ཆི་ཁྲུན་རྫོང་ནི་ཧུའུ་པེ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་འབྲི་ཆུའི་དབུས་རྒྱུད་ཀྱི་བྱང་ངོས་སུ་གནས་ཤིང་། ཧོང་ཀང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། དེ་ནི་ཝུའུ་ཧན་གྲོང་ཁྱེར་མུ་ཁྱུད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། མིང་གྲགས་ཆེ་བའི“དགེ་རྒན་ཆེ་མོའི་རྫོང”ཞེས་པ་དེ་ཡིན། ཤེས་ལྡན་མི་སྣ་ཟམ་མི་ཆད་པར་ཐོན་པས་མིང་དེ་ལྟར་ཐོགས། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ2397.6དང་། མི་གྲངས་བསྡོམས་འབོར་ཁྲི110(སྤྱི་ལོ2016ལོར) ཡོད། བྱང་དུ་རི་བོ་ཏ་པེ་ཧྲན་དང་། ལྷོ་རུ་འབྲི་ཆུ་དང་འབྲེལ་ཞིང་། ཡུལ་ལྗོངས་མཛེས་ཤིང་ཡིད་དུ་འོང་བ་དང་། གནམ་གཤིས་འཇམ་པ། དུས་བཞིའི་དབྱེ་བ་གསལ་བ་ཡིན། ཤར་གྱི་གཞུང་ཐིག115º12′-115º56′དང་། བྱང་གི་འཕྲེད་ཐིག29º59′-30º40′བར་དུ་གནས་ཡོད།
སྤྱི་ལོ2018ལོའི་ལོ་མཇུག་ཏུ་རྫོང་ཁོངས་སུ་ཤང་གྲོང15དང་ཞིང་ཆེན་དོ་དམ་གསར་སྤེལ་ཁུལ2ཡོད། གྲོང་མིའི་ཨུ་ཡོན་ལྷན་ཁང(གྲོང་ལྷན་དང་། རུ་ཆེན། ཞིང་ནགས་ཉ་ར)578ཡོད་པ་དང་། གྲོང་མིའི་ཚོ་ཆུང(རུ་ཆུང)5105ཡོད།
ཆི་ཁྲུན་ནི་ཧུའུ་པེའི་ཤར་རྒྱུད་དུ་གནས་པ་དང་། ཏ་པེ་རི་བོའི་ལྷོ་འདབས་དང་འབྲི་ཆུའི་དབུས་རྒྱུད་ཀྱི་བྱང་ངོགས་སུ་གནས་ཡོད། ཤར་གྱི་གཞུང་ཐིག115º12′-115º56′དང་། བྱང་གི་འཕྲེད་ཐིག29º59′-30º40′བར་དུ་ཡོད།
ཆི་ཁྲུན་རྫོང་གི་ས་བབ་དོག་ཅིང་། དབྱིབས་ནི་གྲུ་གཡོར་དང་འདྲ། ས་བབ་བྱང་མཐོ་ཞིང་ལྷོ་དམའ་ལ། ས་བབ་རྙོག་འཛིང་ཆེ། བྱང་རྒྱུད་ནི་རི་ཁུལ་ཡིན་པ་དང་། རི་ཀླུང་རིམ་རྩེག་མང་བ། གྲོག་རོང་གཏིང་ཟབ་པ། ཡུལ་ལྗོངས་ལྟ་ན་སྡུག་པ། དབུས་རྒྱུད་ནི་དེའུ་འབུར་ས་ཁུལ་ཡིན་པ་དང་། རི་མ་ཐང་གི་མུ་འབྲེལ་འབར་འབུར། ལྗོན་ཤིང་གྲིབ་བསིལ་ཆགས་པ། མཛེས་ལྗོངས་ལྟ་ན་སྡུག་པ་བཅས་ཡིན། ལྷོ་ཁུལ་ནི་ཕིང་དབྱིན་མཐའ་སྐོར་ཁུལ་ཡིན་པ་དང་། མཚོ་དང་མཚེའུ་སྐར་ཚོགས་ལྟར་མང་པ་ཡིན། གྲུ་ཁ་འཕྲེད་གཞུང་དུ་ཁྱབ་པ། ཉ་འབྲས་ཀྱི་དྲི་ཞིམ་འཐུལ་ཡོད། མངའ་ཁོངས་ནང་ནི་ཆིན་ཧྲན་གྲོང་རྡལ་གྱི་ཡོན་ཏན་ཧྲན་པི་ས་བབ་ཆེས་མཐོ་ཤོས་ཡིན་ལ། ས་བབ་མཐོ་ཚད་སྨི1244.1ཡོད། ཆེས་དམའ་ཤོས་ནི་པ་ལི་མཚེའུ་ཡི་ཞིང་རའི་ཁོངས་ཀྱི་ལུང་ཧྥུང་དགོན་པའི་ཆུ་སྒོ་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི12ཡོད།
ཆི་ཁྲུན་ནི་ཚ་ཁུལ་ཕལ་བའི་སྐམ་སའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དུས་བཞིའི་དབྱེ་བ་གསལ་བ་དང་། ཆར་ཆུ་འབེལ་བ། གནམ་གཤིས་འཇམ་པ། ལོ་རེའི་ཆ་སྙོམས་ཀྱི་སད་མེད་དུས་ཉིན249.1ཡིན་པ་དང་། ཆར་ཆུ་འབབ་ཚད་ཧའོ་སྨི1341.7ཡིན། ཉི་འོད་ཕོག་ཚད་ཆུ་ཚོད2025.8ཡིན་པ་དང་། ཆ་སྙོམས་དྲོད་ཚད་ཏུའུ16.8ཡིན།
སྤྱི་ལོ2010ལོའི་ཟླ7པའི་ཚེས1ཉིན་ཆི་ཁྲུན་རྫོང་ཡོངས་ཀྱི་ཐེམ་ཐོ་མི་འབོར991734ཡོད་པ་དང་། རྒྱུན་སྡོད་མི་འབོར727821ཡོད། མི11621སྐྱེས་པ་དང་། མི5230ཤི་བ་རེད། མི་འབོར་རང་ཤུགས་སུ་འཕར་ཚད5.02‰ཟིན་ཡོད། སྲིད་ཇུས་དང་མཐུན་པའི་ཕྲུ་གུ་སྐྱེ་ཚད82.94%ཟིན་པ་དང་ཕྲུ་གུའི་ཕོ་མོའི་བསྡུར་ཚད126.13ཡིན།
སྤྱི་ལོ2012ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར146ཡིན་པ་དེ་དུས་མཚུངས་ལས10.9%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར147.55བཏང་བ་དེ་དུས་མཚུངས་ལས36.3%འཕར། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར47.23ཡིན་པ་དེ་དུས་མཚུངས་ལས18.5%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར16372ཡིན་པ་དེ་དུས་མཚུངས་ལས14.4%འཕར། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར5609ཡིན་པ་དེ་དུས་མཚུངས་ལས14.47%འཕར་བ་དང་། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར7.04ཡིན་པ་དེ་དུས་མཚུངས་ལས21.7%འཕར། ས་གནས་ཀྱི་ཁྲལ་བསྡུའི་ཡོང་འབབ་ཀྱིས་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་ནང་བཟུང་བའི་བསྡུར་ཚད་བརྒྱ་ཆ61ཟིན་ཡོད། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་ཁྲི5633ཡིན་པ་དེ་དུས་མཚུངས་ལས23.72%འཕར་ཡོད། སྤྱི་ལོ2015ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར194.27ཡིན་པ་དང་ལོ་རེར་ཆ་སྙོམས11.11%འཕར་བ་དེ“ལོ་ལྔའི་འཆར་འགོད་བཅུ་གཅིག་པའི”དུས་མཇུག་གི་ལྡབ1.92ཡིན་པ་དང་། སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར11.56ཡིན་པ་དང་ལོ་རེར་ཆ་སྙོམས20.39%འཕར་བ་དེ“ལོ་ལྔའི་འཆར་འགོད་བཅུ་གཅིག་པའི”དུས་མཇུག་གི་ལྡབ2.53ཡིན་པ་རེད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར263.26བཏང་ནས་ལོར་ཆ་སྙོམས22.53%འཕར་བ་དང་། བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར260ལས་བརྒལ་ནས་ལོར་ཆ་སྙོམས20.61%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར107.69ཡིན་པ་དང་ལོ་རེར་ཆ་སྙོམས17.29%འཕར་བ་དང་། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ཨ་སྒོར་ཁྲི9768ཡིན་པ་དང་ལོ་རེར་ཆ་སྙོམས18.47%འཕར་ཡོད།
སྤྱི་ལོ2016ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར209.4ཡིན་པ་དང་ལོ་རེར་ཆ་སྙོམས9.74%འཕར་བ་དང་། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར12.3ཡིན་པ་དང་ལོ་རེར་ཆ་སྙོམས16.26%འཕར། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར229.5བཏང་ནས་ལོ་རེར་ཆ་སྙོམས19.26%འཕར་བ་དང་། བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར260ཡིན་པ་དང་ལོ་རེར་ཆ་སྙོམས15.04%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར118.24ཡིན་པ་དང་ལོ་རེར་ཆ་སྙོམས15.05%འཕར་བ་དང་། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ཨ་སྒོར་ཁྲི10745ཡིན་པ་དང་ལོ་རེར་ཆ་སྙོམས་སུ་བརྒྱ་ཆའི18.74འཕར་ཡོད། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ72011ལོའི་རྨང་གཞིའི་ཐོག་ལྡབ་འཕར་བྱུང་ཡོད། ཤང་གྲོང4གྲོང་ཁྱེར་ཡོངས་ཀྱི་སྟོབས་ཆེན20ལ་སླེབས་པ་དང་། ཚའོ་ཧོ་གྲོང་རྡལ་ནི་སྟོབས་ཆེན20གྲས་ཀྱི་དང་པོ་ཡིན། སྤྱི་ལོ2017ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར226ཡིན་པ་དང་དུས་མཚུངས་ལས8%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར252བཏང་ནས་དུས་མཚུངས་ལས10%འཕར། ཚད་ལོན་ཡན་གྱི་བཟོ་ལས་འཕར་ཐང་བརྒྱ་ཆའི9འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར13.25ཡིན་པས་དུས་མཚུངས་ལས8.6%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར132.52ཡིན་པས་དུས་མཚུངས་ལས11%འཕར་བ་དང་། ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར1.2ཡིན་པས་དུས་མཚུངས་ལས10%འཕར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26180དང་སྒོར12321ཡིན་པས་སོ་སོར་དུས་མཚུངས་ལས9%དང9.5%འཕར་བ་རེད། ནུས་སྲི་སྙིགས་འཕྲི་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་གྲོང་ཁྱེར་གྱིས་གཏན་ཁེལ་བྱས་པའི་དམིགས་འབེན་ལེགས་གྲུབ་བྱུང་།
སྤྱི་ལོ2012ལོར་ཆི་ཁྲུན་རྫོང་གིས་སྤུས་ལེགས་ཆུ་འབྲས་རྟེན་གཞི་མུའུ་ཁྲི70འཕེལ་རྒྱས་བཏང་བ་དང་། འབྲུ་རིགས་ཐོན་སྐྱེད་བསྟུད་མར་ལོ་དགུར་འཕར། ཞིང་ཆེན་ཡོངས་ཀྱི་རྒྱ་མ་དུང་ཕྱུར10ཡི་རྫོང་གྲས་སུ་ཚུད་ཡོད། ཀྲུང་ལུགས་སྨན་རྫས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི5གསར་སྣོན་བྱས་ཡོད། ཞིང་པའི་ཆེད་ལས་མཉམ་ལས་ཁང60གསར་སྣོན་བྱས་པ་དང་། ཞིང་ཆེན་རིམ་པས་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི67ངོས་འཛིན་བྱས་པས། ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཆུ་མཛོད་ཆུང་གྲས48བརྟན་དུ་བཏང་བ་དང་། ཞིང་ཁའི་ཆུ་བེད་སྒྲིག་བཀོད་ཆུང་གྲས6160འཛུགས་སྐྲུན་བྱེད་འགོ་བརྩམས་པས། ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་བཅོས་བྱུང་ཡོད། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས། ཞིང་འབྲེལ་མ་དངུལ་སྒོར་ཁྲི8000བསྡུ་སྒྲིལ་བྱས་པ་དེ་ཆི་ཁྲུན་རྫོང་གི་གྲོང་ཚོ578ལ་ཁྱབ་ཡོད་པ་རེད། སྤྱི་ལོ2012ལོར་ཆི་ཁྲུན་རྫོང་གིས་ཏ་ཐུང་དང་ཧྭ་ཡོན་སོགས་ཆུ་མཛོད་ཆེ་འབྲིང་ཆུང་གསུམ159གསར་སྐྲུན་བྱས་པ་དང་། ཏ་ཐུང་དང་། ཧྭ་ཡོན། ཏུང་གན་ཆུས“ཡུར་བུ་ཆེན་པོ་གསུམ”སོགས་ཀྱི་ཆུ་འདྲེན་ཡུར་བུ1300ལྷག་ཙམ་ཡོད། སྤྱི་ལེ3000ལྷག་ཙམ་ཡོད། འབྲི་ཆུའི་ཆུ་རགས་སྤྱི་ལེ47.2བརྟན་དུ་བཏང་བ་དང་། ཁྲི་ཏུང་མཚེའུ་དང་ཁྲི་ཤིས་མཚེའུ་སོགས་ཆུ་འདྲེན་ཆུ་འཐེན་འཕྲུལ་འཁོར་ས་ཚིགས572སུ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར654ཡོད་པ་དང་། ཆུ་ལོག་སྔོན་འགོག་དང་། ཐན་འགོག འཁྱིལ་ཆུ་འབུད་པ་བཅས་ལས་གྲྭའི་མ་ལག་ཆེན་པོ་གསུམ་གཞི་རྩའི་ཆ་ནས་གྲུབ་ནས་ཆི་ཁྲུན་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཆུ་བེད་ཀྱི་འདེགས་སྐྱོར་བཟང་པོ་མཁོ་འདོན་བྱས་ཡོད།
སྤྱི་ལོ2012ལོར་ཆི་ཁྲུན་རྫོང་གིས་ཞིང་ནང་ཆུ་བེད་ཀྱི་གཞི་རྩའི་འཛུགས་སྐྲུན་ལས་གྲྭ1610ལེགས་སྒྲུབ་བྱས་པ་དང་། ཆུ་འཐེན་ས་ཚིགས་ཆུང་གྲས་ཀྱི་ཆུ་སྒོ38གསར་སྐྲུན་དང་ཉམས་གསོ་བྱས། རྫིང་འགྲམ་འཛུགས་སྐྲུན1355ལེགས་གྲུབ་བྱས་པ་དང་། ཆི་ཁྲུན་རྫོང་གི་ཞིང་ལས་ཐོན་འཕར་དང་ཞིང་པའི་འབབ་འཕར་ལ་རྨང་གཞི་བཟང་པོ་བཏིང་ཡོད། ཏ་ཐུང་ཆུ་མཛོད་ཀྱི་ཆུ་ཡང་མཇུག་ཏུ་ཡོད་པའི་ཁྲི་ཏུང་གྲོང་རྡལ་ཆིང་ཅང་དུ་བསྐྱལ་བ་དང་ཏ་ཐུང་ཆུ་མཛོད་དང་ཧྭ་ཡོན་ཆུ་མཛོད་སོ་སོར་ཞིང་ཆུ་འདྲེན་ཁུལ་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི7500དང་སྨི་རྒྱ་དཔངས་གྲུ་བཞི་ཁྲི2300མཁོ་འདོན་བྱས་ཡོད། ཆི་ཁྲུན་རྫོང་གིས་ཆུ་འཐེན་འཕྲུལ་འཁོར་ས་ཚིགས་ཆེ་ཆུང277བཙུགས་ནས་ཉིན་རེར་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི82མཁོ་འདོན་བྱས་པ་དང་། ཐན་འགོག་འཕྲུལ་ཆས་ཆ་ཚང་ཁྲི1.5ཙམ་མཁོ་འདོན་བྱས། ཐན་འགོག་མ་དངུལ་སྒོར་ཁྲི1800ཙམ་བཏང་བ་དང་། ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི39ཡོད་པ་དང་། འཐུང་ཆུའི་དཀའ་ངལ་ཐག་གཅོད་བྱས་པའི་མི་འབོར་ཁྲི1.2དང་ཕྱུགས་རིགས་ཆེ་གྲས800ཙམ་ལ་འཐུང་ཆུ་མཁོ་འདོན་བྱས་ཡོད། སྤྱི་ལོ2020ལོའི་ཟླ2པའི་ཚེས26ཉིན། ཧུའུ་པེ་ཞིང་ཆེན་ཆི་ཁྲུན་རྫོང་ཆི་ཨེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁུལ་དེ་ཁག་གསུམ་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ལེགས་ཆའི་ཁུལ་ལ་གཏན་འཁེལ་བྱས་པ་རེད།
སྤྱི་ལོ2012ལོར་ཆི་ཁྲུན་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས123ཡོད་པ་དང་། ཁེ་ལས10འཕར་སྣོན་བྱུང་། ཁྲལ་འབབ་སྒོར་ཁྲི1000ལས་བརྒལ་བའི་ཁེ་ལས2འཕར་སྣོན་བྱུང་། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས1གསར་སྣོན་བྱུང་ཡོད། ཆི་ཁྲུན་རྫོང་གིས་མུ་མཐུད་འཛུགས་སྐྲུན་དང་། འཛུགས་སྐྲུན་བྱེད་བཞིན་པ། གན་རྒྱ་འཇོག་པ་བཅས་ཀྱི་རྣམ་གྲངས321གྲོས་མོལ་བྱས་པ་དང་གྲོས་མཐུན་མ་འཇོག་སྒོར་དུང་ཕྱུར384.8ཡིན་པ་དང་མ་དངུལ་སྒོར་དུང་ཕྱུར43.3བཏང། གསར་དུ་ནང་འདྲེན་བྱས་པའི་རྣམ་གྲངས146ཡོད་པའི་ནང་སྒོར་དུང་ཕྱུར་ལས་བརྒལ་བའི་རྣམ་གྲངས25ཡོད་པ་དང་རྣམ་གྲངས15ཞིང་ཆེན་དང་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ནང་བཅུག་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར68ཡིན་པ་དང་། ས་ཁང་བདག་ཁོངས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར15གསར་སྣོན་བྱས་ཤིང་། ལས་མཇུག་སྒྲིལ་བའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི50ཡོད། དངུལ་རྩས་ས་གནས་ཀྱི་དཔལ་འབྱོར་ལ་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་བ་དང་། དངུལ་ཁང་གིས་ལོ་དེར་གསར་དུ་བསྣན་པའི་དངུལ་བུན་སྒོར་དུང་ཕྱུར10ལས་ཐོག་མར་བརྒལ་ནས་ཞིང་ཆེན་ཡོངས་ཀྱི་དངུལ་རྩ་གཏོད་པའི་དཔེ་སྟོན་རྫོང་དང་རྒྱལ་མཛོད་ཀྱིས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་དཔེ་སྟོན་རྫོང་དུ་བདམས་ནས་སྐབས་དྲུག་པར་ཧུའུ་པེ་ཞིང་ཆེན་གྱི་དངུལ་རྩའི་ཡིད་རྟོན་རྫོང་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།
ཁག་གཉིས་པའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བའི་རྫོང་།
སྤྱི་ལོ2020ལོའི་ཟླ3པའི་ཚེས19ཉིན་རྒྱལ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚུབ“ལྗང་མདོག་སྔོན་འགོག་ཚོད་འཛིན་གྱི་དཔེ་སྟོན་རྫོང”ཁག་དང་པོའི་དཔྱད་འདེམས་མིང་ཐོའི་ནང་བདམས་པ་རེད།