དབྱིན་ཧྲན་རྫོང་།སྔ་མའི་པར་གཞི་དེ མཁའ་འབུམ་བཀྲ་ཤིས།  ནས 2020-04-02 10:28ལ་འགྲུབ།

དབྱིན་ཧྲན་རྫོང་།

དབྱིན་ཧྲན་རྫོང་།
དབྱིན་ཧྲན་རྫོང་ནི་ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཞིག་ཡིན། ཀྲུང་གོའི་ཧྭ་དབུས་དང་། ཧུའུ་པེ་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་ཆགས་ཡོད་ཅིང་། ཏ་པའེ་རི་བོའི་རི་རྩེ་གཙོ་བོ་ཐེན་ཐང་ཀྲའེ་ཡི་ལྷོ་འདབས་སུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1449ཡོད། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་ཚ་ཁུལ་བྱང་མའི་བརླན་གཤེར་ཆེ་བའི་དུས་རླུང་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དབྱིན་ཧྲན་རྫོང་ཁོངས་སུ་གྲོང་རྡལ8དང་ཤང3ཡོད་པ་དང་སྤྱི་ལོ2017ལོར་རྒྱུན་སྡོད་མི་འབོར་ཁྲི36.34ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
英山县
ཕྱི་ཡིག་གི་མིང་།
Yingshan County
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ8དང་ཞང3ཡོད།
སྲིད་གཞུང་གནས་ཡུལ།
དབུན་ཆོན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0713
སྦྲག་སྲིད་ཨང་རྟགས།
438700
གནས་ཡུལ།
ཧུའུ་པེ་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་། རི་བོ་ཏ་པེ་ཧྲན་གྱི་ལྷོ་འདབས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1449ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་བརླན་གཤིས་ནམ་ཟླ།
མི་གྲངས།
མི་ཁྲི36.34(སྤྱི་ལོ2017ལོའི་རྒྱུན་སྡོད་མི་འབོར)
མེ་འཁོར་འབབ་ཚུགས།
ཧོང་ཀང་ས་ཚིགས། ཞི་ཧྲུའེ་ས་ཚིགས། ཧོང་ཀྲོའུ་ས་ཚིགས། མ་ཁྲེང་ས་ཚིགས། མ་ཁྲེང་བྱང་ས་ཚིགས།
རླངས་འཁོར་ཚབ་ཨང་།
ཨོ(鄂)J
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར98.68(སྤྱི་ལོ2017ལོར)
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
421124
1 ལོ་རྒྱུས་ཀྱི་འཕེལ་རིམ།

མིན་གོའི་ཐོག་མའི་དུས་སུ(སྤྱི་ལོ1912ལོར)ཨན་ཧུའེ་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཤིང་། ཡུན་རིང་མ་འགོར་བར་ཧོའེ་སི་ཏའོ་རུ་བསྒྱུར།

མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1914ལོར)ཨན་ཆིན་ཏའོ་རུ་བསྒྱུར། མིན་གོའི་སྲིད་ལོ་བཅོ་བརྒྱད་པར(སྤྱི་ལོ1930ལོར)ཀྲུང་གུང་དབྱིན་ཧྲན་རྫོང་ཏང་ཨུད་འགོ་ཁྲིད་ཀྱི་ཞིང་པའི་འོས་ལངས་ཏེ“གསུམ་གཉིས”གྱེན་ལངས་ཀྱི་སྐབས་སུ་དབྱིན་ཧྲན་རྫོང་དེ་ཧུང་ཧྲན་རྫོང་དུ་བསྒྱུར་ཞིང་། ཨོ་ཡུས་ཝན་དམིགས་བསལ་ས་ཁུལ་གྱི་ནུབ་བྱང་ལམ་གྱི་ཁོངས་སུ་གཏོགས། མིན་གོའི་སྲིད་ལོ་ཉི་ཤུ་པར(སྤྱི་ལོ1931ལོར)དབྱིན་ཧྲན་རྫོང་སྔར་བཞིན་ཨན་ཧུའེ་ཞིང་ཆེན་ལིའུ་ཨན་ཀྲོའུ་ཡི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་ཉི་ཤུ་པར་དམར་དམག་གི་གཙོ་ཤུགས་གནས་སྤོས་རྗེས་གོ་མིན་ཏང་སྲིད་གཞུང་གིས་སླར་ཡང་དབྱིན་ཧྲན་རྫོང་ཞེས་འབོད།

མིན་གོའི་སྲིད་ལོ་སོ་བརྒྱད་པར(སྤྱི་ལོ1949ལོའི་ཟླ3པའི་ཚེས19ཉིན)བཅིངས་འགྲོལ་བཏང་བ་དང་། དབྱིན་ཧྲན་རྫོང་ནི་ཧུའུ་པེ་ཞིང་ཆེན་ཧོང་ཀང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1996ལོར་ཧོང་ཀང་གྲོང་ཁྱེར་བཙུགས་པ་དང་། དབྱིན་ཧྲན་རྫོང་ཧོང་ཀང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

2 ས་ཁུལ་དབྱེ་འབྱེད་ཀྱི་གནས་ཚུལ།

སྤྱི་ལོ2019ལོའི་བར་དབྱིན་ཧྲན་རྫོང་ཁོངས་སུ་གྲོང་རྡལ8དང་ཤང3ཡོད་པ་སྟེ། དབུན་ཆོན་གྲོང་རྡལ་དང་། ནན་ཧོ་གྲོང་རྡལ། ཧུང་ཧྲན་གྲོང་རྡལ། ཅིན་ཅ་ཕུའུ་གྲོང་རྡལ། ཧྲི་ཐིག་ཙུའེ་གྲོང་རྡལ། ཚའོ་ཕན་ཏི་གྲོང་རྡལ། ལུའེ་ཅ་ཏེན་གྲོང་རྡལ། དབྱང་ལིའོ་དབན་གྲོང་རྡལ། ཧྥང་ཅ་ཙུའེ་ཤང་། ཁུང་ཅ་ཧྥང་ཤང་། ཐའོ་ཅ་ཧོ་ཤང་བཅས་ཡིན། སྲིད་གཞུང་བཅའ་སྡོད་བྱ་ཡུལ་ནི་དབུན་ཆོན་གྲོང་རྡལ་ཡིན།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

དབྱིན་ཧྲན་རྫོང་ནི་ཧུའུ་པེ་ཞིང་ཆེན་གྱི་ཤར་རྒྱུད་དང་། རི་བོ་ཏ་པིའེ་ཧྲན་རི་བོའི་རི་རྩེ་གཙོ་བོ་ཐེན་ཐང་ཀྲའེ་ཡི་ལྷོ་འདབས་སུ་གནས། ཤར་ཕྱོགས་ཨན་ཧུའེ་ཞིང་ཆེན་གྱི་ཡུའེ་ཞི་དང་ཐའེ་ཧུའུ་མཚེའུ་དང་། ལྷོ་ཕྱོགས་ཆི་ཁྲོན་དང་ཞི་ཧྲུའེ། ནུབ་ཕྱོགས་ལུའོ་ཐེན། བྱང་ཕྱོགས་ཨན་ཧུའེ་ཞིང་ཆེན་གྱི་ཅིན་ཀྲའེ་དང་ཧུའོ་ཧྲན་བཅས་དང་ས་མཚམས་འབྲེལ་ཡོད། ཤར་གྱི་གཞུང་ཐིག115º3′153″—116º4′2″ དང་། བྱང་གི་འཕྲེད་ཐིག30º31′—31º8′58″བར་ཡིན། རྫོང་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི43ཡོད་པ་དང་། ལྷོ་བྱང་གི་རིང་ཚད་སྟོང་སྨི70ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1449ཡོད།

3_2 ས་དབྱིབས།

དབྱིན་ཧྲན་རྫོང་གི་མངའ་ཁོངས་ཡོངས་སུ་རི་འབྲིང་དམའ་གྲས་གཙོ་བོ་ཡིན་པས“རི་བརྒྱད་ཆུ་གཅིག་ཞིང་གཅིག”ཅེས་པའི་འབོད་སྲོལ་ཡོད། བྱང་ཕྱོགས་ཀྱི་རི་བོ་ཏ་པེ་ཧྲན་གྱི་རི་རྩེ་གཙོ་བོ་ཐན་ཐང་ཀྲའེ་ནས་བྱང་ཤར་དུ་བསྲིངས་པས། ཡོན་ཧྥུང་རྩེ་དང་། ཧྲི་ཀུའུ་ཀྲའེ། ཝུའུ་ཧྥུང་ཧྲན། ཧོང་མའེ་ཅན་སོགས་རི་བོ་རབ་དང་རིམ་པ་གྲུབ་ཡོད། ནུབ་ཕྱོགས་སུ་རི་རྒྱུད་ཆེན་པོ་གསུམ་དུ་བགོས་ཏེ་ཤར་གྱི་ཆུ་བོ་དང་། ནུབ་ཀྱི་ཆུ་བོ་གཉིས་བར་དུ་བཅུག་ཡོད་པ་དང་། ཆུ་བོ་དེ་གཉིས་ཀྱིས་མངའ་ཁོངས་ཡོངས་སུ་ཁྱབ་ཡོད། བྱང་ཤར་ནས་ལྷོ་ནུབ་ཏུ་རིམ་གྱིས་གསེག་ཡོད་པའི་ས་བབ་གྲུབ་ཡོད། མངའ་ཁོངས་ནང་གི་ཆེས་མཐོ་ཤོས་ནི་ཐན་ཐང་ཀྲའེ་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1729ཡོད་པ་དང་། ཆེས་དམའ་ཤོས་ནི་ཁྲོན་ཞིན་དབན་ཡིན་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི90ཡོད།  ཆ་སྙོམས་གཟར་ཚད17°ཡིན་པ་རེད།

3_3 ནམ་ཟླ།

དབྱིན་ཧྲན་རྫོང་ནི་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་ཚ་ཁུལ་བྱང་མའི་བརླན་གཤེར་ཆེ་བའི་དུས་རླུང་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས། རྫོང་དེ་ཡོངས་ཀྱི་གནམ་གཤིས་དྲོ་ཞིང་བཞའ་ཚན་ཆེ་བ་དང་། ཆར་ཆུ་འབེལ་བ། དུས་བཞིའི་དབྱེ་བ་གསལ་པོ་ཡོད་པ་དང་། རང་བྱུང་གནོད་འཚེ་མང་པོ་ཡོད་པ་རེད། དབྱིན་ཧྲན་རྫོང་གི་གནམ་གཤིས་དྲོད་ཚད་དེ་མཚོ་ངོས་ལས་ཆེས་ཆེར་འཕར་བ་དང་བསྟུན་ནས་རིམ་བཞིན་ཉུང་དུ་འགྲོ་གི་ཡོད་པས་དྲང་འཕྱང་གི་ཁྱད་པར་མངོན་གསལ་དོད་པོ་ཡོད། རྫོང་དེ་ཡོངས་ཀྱི་ས་བབ་མཐོ་ཚད་སྨི100འཕར་ན་ལོ་རེའི་ཆ་སྙོམས་དྲོད་ཚད0.53℃ཆག་པ་དང་སད་མེད་དུས་ཉིན3.5ཐུང་དུ་ཕྱིན་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད16.4℃ཡིན་པ་དང་། ཟླ་དང་པོའི་ཆ་སྙོམས་དྲོད་ཚད3.6℃ཡིན་ལ། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད28.5℃ཡིན། དབྱིན་ཧྲན་རྫོང་གི་ཐལ་དྲག་པའི་དྲོད་ཚད་དམའ་ཤོས-13.5℃དང་ཐལ་དྲག་པའི་དྲོད་ཚད་མཐོ་ཤོས42.0℃ཡིན། རྫོང་དེ་ཡོངས་ཀྱི་ལོ་ཧྲིལ་པོའི་ཆ་སྙོམས་སད་མེད་དུས་ཉིན241ཡིན་པ་དང་ཆ་སྙོམས་སད་རྒྱག་ཉིན་ནི་ཟླ11པའི་ཚེས14ཉིན་ཡིན།

4 མི་འབོར།     

སྤྱི་ལོ2017ལོའི་ལོ་མཇུག་བར་དབྱིན་ཧྲན་རྫོང་གི་ཐེམ་ཐོའི་མི་འབོར་ཁྲི40.02ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.47ཉུང་དུ་ཕྱིན་པ་དང་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི36.34ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.07འཕར་བ་དང་ལོ་མཇུག་ཏུ་དུད་ཚང་ཁྲི14.65ཡོད་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་དུད་ཚང་ཁྲི0.1འཕར་ཡོད་པ་རེད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར5255ཡོད་པ་དང་སྐྱེས་ཚད་སྟོང་ཆའི13.1%ཡིན། རྐྱེན་ལམ་དུ་ཤོར་བའི་མི་འབོར7045དང་ཤི་ཚད་སྟོང་ཆའི17.6ཡིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི4.5ཆག། གསར་སྐྱེས་མི་འབོར་གྱི་ཕོ་མོའི་བསྡུར་ཚད108.01ཡིན། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ3200མང་དུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད1.68%ཟིན་ཡོད།

5 དཔལ་འབྱོར།

སྤྱི་ལོ2017ལོར་དབྱིན་ཧྲན་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར98.68ཡིན་པ་དེ་ལོ་གོང་མ་ལས6.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར35.18ཡིན་པ་དང་ལོ་གོང་མ་ལས4.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར32.17ཡིན་པ་དང་ལོ་གོང་མ་ལས7.4%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར31.33ཡིན་པ་དང་ལོ་གོང་མ་ལས8.0%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་གིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད35.7%བཟུང་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་གི་བསྡུར་ཚད32.6%ཟིན། ཐོན་ལས་གསུམ་པའི་འཕར་ཐང་གི་བསྡུར་ཚད31.7%ཟིན་པ་བཅས་རེད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི37.4:31.1:31.5ནས35.7:32.6:31.7བར་ལེགས་སྒྲིག་བྱས་ཡོད།

6 སྤྱི་ཚོགས་ཀྱི་ལས་དོན།     
6_1 སློབ་གསོའི་བྱ་གཞག     

སྤྱི་ལོ2017ལོའི་བར་དབྱིན་ཧྲན་རྫོང་དུ་སློབ་འབྲིང་དཀྱུས་མ19དང་། འབྲིང་རིམ་ཆེད་ལས་སློབ་གྲྭ་དཀྱུས་མ3 སློབ་ཆུང98བཅས་ཡོད་པ་དང་སློབ་གྲྭ་སྣ་ཚོགས་ཀྱི་བསྡོམས་འབོར120ཡོད་པ་རེད། སློབ་གྲྭ་ཁག་གི་ཆེད་བསྐོས་དགེ་རྒན་བསྡོམས་འབོར2824ཡོད་པའི་ནང་སློབ་འབྲིང་དཀྱུས་མའི་དགེ་རྒན1325དང་། འབྲིང་རིམ་ཆེད་ལས་སློབ་གྲྭ་དཀྱུས་མའི་དགེ་རྒན185 སློབ་ཆུང་དགེ་རྒན1055བཅས་ཡོད་པ་རེད། རྫོང་ཡོངས་སུ་སློབ་གྲྭར་ཡོད་མུས་ཀྱི་སློབ་མ49041ཡོད་པ་དེ་ལོ་གོང་མ་ལས་སློབ་མ325མང་དུ་སོང་བའི་ནང་སློབ་འབྲིང་དཀྱུས་མའི་སློབ་མ14918དང་། འབྲིང་རིམ་ཆེད་ལས་སློབ་གྲྭ་དཀྱུས་མའི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ2272 སློབ་ཆུང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ21511བཅས་ཡོད་པ་རེད། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་། ལོ་དགུའི་འོས་འགན་སློབ་གསོ་ལེགས་འགྲུབ་བྱུང་ཚད99.9%ཟིན། དམའ་རིམ་སློབ་འབྲིང་གི་མཐར་ཕྱིན་སློབ་མ་སློབ་རིམ་འཕར་ཚད་ལོ་སྔོན་མའི96.2%ནས96.3%ལ་འཕར་བ་དང་། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོའི་སློབ་ཞུགས་རགས་ཚད་ལོ་སྔོན་མའི96.2%ནས96.5%ལ་འཕར་བ་རེད།

6_2 ཚན་རྩལ་བྱ་གཞག

སྤྱི་ལོ2017ལོའི་བར་དབྱིན་ཧྲན་རྫོང་གིས་རིགས་ཁག་གི་ཁེ་བེད་བདག་ཐོབ168དང་ཚན་རྩལ་དཔྱད་རྩོམ423འདུན་ཞུ་བྱས་པར་ཞིང་ཆེན་རིམ་པ་ཡན་གྱི་བྱ་དགའ་ཐོབ་པའི་ཚན་རྩལ་གྲུབ་འབྲས13ཡོད་པ་རེད། ཚན་རྩལ་བྱེད་སྒོ་སྤེལ་མཁན་མི་གྲངས་ལོ་གོང་མའི2630ནས2820བར་འཕར་བ་དང་། ཚན་རིག་པ་དང་བཟོ་སྐྲུན་དགེ་རྒན་མི་གྲངས38ཡོད། ཆེད་ལས་ལག་རྩལ་མི་སྣ8320ཡོད། ཚན་རྩལ་རྣམ་གྲངས་གསུམ་གྱི་འགྲོ་གྲོན་གཏོང་སྒོ་སྒོར་ཁྲི3075ཡོད། ལོ་ཧྲིལ་པོར་ལག་རྩལ་མཐོ་གསར་གྱི་ཐོན་ལས་འཕར་ཐང་སྒོར་དུང་ཕྱུར3.52བྱུང་ནས་སྔ་ལོ་ལས5.6%འཕར་ཡོད།

6_3 རིག་གནས་ལུས་རྩལ།     

སྤྱི་ལོ2017ལོའི་བར་དབྱིན་ཧྲན་རྫོང་གི་སྤྱི་པའི་དཔེ་མཛོད་ཁང་གི་དེབ་གྲངས་ཁྲི22.3ཡོད་པ་དེ་ལོ་གོང་མ་ལས་དེབ་གྲངས་ཁྲི2.4ཡིས་མང་དུ་ཕྱིན་ཡོད། རྫོང་ཡོངས་སུ་ད་ཆ་ཟློས་གར་ཁང6ཡོད་པ་དང་མི་འབོར་ཁྲི་རེར་སྤྱི་པའི་རིག་གནས་སྒྲིག་གཞི0.84ཡོད་པ་རེད། ལོ་མཇུག་ཏུ་ལུས་རྩལ་ཐང494ཡོད་པ་དང་། མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་སྤེལ་ཡོད། རྫོང་ཡོངས་སུ་ཁྱོན་རླུང་འཕྲིན་ལས་ཁུངས1ཡོད་པ་དང་། རླུང་འཕྲིན་བརྙན་འཕྲིན་ཕྱོགས་བསྡུས་ཁྱབ་ཚད99.05%ཟིན། སྐུད་ཡོད་བརྙན་འཕྲིན་དུད་ཚང་དུ་ཁྱབ་ཚད80.0%ཟིན། དེའི་ནང་གྲོང་གསེབ་ཏུ་སྐུད་ཡོད་བརྙན་འཕྲིན་དུད་ཚང་དུ་ཁྱབ་ཚད76.5%ཟིན་པ་དང་སྐུད་ཡོད་བརྙན་འཕྲིན་གྲོང་ཚོ296ཡོད་པ་རེད།

6_4 འཕྲོད་བསྟེན་ལས་དོན།     

སྤྱི་ལོ2017ལོའི་བར་དབྱིན་ཧྲན་རྫོང་དུ་རིགས་ཁག་གི་འཕྲོད་བསྟེན་སྒྲིག་གཞི332(འཕྲོད་བསྟེན་སློབ་གྲྭ་དང་། འཕྲོད་བསྟེན་ལྟ་སྐུལ་ཅུས། རྫོང་ཐད་གཏོགས་གྲོང་ཁྱེར། སྡེ་ཁུལ། ཤང་གྲོང་། གྲོང་ཚོ་རིམ་པའི་རིགས་ཁག་གི་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་ཚུད་པ)ཡོད་པའི་ནང་སྨན་ཁང2དང་འཕྲོད་བསྟེན་ཁང11 ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས1 བུད་མེད་དང་ཕྲུ་གུའི་འཕྲོད་བསྟེན་འཕྲོད་སྦྱོར་སྒྲིག་གཞི1བཅས་ཡོད་པ་རེད། འཕྲོད་བསྟེན་སྒྲིག་གཞི་ཁག་ལ་དངོས་སུ་ནད་ཁྲི2078ཡོད་པ་དང་། འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ1902ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ་དཀའ་བཅུ་པ870ཡོད་པ་དང་། ཐོ་འགོད་བྱས་པའི་ནད་གཡོག་པ780ཡོད། མི་སྟོང་རེར་སྨན་ཁང་འཕྲོད་བསྟེན་ཁང་གི་ནད་ཁྲི5.4ཡོད་པ་དང་། མི་སྟོང་རེར་སྨན་པ(ལས་རོགས་ཚུད)2.04ཡོད།

6_5 སྤྱི་ཚོགས་ཀྱི་འགན་སྲུང་།     

སྤྱི་ལོ2017ལོའི་བར་དབྱིན་ཧྲན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས26660ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི989མང་དུ་ཕྱིན་ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི20.90ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི1912འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི34.04ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས24367ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི20འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས14521ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི496འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་གྲངས23025ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི225འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས13010ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི710འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་འགན་བཅོལ་ཁེབས་ཚད་བརྒྱ་ཆའི99.6ཟིན་པ་དང་། ལོ་ཧྲིལ་པོར་སྤྱི་ཚོགས་འགན་བཅོལ་གྱི་མ་དངུལ་སྒོར་ཁྲི97264(འཕྲུལ་འཁོར་གསར་པའི་འགན་བཅོལ་ཚུད)གཏོང་སྤྲོད་བྱས་པ་རེད། ལོ་ཧྲིལ་པོར་ངལ་རྩོལ་མི་དོན་རྩོད་གཞི་འདུམ་གཅོད་གྱོད་གཞི51བདག་སྤྲོད་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ས་ཁོངས། ཧུའུ་པའེ།