ཧོང་མེ་ཡི་ལོ་རྒྱུས་ནི་ཧ་ཅང་རིང་བ་ཡིན། རྡོ་ཆས་རྙིང་བའི་དུས་མཇུག་ཏུ(ལོ་ཁྲི1ནས4བར་གྱི་སྔོན)ལ་མིའི་རིགས་འཚོ་གནས་བྱས་ཡོད།
ཞ་དང་ཧྲང་། ཀྲོའུ་ནུབ་མའི་སྐབས་སུ། 《ཡུས་ཀུང》ཞེས་པའི་བཤད་ཚུལ་ལྟར་ན། སྐབས་དེར་རྒྱལ་ཡོངས་སུ་ཀྲོའུ་དགུ་རུ་བགོས་ཤིང་། ཧོང་མེ་དབྱང་ཀྲོའུ་རུ་གཏོགས།
ཀྲོའུ་ཤར་མ་དང་ཁྲུན་ཆིའུ་ཡི་དུས་འགོར་ཁྲུའུ་ཡི་ཁོངས་སུ་གཏོགས།
ཀྲན་གོའི་དུས་སྐབས་སུ་ཡུའེ་དང་ཁྲུའུ་ཡི་ཁོངས་སུ་གཏོགས།
ཆིན་ཧྲི་ཧོང་ཁྲི་ལོ་ཉེར་དྲུག་པར(སྤྱི་ལོའི་སྔོན་གྱི221ལོར)རྒྱལ་ཡོངས་ཅུན་སོ་དྲུག་ཏུ་བགོས་ཤིང་། ཅིའུ་ཅང་ཅུན་གྱི་ཁོངས་སུ་གཏོགས།
ཧན་ཀའོ་ཙུའུ་ཁྲི་ལོ་དང་པོར(སྤྱི་ལོའི་སྔོན་གྱི206ལོར)ཞང་ཡུས་ཀྱིས་དབྱིན་པུའུ་ཅིའུ་ཅང་རྒྱལ་པོར་བསྐོས་ཤིང་། ཏུའུ་ལིའུ་ཨན(ད་ལྟའི་ཨན་ཧུའེ་ཡི་ལིའུ་ཨན)ཁྲུའུ་ནུབ་མའི་ཅིའུ་ཅང་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས། ཁྲི་ལོ་བཞི་པར(སྤྱི་ལོའི་སྔོན་གྱི203ལོའི་ཟླ7པར)ཀའོ་ཙུའུ་ཡིས་དབྱིན་པུའུ་ཧོའེ་ནན་རྒྱལ་པོ་ལ་བསྐོས་ཤིང་། ཧན་ཧོའེ་ནན་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས།
ཧན་རྒྱལ་རབས་ཀྱི་དུས་འགོར་ཞུན་དབྱང་ཟེར། གོང་མ་ཧན་ཝུན་ཏི་ཁྲི་ལོ་བཅུ་དྲུག་པར(སྤྱི་ལོའི་སྔོན་གྱི164ལོར)ལུའུ་ཅང་གི་རྒྱལ་ཁབ་ཏུ་བགོས་པ་དང་། ལི་ཝང་གི་བུ་ཆེ་བ་དབྱང་ཀྲོའུ་ཧོའུ་ཡིས་ལུའུ་ཅང་གི་རྒྱལ་པོ་བྱས་པ་དང་། རྫོང་གི་མངའ་ཁོངས་བཅུ་གཉིས་བཟུང་ཞིང་། ཞུན་དབྱང་ནི་དེའི་གྲས་གཅིག་ཡིན། རྫོང་སྐྱོང་ནི་ད་ལྟའི་ཚའེ་ཧྲན་ཉེ་འདབས་ཀྱི་ཀུའུ་ཁྲེང་གྲོང་ཚོར་ཡོད།
ཆིན་རྒྱལ་རབས་ཀྱི་དུས་འགོར། (སྤྱི་ལོ1644ལོར)ཧུའུ་ཀོང་པུའུ་ཀྲེང་སི་ཧན་ཧོང་ཏེ་ཏའོ་ཧོང་ཀྲོའུ་ཧྥུ་ཡི་ཁོངས་སུ་གཏོགས། ཁང་ཞི་ཁྲི་ལོ་གསུམ་པར(སྤྱི་ལོ1664ལོར)ཧུའུ་པེ་པུའུ་ཀྲེང་སི་རུ་བགོས། ཧོང་མེ་ནི་ཧོང་ཀྲོའུ་ཧྥུ་ཡི་ཁོངས་སུ་གཏོགས།
མིན་གོའི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ཧོང་ཀྲོའུ་ཧྥུ་མེད་པར་བཏང་། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་ཧོང་ཏེ་ཏའོ་ལ་ཐད་ཀར་གཏོགས། རྗེས་སུ་ཧུའུ་པེའི་ཏུང་ཏའོ་ལ་བསྒྱུར། མིན་གོའི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)ཧུའུ་པེའི་ཏུང་ཏའོ་དེ་ཅང་ཧན་ཏའོ་རུ་བསྒྱུར། མིན་གོའི་སྲིད་ལོ་བཅོ་བརྒྱད་པར(སྤྱི་ལོ1929ལོར)ཅང་ཧན་ཏའོ་མེད་པར་བཟོས་ནས་ཧུའུ་པེ་ཞིང་ཆེན་གྱི་ཁོངས་སུ་གཏོགས། མིན་གོའི་སྲིད་ལོ་ཉེར་གཅིག་པར(སྤྱི་ལོ1932ལོར)ཧུའུ་པེ་ཞིང་ཆེན་དུ་སྲིད་འཛིན་ལྟ་ཞིབ་ཁུལ11བཙུགས་པ་དང་། མིན་གོའི་སྲིད་ལོ་ཉེར་ལྔ་པའི(སྤྱི་ལོ1936ལོ)སྲིད་འཛིན་ལྟ་ཞིབ་ཁུལ་གསུམ་པ་དང་བཞི་པའི་སྲིད་འཛིན་ལྟ་ཞིབ་ཁུལ་དེ་སྲིད་འཛིན་ལྟ་ཞིབ་ཁུལ་གསུམ་པར་ཟླ་སྒྲིལ་བཏང་བ་དང་ཧོང་མེ་དེའི་ཁོངས་སུ་གཏོགས་པ་རེད།
མིན་གོའི་སྲིད་ལོ་སུམ་ཅུ་སོ་བརྒྱད་པར(སྤྱི་ལོ1949)ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་དེ་ཀྲུང་ཡོན་ས་ཁུལ་བཙུགས་པ་དང་། ཟླ6པར་ཀྲུང་ཡོན་ས་ཁུལ་ཕྱིར་འཐེན་བྱས་ནས་དབུས་ལྷོ་ས་ཁུལ་བཙུགས་པ་དང་། ཧུའུ་པེ་ཞིང་ཆེན་དེའི་ཁོངས་ཡིན་པ་དང་། ཧོང་མེ་རྫོང་ནི་ཧུའུ་པེ་ཞིང་ཆེན་ཧོང་ཀང་ས་ཁུལ་གྱི་ཁོངས་སུ་གཏོགས།
སྤྱི་ལོ1950ལོའི་ཟླ6པའི་ཚེས5ཉིན། ཧོང་ཀང་ཀྲོན་ཡོན་ཧྲུའུ་བརྒྱུད་ནས་ཚའེ་ཧྲན་ཆུས་ཀྱི་ཁོངས་གཏོགས་ཞིན་ཀྲོའུ་ཡི་ཆ་ཤས་ཤིག་ཀོང་ཅི་རྫོང་དུ་བགོས།
སྤྱི་ལོ1954ལོར་དབུས་ལྷོ་ས་ཁུལ་མེད་པར་བཟོས་པ་དང་། ཧོང་མེ་ཁོངས་གཏོགས་ཞིང་ཆེན་ལ་འགྱུར་ལྡོག་བྱུང་མེད།
སྤྱི་ལོ2018ལོའི་བར་ཧོང་མེ་རྫོང་ཁོངས་སུ་གྲོང་རྡལ12དང་ཤང4ཡོད་པ་སྟེ། ཧོང་མེ་གྲོང་རྡལ། ཁུང་ལུང་གྲོང་རྡལ། ཞའོ་ཁྲི་གྲོང་རྡལ། ཞ་ཞིན་གྲོང་རྡལ། ཏ་ཧོ་གྲོང་རྡལ། ཐིན་ཆན་གྲོང་རྡལ། ཝུའུ་ཙུའུ་གྲོང་རྡལ། ཁྲུའུ་ཀང་གྲོང་རྡལ། ཚའེ་ཧྲན་གྲོང་རྡལ། ཞིན་ཁའེ་གྲོང་རྡལ། ཏུའུ་ཧྲན་གྲོང་རྡལ། ཧྥུན་ལུའུ་གྲོང་རྡལ། ལིའུ་ལིན་ཤང་། སུང་མུའུ་ཤང་། ཁུའུ་ཀྲུའུ་ཤང་། ལིའུ་ཙུའོ་ཤང་བཅས་ཡིན། ཧོང་མེ་རྫོང་མི་དམངས་སྲིད་གཞུང་ཧོང་མེ་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།
ཧོང་མེ་རྫོང་ནི་ཧུའུ་པེ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་རི་བོ་ཏ་པིའེ་ཧྲན་གྱི་ལྷོ་མཐའ་རུ་གནས་པ་དང་། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་འབྲེལ་མཚམས་ཀྱི་བྱང་ངོགས་དང་། ཧུའུ་པེ། ཅང་ཞི། ཨན་ཧུའེ་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་ཆགས་ཡོད། ཤར་ངོས་ཨན་ཧུའེ་ཞིང་ཆེན་སུའུ་སུང་རྫོང་དང་ས་མཚམས་འབྲེལ་བ་དང་། ནུབ་ངོས་ཧུའུ་པེ་ཞིང་ཆེན་ཝུའུ་ཡན་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། ལྷོ་ངོས་ཅང་ཤིས་ཞིང་ཆེན་ཅིའུ་ཅང་གྲོང་ཁྱེར་དང་ཕན་ཚུན་ཁ་གཏད་ཡིན་པ་དང་། བྱང་ངོས་ཧུའུ་པེ་ཞིང་ཆེན་གྱི་ཆི་ཁྲུན་རྫོང་དང་འབྲེལ་ཡོད། ཤར་གྱི་གཞུང་ཐིག་ཏུའུ115དང་སྐར་མ43ནས་ཏུའུ116དང་སྐར་མ07བར་དང་། བྱང་གི་འཕྲེད་ཐིག་ཏུའུ29དང་སྐར་མ43ནས་ཏུའུ30དང་སྐར་མ18བར་དུ་གནས། ཤར་ནུབ་ཀྱི་ཞེང་ཚད་ལ་སྟོང་སྨི37དང་། ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི61ཡོད། རྫོང་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི1701ཡོད།
ཧོང་མེ་རྫོང་གི་ས་བབ་བྱང་མཐོ་ལ་ལྷོ་དམའ་ཞིང་། རིམ་པ་གསུམ་པའི་སྐས་དབྱིབས་ཀྱི་རྣམ་པ་ཡིན། བྱང་རྒྱུད་རི་ཁུལ་ནི་རི་བོ་ཏ་པིའེ་ཧྲན་གྱི་རི་རྒྱུད་ཡིན་པ་དང་། དབུས་རྒྱུད་ནི་དེའུ་འབུར་དང་རྣང་སྒང་བདེ་ཐང་ཡིན་ལ། དབུས་ལྷོ་རྒྱུད་ནི་མཚེའུ་ཡིན་པ་དང་། ལྷོ་རྒྱུད་ནི་པིན་ཧུའུ་མཚེའུ་ཡི་དིམ་བསགས་བདེ་ཐང་དང་གཙང་རྒྱུད་ཀྱི་ཆུ་བསགས་བདེ་ཐང་ཡིན། བདེ་ཐང་དང་མཚེའུ་ཡིས་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི78%ཟིན་ཡོད།
ཧོང་མེ་རྫོང་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་ཡིན་པ་དང་། ལོ་ཧྲིལ་པོའི་གནམ་གཤིས་དྲོ་པོ་ཡོད་ལ། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི1270ཡིན་པ་དང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད16.8℃ཡིན། རྒྱལ་ནང་གི་གནམ་གཤིས་ལ་བར་བརྒལ་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་ཡོད་དེ། གཙོ་བོ་དུས་རླུང་མངོན་གསལ་ཡིན་པ་དང་། གནམ་གཤིས་དྲོ་བ་དང་། ཆར་ཆུ་འོས་འཚམ་འབབ་པ། ཉི་འོད་ཕོག་ཚད་འདང་བ། སད་མེད་དུས་རིང་བ། དུས་བཞིའི་དབྱེ་བ་གསལ་བ། དཔྱིད་དྲོད་འགྱུར་ཆེ་བ། དབྱར་དུས་ཆར་བ་གཅིག་སྡུད་ཡིན་པ། སྟོན་དུས་རླུང་བསིལ་བ། དགུན་དུས་རིང་ཞིང་སྐམ་པ། གནམ་གཤིས་ཀྱི་བར་བརྒལ་རང་བཞིན་གྱིས་གྲང་ཞིང་དྲོ་བའི་རླུང་ཚོམ་གྱི་གདོང་གཏུག་མང་བ་དང་། གནམ་གཤིས་འགྱུར་ལྡོག་ཆེ་བ། ལོ་བར་དུ་ཆར་ཆུ་འབབ་པར་འགྱུར་ལྡོག་ཆེ་བ། ཐན་པ་དང་ཞོད་སྐྱོན། རླུང་། སད་པ། འཁྱགས་པ། སེར་བ་སོགས་གནམ་གཤིས་ཀྱི་གནོད་འཚེ་སྣ་ཚོགས་འབྱུང་བ་ཡིན།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧོང་མེ་རྫོང་གི་ལོ་མཇུག་ཏུ་ཁྱོན་དུད་ཚང321129དང་ལོ་མཇུག་ཏུ་སྤྱིའི་མི་འབོར993668ཡོད་པའི་ནང་སྐྱེས་པ527744དང་བུད་མེད465924ཡོད་པ་རེད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར13321ཡོད་པ་དང་། མི་འབོར་སྐྱེ་ཚད་སྟོང་ཆའི13.17ཡིན། མི་འབོར6455ཤི་བ་དང་། མི་འབོར་ཤི་ཚད་སྟོང་ཆའི6.38ཡིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི6.79%ཡིན།
སྤྱི་ལོ2018ལོར་ཧོང་མེ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར213ཡིན་པ་དང་ལོ་གོང་མ་ལས6.8%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་བརྒྱ་ཆའི11.6འཕར། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆའི7.3འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར154.7ཡིན་པ་དང་ལོ་གོང་མ་ལས11%འཕར། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་ཁྲི8989ཡིན་པ་དང་ལོ་གོང་མ་ལས30.2%འཕར། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར10.2ཡིན་པ་དང་ལོ་གོང་མ་ལས8.8%འཕར། གྲོང་ཁྱེར་དང་གྲོང་རྡལ་དང་། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར29307དང་སྒོར14789ཡིན་པ་དང་ལོ་གོང་མ་ལས་སོ་སོར7.9%དང9.6%འཕར་ཡོད།
སྤྱི་ལོ2017ལོར་ཧོང་མེ་རྫོང་གི་ལོ་ཧྲིལ་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར206.45ཡིན་པ་དང་སྒོར་དུང་ཕྱུར200ལས་ཐོག་མར་བརྒལ་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས7.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར53.36ཡིན་པ་དང་དུས་མཚུངས་ལས4.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར83.18ཡིན་པ་དང་དུས་མཚུངས་ལས8.6%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར69.91ཡིན་པ་དང་དུས་མཚུངས་ལས8.5%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་གྱི་བསྡུར་ཚད་དེ་སྤྱི་ལོ2016ལོའི26.8:40.2:33ནས25.9:40.3:33.8བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར23746ཡོད། སྤྱི་ལོ2017ལོར་ཧོང་མེ་རྫོང་གི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར240.18བཏང་བ་དེ་སྤྱི་ལོ2016ལོ་ལས14.1%འཕར་ཡོད། དེའི་ནང་གཞུང་ཁོངས་མ་འཇོག་སྒོར་དུང་ཕྱུར48.21དང་། ཐུན་མོང་གིས་མ་དངུལ་སྒོར་དུང་ཕྱུར17.26བཏང་། སྒེར་གྱིས་མ་དངུལ་སྒོར་དུང་ཕྱུར174.71བཏང་བ་དང་། ས་ཁང་བདག་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར34.03བཏང་ནས་དུས་མཚུངས་ལས18.5%འཕར་ཡོད། སྤྱི་ལོ2017ལོར་ཧོང་མེ་རྫོང་གིས་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར33.50ལེགས་སྒྲུབ་བྱས་པ་དེ་སྤྱི་ལོ2016ལོ་ལས9.1%འཕར་ཡོད། དེའི་ནང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར11.45ཡིན་པ་དེ་དུས་མཚུངས་ལས13.6%འཕར་ཡོད། ཁྲལ་འབབ་ཁག་གི་བསྡོམས་འབོར་སྒོར་དུང་ཕྱུར11.71ཡིན་པ་དང་དུས་མཚུངས་ལས16.8%འཕར་ཡོད། སྤྱི་ལོ2017ལོར་ཧོང་མེ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར27169ཡིན་པ་དང་ལོ་གོང་མ་ལས8.5%འཕར་བ་དང་། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར13496ཡིན་པ་དང་ལོ་གོང་མ་ལས9.1%འཕར་ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧོང་མེ་རྫོང་དུ་རིགས་ཁག་གི་འཕྲོད་བསྟེན་སྒྲིག་གཞི567ཡོད་པ་དང་། འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི4200ཡོད། སྨན་ཁང་དང་འཕྲོད་བསྟེན་ཁང་གི་ལག་རྩལ་མི་སྣ3081ཡོད་པ་བཅས་ཀྱི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ1736དང་ཐོ་འགོད་བྱས་པའི་སྨན་གཡོག1691ཡོད་པ་རེད། སློབ་གསོ། སྤྱི་ལོ2017ལོའི་ལོ་མཇུག་བར་ཧོང་མེ་རྫོང་དུ་སློབ་འབྲིང་དཀྱུས་མ31དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ43062དང་ཆེད་བསྐོས་དགེ་རྒན3324ཡོད། སློབ་ཆུང77ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ62076དང་ཆེད་བསྐོས་དགེ་རྒན2841ཡོད། ལས་རིགས་མཐོ་རིམ་སློབ་འབྲིང2དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ5454དང་ཆེད་བསྐོས་དགེ་རྒན267ཡོད་པ་རེད། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%དང་ལོ་དགུའི་འོས་འགན་སློབ་གསོ་ལེགས་གྲུབ་བྱུང་ཚད100%ཟིན་ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧོང་མེ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི64516དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི27429 གྲོང་གསེབ་ཀྱི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི446022 གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི678575བཅས་ཡོད་པ་རེད།
སྤྱི་ལོ2018ལོའི་ཟླ12པའི་ཚེས11ཉིན་ཀྲུང་གོའི་ས་མིང་རིག་གནས་ཤུལ་བཞག་སྲུང་སྐྱོང་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་སྤྱི་ལོ2018ལོའི“ལོ་ངོ་སྟོང་གི་གནའ་བོའི་རྫོང”གི་རིགས་གཅིག་མཁས་ཅན་གྱི་ངོས་འཛིན་དཔྱད་ཞིབ་ཚོགས་འདུའི་ཐོག་གསལ་འབྱེད་ཐེངས་དང་པོ་བྱས་པ་བརྒྱུད། ཧོང་མེ་རྫོང་ནི་ཀྲུང་གོའི་ས་མིང་རིག་གནས་ཤུལ་བཞག་གི“ལོ་ངོ་སྟོང་གི་གནའ་བོའི་རྫོང”ཡིན་པའི་གཏན་འཁེལ་བྱས་པ་རེད།
སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་ཧོང་མེ་རྫོང་ལ་རིག་གནས་དང་ཡུལ་སྐོར་པུའུ་ཡིས་སྤྱི་ལོ2018ལོ་ནས་སྤྱི་ལོ2020ལོའི་ལོ་འཁོར་གྱི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་མིང་བཏགས་ཡོད།