ཧྲའོ་དབྱང་རྫོང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-04-02 11:38ལ་འགྲུབ།

ཧྲའོ་དབྱང་རྫོང་།

ཧྲའོ་དབྱང་རྫོང་།
ཧྲའོ་དབྱང་རྫོང་ནི་ཧུའུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་ཡིན་པ་དང་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་ཁོངས་སུ་གཏོགས་པ་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་དང་རྒྱལ་ཁབ་ཀྱི་རྨོ་བསྐྱུར་ནགས་གསོའི་རྣམ་གྲངས་ཀྱི་གཙོ་གནད་རྫོང་ཞིག་ཡིན། ཧྲའོ་དབྱང་རྫོང་ནི་ཧུའུ་ནན་ཞིང་ཆེན་དབུས་ལྷོའི་རྒྱུད་ཀྱི་ནུབ་ཕྱོགས་སུ་གནས་པ་དང་། ཤར་ངོས་ཧྲའོ་ཏུང་རྫོང་དང་ཆི་ཏུང་རྫོང་དང་འབྲེལ་ཞིང་། ལྷོ་ངོས་ཏུང་ཨན་རྫོང་དང་ཞིན་ཉིང་རྫོང་དང་འབྲེལ་ཡོད། ནུབ་ངོས་ཝུའུ་ཀང་གྲོང་ཁྱེར་དང་ལུང་ཧུའེ་རྫོང་དང་འབྲེལ། བྱང་ངོས་ཞིན་ཧྲའོ་རྫོང་དང་ཧྲའོ་དབྱང་གྲོང་ཁྱེར་ཁུལ་དུ་འབྱོར། ཧྲའོ་དབྱང་རྫོང་གི་ཞིང་ལས་ཐོན་རྫས་གཙོ་བོ་ནི་ཆུ་འབྲས་དང་། སུར་པན། ཚ་ལུ་མའི་སྣུམ། ཇ་སྣུམ། བ་དམ། ལུག་མཉེ་དང་མེ་ཏོག་སེར་ཆེན། ཕག རྡོ་ཐ་བསྲེགས་མ་སོགས་ཡིན་པ་དང་། གཏེར་ཁ་ལ་གཙོ་བོ་དུ་མེད་རྡོ་སོལ་དང་། རྡོ་ཀ་མ་རུའི་རྡོ། ལྕི་བའི་ཤེལ་རྡོ། ལྕགས། མཱན། འཐི། དེ་བཞིན་སྣུམ་ལྡན་རྡོ་གཡམ་བཅས་ཡོད། སྤྱི་ལོ2017ལོར་ཧྲའོ་དབྱང་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི1437494ཡོད་པའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི335849དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི496529 ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི605116བཅས་ཡིན། སྤྱི་ལོ2017ལོའི་ལོ་མཇུག་བར་ཧྲའོ་དབྱང་རྫོང་གི་རྒྱུན་སྡོད་མི་འབོར936936ཡོད་པ་དང་། རྒྱ་རིགས་ཀྱིས99.6%བཟུང་བ་དང་དེ་རྗེས་གཙོ་བོ་ཧུའེ་རིགས་ཡིན། སྤྱི་ལོ2020ལོའི་ཟླ2པའི་ཚེས29ཉིན་ཧུའུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཧྲའོ་དབྱང་རྫོང་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་བྱུང་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
邵阳县
ཕྱི་ཡིག་གི་མིང་།
Shaoyang County
སྲིད་འཛིན་ཁུལ་རིགས།
རྫོང་།
ས་ཁོངས་ཁ་པར་ཨང་རྟགས།
0739(+86)
སྦྲག་སྲིད་ཨང་རྟགས།
422100
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1992.45ཡོད།
མི་གྲངས།
མི1059660ཡོད།
ནམ་ཟླ།
ཚ་ཁུལ་བར་མའི་དུས་རླུང་རླན་གཤེར་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཞང(湘)E
1 ​སྲིད་འཛིན་དབྱེ་མཚམས།

སྤྱི་ལོ2018ལོའི་ཟླ7པའི་བར་ཧྲའོ་དབྱང་རྫོང་ཁོངས་གཏོགས་སུ་གྲོང་རྡལ12དང་ཤང8ཡོད།

2 ས་ཁམས་ཁོར་ཡུག
2_1 གནས་ཡུལ།

ཧྲའོ་དབྱང་རྫོང་ནི་ཧུའུ་ནན་ཞིང་ཆེན་གྱི་དབུས་ཁུལ་གྱི་ལྷོ་ནུབ་ཕྱོགས་སུ་གནས་པ་དང་། ཧྲའོ་དབྱང་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་ཡོད་ལ། ཙི་ཧྲུའེ་སྟོད་རྒྱུད་དུ་གནས་ཡོད། ཤར་གྱི་གཞུང་ཐིག110°59′-110°40′དང་བྱང་གི་འཕྲེད་ཐིག26°40′~27°6′བར་དུ་གནས་ཡོད། ཤར་དུ་ཧྲའོ་ཏུང་དང་ཆི་ཏུང་རྫོང་དང་། ལྷོ་རུ་ཏུང་ཨན་དང་ཞིན་ཉིང་རྫོང་། ནུབ་ཏུ་ཝུའུ་ཀང་དང་ལུང་ཧུའེ་རྫོང་དང་འབྲེལ་ཞིང་། བྱང་དུ་ཞིན་ཧྲའོ་རྫོང་དང་ཧྲའོ་དབྱང་གྲོང་ཁྱེར་ཁུལ་དུ་འབྱོར། རྫོང་ཁོངས་ཤར་ནུབ་རྒྱུད་ཀྱི་རིང་ཚད་ལ་སྤྱི་ལེ66.7དང་ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ64.3དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1992.45ཡོད་པ་རེད།

2_2 ནམ་ཟླ།

ཧྲའོ་དབྱང་རྫོང་ནི་ཚ་ཁུལ་ཕལ་བའི་དུས་རླུང་བརླན་གཤེར་ཆེ་བའི་གནམ་གཤིས་ཁུལ་ཡིན། གནམ་གཤིས་དྲོ་ཞིང་ཆར་ཆུ་མོད། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད16.9℃ཡིན་པ་དང་། ཟླ་བ་དང་པོར་གྲང་ཤོས་ཡིན། ཆ་སྙོམས་ཀྱི་དྲོད་ཚད4.9℃ཡིན། ཟླ་བདུན་པར་ཚ་བ་ཆེ་ཤོས་ཡིན། ཆ་སྙོམས་ཀྱི་དྲོད་ཚད28.3℃ཡིན། ཆར་དུས་ནི་ཟླ4པ་ནས6པའི་བར་བྱུང་བ་དང་། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ནི545.4mmཡིན། ཟླ7པ་ནས9པའི་བར་ནི་ཐན་པ་ཆེ་བའི་དུས་མཚམས་ཡིན་ཞིང་། ལོ་ལྟར་ཆ་སྙོམས་སུ་ཆར་ཆུ་འབབ་ཚད273.1mmཡིན། སད་མེད་དུས་ཆ་སྙོམས་སུ་ཉིན286.4ཡིན་པ་དང་། ཆེས་རིང་བ་སྤྱི་ལོ1961ལོར་ཉིན30.8ཡོད། ཆེས་ཐུང་བ་ཉིན23.3ལས་མེད།

3 མི་འབོར་དང་མི་རིགས།
3_1 མི་འབོར།

སྤྱི་ལོ2017ལོར་ཧྲའོ་དབྱང་རྫོང་དུ་དུད་ཚང་བསྡོམས་འབོར257241ཡོད་པ་དང་ཐེམ་ཐོའི་མི་འབོར1059660ཡོད་པ་རེད། མི་གྲངས་བསྡོམས་འབོར་ཁྲོད་རྒྱུན་སྡོད་མི་འབོར936936ཡོད། དེའི་ནང་སྐྱེས་པ494239དང་བུད་མེད442697ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར381637དང་གྲོང་གསེབ་ཀྱི་མི་འབོར555299ཡོད། རྫོང་དེ་ཡོངས་ཀྱི་གྲོང་ཁྱེར་ཅན་དུ་འགྱུར་ཚད40.73%ཡིན། རྫོང་དེ་ཡོངས་ཀྱི་ལོ100ཡན་གྱི་རྒན་རྒོན45ཡོད་པའི་ནང་སྐྱེས་པ12དང་བུད་མེད33ཡོད།

3_2 མི་རིགས།

ཧྲའོ་དབྱང་དུ་བཞུགས་པའི་མིའོ་རིགས་དང་། ཡའོ་རིགས། ཧུའེ་རིགས། ཏུང་རིགས་བཅས་གྲངས་ཉུང་མི་རིགས4ཡོད་པ་དང་། མི་འབོར་ཁྲི་ཡན་ཟིན་ཡོད། དེའི་ནང་མིའོ་རིགས་ལ་མི་ཁྲི30.6825དང་ཡའོ་རིགས31665ཡོད། ཧུའེ་རིགས་མི་གྲངས29126དང་། ཏུང་རིགས་མི་གྲངས22203ཡོད། དེ་མིན་གྲངས་ཉུང་མི་རིགས35ཡོད་པ་དང་། མི་གྲངས500ཡན་ཡོད་པའི་ཐུའུ་ཅ་རིགས་དང་། ཀྲོང་རིགས། མུའུ་ལའོ་རིགས་བཅས་ཡོད། མི་གྲངས100ཡན་ཡོད་པའི་མན་ཇུ་རིགས་དང་། པུའུ་དབྱི་རིགས། ལ་ཧུའུ་རིགས། ལི་རིགས། དབྱིས་རིགས། པའེ་རིགས་བཅས་དང་། མི་གྲངས10ཡན་ཡོད་པའི་དབའ་རིགས་དང་། ཧ་ཉི་རིགས། ཏའེ་རིགས། ཧྲུའེ་རིགས། ཀའོ་ཧྲན་རིགས། སོག་རིགས། བོད་རིགས། པུའུ་ལང་རིགས། ཁྲའོ་ཞན་རིགས། ཡུ་གུར་རིགས། ལི་སུའུ་རིགས། མི1ཡན་ཡོད་པའི་མའོ་ནན་རིགས། ཀེ་ལའོ་རིགས། ཧྲེ་རིགས། ཕུའུ་སྨི་རིགས། ཅི་ནུའོ་རིགས། ཅིང་ཕོ་རིགས། ས་ལར་རིགས། པའོ་ཨན་རིགས། ཧ་སག་རིགས། འཇང་རིགས། ཞི་པོ་རིགས། ཨ་ཁྲང་རིགས། ནུའུ་རིགས། ཅིན་རིགས། ཅིན་རིགས། ཨུ་རུ་སུ་རིགས་བཅས་ཡོད།

4 དཔལ་འབྱོར།

སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི96727ཟིན་ནས10.15%འཕར་ཡོད། དེའི་ནང་ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་ཁྲི67999ཟིན་ནས0.32%འཕར། ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི56636ཟིན་ནས30.68%འཕར་ཡོད། དེའི་ནང་རྒྱལ་ཁབ་ཀྱི་དཔྱ་ཁྲལ་སྒོར་ཁྲི34066ཡིན་པ་དང་། བརྒྱ་ཆའི64.4འཕར་ཡོད། ས་ཁྲལ་སྒོར་ཁྲི24933ཟིན་ནས4%འཕར་ཡོད། ནོར་སྲིད་ཀྱིས་སྒོར་ཁྲི37727བཏང་ནས12.5%འཕར་ཡོད། དེའི་ནང་གཉེར་ཁྲལ་འཕར་ཁྲལ་ལ་སྒོར་ཁྲི13478བཏང་ནས136.2%འཕར་ཡོད། ཁྲལ་མིན་ཡོང་འབབ་སྒོར་ཁྲི40091ཟིན་ནས9.9%འཕར་ཡོད།     ནོར་སྲིད་ཀྱི་སྤྱིའི་གཏོང་སྒོ་སྒོར་ཁྲི488118ཟིན་ནས3.94%འཕར་ཡོད། དེའི་ནང་ཞིང་ནགས་ཆུ་གསུམ་ལས་དོན་གྱི་གཏོང་སྒོ་སྒོར་ཁྲི59765ཟིན་ནས0.39%འཕར། སྤྱི་ཚོགས་འགན་སྲུང་གི་གཏོང་སྒོ་སྒོར་ཁྲི90650ཟིན་ནས5.46%འཕར། སློབ་གསོའི་གཏོང་སྒོ་སྒོར་ཁྲི87780ཟིན་ནས1.18%འཕར། ཚན་རིག་ལག་རྩལ་གྱི་གཏོང་སྒོ་སྒོར་ཁྲི5730ཟིན་ནས24.38%འཕར། རིག་གནས་ལུས་རྩལ་དང་སྨྱན་སྦྱོར་གྱི་གཏོང་སྒོ་སྒོར་ཁྲི15660ཟིན་ནས25.77%འཕར། སྨན་བཅོས་འཕྲོད་བསྟེན་གྱི་གཏོང་སྒོ་སྒོར་ཁྲི71232ཟིན་ནས2.17%འཕར།     སྤྱི་ལོ2017ལོར་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི2291711བཏང་ནས12.1%འཕར་ཡོད། དཔལ་འབྱོར་གྱི་རིགས་དབྱེ་ལྟར་དབྱེ་ན། རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི555622བཏང་བ་དེ110.9%འཕར། གཞུང་ཁོངས་དཔལ་འབྱོར་མིན་པའི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི1701079བཏང་ནས5.4%འཕར་ཡོད། དེའི་ནང་བཟོ་ལས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི846143བཏང་ནས0.9%འཕར། བཟོ་ལས་ལག་རྩལ་སྒྱུར་བཅོས་ཐད་མ་དངུལ་སྒོར་ཁྲི451490བཏང་ནས24.4%འཕར་ཡོད། སྒོར་ཁྲི5000ཡན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི608168བཏང་ནས13.3%འཕར་ཡོད། དེའི་ནང་གཙོ་གནད་ལས་གྲྭའི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར39.8བཏང་ནས20.9%འཕར་ཡོད། དེའི་ནང་མ་དངུལ་སྒོར་དུང་ཕྱུར་ཡན་གྱི་གཙོ་གནད་ལས་གྲྭའི་རྣམ་གྲངས17ལ་མ་དངུལ་སྒོར་དུང་ཕྱུར34.8བཏང་ཡོད་པ་རེད།     ཐོན་ལས་ལ་གཞིགས་ནས་དབྱེ་ན། ཐོན་ལས་དང་པོར་མ་དངུལ་སྒོར་ཁྲི310623བཏང་ནས22.9%འཕར། ཐོན་ལས་གཉིས་པར་མ་དངུལ་སྒོར་ཁྲི850129བཏང་ནས1.4%འཕར། ཐོན་ལས་གསུམ་པར་མ་དངུལ་སྒོར་ཁྲི1095959བཏང་ནས41%འཕར་ཡོད།

5 སྤྱི་ཚོགས་བྱ་གཞག
5_1 སློབ་གསོ།

སྤྱི་ལོ2017ལོར་ཧྲའོ་དབྱང་རྫོང་ལ་སློབ་གྲྭ183ཡོད་པའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མ6ཡོད་པ་དང་། དམའ་རིམ་སློབ་འབྲིང48 སློབ་ཆུང129 སློབ་གྲྭར་ཡོད་པའི་སློབ་མ104706ཡོད་པའི་ནང་མཐོ་རིམ(ལས་རིགས་)སློབ་འབྲིང་གི་སློབ་མ15112དང་། དམའ་རིམ་སློབ་འབྲིང་གི་སློབ་མ30387སློབ་ཆུང་སློབ་མ59207བཅས་ཡོད། བུད་མེད་སློབ་མ48207ཡོད། མཐར་ཕྱིན་སློབ་མ24774ཡོད་པའི་ནང་མཐོ་རིམ་སློབ་འབྲིང་གི་མཐར་ཕྱིན་སློབ་མ4655དང་། དམའ་རིམ་སློབ་འབྲིང་གི་མཐར་ཕྱིན་སློབ་མ9957སློབ་ཆུང་མཐར་ཕྱིན་སློབ་མ10162བཅས་ཡོད། དམིགས་བསལ་སློབ་གྲྭར་ཡོད་པའི་སློབ་མ200ཡོད། གཞུང་བཙུགས་བུ་བཅོལ་ཁང22དང་རྫོང་ཡོངས་ཀྱི་བུ་བཅོལ་ཁང་དུ་བྱིས་པ18860ཡོད་པ་དེ་ལོ་སྔོན་མ་ལས0.36%འཕར་བ་དང་སློབ་ལོ་ལོན་པའི་མི་འབོར་སློབ་གྲྭར་ཞུགས་ཚད100%ཟིན་ཡོད་པ་རེད། སློབ་ཡོན་མི་དགོས་པའི་སློབ་དེབ་ལོངས་སྤྱོད་བྱེད་མཁན་སློབ་མ89594ཡོད། སློབ་ཆུང་དུ་སློབ་མ8256དང་། དམའ་རིམ་སློབ་འབྲིང་དུ་སློབ་མ10289མཐོ་རིམ་སློབ་འབྲིང་དུ་སློབ་མ5336བཅས་བསྡུས་ཡོད། དམིགས་བསལ་སློབ་གྲྭས་སློབ་མ9བསྡུ། རྫོང་དེ་ཡོངས་ལ་ཆེད་བསྐོས་དགེ་རྒན5919ཡོད། དེའི་ནང་མཐོ་རིམ(གོ་གནས)ཁྲོད་ཀྱི་ཆེད་བསྐོས་དགེ་རྒན704དང་། དམའ་རིམ་སློབ་འབྲིང་གི་ཆེད་བསྐོས་དགེ་རྒན2285སློབ་ཆུང་གི་ཆེད་བསྐོས་དགེ་རྒན2930བཅས་ཡོད། སྤྱི་ལོ2015ལོར་རྫོང་ནང་ཁུལ་དུ་མཐོ་རྒྱུགས་ནང་ཞུགས་མཁན་མི4359དང་དངོས་གཞིའི་ཚན་ཁག་གི་སློབ་མ1536ཡོད་པའི་ནང་སློབ་མ325ཡོད་པ་རེད།

5_2 ཚན་རྩལ།

སྤྱི་ལོ2017ལོར་ཧྲའོ་དབྱང་རྫོང་གི་གཞུང་ཁོངས་བྱ་གཞག་ཚན་པའི་ཆེད་ལས་ལག་རྩལ་མི་སྣ9355ཡོད་པའི་ནང་བུད་མེད4826ཡོད། མཐོ་རིམ་ལག་རྩལ་གྱི་གོ་མིང་ཡོད་པའི་མི་སྣ690ཡོད། རྫོང་ཡོངས་ཀྱི་མཐོ་གསར་ལག་རྩལ་ཐོན་རྫས་ཐོན་སྐྱེད་ཁེ་ལས28དང་། ཚན་རིག་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས(RYD)འགྲོ་གྲོན་སྒོར་ཁྲི23846བཏང་ནས21.84%འཕར། དེའི་ནང་ས་གནས་ནོར་སྲིད་ཀྱིས་ཚན་རྩལ་གཏོང་སྒོ་སྒོར་ཁྲི5730བཀོད་སྒྲིག་བྱས་པ་དེ24.38%འཕར་ཡོད། རྫོང་ཡོངས་ཀྱིས་ཁེ་བེད་བདག་ཐོབ322རེ་ཞུ་བྱས་པ་དེ18.36%འཕར་བ་དང་ཁེ་བེད་བདག་ཐོབ152དབང་ཆ་སྤྲད་པ་དེ9.35%འཕར་ཡོད། ལག་རྩལ་གན་རྒྱ1བཞག་པ་དང་། ལག་རྩལ་གན་རྒྱ་ཚོང་འགྲིག་དངུལ་གྲངས་སྒོར་དུང་ཕྱུར0.236ཟིན་ཡོད།

5_3 ལུས་རྩལ།

སྤྱི་ལོ2017ལོར་ཧྲའོ་དབྱང་རྫོང་དུ་ལུས་རྩལ་ཐང30ཡོད་པ་དང་། ལུས་རྩལ་ཁང1དང་། ཆུ་རྐྱལ་ཁང1སྦྱོང་བརྡར་ཁང15བཅས་གསར་སྣོན་བྱས་ཡོད། ལུས་རྩལ་ལྟེ་གནས་ལྔའི་ལུས་རྩལ་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ཆེད་སྤྱོད་མ་དངུལ་སྒོར་ཁྲི630བཏང་ཡོད། གྲོང་ཚོ་རིམ་པའི་ལུས་རྩལ་བྱེད་སྒོ་སྤེལ་ཡུལ63དང་སྒྲིག་ཆས་ཁག63བཀོད་སྒྲིག་བྱས། མང་ཚོགས་ཀྱི་ལུས་རྩལ་རྣམ་གྲངས་ཐེངས10སྤེལ་བ་དང་དེའི་ནང་ཞུགས་མཁན་མི་ཐེངས་ཁྲི2ཡོད། དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་ཐེངས10སྤེལ་བ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་ནང་ཞུགས་མཁན་མི་ཐེངས་ཁྲི20ཡོད། ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་ལ་གྲོང་ཁྱེར་རིམ་པ་ཡན་གྱི་གཟེངས་བསྟོད་རྟགས་མ6དང་ཞིང་ཆེན་རིམ་པ་ཡན་གྱི་གཟེངས་བསྟོད་རྟགས་མ5ཐོབ་ཡོད། ལོ་ཧྲིལ་པོར་ལུས་རྩལ་རྒྱན་ཤོག་འགྲེམས་སྤེལ་བྱེད་ཚད་སྒོར་ཁྲི500ཡོད།

5_4 འཕྲོད་བསྟེན།

སྤྱི་ལོ2017ལོར་ཧྲའོ་དབྱང་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི34ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང29དང་། མ་བུ་བདེ་སྲུང་སྨན་ཁང1ཆེད་ཚན་ནད་རིགས་སྨན་ཁང1ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས1འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་སྒྲིག་གཞི1བཅས་ཡོད་པ་དེར་ཉལ་ཁྲི3773ཡོད་པ་རེད། དེའི་ནང་ཤང་གྲོང་འཕྲོད་བསྟེན་ཁང26ལ་ཉལ་ཁྲི1836ཡོད་པ་རེད། ད་ལྟ་འཕྲོད་བསྟེན་ལག་རྩལ་མི་སྣ2365ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་རོགས་སྨན་པ1004དང་ཐོ་འགོད་བྱས་པའི་ནད་གཡོག་པ926ཡོད། དེའི་ནང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་འཕྲོད་བསྟེན་ལག་རྩལ་མི་སྣ77དང་འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་སྒྲིག་གཞིའི་འཕྲོད་བསྟེན་ལག་རྩལ་མི་སྣ15ཡོད་པ་དང་། ཤང་གྲོང་འཕྲོད་བསྟེན་ཁང་གི་འཕྲོད་བསྟེན་ལག་རྩལ་མི་སྣ1246ཡོད། ལས་གཉེར་སྨན་པ་དཀའ་བཅུ་པའི་ཁྲོད་བུད་མེད241ཡོད་པ་དེས་སྨན་པ་བསྡོམས་འབོར་གྱི24%བཟུང་ཡོད། ལོ་ཧྲིལ་པོར་ཁྱོན་མི་ཐེངས་ཁྲི14.15878ལ་ནད་བརྟག་སྨན་བཅོས་བྱས་པ་དང་། མི་ཐེངས108727སྨན་ཁང་དུ་བསྡད། སྨན་ཁང་ནས་འབུད་མཁན་མི་ཐེངས106925ལ་སྨན་བཅོས་བྱས་པས་དྲག་སྐྱེད་བྱུང་ཚད90.21%ཡིན། བཅའ་ཁྲིམས་གསར་པའི་སྐྱེ་ལེན་བྱེད་ཚད100%ཟིན་ཡོད།

5_5 མི་དམངས་ཀྱི་འཚོ་བ།

སྤྱི་ལོ2017ལོར་ཧྲའོ་དབྱང་རྫོང་དུ་སྤྱི་ལོ2017ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་གཞུང་ཁོངས་ཚན་པ255དང་། ཐུན་མོང་ཚན་པ24ཚན་པ་གཞན་དག60བཅས་ཡོད་པ་དང་ཚན་པའི་ལས་ཞུགས་མི་སྣ33307ཡོད་པའི་ནང་བུད་མེད11732ཡོད། ཚན་པའི་ལས་གཉེར་མི་སྣའི་ངལ་རྩོལ་ཐོབ་ཆ་སྒོར་ཁྲི1929542ཟིན་པའི་ནང་ལས་གནས་ཐོག་ཡོད་པའི་ལས་བཟོའི་གླ་ཕོགས་བསྡོམས་འབོར་སྒོར་ཁྲི1860516ཟིན་ཡོད། ཚན་པའི་ལས་གཉེར་མི་སྣའི་ཆ་སྙོམས་ངལ་རྩོལ་ཐོབ་ཆ་སྒོར58184ཟིན་ནས14.18%འཕར། དེའི་ནང་ལས་གནས་ཐོག་ཡོད་པའི་ལས་བཟོའི་ཆ་སྙོམས་གླ་ཕོགས་སྒོར59628ཟིན་ནས14.67%འཕར་ཡོད། རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར24398ཟིན་ནས8.8%འཕར་ཡོད། རིགས་དབྱེ་ལྟར་དབྱེ་ན། མི་རེའི་ཆ་སྙོམས་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར10911ཟིན་ནས10.8%འཕར། གཉེར་སྐྱོང་ཡོང་འབབ་ཁེ་གཙང་སྒོར4637ཟིན་ནས8.4%འཕར། རྒྱུ་ནོར་གྱི་ཡོང་འབབ་ཁེ་གཙང་སྒོར1520ཟིན་ནས14.8%འཕར། ཡོང་འབབ་ཁེ་གཙང་སྒོར7330གཞན་སྒྱུར་བྱས་ནས5.2%འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་གཏོང་སྒོ་སྒོར14853ཡིན་པ་དེ16.9%འཕར་ཡོད། དེའི་ནང་མི་རེར་ཆ་སྙོམས་བཟའ་བཅའི་ཐ་མག་དང་ཨ་རག་གི་གཏོང་སྒོ་སྒོར5110ཡིན་པ་དེ་ལོ་སྔོན་མ་ལས6.8%འཕར། མི་རེའི་ཆ་སྙོམས་གྱོན་ཆས་ཀྱི་གཏོང་སྒོ་སྒོར1094ཡིན་པ་དེ་ལོ་སྔོན་མ་ལས2.8%འཕར། མི་རེའི་ཆ་སྙོམས་སྡོད་ཁང་གི་གཏོང་སྒོ་སྒོར1971ཡིན་པ་དེ་ལོ་སྔོན་མ་ལས5.5%འཕར། མི་རེའི་ཆ་སྙོམས་འཚོ་བའི་མཁོ་ཆས་དང་ཞབས་ཞུའི་གཏོང་སྒོ་སྒོར777ཡིན་པ་དེ་ལོ་སྔོན་མ་ལས21.8%འཕར། མི་རེའི་ཆ་སྙོམས་འགྲིམ་འགྲུལ་འཕྲིན་གཏོང་གི་གཏོང་སྒོ་སྒོར1043ཡིན་པ་དེ་ལོ་སྔོན་མ་ལས18.3%འཕར། མི་རེའི་ཆ་སྙོམས་སློབ་གསོའི་རིག་གནས་རོལ་རྩེད་ཀྱི་གཏོང་སྒོ་སྒོར3878ཡིན་པ་དེ་ལོ་སྔོོན་མ་ལས51.9%འཕར། མི་རེའི་ཆ་སྙོམས་སྨན་བཅོས་འཕྲོད་སྦྱོར་གྱི་གཏོང་སྒོ་སྒོར726ཡིན་པ་དེ་ལོ་སྔོན་མ་ལས8.9%ཆག མི་རེའི་ཆ་སྙོམས་ཀྱི་སྤྱོད་ཆས་གཞན་དག་དང་ཞབས་ཞུའི་གཏོང་སྒོ་སྒོར253ཡིན་ཞིང་། ལོ་སྔོན་མ་ལས་བརྒྱ་ཆའི2.8འཕར་ཡོད། མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ59.9ཟིན་ནས11%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་དམངས། འཚོ་བ། རྫོང་།