ལུང་ཧའེ་རྫོང་ནི་ཤར་གྱི་གཞུང་ཐིག110°38′~110°15′བར་དང་། བྱང་གི་འཕྲེད་ཐིག27°′~27°40′བར་དུ་གནས་ཡོད། དེ་ནི་ཧུའུ་ནན་ཞིང་ཆེན་དབུས་རྒྱུད་ཀྱི་ཅུང་ལྷོ་ནུབ་ཕྱོགས་སུ་གནས་པ་དང་། ཙི་ཧྲུའེ་ཆུ་བོའི་སྟོད་རྒྱུད་ཀྱི་བྱང་ངོགས་སུ་གནས་ཡོད། ཤར་ནས་ཞིན་ཧྲའོ་རྫོང་དང་། ལྷོ་ནས་ཧྲའོ་དབྱང་རྫོང་དང་ཝུའུ་ཀང་རྫོང་། ནུབ་ནས་ཏུང་ཁོའུ་རྫོང་། བྱང་མཚམས་ཞུས་ཕུའུ་དང་། ཞིན་ཧྭ་རྫོང་བཅས་སུ་སླེབས། ཤར་ནུབ་ཀྱི་ཞེང་ཚད་ལ་སྟོང་སྨི61.4དང་ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི74.6ཡོད། རྫོང་གྲོང་ཞིང་ཆེན་ཁྲང་ཧྲ་དང་བར་ཐག་སྤྱི་ལེ283དང་། ཧྲའོ་དབྱང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ56ཡོད།
རྫོང་ཁོངས་ནི་ཚ་ཁུལ་བར་མའི་དུས་རླུང་བརླན་གཤེར་ཅན་གྱི་ནམ་ཟླ་ཡིན་པ་དང་། གནམ་གཤིས་དྲོ་བ་དང་། དུས་བཞི་གསལ་བ། ཆར་ཆུ་འབབ་ཚད་འདུས་པ། མདུན་རློན་རྗེས་སྐམ། ལྷོ་བྱང་བར་གྱི་ཁྱད་པར་ཅུང་ཆེ། ལོ་རེའི་ཆ་སྙོམས་དྲོད་ཚད11~17℃ཡིན། ལོ་རེའི་ཆ་སྙོམས་ཀྱི་སད་མེད་དུས་ཀྱི་ཉིན281.2ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི1427.5ཟིན་ཡོད།
སྤྱི་ལོ2019ལོའི་ཟླ་དང་པོའི་བར། ལུང་ཧུའེ་རྫོང་ཁོངས་གཏོགས་སུ་ཁྲོམ་གཞུང2དང་། གྲོང་རྡལ18ཤང5བཅས་ཡོད།
སྤྱི་ལོ2010ལོའི་ལོ་མཇུག་ཏུ་སླེབས་སྐབས། ལུང་ཧུའེ་རྫོང་གི་མི་འབོར་བསྡོམས་འབོར་ཁྲི115.4ཡོད་པ་དང་། སྐྱེ་ཚད་ལོ་རེར་ཆ་སྙོམས་སྟོང་ཆའི14ཡི་ནང་ཚུན་དང་། རང་བྱུང་འཕར་ཚད་སྟོང་ཆའི6.6ནང་ཚུན་ཡིན་པ་རེད། སྤྱི་ལོ2011ལོར་མི་གྲངས་བསྡོམས་འབོར་ཁྲི120ཡོད་པ་དང་། རྒྱ་རིགས་དང་། ཡའོ་རིགས། ཧུའེ་རིགས་སོགས་མི་རིགས24ཡི་ཁྱབ་ཚུལ་ཡོད།
བཅིངས་འགྲོལ་མ་བཏང་སྔོན་རྫོང་ཡོངས་ལ་ཧྲའོ་ཨན་གཞུང་ལམ་གྱི་ས་མཚམས་བརྒལ་བ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ47ཡོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་ཧ་ཅང་སྟབས་བདེ་མོ་མེད། དུས་རབས21པར་སླེབས་སྐབས་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་ཡོད། ཧྲང་ཧའེ་ནས་སུའེ་ཙེར་བར་གྱི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་རིམ་པའི་གཞུང་ལམ320དང་། S312 S219ཐན་ནས་ཧྲའོ་བར་གྱི་མྱུར་བགྲོད་གཞུང་ལམ་བཅས་ས་ཁོངས་ཡོངས་སུ་ཁྱབ་ཡོད།
སྤྱི་ལོ2013ལོར་ལུང་ཧུའེ་རྫོང་གིས་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི105.2ཡོད་པ་དང་སྤྱིའི་ཐོན་ཚད་ཏུན་ཁྲི42.63ཟིན་ནས་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ཀྱི་སྔོན་ཐོན་རྫོང་དུ་བདམས་ནས་རྒྱལ་ཡོངས་ཀྱི་འབྲུ་རིགས་འཁོར་རྒྱུག་གི་ལྟ་སྐུལ་ཞིབ་བཤེར་དཔེ་སྟོན་ཚན་པ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་རེད། ཡོན་ཧྲི་ཡོན་ལུང་ཕིང་གིས་རིམ་འདས་ཆུ་འབྲས་ཐོན་མཐོའི་འགག་སྒྲོལ་ལས་དོན་མུ་མཐུད་སྤེལ་ནས་མུའུ་བརྒྱའི་ཚོད་ལྟའི་ཁུལ་གྱི་མུའུ་རེའི་ཐོན་ཚད་སྤྱི་རྒྱ988.1ཟིན་ཏེ་སླར་ཡང་འཛམ་གླིང་གི་ཟིན་ཐོ་བཏོད་ཡོད། “3·26”གསེར་དངུལ་མེ་ཏོག་གི་གླེང་ཚུལ་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། གསེར་དངུལ་མེ་ཏོག་ཐོན་ལས་གཅིག་སྡུད་བཅོས་སྒྲིག་བྱས། གསེར་དངུལ་མེ་ཏོག་གི་སྨན་གཞུང་པར་གཞི་བཟོ་བཅོས་དང་སྨན་ཐོ་ཐོ་འགོད་སྙན་སེང་ལས་དོན་བརྟན་པོའི་ངང་སྤེལ། རྒྱལ་ཁབ་སྨན་རྫས་ཚོགས་པ་དང་མཉམ་ལས་བྱ་རྒྱུར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། གསེར་དངུལ་གྱི་མེ་ཏོག་གི་སྤུས་ཀ་ལེགས་བཅོས་རྒྱ་ཁྱོན་ལ་མུའུ་ཁྲི1.5ལག་བསྟར་བྱས་པ་དང་། སྤྱི་གནོད་མེད་པའི་ལས་སྣོན་འཕྲུལ་ཆས513ཁྱབ་གདལ་བཏང་ཡོད། དུ་ལོ་ཏན་ཁྲི6.8ཉོ་སྒྲུབ་བྱས་པ་རེད། ལུང་ཡ་མུའུ་ཁྲི1ལས་བརྒལ་བ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར5ལས་བརྒལ་ཡོད། ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྒོར་ཁྲི907དོན་འཁྱོལ་བྱས་ནས་ཞིང་འཕྲུལ་ཡོ་བྱད4023ལ་ཁ་གསབ་བྱས་པ་རེད། ཞིང་ཆེན་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས1དང་གྲོང་ཁྱེར་རིམ་པའི་ཁེ་ལས8མང་དུ་ཕྱིན་པ་དང་ཐེན་ལུང་ཞོག་དམར་ལ་རྒྱལ་ཁབ་ཀྱི་སྐྱེ་ལྡན་བཟའ་བཅའི་ཁས་ལེན་ཐོབ་ཡོད། རྫབ་རླངས་རྫིང་བུ906གསར་སྐྲུན་བྱས་པ་དང་། ཉི་ནུས་ཆུ་སྲོ་ཆས1150དང་། ཞིང་ཆེན་གཉིས་ཀྱི་ཐབ་ཀ1100ཁྱབ་གདལ་བཏང་ཡོད། མིརH7N9ཆམ་རིམས་འགོས་ཚུལ་སྔོན་འགོག་ཚོད་འཛིན་ལེགས་གྲུབ་བྱུང་། ནགས་བཟོ་མུའུ་ཁྲི3.8དང་། ནན་སྨྱུག་མུའུ་ཁྲི2རི་རྒྱ་ནགས་གསོ་མུའུ་ཁྲི4བཅས་ལེགས་འགྲུབ་བྱུང་ནས་ལྗང་མདོག་བགྲོད་ལམ་སྤྱི་ལེ30བཏོད།
སྤྱི་ལོ2013ལོར་ལུང་ཧུའེ་རྫོང་དུ་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར31.5དང་མཛོད་འཇུག་ཁྲལ་དངུལ་སྒོར་དུང་ཕྱུར1.5ཟིན་ནས13.3%དང33.9%སོ་སོར་འཕར་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས14གསར་དུ་འཕར་བ་དང་བསྡོམས་འབོར95ཟིན་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཁེ་ལས་འབྲིང་ཆུང་གི་སྔོན་ཐོན་རྫོང་དུ་བདམས་ཡོད། ལྷོ་ཕྱོགས་ཀྱི་ཨར་འདམ་དང་ཤང་ཧྥུང་ཐེ་ཡི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3ལྷག་ཙམ་ཟིན་པ་དང་། ཤིན་ཨང་ལྷམ་ལས་རིགས་དང་ཞང་སྦྲང་དཀར་ཆུའི་ལས་རིགས་ཀྱི་ཐོན་འབབ་བརྟན་ལ་ཐོན་འབབ་ཆེན་པོ་ཡོད། འབྱུང་ཁུངས་སྐྱེ་དངོས་ལ་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ལ་ཆོག་མཆན་ཐོབ། ཁའེ་ཏན་ལྷམ་ལས་རིགས་བསྐྲུན་ནས་གློག་གཏོང་འགོ་ཚུགས། ཡོན་མུའུ་ཧྲན་ཆུ་ཤུགས་གློག་ཁང་འཁོར་སྐྱོད་བྱས་ནས་གློག་གཏོང་འགོ་ཚུགས། པའོ་ལན་གྱི་དུས་ཐེངས་དང་པོའི་རླུང་གློག་ར་བས་གློག་གཏོང་ཚོད་ལྟ་བྱེད་ཉེར་ཡོད། ཀྲུང་ཀྲོའུ་གློག་ཁང་བཟོ་ཁང་གིས་ལས་གྲྭའི་འབོར་ཚད90%ལེགས་སྒྲུབ་བྱས། རི་བརྒྱའི་ཤིང་ལས་དང་ཝང་ཡུན་ཧྲན་རླུང་གློག་ར་འཛུགས་སྐྲུན་བདེ་བླག་བྱུང་ཡོད་པ་རེད། རྫོང་བཟོ་ལས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ས་ཞིང་མུའུ2400གསར་དུ་བསྡུས་པ་དང་ཚོང་འགུགས་ཁེ་ལས8ཡོད་པ་དེ་དག་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆུང་འབྲིང་གི་ཡིད་རྟོན་མ་ལག་འཛུགས་སྐྲུན་དཔེ་སྟོན་གླིང་ཁུལ་དུ་བདམས་པ་རེད།
སྤྱི་ལོ2013ལོར་ལུང་ཧུའེ་རྫོང་གིས་ཞིང་ཆེན་རིམ་པའི་ཡུལ་སྐོར་སྟོབས་ཆེའི་རྫོང་གྲུབ་འབྲས་ཐོབ་པའི་ངང་བཏོད་ཅིང་། ཧྭ་ཡའོ་མཛེས་ལྗོངས་ཁུལ་ཡུལ་སྐོར་སྣེ་ལེན་ལྟེ་གནས་ཀྱི་ཐེངས་དང་པོའི་ལས་གྲྭའི་གཙོ་གཟུགས་ལས་མཇུག་འགྲིལ་བ་དང་ཝུའེ་ཡོན་གྱི་བཞུགས་གནས་རྙིང་པའི་ཡུལ་སྐོར་སྣེ་ལེན་ལྟེ་གནས་ཞིབ་བཤེར་རྩིས་ལེན་བྱས་པ་རེད། མཛའ་མཐུན་རྒྱལ་སྤྱིའི་ཨར་ཁང་ཆེ་མོས་ལས་གྲྭ་གཙོ་བོ་ལེགས་སྒྲུབ་བྱས། གྲམ་ཐང་དང་སི་ཡི་སྒོ་འགྲམ་དུ་ཞིང་ཆེན་ཡོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ་ལ་བདམས་པ་དང་། ཁྲུང་མུའུ་ཆི་གྲོང་ཚོ་ཁག་དང་པོའི་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་དང་ཞིང་ཆེན་ཡོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཚོར་གྲགས་ཅན་བདམས་པ་རེད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར32ཟིན་ནས13.61%འཕར་ཡོད། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི1296ཟིན་ནས257%འཕར་བ་དང་འཕར་ཚད་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས།
སྤྱི་ལོ1978ལོ་ནས་སྤྱི་ལོ2005ལོ་བར་རྫོང་ཡོངས་ལ་གྲོང་ཁྱེར་ཡན་གྱི་ཚན་ཞིབ་གྲུབ་འབྲས་བྱ་དགའ120ལྷག་ཙམ་ཐོབ་པའི་ནང་རྣམ་གྲངས་ཁག་གཅིག་གིས་ཞིང་ཆེན་ནང་ཁུལ་གྱི་སྟོང་ཆ་བསྐངས་པ་དང་། རྒྱལ་ཁབ་ཀྱི་ཆེད་ཁེ119ཐོབ། ཞིང་ཆེན་ཡན་གྱི་དུས་དེབ་ཐོག་རིག་གཞུང་དཔྱད་རྩོམ777སྤེལ་ཡོད། སྤྱི་ལོ1998ལོར་རྒྱལ་ཁབ་ཚན་རྩལ་ཨུ་ཡོན་ལྷན་ཁང་གིས་ལུང་ཧུའེ་རྒྱལ་ཡོངས་ཚན་རྩལ་ལས་དོན་གྱི་སྔོན་ཐོན་རྫོང་ལ་སྤྲད་པ་རེད། སྤྱི་ལོ2013ལོར་ལུང་ཧུའེ་རྫོང་གིས་ཁེ་བེད་བདག་ཐོབ་རེ་ཞུའི་གྱོད་གཞི153ལེགས་སྒྲུབ་བྱས་པའི་ནང་དབང་ཆ79སྤྲད་པ་དང་རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་གྱི་སྔོན་ཐོན་རྫོང་གི་དཔྱད་ཞིབ་བདེ་བླག་བྱུང་།
སྤྱི་ལོ2007ལོ་ནས་སྤྱི་ལོ2012ལོའི་ལོ་ལྔའི་ནང་སློབ་གྲྭ་ཆུང་འབྲིང་གི་ཁང་པ་ཉེན་ཅན249བསྒྱུར་བཀོད་བྱས་པ་དང་། ཚད་ལོན་ལམ་ལུགས་ཀྱི་སློབ་གྲྭ67འཛུགས་སྐྲུན་བྱས། སྤྱིའི་ཆ་ནས་ཝན་ཧོ་སློབ་གྲྭ་ཉོ་སྒྲུབ་བྱས་ནས་ཅིའུ་ལུང་སློབ་གྲྭ་དུས་བཀག་ལྟར་བསྐྲུན་པས་རྫོང་གྲོང་གི་སློབ་གནས་མི་འདང་བའི་རྣམ་པ་རིམ་བཞིན་ཞི་ལྷོད་དུ་སོང་། རྫོང་ལས་རིགས་འབྲིང་རིམ་ཆེད་ལས་ཀྱིས་རྒྱལ་ཡོངས་ཀྱི་གཙོ་གནད་ལས་རིགས་སློབ་གྲྭ་གྲུབ་འབྲས་ཐོབ་པའི་ངང་བཏོད། མཐོ་རྒྱུགས་ལོ་བསྟུད་མར་རྒྱུག་འབྲས་ལེགས་པ་དང་རྫོང་དེ་ཡོངས་ཀྱི་སློབ་མ3539ཡོད་པའི་ནང་པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་གྱིས་སློབ་མ11བསྡུས་པ་དང་རྒྱལ་ཡོངས་ཀྱི་སྒྱུ་རྩལ་སློབ་གསོ་ལས་དོན་གྱི་སྔོན་ཐོན་རྫོང་དང་ཞིང་ཆེན་ཡོངས་ཀྱིས་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་བའི་སྔོན་ཐོན་རྫོང་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོ་སྟོབས་ཆེའི་རྫོང་གི་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་སྤྲད་པ་རེད། སྤྱི་ལོ2013ལོར་ལུང་ཧུའེ་རྫོང་དུ་ཚད་ལོན་སློབ་གྲྭ24དང་གཞུང་བཙུགས་བུ་བཅོལ་ཁང2བཙུགས་ཡོད། རྫོང་གི་ལས་རིགས་འབྲིང་རིམ་ཆེད་ལས་ཀྱི་སློབ་ཁུལ་གཉིས་པ་སྐྲུན་འགོ་ཚུགས་པ་དང་། རྫོང་གི་དམིགས་བསལ་སློབ་གསོའི་སློབ་གྲྭ་ཁྱོན་ཡོངས་ནས་གནས་སྤོ་བྱས་ཡོད། མཐོ་རྒྱུགས་ཀྱི་དེབ་གཉིས་པ་དང་དེ་ཡན་གྱི་དྲ་ཞུགས་མི་གྲངས1808ཡོད་པ་དང་། ལོ་འདི་གའི་སློབ་མ་དྲ་ཞུགས་བྱེད་ཚད་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས། ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་གྱིས་སློབ་མ3བསྡུས་ཡོད། སློབ་སྐྱོར་ཞལ་འདེབས་ཀྱི་བྱེད་སྒོ་སྤེལ་ནས་མ་དངུལ་སྒོར་ཁྲི1265བསྡུས་པ་དང་ཁག་དང་པོའི་གསར་སྒྱུར་སྒྲོག་ཙེ་ཁྲི5ཡོད།
སྤྱི་ལོ2013ལོར་ལུང་ཧུའེ་རྫོང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་འགུལ་ཚད་ལེགས་སྒྲིག་རླུང་འཕྲིན་དངོས་སུ་གཏོང་འགོ་ཚུགས་པ་རེད། “གྲོང་ཚོ་ཀུན་ཁྱབ”ཀྱི་ལས་གྲྭ6916ལེགས་གྲུབ་བྱུང་བ་དང་། ཞིང་པའི་དཔེ་དེབ་ཁང11བསྐྲུན། གྲོང་གསེབ་ཀྱི་སྤྱི་ཕན་གློག་བརྙན་1658བསྟན་ཡོད། ཞིང་ཆེན་དེ་ཡོངས་ཀྱི་མང་ཚོགས་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་ཆེ་གྲས་ཁྲོད་ལུང་ཧུའེ་རྫོང་ལ་གསེར་གྱི་རྟགས་མ་གཅིག་དང་། དངུལ་གྱི་རྟགས་མ་གཅིག་བཅས་ཐོབ་ནས་ཞིང་ཆེན་དེ་ཡོངས་ཀྱི་བྱ་དགའ་ཐོབ་མང་ཤོས་ཀྱི་རྫོང་དུ་གྱུར་ཡོད།
སྤྱི་ལོ1987ལོ་ནས་སྤྱི་ལོ2005ལོ་བར་ལུང་ཧུའེ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོས་དྲ་བ་རིམ་བཞིན་འཐུས་ཚང་དུ་བཏང་བ་དང་། ཀྲུང་ལུགས་གསོ་རིག་དང་། ཕྱི་ལུགས་གསོ་རིག ཀྲུང་གོ་དང་ནུབ་ཕྱོགས་ཟུང་འབྲེལ་གྱིས་སྟོབས་ཤུགས་གསུམ་མཉམ་དུ་གནས་པ་དང་། རྒྱལ་ཁབ་དང་། ཐུན་མོང་། དམངས་གཉེར་བཅས་སྨན་བཅོས་སྒྲིག་སྲོལ་གསུམ་ཕན་ཚུན་འགྲན་རྩོད་བྱས་ཏེ་རྫོང་ཡོངས་ཀྱི་མི་དམངས་ཀྱི་སྨན་བཅོས་འཕྲོད་བསྟེན་བདེ་སྲུང་ལ་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད། སྤྱི་ལོ2005ལོ་བར་རྫོང་ཡོངས་སུ་ཆེད་ལས་སྨན་བཅོས་སྒྲིག་གཞི34ལྷག་ཙམ་དང་། ཆེད་ལས་ལག་རྩལ་མི་སྣ1779ཙམ། ནད་ཁྲི1123བཅས་ཡོད་པ་རེད། འཆར་ལྡན་བུ་སྐྱེས་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་ལོ10བསྟུད་མར་ཞིང་ཆེན་ཡོངས་ཀྱི་རྫོང་རིགས་དང་པོའི་མཚན་སྙན་རྒྱུན་འཁྱོངས་ཐུབ་ཡོད།
ལུང་ཧུའེ་རྫོང་ལ་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་དཔལ་འབྱོར་ནགས་ཚལ་འཛུགས་སྐྲུན་གྱི་སྔོན་ཐོན་རྫོང”དང་། “ཀྲུང་གོའི་གསེར་དངུལ་གྱི་མེ་ཏོག་གི་ཕ་ཡུལ”“ཧུའུ་ནན་ཞིང་ཆེན་གྱི་ནགས་བཟོ་སྔོ་འགྱུར་གྱི་སྔོན་ཐོན་རྫོང”“ཧུའུ་ནན་ཞིང་ཆེན་གྱི་ནགས་ལས་བཟོ་ལས་ཀྱི་སྔོན་ཐོན་མཉམ་སྡེབ”“རྒྱལ་ཡོངས་ཀྱི་སྔོ་འགྱུར་དཔེ་བཟང་རྫོང”“རྒྱལ་ཡོངས་ཀྱི་རྨོ་བསྐྱུར་ནགས་གསོའི་འདུ་འགོད་དོ་དམ་གྱི་སྔོན་ཐོན་ཚན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། སྤྱི་ལོ2008ལོའི་ཟླ10པའི་ཚེས25ཉིན་པེ་ཅིང་དུ་འཚོགས་པའི“སོའུ་ཧུའུ་ཀྲུང་གོའི་སྤྱི་ལོ2008ལོའི་གྲོང་ཁྱེར་གྱི་མཛད་སྒོ་གཟབ་རྒྱས་གཉེར་བའི”བྱེད་སྒོའི་ཁྲོད་ལུང་ཧུའེ་ལ“སོའུ་ཧུའུ་ཀྲུང་གོའི་སྤྱི་ལོ2008ལོའི་མཛད་སྒོ་གཟབ་རྒྱས་གཉེར་བའི”“མ་འཇོག་ཁོར་ཡུག་གི་གྲོང་ཁྱེར་ཡག་ཤོས”ཀྱི་བྱ་དགའ་ཐོབ་པ་རེད།