ལིན་ཆིང་གྲོང་ཁྱེར།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-04-02 09:43ལ་འགྲུབ།

ལིན་ཆིང་གྲོང་ཁྱེར།

ལིན་ཆིང་གྲོང་ཁྱེར།
ལིན་ཆིང་གྲོང་ཁྱེར་ནི་ཧྲན་ཏུང་ཞིང་ཆེན་ཁོངས་གཏོགས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ལེའོ་ཁྲེང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་ཡོད། ཧྲན་ཏུང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ཀྲང་ཝེ་ཧོ་དང་གནའ་བོའི་མིས་བཟོས་གཙང་པོ་འདྲེས་མཚམས་སུ་ཡོད་ཅིང་། ཧོ་པེ་ཞིང་ཆེན་དང་ཁ་གཏད་དུ་གནས་ཤིང་། ས་བབ་ཁོད་སྙོམས་ལ། ལྷོ་ནུབ་མཐོ་ཞིང་བྱང་ཤར་དམའ་བ་དང་། སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ960ཡོད་ལ། དེའི་ཁོངས་སུ་གྲོང་རྡལ12དང་ཁྲོམ་ལམ4ཡོད། སྤྱི་ལོ2016ལོར་སྤྱིའི་མི་འབོར་ཁྲི82.12ཟིན་ཡོད། ལིན་ཆིང་དང་ཧན་རྒྱལ་རབས་ནུབ་མའི་དུས་འགོར་རྫོང་གི་ལམ་ལུགས་བཙུགས་པ་དང་། མིང་ཆིང་དུས་སྐབས་སུ་ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོའི་སྐྱེལ་འདྲེན་དར་རྒྱས་བྱུང་བ་ལས་འཕེལ་རྒྱས་བྱུང་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་དར་རྒྱས་བྱུང་ནས་ལོ500ལྷག་ཙམ་སོང་ཡོད་ལ། སྐབས་དེའི་རྒྱལ་ཡོངས་ཀྱི་འཁོར་རྒྱུག་ལྟེ་བའི་གྲོང་ཁྱེར་གལ་ཆེན་དང་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་ཚོང་ལས་ལྟེ་གནས་ཤིག་ཡིན། པེ་ཅིང་ནས་ཅིའུ་ལུང་བར་གྱི་ལྕགས་ལམ་ཧྲན་ཏུང་ཞིང་ཆེན་གྱི་འབབ་ཚུགས་དང་པོ་ཡིན་པ་དང་པེ་ཅིང་ནས་ཅིའུ་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱིས་ལིན་ཆིང་དུ་བབས་ཚུགས་བཙུགས་ནས་མྱུར་བགྲོད་གཞུང་ལམ(ཤིང་ལིན་མྱུར་བགྲོད་གཞུང་ལམ། ཏེ་ཧྲང་མྱུར་བགྲོད་གཞུང་ལམ)དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ(ཞིང་ཆེན་རིམ་པའི་གཞུང་ལམ315དང་། ལིན་ཀོན་ལམ། ལིན་ཤིན་ལམ། ལེའོ་ལིན་ལམ། ལིན་པོ་ལམ། ལིན་ཀའོ་ལམ། ལུའོ་ཞ་ལམ་བཅས)7མངའ་ཁོངས་སུ་བརྒྱུད་ཡོད། སྤྱི་ལོ2019ལོར་ལིན་ཆིང་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར233.25ཟིན་པ་དེ་ལོ་གོང་མ་ལས2.8%འཕར་ཡོད་ལ། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར30.78ཟིན་ནས་ལོ་སྔོན་མ་ལས0.6%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར80.47ཟིན་ནས་ལོ་སྔོན་མ་ལས3.7%འཕར་ཡོད་ལ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར122ཟིན་ནས་ལོ་སྔོན་མ་ལས2.7%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
临清
ཕྱི་ཡིག་གི་མིང་།
Linqing
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཞིང་ཆེན་ལེའོ་ཁྲེང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ12དང་ཁྲོམ་ལམ4ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0635
སྦྲག་སྲིད་ཨང་རྟགས།
252600
གནས་ཡུལ།
ཧྲན་ཏུང་ཞིང་ཆེན་ནུབ་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ960ཡོད།
མི་འབོར།
མི་ཁྲི82.12ཡོད།(སྤྱི་ལོ2016ལོ)
ནམ་ཟླ།
དྲོད་ཁུལ་དུས་རླུང་ནམ་ཟླ།
མེ་འཁོར་འབབ་ཚུགས།
ལིན་ཆིང་ས་ཚུགས།
རླངས་འཁོར་ཚབ་ཨང་།
ལུའུP(鲁P)
སྲིད་འཛིན་ཚབ་ཨང་།
371581
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར233.25ཡོད།(སྤྱི་ལོ2019ལོ)
1 ལོ་རྒྱུས་འཕེལ་རིམ།

མིན་གོ་སྲིད་ལོ་དང་པོར(སྤྱི་ལོ1912ལོ)ལིན་ཆིང་རྫོང་དུ་བསྒྱུར་ཞིང་། ཧྲན་ཏུང་ཞིང་ཆེན་ཅི་ཞི་ཏའོ་རུ་གཏོགས། མིན་གོ་སྲིད་ལོ་གསུམ་པར(སྤྱི་ལོ1914ལོ)ཏུང་ལིན་ཏའོ་ཡི་མངའ་ཁོངས་སུ་བསྒྱུར། མིན་གོ་སྲིད་ལོ་བཅོ་ལྔ་པར(སྤྱི་ལོ1926ལོ)ཏེ་ལིན་གྱི་ཁོངས་གཏོགས་ཡིན། མིན་གོ་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོ)ཏའོ་ཡི་ལམ་ལུགས་མཁོ་མེད་དུ་བཟོས་རྗེས་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་ཐད་གཏོགས་སུ་བསྒྱུར། མིན་གོ་སྲིད་ལོ་ཉེར་ལྔ་པར(སྤྱི་ལོ1936ལོ)ཞིང་ཆེན་གྱི་མངའ་འོག་ཏུ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས། ལིན་ཆིང་ནི་ཧྲན་ཏུང་ཞིང་ཆེན་གྱི་ཀྲོན་ཡོན་ཀུང་ཧྲུའུ་ཨང་བཞི་པའི་ཁོངས་སུ་གཏོགས་ཤིང་། མིན་གོ་སྲིད་ལོ་ཉེར་བདུན་པར(སྤྱི་ལོ1938ལོ)ཀྲུང་གོ་གུང་ཁྲན་ཏང་ལིན་ཆིང་ནུབ་བྱང་རྒྱུད་ཀྱི་ཧྲི་པ་ཚུན(ད་ལྟའི་ཝེ་རྫོང་གི་མངའ་ཁོངས)གྱི་རྒྱུད་དུ་ལིན་ཆིང་རྫོང་གི་དམག་འཐབ་ཨུ་ཡོན་ལྷན་ཁང་བཙུགས། དེའི་ཕྱི་ལོར་ལིན་ཆིང་རྫོང་གི་འཇར་འགོག་དམངས་གཙོའི་སྲིད་གཞུང་བཙུགས་ཤིང་། ལུའུ་ནུབ་བྱང་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་སུམ་ཅུ་སོ་གཅིག་པར(སྤྱི་ལོ1942ལོ)ལིན་ཆིང་རྫོང་གི་ཆུས་གཉིས་པ་དང་གསུམ་པ་དང་། ཀོན་ཐའོ་རྫོང་གི་ཆུས་གཉིས་པ་དང་གསུམ་པར་ཝེ་ཏུང་རྫོང་བཙུགས། མིན་གོ་སྲིད་ལོ་སུམ་ཅུ་སོ་བཞི་པའི(སྤྱི་ལོ1945ལོ)ཟླ9པར་ལིན་ཆིང་བཅིངས་འགྲོལ་བཏང་རྗེས་སོ་སོར་རྫོང་དང་གྲོང་ཁྱེར་བཙུགས་ཤིང་། ཅི་ནན་སྲིད་འཛིན་ལས་ཁུངས་ཀྱི་ཀྲོན་ཧྲུའུ་དང་པོའི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་སུམ་ཅུ་སོ་ལྔ་པའི(སྤྱི་ལོ1946ལོ)ཟླ3པར། ཝེ་ཏུང་རྫོང་ཕྱིར་འཐེན་བྱས། མིན་གོ་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོ)ཟླ5པར་ལིན་ཆིང་གྲོང་ཁྱེར་ཆེད་དམིགས་གྲོང་ཁྱེར་དུ་འཕར། ཕྱི་ལོའི་ཟླ3པར་སླར་ཡང་རྫོང་རིམ་པའི་གྲོང་ཁྱེར་བསྒྱུར།

རྒྱལ་ཁབ་བཙུགས་རྗེས་ལིན་ཆིང་དབྱང་རྫོང་དང་གྲོང་ཁྱེར་སོ་སོར་བཅོས་སྐྱོང་བྱས་ཤིང་། ཧོ་པེ་ཞིང་ཆེན་ཧན་ཏན་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1949ལོའི་ཟླ11པར་གྲོང་ཁྱེར་གྲོང་རྡལ(རྫོང་རིམ་པ)དུ་བསྒྱུར།

སྤྱི་ལོ1952ལོའི་ཟླ11པར་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་ཀྲོན་ཧྲུའུ་ལ་བགོས། ཟླ12པར་ལེའོ་ཁྲེང་ཀྲོན་ཧྲུའུ་ཡི་མངའ་ཁོངས་སུ་བསྒྱུར།

སྤྱི་ལོ1954ལོར་གྲོང་རྡལ་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1956ལོར་ཆིང་ཕིང་རྫོང་མེད་པར་བཟོས་པ་དང་། ཆུས་གཉིས་པ་དང་། ཆུས་གསུམ་པ། ཆུས་བཞི་པ། ཆུས་ལྔ་པ་བཅས་ལིན་ཆིང་རྫོང་དུ་བགོས།

སྤྱི་ལོ1958ལོར་རྫོང་དང་གྲོང་ཁྱེར་ཟླ་སྒྲིལ་བཏང་སྟེ་ལིན་ཆིང་གྲོང་ཁྱེར་བཙུགས་པ་དང་། ལེའོ་ཁྲེང་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1963ལོར་ལིན་ཆིང་རྫོང་ཕྱིར་འཐེན་བྱས།

སྤྱི་ལོ1964ལོར་མིས་བཟོས་གཙང་པོ་ནུབ་ངོས་ཀྱི་ཅན་ཀྲོང་དང་། ཐུང་ཚུན། ཞ་པའོ་སི། ལུའི་ཀྲའེ་དང་ལའོ་ཀོན་ཀྲའེ་བཅས་ཆུས5རུ་བགོས། ལིན་ཞི་རྫོང་ཧོ་པེ་ཞིང་ཆེན་གྱི་ཁོངས་གཏོགས་སུ་བགོས། ཀོན་ཐའོ་རྫོང་ནི་མིས་བཟོས་གཙང་པོའི་ཤར་ངོས་ཀྱི་ཕན་ཀྲོང་དང་པ་ཁྲ་ལམ་གཉིས་སུ་དབྱེ་ནས་ལིན་ཆིང་རྫོང་དུ་བགོས།

སྤྱི་ལོ1983ལོར་རྫོང་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་དུ་བསྒྱུར།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2018ལོའི་ཟླ10པའི་བར་ལིན་ཆིང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་གྲོང་རྡལ12དང་ཁྲོམ་ལམ4ཡོད་པ་སྟེ། ཐང་ཡོན་གྲོང་རྡལ་དང་། ཡན་ཏན་གྲོང་རྡལ། ཕན་ཀྲོང་གྲོང་རྡལ། པ་ཁྲ་ལུའུ་གྲོང་རྡལ། ལིའུ་ཡོན་ཙེ་གྲོང་རྡལ། ཝེ་ཝན་གྲོང་རྡལ། ཁང་ཀྲོང་གྲོང་རྡལ། ལའོ་ཀྲའོ་ཀྲོང་གྲོང་རྡལ། སུང་ལིན་གྲོང་རྡལ། ཧྲང་ཏན་གྲོང་རྡལ། ཏའེ་ཝན་གྲོང་རྡལ། ཅིན་ཧའོ་ཀྲོང་གྲོང་རྡལ། ཏ་ཤིན་ཀྲོང་ཁྲོམ་ལམ། ཤིན་ཧྭ་ལམ་ཁྲོམ་ལམ། ཆིང་ཉིང་ལུའུ་ཁྲོམ་ལམ། ཞན་ཧྥིན་ལུའུ་ཁྲོམ་ལམ་བཅས་ཡིན། གྲོང་ཁྱེར་མི་དམངས་སྲིད་གཞུང་ལུང་ཧྭ་ཁྲོམ་ལམ་དུ་བཅའ་སྡོད་བྱས་ཡོད།  

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ལིན་ཆིང་གྲོང་ཁྱེར་ནི་ཧྲན་ཏུང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཤིང་། ཤར་ཕྱོགས་ཀྱི་གཞུང་ཐིག115°27′ནས116°02′བར་དང་། བྱང་ཕྱོགས་ཀྱི་འཕྲེད་ཐིག36°39′ནས36°55′བར་དུ་གནས་ཡོད། ཤར་དུ་ཀའོ་ཐང་དང་ཡོན་ཕིང་གི་ས་མཚམས་དང་འབྲེལ་ཞིང་། ལྷོ་རུ་ལེའོ་ཁྲེང་དང་ཀོན་རྫོང་གི་ས་མཚམས་དང་འབྲེལ་ཡོད་ལ། ནུབ་ཏུ་ཝེ་ཡོན་ཧོ་ཡིས་ཆོད་ནས་ཧོ་པེ་ཞིང་ཆེན་ལིན་ཤིས་རྫོང་དང་ཁ་གཏད་དུ་གནས་ཡོད། བྱང་དུ་ཞ་ཅིན་དང་འབྲེལ་ཡོད་ལ། ཤར་དུ་ཁང་ཧྲེང་ཀྲོང་ཡུལ་ཚོ་ཏ་ཡིའུ་ཧྥང་གྲོང་ཚོ་དང་འབྲེལ་ཡོད། ནུབ་ཏུ་ཡན་ཏན་ཡུལ་ཚོ་ཝུའེ་ཁྲང་གྲོང་ཚོའི་བར་ཐག་སྤྱི་ལེ46.73ཡོད། ལྷོ་རུ་ཝེ་ཝན་ཡུལ་ཚོ་ཞིན་ཏའོ་ཀྲོང་དང་བྱང་དུ་སུང་ལིན་གྲོང་རྡལ་ཀྲུང་ལིང་ཀྲོང་གི་བར་ཐག་ལ་སྤྱི་ལེ25.28ཡོད། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ960ཡོད།

3_2 ནམ་ཟླ།

ལིན་ཆིང་གྲོང་ཁྱེར་གྱི་མངའ་ཁོངས་ནི་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་སའི་ཤར་ལྷོའི་རྒྱུད་ཀྱི་ཧྭ་པེ་བདེ་ཐང་དབུས་ཁུལ་དུ་ཆགས་ཡོད་པ་དང་། གོ་ལ་ཕྱེད་བྱང་མའི་འཕྲེད་ཐིག་དཀྱིལ་མའི་ས་ཁུལ་དུ་ཆགས་ཡོད་ཅིང་། དེ་ནི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ལ། གནམ་གཤིས་དྲོ་ལ། ཆར་ཆུ་འོས་འཚམ་ཡིན་ཞིང་། དགུན་དུས་གྲང་ལ། དཔྱིད་དུས་སྐམ་ཤས་ཆེ་ལ་ལྷགས་པ་ཆེ། དྲོད་ཚད་འཕར་ཚད་མགྱོགས་ལ། དབྱར་དུས་བཞའ་ཚན་ཆེ་ལ་ཆར་ཆུ་མང་། སྟོན་དུས་གནམ་གཤིས་དྲོ་པོ་ཡོད་ཅིང་། སྐམ་ས་ཆེན་པོའི་མཐོ་ཚད64.6%ཟིན་པ་དང་། ལོ་རེའི་སྐམ་ཚད1.9%ཟིན་ཡོད།

4 མི་འབོར།

སྤྱི་ལོ2016ལོའི་ལོ་མཇུག་བར་དུ་ལིན་ཆིང་གྲོང་ཁྱེར་གྱི་མི་འབོར་བསྡོམས་གྲངས་ཁྲི82.12ཟིན་ཡོད་ལ། མི་འབོར་སྐྱེ་ཚད14.9‰ཟིན་པ་དང་། རང་བྱུང་གི་འཕར་ཚད10.2‰ཟིན་ཡོད། གྲངས་ཉུང་མི་རིགས31དང་མི་གྲངས18191ཡོད།

5 དཔལ་འབྱོར།

ལེའོ་ཁྲེང་གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱིས་ཞིབ་རྩིས་བྱས་པ་ལྟར་ན། སྤྱི་ལོ2019ལོར་ལིན་ཆིང་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཐོག་མའི་ཞིབ་རྩིས་གྲངས་གཞི་སྒོར་དུང་ཕྱུར233.25ཟིན་པ་དེ་ལོ་གོང་མ་ལས2.8%འཕར་ཡོད་ལ། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར30.78ཟིན་ནས་ལོ་སྔོན་མ་ལས0.6%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར80.47ཟིན་ནས་ལོ་སྔོན་མ་ལས3.7%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར122ཟིན་ནས་ལོ་སྔོན་མ་ལས2.7%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ13.5:35.1:51.4ནས13.2:34.5:52.3ལ་ལེགས་སྒྲིག་བྱས་ཡོད། དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པའི་བརྟག་འབྲས་ལ་གཞིགས་ན། ལེའོ་ཁྲེང་གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱིས་སྤྱི་ལོ2018ལོའི་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཐོག་མའི་ཞིབ་རྩིས་གྲངས་འབོར་ལ་བཟོ་བཅོས་བརྒྱབ་ཡོད་ལ། བཟོ་བཅོས་བརྒྱབ་རྗེས་ཀྱི་སྤྱི་ལོ2018ལོའི་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར225.19ཟིན་པའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར30.48ཟིན་ཞིང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར78.86ཟིན་ལ། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར115.85ཟིན་ཡོད།

5_1 ཐོན་ལས་དང་པོ།

སྤྱི་ལོ2016ལོར་ལིན་ཆིང་གྲོང་ཁྱེར་གྱི་ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར48.28ཟིན་པ་དེ་ལོ་གོང་མ་ལས4.6%འཕར་ཡོད། འབྲུ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི55.95ཟིན་ཡོད། སྲིང་བལ་ཐོན་ཚད་ཏུན་ཁྲི0.54ཟིན་ཡོད། སྣུམ་གྱི་སྤྱིའི་ཐོན་ཚད་ཏུན་ཁྲི0.28ཡིན། ཤིང་ཏོག་ཏུན་ཁྲི9ཐོན་སྐྱེད་བྱས་ལ། སྔོ་ཚལ་སྤྱིའི་ཐོན་འབོར་ཏུན་ཁྲི30.26ཟིན་ཡོད། ཤ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི3.87ཟིན་ཡོད། བྱ་སྒོང་བསྡོམས་འབོར་ཏུན་ཁྲི2.99ཟིན་ཡོད། འོ་མའི་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི2.15ཟིན་ཡོད། ཞིང་ཆུ་འདྲེན་ཚད་ཁྱོན་མུའུ་ཁྲི58.59ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི་ཞིང་འཕྲུལ་སྤྱིའི་སྒུལ་ཤུགས་ཁྲི84.93ཟིན་ནས་ལོ་སྔོན་མ་ལས36%མར་ཆག་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2016ལོར་ལིན་ཆིང་གྲོང་ཁྱེར་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1409.06ཟིན་པ་དེ་ལོ་གོང་མ་ལས3.69%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས450ཡོད་ལ། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1409.06ཟིན་ནས་ལོ་སྔོན་མ་ལས3.69%འཕར་ཡོད། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར1364.69ཟིན་ནས་ལོ་སྔོན་མ་ལས0.88%འཕར་ཡོད། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར125.46ཟིན་ནསལོ་སྔོན་མ་ལས0.6%འཕར་ཡོད། ཁེ་སྤོགས་སྒོར་དུང་ཕྱུར82.89བྱུང་ནས་ལོ་སྔོན་མ་ལས2.28%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་ཐོབ་ཐང་རིམ་པ་གསུམ་པ་དང་དེ་ཡན་གྱི་ཨར་ལས་ཁེ་ལས18ཀྱིས་བཟོ་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར9.2ཟིན་ནས་ལོ་སྔོན་མ་ལས31.94%འཕར་ཡོད།

5_3 ​ཐོན་ལས་གསུམ་པ།

སྤྱི་ལོ2016ལོའི་ལོ་མཇུག་བར་དུ་ལིན་ཆིང་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་སྣ་ཚོགས་ཀྱི་ལྷག་གྲངས་སྒོར་དུང་ཕྱུར306.39ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར36.42འཕར་ཞིང་། དེའི་ནང་དུ་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར253.56ཟིན་ནས། སྒོར་དུང་ཕྱུར34.54འཕར་ཡོད་ལ། མི་དམངས་ཤོག་སྒོར་གྱི་དངུལ་བུན་སྣ་ཚོགས་ལྷག་གྲངས་སྒོར་དུང་ཕྱུར197.87ཟིན་ནས་སྒོར་དུང་ཕྱུར28.77འཕར་ཡོད།

སྤྱི་ལོ2016ལོར་ལིན་ཆིང་གྲོང་ཁྱེར་གྱིས་ཡིག་ཟམ་གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་ཁྲི37062ཟིན་ཡོད་ལ། དེའི་ནང་དུ་གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་ཁྲི་31023ཟིན་ནས་ལོ་སྔོན་མ་ལས3.06%འཕར་ཡོད། སྦྲག་སྲིད་ལས་སྒོའི་བསྡོམས་འབོར་སྒོར་ཁྲི6039ཟིན་ནས་ལོ་སྔོན་མ་ལས23%འཕར་ཡོད།

སྤྱི་ལོ2016ལོར་ལིན་ཆིང་གྲོང་ཁྱེར་དུ་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར162.85ཟིན་པ་དེ་ལོ་གོང་མ་ལས9.3%འཕར་ཡོད། ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་ཁྲི284117ཟིན་ནས་ལོ་སྔོན་མ་ལས19.01%འཕར་བའི་ནང་དུ་ཕྱིར་གཏོང་སྒོར་ཁྲི246624ཟིན་ནས་ལོ་སྔོན་མ་ལས18.6%འཕར་ཡོད། ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི40.6ལ་སྣེ་ལེན་བྱས་ཞིང་ལོ་སྔོན་མ་ལས5.45%འཕར་ཡོད། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར2.1ཟིན་ནས་ལོ་སྔོན་མ་ལས6.1%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།