ཁྲང་ཐེང་རྫོང་།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-04-27 10:21ལ་འགྲུབ།

ཁྲང་ཐེང་རྫོང་།

ཁྲང་ཐེང་རྫོང་།
ཁྲང་ཐེང་རྫོང(ཐེང་ཀྲོའུ་གཞུང་སྒར)གི་བསྡུས་མིང་ལ“ཐེང”ཟེར་ཞིང་། ཧྥུའུ་ཅན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་དང་། ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི་ཐེང་ཀྲོའུ་གྲོང་ཁྱེར་གྱི་གནས་ཡུལ་དར་དམར་ཐེང་ཅང་གཙང་བོ་བརྒལ་སའི་ས་ཆ་ཡིན་ཅིང་། ཧྥུའུ་ཅན་ཞིང་ཆེན་གྱི་ནུབ་རྒྱུད་དང་། ཝུའུ་དབྱི་རི་རྒྱུད་ཀྱི་ལྷོ་འདབས། ལྷོ་ཀོང་ཏུང་དང་ནུབ་ཅང་ཞི་ལ་འབྲེལ་ཡོད། གནའ་སྔ་མོ་ནས་ཧྥུའུ་ཅན་དང་། ཀོང་ཏུང་། ཅང་ཞི་བཅས་ཞིང་ཆེན་གསུམ་གྱི་མཐའ་མཚམས་ཀྱི་གནད་ཆེ་ས་ཡིན་པས། “ཧྥུའུ་ཅན་ཞིང་ཆེན་གྱི་ནུབ་ཀྱི་སྒོ་ཆེན”ཞེས་སྙན་པའི་གྲགས་པ་རླུང་ལྟར་རྒྱུ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
长汀
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3099
ཕྱི་ཡིག་གི་མིང་།
Tingchow、Tingzhou
མི་གྲངས།
ཁྲི54.5(སྤྱི་ལོ2017ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
རྫོང་།
ནམ་ཟླ།
ཚ་ཁུལ་དཀྱུས་མའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཧྥུའུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཁྱེར།
རླངས་འཁོར་ཚབ་ཨང་།
闽F
སྦྲག་ཨང་།
366300
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
350821
1 ངོ་སྤྲོད།

ཁྲང་ཐེང་ལ་ལོ་རྒྱུས་ནང་ཐེང་ཀྲོའུ་ཟེར་ཞིང་། ཧན་རྒྱལ་རབས་སྐབས་ཀྱི་རྫོང་ཡིན། ཐང་ཁའེ་ཡོན་ཁྲི་ལོ་ཉི་ཤུ་རྩ་བཞི་ལོར་ཐེང་ཀྲོའུ་བཙུགས་པ་ནས་བཟུང་ཧྥུའུ་ཅན་གྱི་ཀྲོའུ་ཆེན་མོ་ལྔ་སྟེ། ཆི་མེན་ས་ཁུལ་དང་། པ་མེན་གཞུང་བཅས་ཀྱི་ཡ་གྱལ་དུ་གྱུར། ཐང་རྒྱལ་རབས་དར་རྒྱས་བྱུང་ཚུན་གྱི་ལོ་ངོ་ཆིག་སྟོང་ལྷག་ཙམ་རིང་ཁྲང་ཐིང་ནི་ཀྲོའུ་དང་། ཅུན། ལམ། ཧྥུའུ་ཀྲི་བཅས་ཀྱི་གནས་ཡུལ་ཡིན་པ་དང་། “ཁི་ཅ་རིག་གནས(མེན་ཞི)སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ”གྱི་ཚན་སློབ་རིག་གནས་ཀྱི་ལྟེ་གནས་ཤིག་ཡིན།

ཁྲང་ཐེང་ལ་ཐེང་ཀྲོའུ་སྲིད་གཞུང་ཡང་ཟེར་ཞིང་། དེ་ནི་ཡུལ་མི་སྤུན་ཟླ་འདུས་སྡོད་བྱེད་སའི་གཞུང་སྐྱོང་གྲོང་ཁྱེར་དང་པོ་དེ་ཡིན་པས“འཛམ་གླིང་གི་ཁེ་ཚང་གི་ལྟེ་གནས”ཞེས་འབོད་ཀྱི་ཡོད། ཁྲང་ཐེང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་འགོད་བཀའ་ལན་གནང་བའི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར(སྤྱི་ལོ1994ལོ)དང་། ཀྲུང་གོའི་གཡོས་སྦྱོར་མཐུན་ཚོགས་ཀྱིས་ཐོག་མར་ཁྱབ་བསྒྲགས་བྱས་པའི་ཀྲུང་གོའི་ཁེ་ཅ་ཚལ་གྱི་ཕ་ཡུལ(སྤྱི་ལོ2004ལོ)སྟེ“ཕུའུ་ཅན་གྱི་ཞིམ་ཟས་གྲགས་ཅན་གྲོང་ཁྱེར”དང་། “དམར་དམག་གི་ཕ་ཡུལ”“གསར་བརྗེའི་ཧྲང་ཧའེ་ཆུང་ངུ”བཅས་ཀྱི་མཚན་སྙན་གསོལ་ཡོད་པ་རེད་ལ།  ས་འདིའི་མི་རབས་ནས་མི་རབས་བར་མཚན་སྙན་འདི་ལོངས་སུ་སྤྱད་ནས་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་ཡོད།

ཁྲང་ཐེང་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་དང་རང་བྱུང་མཛེས་ལྗོངས་གཞི་གཅིག་ཏུ་འདྲེས་པར་བརྟེན“ཀྲུང་གོའི་རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་གལ་ཆེན་བཅུའི”ལུའུ་དབྱི་ཨའེ་ལི་ཡིས“ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་གྲོང་ཁྱེར”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།

སྤྱི་ལོ2012ལོར“ཀྲུང་གོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན་ཆེ་ཤོས་ལྡན་པའི་གནའ་གྲོང་བཅུའི”མཚན་སྙན་ཐོབ་ཡོད།

སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་ཀྱི་ཆུའི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ཚོད་ལྟའི་གྲོང་ཁྱེར་ཁག་དང་པོར་གྱུར་ཡོད།

སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོའི་ནང་བཅུག་པ་རེད།

སྤྱི་ལོ2019ལོའི་ལོ་འཁོར་གྱི་ཧྥུའུ་ཅན་ཞིང་ཆེན་གྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི“ཕུལ་བྱུང་འན་བཅུ”འི་རྫོང(གྲོང་ཁྱེར)ལ་བདམས་ཐོན་བྱུང་།

2 ལོ་རྒྱུས་ཀྱི་འཕེལ་རིམ།

རྒྱལ་ཁབ་དབུ་བརྙེས་པའི་རྗེས་སུ། སྤྱི་ལོ1951ལོའི་ཟླ4པར། སི་པའོ་ཆུས་དང་ལའོ་ཧྥང་ནི་ལན་ཁྲེང་རྫོང་དུ་གཏོགས་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ144.6ཡོད། སྤྱི་ལོ1956ལོའི་ཟླ3པར། ཞོན་ཧོ་ཁུལ་ལན་ཁྲེང་རྫོང་དུ་གཏོགས་པ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ100.42ཡོད། སྤྱི་ལོ1958ལོའི་ཟླ1པོར་སན་ཕིང་དབྱེ་ནས་ཧྲང་ཧང་དང་ལན་ཁྲེང་རྫོང་ལ་གཏོགས་པ་དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ15དང་ལྷོ་བྱང་གི་བར་ཐག་སྤྱི་ལེ47.5ཡོད། ད་ལྟ་རྫོང་ཁོངས་ཤར་རྒྱུད་ཐུང་ཧྥང་ཞང་གི་པེ་ཧྲ་ལིན་དང་། ནན་ཧྲན་ཞང་གི་སུང་མའོ་ལིན། མ་ཏང་ཧྲན། ཀོན་དབྱིན་ཧྲི་བཅས་དང་ལེན་ཁྲེང་རྫོང་གི་འབྲེལ་མཚམས་སུ་ཡོད། ནུབ་རྒྱུད་ཀྱི་མེ་ཙི་ལིན་དང་ཅང་ཞི་ཞིང་ཆེན་གྱི་རུའེ་ཅིན་རྫོང་གི་འབྲེལ་མཚམས་སུ་ཡོད། ལྷོ་རྒྱུད་ཀྱི་ཤོན་ཁྲེང་ཤང་ལུང་རི་རྩེ་དང་ཧྲང་ཧང་རྫོང་གི་འབྲེལ་མཚམས་སུ་ཡོད། བྱང་ཕྱོགས་ཀྱི་ཅེ་ཅེ་ཡུལ་ཚོའི་ཏ་ཚི་ཧྲན་རི་བོ་དང་ཉིན་ཧྭ་རྫོང་གི་འབྲེལ་མཚམས་སུ་ཡོད། ཤར་ལྷོའི་རྒྱུད་ཀྱི་ཐུའུ་ཧྥང་ཡུལ་ཚོའི་ཏ་ཨོའུ་ཡུས་དང་ཧྲང་ཧང་རྫོང་གི་འབྲེལ་མཚམས་དང་། ལྷོ་ནུབ་རྒྱུད་ཀྱི་ཧུང་ཧྲན་ཡུལ་ཚོའི་ཧྲི་ཧྲུའེ་ཉིའུ་དང་ཅང་ཞི་ཞིང་ཆེན་རུའེ་ཅིན་རྫོང་གི་འབྲེལ་མཚམས་དང་། བྱང་ཤར་རྒྱུད་ཀྱི་ཕོ་བྲང་མདུན་གྱི་དཔྱངས་རྡོ་དང་ཉིང་ཧྭ་རྫོང་གི་འབྲེལ་མཚམས་དང་། ནུབ་བྱང་རྒྱུད་ཀྱི་གནའ་མཁར་ཞང་གི་སེང་གེ་ཞི་ཐེ་ཁྲང་ཞང་གི་ཅི་ཀུང་ཙི་དང་ཅང་ཞི་ཞིང་ཆེན་གྱི་རུའེ་ཅིན་ཧྲི་ཁྲེང་རྫོང་གཉིས་ཀྱི་འབྲེལ་མཚམས་ཡིན། རྫོང་དེ་ཡོངས་ཀྱི་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ66ཡོད་པ་དང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ་80ཡོད་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3099.52ཟིན་ནས་ཞིང་ཆེན་ཡོངས་ཀྱི་རྫོང་ཆེ་གྲས་ལྔ་པ་ཡིན་པ་རེད།     རྫོང་གྲོང་ནས་པེ་ཅིང་བར་གྱི་འགྲིམ་འགྲུལ་བར་ཐག་སྤྱི་ལེ་གྲུ་བཞི་མ2715ཡོད་པ་དང་། ཞིང་ཆེན་ལྟེ་གནས་ཕུའུ་ཀྲོའུ་བར་གྱི་འགྲིམ་འགྲུལ་བར་ཐག་སྤྱི་ལེ480ཡོད་པ། སྲིད་འཛིན་ཀུང་ཧྲུའུ་ཡི་ས་གནས་ལུང་ཡན་ནས་སྤྱི་ལེ171ཡོད་པ། ཕུའུ་ཅན་དམིགས་བསལ་ཁུལ་ཞ་མོན་བར་སྤྱི་ལེ383ཡོད།

3 སྲིད་འཛིན་བགོས་ཁོངས།

སྤྱི་ལོ1998ལོར་ཐེང་ཀྲོའུ་གྲོང་རྡལ་དུ་ཧྲང་ཡེ་ཁྲེང་གྲོང་ལྷན་གསར་དུ་བཙུགས་པ་དང་། ཏ་ཐུང་གྲོང་རྡལ་གྱི་གསར་དུ་བཙུགས་པའི་ཧོང་མ་ཧྲི་གྲོང་མིའི་ཨུ་ཡོན་ལྷན་ཁང་། ཧི་ཐེན་གྲོང་རྡལ་དུ་སེར་དོང་གྲོང་མིའི་ཨུ་ཡོན་ལྷན་ཁང་བཙུགས་ཡོད། ལོ་མཇུག་ཏུ། ཁྲང་ཐིན་རྫོང་ཁོངས་སུ་གྲོང་རྡལ13དང་། ཡུལ་ཚོ5ཡོད་པ་དང་། སྡོད་དམངས་ཨུ་ཡོན་ལྷན་ཁང9དང་གྲོང་མིའི་ཨུ་ཡོན་ལྷན་ཁང290ཡོད།     ཐེང་ཀྲོའུ་གྲོང་རྡལ་ཧྲུའེ་ཏུང་ཅེ་རུ་བཅའ་སྡོད་བྱས་ཤིང་། དེའི་ཁོངས་སུ་སྡོད་དམངས་ཨུ་ཡོན་ལྷན་ཁང9(ཞི་མོན་ཅེ་དང་། ནན་མོན་སྲང་ལམ། ཝུའུ་ཐུང་སྲང་ལམ། ཧྲུའེ་ཏུང་སྲང་ལམ། ཡིང་པེ་སྲང་ལམ། ཞི་ནེ་ལམ། ཀྲུང་ཞེན་པ། ཏུང་མོན་སྲང་ལམ། ཧྲང་ཡེ་ཁྲེང)བཅས་ཡོད།     

ཀོན་ཆན་གྲོང་རྡལ་ཐེང་ཏུང་དུ་བཅའ་སྡོད་བྱས་ཤིང་། དེའི་ཁོངས་སུ་གྲོང་ཚོ14(ཐིན་ཏུང་དང་། ཧྥུ་ཞིན། ཁྲི་ཁེང་། མ་ཕིན། ཡན་ཧྥང་། ཁྲེན་ལེན། ཏུང་ཀྲོང་། དབྱི་ཅ། ནན་ཚའེ། ཧྲན་ཁེང་། ཧོང་ཧུའུ། ཡུན་ཧྥེང་། ཞའོ་དབྱང་། ཕིན་ཕུའུ)བཅས་ཡོད།     ཧོ་ཐེན་གྲོང་རྡལ་ཀྲུང་ཅེ་རུ་བཅའ་སྡོད་བྱས་ཤིང་དེའི་ཁོངས་སུ་གྲོང་ཚོ31ཡོད་པ་སྟེ(ཧྲང་ཅེ། ཀྲུང་ཅེ། ཞ་ཅེ། ནན་ཐང་། ཡའོ་ཞ། ཀྲུའུ་ཞི། ཡིའུ་ཧྥང་། ལུའུ་ཀྲུའུ། ཁྲེ་ཁྲེང་། ལིའུ་ཡོན། ཅུན་པེ། ནན་ཧྥང་། ཚའེ་ཧྥང་། ཧྲང་ཞིའུ་ཧྥང་། ཀེན་ཞི། ཀྲུང་ཧྥང་། མ་ཁེང་། པའོ་ཧུའུ། ལུའོ་ཏི། ལུའུ་ཧུའུ། ཞ་ཞིའུ་ཧྥང་། མིན་ཀོང་། སུང་ལིན། ཁྲེན་ཀོང་། ཧོང་ཧྥང་། ཧུང་ཀྲུང་། པན་ཁེང་། ནན་ཧྲན་ཞ། ཕན་ཝུའུ། ཧོང་ཁེང)བཅས་ཡིན། ཀོའུ་ཁྲེང་གྲོང་རྡལ་ཏུང་ཀོན་དུ་བཅའ་སྡོད་བྱས་ཡོད་པ་དང་།    ཀོའུ་ཁྲེང་དུ་བཅའ་སྡོད་ཀྱི་ཁོངས་སུ་གྲོང་ཚོ17(ཀྲུང་ཏུའུ་དང་། ཀོའུ་ཁྲེང་། ཅིང་ཐོའུ། ཡོན་ཁེང་། ཁུའུ་ཀྲུའུ། ཁྲང་ཁྲང་། ཞ་ཙེང་། ཞ་ཞ། ཧོང་ཉི་ཕིང་། ཆིང་ཧྲན། ལིའང་ཁེང་། མ་ཐོའུ་ཧྲན། ནན་ཡན། དབྱང་མེ་ཞི། ཡོན་ཁོའུ། ཧོང་ཕི། ཏིང་ཧོང)ཡོད།

4 རང་བྱུང་ཐོན་ཁུངས།

ཁྲང་ཐེང་གི་གཏེར་རྫས་ཐོན་ཁུངས་གཙོ་བོ། ལྕགས་རིགས་གཏེར་ཁར་ཞི་ཐུའུ་དང་། ཝུ་ལྕགས། གཤའ་དཀར། གསེར། དངུལ་སོགས་ཡོད་པ་དེའི་ནང་ཞི་ཐུའུ་གསོག་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལྕགས་རིགས་མིན་པའི་གཏེར་ཁའི་ཁོངས་སུ་རྡོ་ཐལ་རྡོ་དང་། རྡོ་དཀར་པོ། རྡོ་ཀ་མ་རུ་སོགས་ཡོད་པ་དང་། དེའི་ནང་ཀའོ་ལིན་ས་དང་། འཛེང་རྡོ་སོགས་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པོ་ཡོད་པས་སྔོག་འདོན་དང་བེད་སྤྱོད་ཀྱི་རིན་ཐང་ཅུང་ཡག་པོ་ཡོད།     ནགས་སའི་རྒྱ་ཁྱོན་གྱིས་སྤྱི་ཆིང་ཁྲི17.87ཟིན་པ་དང་། ནགས་ཚལ་ཁེབས་ཚད་ཀྱིས74%ཟིན་པ། ནགས་ཤིང་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི1000ལྷག་ཟིན་ཡོད།     རྫོང་ཡོངས་སུ་ཆུའི་ཐོན་ཁུངས་ཆན་ཝ་ཁྲི10གསར་སྤེལ་ཐུབ་པ་དང་སྤྱི་ལོ2008ལོར་སླེབས་སྐབས་ཆན་ཝ་ཁྲི4.2གསར་སྤེལ་བྱས་ནས་ཆུའི་ཐོན་ཁུངས་གསར་སྤེལ་ལ་ནུས་པ་ཆེན་པོ་ཐོན་ཡོད།     ས་ཁོངས་ནང་གི་ས་འོག་ཆུའི་ཐོན་ཁུངས་དང་ས་འོག་ཚ་ནུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཧོ་ཐེན་ཆུ་ཚན་ནི་རྒྱལ་ནང་དུ་མཐོང་དཀོན་པ་དང་། དྲོད་ཚད80℃ལ་སླེབས་ཡོད་ཅིང་། ཉིན་རེའི་རྒྱུག་ཚད་ཏུན4000ཡན་ཟིན་གྱི་ཡོད།

5 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་རྒྱུན་སྡོད་མི་འབོར་ཁྲི40.2ཡོད་པ་དེ་ལོ་གོང་མ་དང་མཉམ་པ་རེད། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་ཀྱིས51.4%ཟིན་ནས་ལོ་གོང་མ་ལས3.0%འཕར་ཡོད། རྫོང་ཡོངས་ཀྱི་མི་འབོར་བསྡོམས་འབོར་ཁྲི54.52ཟིན་པ་དང་ཁྱོན་བསྡོམས་མི་གྲངས17074ཡོད་པ་དང་སྐྱེས་ཚད་ཀྱིས31.32%ཟིན་ལ། རྐྱེན་ལམ་དུ་ཤོར་བའི་མི་འབོར6749དང་ཤི་ཚད་ཀྱིས12.38%ཟིན་ཡོད་ཅིང་། རང་ཤུགས་སུ་འཕར་ཚད18.94%ཡིན།

6 དཔལ་འབྱོར།
6_1 ཐོན་ལས་དང་པོ།

སྤྱི་ལོ2017ལོར་ཁྲང་ཐིང་རྫོང་གི་ལོ་ཧྲིལ་པོའི་ཞིང་ནགས་འབྲོག་ཉ་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར54.77ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས3.5%འཕར་ཡོད། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི53.18ཟིན་པ་དེ་ལོ་གོང་མ་ལས2.7%འཕར་བའི་ནང་འབྲས་སོབ་འདེབས་ཁྱོན་མུའུ་ཁྲི39.61དང་། རྡོ་ཐལ་འདེབས་ཁྱོན་མུའུ་ཁྲི6.20སྣུམ་རྒྱུ་འདེབས་ཁྱོན་མུའུ་ཁྲི5.46བཅས་ཡོད་པ་དང་། སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི16.82ནས་མུའུ་ཁྲི0.54མང་དུ་ཕྱིན་ཡོད་པ་རེད།

7 ལོ་རྒྱུས་རིག་གནས།
7_1 དམར་པོའི་རིག་གནས།

ཁྲང་ཐེང་ནི་རྒྱལ་ཡོངས་ཀྱི་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་སྐད་གྲགས་ཅན་ཞིག་ཡིན་ཞིང་། དེ་ནི་དམར་དམག་གི་ཕ་ཡུལ་དང་། དམར་པོའི་ས་ཆ། དར་དམར་མི་འགྱེལ་བའི་ས་ཆ་བཅས་སུ་ངོས་འཛིན་པ་རེད། ཁྲང་ཐེང་ལ་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་ཡོད། རྒྱལ་ནང་གསར་བརྗེའི་དམག་འཁྲུག་ཐེངས་གཉིས་པའི་དུས་སྐབས་སུ། ཁྲང་ཐིན་ནི་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་ཀྱི་ལྟེ་གནས་ཤིག་ཡིན་པས། “གསར་བརྗེའི་ཧྲང་ཧའེ་ཆུང་ཆུང”ཞེས་པའི་མཚན་སྙན་ཐོབ།

མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ཀྲུའུ་ཏེ། ལིའུ་ཧྲའོ་ཆི་སོགས་གསར་བརྗེ་བ་རྒན་རབས་རྣམས་ཀྱིས་ཁྲང་ཐེང་དུ་གསར་བརྗེའི་ལག་ལེན་རླབས་ཆེན་གནང་མྱོང་། ཏང་གི་སྔ་དུས་ཀྱི་འགོ་ཁྲིད་པ་ཆུས་ཆིའུ་པའེ་དང་ཧོ་ཧྲུའུ་ཧེང་གཉིས་ཀྱང་ཁྲང་ཐེང་དུ་སྐུ་གཤེགས་པ་རེད། རྒྱལ་ནང་གསར་བརྗེའི་དམག་འཁྲུག་ཐེངས་གཉིས་པའི་སྐབས་སུ། ཁྲང་ཐེང་གི་ཕུལ་བྱུང་བུ་བུ་མོ་ཁྲི2ལྷག་དམར་དམག་ལ་ཞུགས་ཏེ། དམག་དཔོན་རྒན་པ13ཐོན་པ་དང་། དམར་དམག་རྒྱང་སྐྱོད་ཀྱི་འགོ་ཚུགས་ས་ཡང་ཡིན།

སྤྱི་ལོ1932ལོར་ཧྥུའུ་ཅན་ཞིང་ཆེན་སུའུ་ཝེ་ཨེད་སྲིད་གཞུང་དང་། ཀྲུང་གུང་ཧྥུའུ་ཅན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཧྥུའུ་ཅན་དམག་ཁུལ་ཁང་སོགས་ཀྱི་ལས་ཁུངས་ཐོག་མ་དེ་ཁྲང་ཐེང་དུ་བཙུགས་པ་དང་། ཁྲང་ཐེང་ནི་ཧྥུའུ་ཅན་གསར་བརྗེའི་ལས་འགུལ་གྱི་ཆབ་སྲིད་དང་དམག་དོན་ལྟེ་གནས་སུ་གྱུར།

རྫོང་ཡོངས་སུ་རྒྱལ་ཡོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་གསར་བརྗེའི་རྗེས་ཤུལ7དང་ད་དུང་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་དང་ཞིང་ཆེན་རིམ་པའི་གསར་བརྗེའི་འཛུགས་སྐྲུན་དངོས་པོ3  རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ27བཅས་ཡོད་པ་རེད།

8 གཟི་བརྗིད་མཚན་སྙན།

རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན། རྒྱལ་ཡོངས་ཀྱི་སྐབས་དང་བོའི་ཆུའི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ཚོད་ལྟའི་གྲོང་ཁྱེར་ཞིབ་བཤེར་རྩིས་ལེན་བྱེད་ཡུལ།

རྒྱལ་ཡོངས་ལྗང་སྒྱུར་དཔེ་ལེགས་ལས་ཁུངས། ཧྥུའུ་ཅན་ཞིང་ཆེན་གྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི“ཕུལ་བྱུང་འན་བཅུ”འི་རྫོང(གྲོང་ཁྱེར)།


དཔྱད་གཞིའི་ཡིག་ཆ།