་ཡོད།     སྤྱི་ལོ2017ལོར་ཏུང་ཁོའུ་རྫོང་གི་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར15.13ཡིན་པ་དེ་ལོ་སྔོན་མ་ལས10.7%འཕར་ཡོད། རྫོང་ཡོངས་ཀྱི་རིམ་གསུམ་དང་རིམ་གསུམ་ཡན་གྱི་ཨར་སྐྲུན་ཁེ་ལས9ཡོད་པ་དང་། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར11.35ཟིན་ནས25.8%འཕར། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་ཁྲི12398ཟིན་ནས11.2%འཕར། སྡོད་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི118.1ཡིན་པ་དང་སྡོད་ཁང་ལས་མཇུག་འགྲིལ་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི55.8ཡིན་པ་དེ་ལོ་སྔོན་མ་ལས27%དང63%སོ་སོར་འཕར་ཡོད་པ་རེད།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2017ལོར་ཏུང་ཁོའུ་རྫོང་གི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི10042ཡོད་པ་དེ་ལོ་སྔོན་མ་ལས10.6%འཕར་བའི་ནང་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར8382ཟིན་ནས9.9%འཕར་ཡོད། རྫོང་དེ་ཡོངས་ཀྱི་ཕྱིར་གཏོང་ཚོང་ཟོག་གཙོ་བོ་ལ་ལྷམ་དང་། ཤ་བཟོས་ཐོན་རྫས། རྐང་རྩེད་སྤོ་ལོ་སོགས་ཡོད་པ་དང་ཐོན་རྫས་ཨ་རི་དང་། ཨོ་སི་ཁྲུ་ལི་ཡ། དབྱི་ཐ་ལི། འཇར་པན། ཁོ་རེ་ཡ། ཨིར་ལན། ཤང་ཀང་སོགས་རྒྱལ་ཁབ་དང་ས་ཁུལ10ལྷག་ཙམ་ལ་ཕྱིར་ཚོང་བྱེད་ཀྱིན་ཡོད།     སྤྱི་ལོ2017ལོར་ཏུང་ཁོའུ་རྫོང་གི་ལོ་ཧྲིལ་པོའི་འགན་བཅོལ་གྲོན་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར4.35ཡོད་པ་དེ་ལོ་སྔོན་མ་ལས21.6%འཕར་ཡོད། དེའི་ནང་རྒྱུ་ནོར་འགན་བཅོལ་གྱི་འགན་བཅོལ་ཡོང་འབབ་སྒོར་དུང་ཕྱུར0.87དང་ཚེ་སྲོག་འགན་བཅོལ་གྱི་འགན་བཅོལ་ཡོང་འབབ་སྒོར་དུང་ཕྱུར3.48ཡོད་པ་དེ་ལོ་སྔོན་མ་ལས22.8%དང21.3%སོ་སོར་འཕར་ཡོད་པ་རེད། རིགས་ཁག་གི་སྐྱིན་ཚབ་འཇལ་དངུལ་དང་དེ་བཞིན་སྒོར་དུང་ཕྱུར1.72སྤྲད་པ་དེ18.6%འཕར་ཡོད། དེའི་ནང་རྒྱུ་ནོར་འགན་བཅོལ་གྱི་སྐྱིན་ཚབ་སྒོར་དུང་ཕྱུར0.66དང་ཚེ་སྲོག་འགན་བཅོལ་གྱི་སྐྱིན་ཚབ་སྒོར་དུང་ཕྱུར1.06སྤྲད་པ་དེ་ལོ་སྔོན་མ་ལས16.2%དང20.5%སོ་སོར་འཕར་ཡོད་པ་རེད།

6 སྤྱི་ཚོགས་བྱ་གཞག
6_1 སློབ་གསོ།

སྤྱི་ལོ2017ལོ་བར་ཏུང་ཁོའུ་རྫོང་དུ་སློབ་འབྲིང་དཀྱུས་མ57ཡོད་པའི་ནང་རྫོང་དང་གྲོང་རྡལ38དང་། གྲོང་གསེབ19ལོ་ཧྲིལ་པོར་མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་མ5091དམའ་རིམ་སློབ་འབྲིང་དུ་སློབ་མ12158མཐོ་རིམ་སློབ་འབྲིང་དུ་སློབ་མ16695དམའ་རིམ་སློབ་འབྲིང་དུ་སློབ་ཞུགས་སློབ་མ34694སློབ་ཆུང་གི་མཐར་ཕྱིན་སློབ་མ་དམའ་རིམ་སློབ་འབྲིང་དུ་སློབ་རིམ་འཕར་ཚད100%ཟིན་པ་བཅས་རེད། འབྲིང་རིམ་ལས་རིགས་སློབ་གྲྭ5ཡོད་པར་སློབ་མ3035དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ9354ཡོད། སློབ་ཆུང་དཀྱུས་མ189ཡོད་པ་དང་ལོ་ཧྲིལ་པོར་སློབ་མ11835དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ71593ཡོད། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན། དམིགས་བསལ་སློབ་གསོའི་སློབ་གྲྭ1དང་སློབ་གྲྭར་ཡོད་པའི་སློབ་མ527ཡོད། རྫོང་གི་བུ་བཅོལ་ཁང1དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བུ་བཅོལ་ཁང118དང་། རྫོང་ཡོངས་ཀྱི་བྱིས་པའི་འཛིན་གྲྭ804བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ24707ཡོད།

6_2 ཚན་རྩལ།

སྤྱི་ལོ2017ལོར་ཏུང་ཁོའུ་རྫོང་དུ་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ25668དང་ཚན་ཞིབ་སྒྲིག་གཞི14ཡོད་པ་རེད། ལོ་ཧྲིལ་པོར་རིགས་ཁག་གི་ཚན་རྩལ་འཆར་གཞིའི་རྣམ་གྲངས41སྒྲིག་འཛུགས་དང་ལག་བསྟར་བྱས་པའི་ནང་ཞིང་ཆེན་རིམ་པའི་རྣམ་གྲངས1དང་། གྲོང་ཁྱེར་རིམ་པའི་རྣམ་གྲངས5རྫོང་རིམ་པའི་རྣམ་གྲངས35བཅས་ཡོད་པ་དང་། ཞིབ་འཇུག་དང་འཕེལ་རྒྱས་ནང་ཁུལ་གྱི་འགྲོ་གྲོན་སྒོར་དུང་ཕྱུར4.8བཏང་བ་དེ་དུས་མཚུངས་ལས16.2%འཕར་ཡོད། མཐོ་གསར་ལག་རྩལ་ཁེ་ལས43ཡོད་ཅིང་། མཐོ་གསར་ལག་རྩལ་ཐོན་རྫས་ཀྱི་འཕར་ཐང་སྒོར་དུང་ཕྱུར22.82ཡོད་པ་དེ་དུས་མཚུངས་ལས16.7%འཕར་བ་དང་། མཐོ་གསར་ལག་རྩལ་གྱི་འཕར་ཐང་གིས་གཞི་ཁྱོན་ཆེ་བའི་བཟོ་ལས་ཀྱི་འཕར་ཐང་ནང་བཟུང་བའི་བསྡུར་ཚད57.6%ཡིན།

6_3 རིག་གནས།

སྤྱི་ལོ2017ལོ་བར་ཏུང་ཁོའུ་རྫོང་དུ་རིག་གནས་ཁང1དང་། རིག་དངོས་དོ་དམ་ས་ཚིགས1སྤྱི་པའི་དཔེ་མཛོད་ཁང1དངོས་མང་བཤམས་སྟོན་ཁང3ཡིག་ཚགས་ཁང1བཅས་ཡོད་པ་དང་སྤྱི་ཚོགས་ལ་ཡིག་ཚགས་མི་ཐེངས2300བསྟན་ཡོད། རྫོང་ཡོངས་སུ་སྐུད་ཡོད་བརྙན་འཕྲིན་ལས་ཁུངས1དང་བརྙན་འཕྲིན་བརྒྱུད་གཏོང་འཕེན་གཏོང་ཁང1ཡོད་པ་དང་ལོ་ཧྲིལ་པོར་བརྙན་འཕྲིན་ལེ་ཚན་བཟོ་བའི་དུས་ཚོད་ཆུ་ཚོད530ཡིན། ལོ་ཧྲིལ་པོར་བརྙན་འཕྲིན་ལེ་ཚན་སྟོན་པའི་དུས་ཚོད་ཆུ་ཚོད2600ཡིན། བརྙན་འཕྲིན་ཕྱོགས་བསྡུས་ཁྱབ་ཚད100%ཡིན། སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི10.18ཡོད། དེའི་ནང་གྲོང་གསེབ་ཏུ་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི4.22ཡོད།

6_4 འཕྲོད་བསྟེན།

སྤྱི་ལོ2017ལོ་བར་ཏུང་ཁོའུ་རྫོང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི37དང་། ལོ་མཇུག་ཏུ་ཉལ་ཁྲི2564འཕྲོད་བསྟེན་ལག་རྩལ་མི་སྣ2749ལས་གཉེར་སྨན་པ846ལས་གཉེར་ལས་རོགས་སྨན་པ421ནད་གཡོག1515བཅས་དངོས་སུ་ཐོ་འགོད་བྱས་པ་རེད། གྲོང་གསེབ་ཏུ་སྨན་བཅོས་ས་ཚིགས་ཡོད་པའི་གྲོང་ཚོ(གྲོང་གསེབ་ཀྱི་སྡེ་ཁུལ་ཚུད་པ)334དང་། 100%ཡི་གྲོང་ཚོར་སྨན་བཅོས་ས་ཚིགས་བཙུགས།

7 མཚན་སྙན།

སྤྱི་ལོ2019ལོའི་ཟླ9པའི་ཚེས20ཉིན་རྒྱལ་ཡོངས་ཀྱི་སྔོ་འགྱུར་དཔེ་བཟང་ཚན་པའི་གཟི་བརྗིད་མཚན་སྙན་ཐོབ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཕྲོད་བསྟེན། ལག་རྩལ། སྨན་བཅོས།