ཁྲུན་ཆིའུ་དུས་སྐབས་སུ་ཝུན་རྫོང་དུ་རྫོང་ཐོག་མ་བཙུགས།
ཀྲོའུ་ཞང་ཝང་ཁྲི་ལོ་གཉིས་པའི(སྤྱི་ལོ650ལོར)ཏི་རེན་གྱིས་ཝུན་རྩ་མེད་དུ་བཏང་ཞིང་། ཀྲོའུ་ནུབ་མའི་དུས་འགོར་བཙུགས་པའི་སུའུ་ལེན་རྒྱལ་ཁབ་ཀྱིས་ལོ་ངོ400ཙམ་གྱི་རྗེས་སུ་ལོ་རྒྱུས་སྟེང་ནས་མེད་པར་གྱུར། ཀྲོའུ་ཐེན་ཙིས་ཝུན་ཏེ་ཕྱིར་བསྡུས་ནས་ཐའེ་ཧང་རི་བོའི་ལྷོ་ངོས་དང་རྨ་ཆུའི་བྱང་ངོས་སུ་ཡོན་དང་ཝུན་སོགས་ཚུད་པའི་ས་ཆ་ཅིན་གོ་ལ་སྤྲད་པ་དེར་ནན་དབྱང་ཟེར། ཅིན་རྒྱལ་ཁབ་ལ་ཝུན་ཏི་ཐོབ་རྗེས། གནས་འདི་ནས་གྲོང་ཁྱེར་བཙུགས། ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་ཀྱི་གྲོང་ཁྱེར་ནི་ཆིན་ཧན་དུས་སྐབས་ཀྱི་རྫོང་ཡིན། ཝུན་རྫོང་དུ་རྫོང་བཙུགས་པའི་ལོ་རྒྱུས་ལོ་ངོ2600ལྷག་ཙམ་འདས་ཡོད།
ཧན་རྒྱལ་རབས་ཀྱི་དུས་མགོར་རྫོང་བཙུགས་པ་དང་མིང་ལ་ཝུན་རྫོང་ཟེར།
ཆི་བྱང་མའི་ཐེན་པའོ་ཁྲི་ལོ་བདུན་པར(སྤྱི་ལོ556ལོར)ཝུན་རྫོང་བེད་མེད་དུ་བསྐྱུར།
སུའེ་ཁའེ་ཧོང་གི་ལོ་བཅུ་དྲུག་པར(སྤྱི་ལོ596ལོར)ཝུན་རྫོང་བསྐྱར་འཛུགས་བྱས།
སྤྱི་ལོ621ལོར་ཐང་ཝུའུ་ཏེ་ཁྲི་ལོ་བཞི་པར་ཝུན་རྫོང་གི་ལི་ཁྲེང་རྫོང་དུ་བསྒྱུར།
སྤྱི་ལོ625ལོར་ཝུའུ་ཏེ་ཡིས་ལི་ཁྲེང་རྫོང་བསྐྱུར་ནས་ཝུན་རྫོང་སླར་གསོ་བྱས།
མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པའི(སྤྱི་ལོ1945ལོའི)ཟླ3པར་ཝུན་ཡོན་རྫོང་བཙུགས་པ་དང་། ཟླ5པར་ཝུན་མེང་རྫོང་བཙུགས། ཟླ8པར་ཝུན་མེང་རྫོང་གཉིས་ཀྱིས་ཝུན་རྫོང་མི་དམངས་སྲིད་གཞུང་བཙུགས།
སྤྱི་ལོ1960ལོའི་ཟླ10བར། ཝུན་རྫོང་དེ་ཆིན་དབྱང་གི་ཁོངས་གཏོགས་སུ་བཅུག
སྤྱི་ལོ1961ལོའི་ཟླ8པར། ཝུན་རྫོང་བསྐྱར་འཛུགས་བྱས།
ཝུན་རྫོང་གི་མངའ་ཁོངས་སུ་ས་བབ་ཁོད་སྙོམས་པ་དང་། རྨ་ཆུ་དང་ཆིན་ཆུའི་ཆུ་བསགས་བདེ་ཐང་གི་ཁོངས་སུ་གཏོགས། རྫོང་གི་མངའ་ཁོངས་སུ་ཤར་ནས་ནུབ་བར་ཅུང་མཐོ་རུ་འགྲོ་བ་དང་། རང་བྱུང་གི་རི་ལྡེབས་ཧ་ལམ1/2000ཙམ་ཆག་པ། ས་བབ་མཐོ་ཚད་སྨི102.3~116.1ཡིན། ཧོང་ཆུ་དང་ཆིན་ཧོ་ཆུ་བོའི་ལོ་རྒྱུས་ཐོག་ཐེངས་མང་རྒྱས་ནས་ལམ་སྒྱུར་པས་ནན་ཐན་པེ་ཝ་དབུས་སྒང་གི་ས་དབྱིབས་ཀྱི་ཁྱད་ཆོས་ཆགས་ཡོད།
ཝུན་རྫོང་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། དུས་བཞི་གསལ་ལ། ཉི་འོད་འདང་བ་དང་ས་རྒྱུ་གཤིན་པོ་ཡིན་པ། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ནི14-15℃དང་ལོ་རེའི་དྲོད་ཚད་ནི4500℃ཡན་ཆད། ལོ་རེའི་ཉི་འོད་ཆུ་ཚོད2484 ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི550-700 སད་མེད་དུས་ཉིན210བཅས་ཡིན།
ཝུན་རྫོང་ཁོངས་གཏོགས་ཀྱི་ཆུ་ལམ་རིང་ཚད་ལ་སྤྱི་ལེ190ཡོད་པ་དང་། ཆ་སྙོམས་ལོའི་སྤྱིའི་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར500ཙམ། ཆ་སྙོམས་ལོར་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི2717 ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི6ཙམ་ཟིན་པ་བཅས་ཀྱིས་རྫོང་དེ་ཡོངས་ཀྱི་ཞིང་ཆུ་འདྲེན་ཁྱོན་གྱི16%བཟུང་ཡོད།
སྤྱི་ལོ2017ལོའི་བར་ཝུན་རྫོང་ཡོངས་ཀྱི་མི་འབོར་བསྡོམས་འབོར་ཁྲི46.8དང་ཁྱོན་བསྡོམས་གྲངས་ཉུང་མི་རིགས16 གྲངས་ཉུང་མི་རིགས270ཙམ་ཡོད། དེའི་ནང་ཧུའེ་རིགས་མང་བ་དང་། སྡོད་གནས་ཁ་ཐོར་ཡིན།
སྤྱི་ལོ2017ལོར་ཝུན་རྫོང་གི་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར28.5ཡོད་པ་དེ4.5%འཕར་བ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར16258ཡོད་པ་དེ9%འཕར་ཡོད། རྫོང་དེ་ཡོངས་ཀྱི་གྲོ་ཆ་སྙོམས་མུའུ་རེའི་ཐོན་འབབ་སྤྱི་རྒྱ580.2ཟིན་པ་དེ་སྤྱི་ལོ2016དང་བསྡུར་ན་ཐོན་འབབ་སྤྱི་རྒྱ5.2ཟིན་པ་དང་། ཐོན་འབབ་མཐོ་བའི་ཞིང་ཁ་ནས་ཐོན་འབབ་སྤྱི་རྒྱ812.4 འཕར་ཡོད། དུས་བདེའི་འདེབས་ལས་ཀྱི“པེ་ཅིང་ཐོན་རྫས50”ལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པ་རེད། “མའོ་པའེ་དབྱང་གི་སོན་རྒྱུའི་ཐོན་ཁུངས་བསྡུ་རུབ་དང་སོན་བཟང་འདེམས་གསོ་བྱས་པར”ཞིང་ཆེན་ནགས་ལས་ཐིང་གི་ཚན་རིག་ཡར་ཐོན་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ་ཐོབ།
སྤྱི་ལོ2017ལོར་ཝུན་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར184ཡོད་པ་དེ9.5%འཕར་བ་དང་། གཙོ་གནད་ཁེ་ལས50ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར47བྱུང་ནས21%འཕར་ཡོད།
སྤྱི་ལོ2017ལོར་ཝུན་རྫོང་ཐོན་ལས་གཅིག་སྡུད་ཁུལ་གྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར615བྱུང་ནས20%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར250བཏང་ནས10%འཕར་བ། གཙོ་ཁྲིད་ཐོན་ལས་ཆེན་པོ་གཉིས་ཀྱི་རིན་ཐང་འཕར་མ26.7%འཕར་བ་དེ་རྫོང་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་་གྲངས17.2ཀྱིས་མཐོ་བ་རེད། ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར24.2བཏང་བ་དང་། ཅིན་ཧྲུའེ་ཝུན་རྫོང་གསར་དར་ཚན་རྩལ་ཐོན་ལས་གླིང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར8བཏང་ནས་རྣམ་གྲངས24ལ་བཅའ་སྡོད་བྱས་པ་དང་རྣམ་གྲངས5ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད། ཁྱིམ་ཆས་ཐོན་ལས་གླིང་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར6.2བཏང་ནས་རྣམ་གྲངས13ལ་ཐོན་སྐྱེད་བྱེད་འགོ་ཚུགས།
སྤྱི་ལོ2017ལོར་ཝུན་རྫོང་གི་ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར77ཡོད་པ་དེ10.3%འཕར་ནས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
སྤྱི་ལོ2017ལོར་ཝུན་རྫོང་གི་ཁྱད་ལྡན་ཚོང་ལས་ཁུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར2.9བཏང་ནས21%འཕར་ཡོད། རྣམ་གྲངས14ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་གླིང་ཁུལ་དུ་གསར་དུ་བཅའ་སྡོད་བྱས་པའི་ཁེ་ལས20ལྷག་ཙམ་ཡོད།
སྤྱི་ལོ2017ལོར་ཝུན་རྫོང་དུ་གློག་རྡུལ་ཚོང་དོན་ཁེ་ལས་དང་། མཉམ་ལས་ཁང་། གློག་རྡུལ་ཚོང་དོན་བཅས་ཁྱོན723ཡོད་པ་དང་། གློག་རྡུལ་ཚོང་དོན་གྱི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར26.2 དྲ་རྒྱའི་སིལ་ཚོང་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར12.3ཡོད། རྫོང་དེ་ཁག་གཉིས་པའི་ཞིང་ཆེན་རིམ་པའི་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་དུ་གཏན་འཁེལ་བྱས་པ་རེད། དངུལ་རྩའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བྱུང་ནས་མ་དངུལ་སྒོར་དུང་ཕྱུར་12.2དང་ཡིད་རྟོན་དངུལ་བུན་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རྫོང་ཡོངས་ཀྱི་དངུལ་བུན་ལྷག་གྲངས་ཁག17.2%འཕར་བ། ཟོག་འགྲེམས་ལས་རིགས་འཕེལ་རྒྱས་ཡག་པོ་བྱུང་ནས་ཁྲལ་འབབ་སྒོར་ཁྲི6500ལྷག་ཙམ་ཟིན་ཡོད།
སྤྱི་ལོ2017ལོའི་བར་ཝུན་རྫོང་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ(བུ་བཅོལ་ཁང་ཚུད་པ)216ཡོད་པའི་ནང་མཐོ་རིམ་སློབ་གྲྭ3(གཞུང་བཙུགས་སློབ་གྲྭ1དང་དམངས་གཉེར་སློབ་གྲྭ2)དང་། ལས་རིགས་སློབ་གྲྭ1དམའ་རིམ་སློབ་འབྲིང23(དམངས་གཉེར་སློབ་གྲྭ5ཚུད་པ)སློབ་ཆུང84(དམངས་གཉེར་སློབ་གྲྭ4ཚུད་པ)སློབ་ཁྲིད་ས་ཚིགས18བུ་བཅོལ་ཁང85(གཞུང་བཙུགས་བུ་བཅོལ་ཁང49དང་དམངས་གཉེར་བུ་བཅོལ་ཁང36ཚུད་པ)དམིགས་བསལ་སློབ་གསོའི་སློབ་གྲྭ1དགེ་རྒན་ཟབ་སྦྱོང་སློབ་གྲྭ1བཅས་ཡོད། ད་ཆ་རྫོང་ཡོངས་སུ་སློབ་གྲྭར་ཡོད་མུས་ཀྱི་སློབ་མ69400ལྷག་ཙམ་ཡོད་པའི་ནང་ མཐོ་སློབ་ཀྱི་སློབ་མ10320དང་། ལས་རིགས་མཐོ་སློབ་ཀྱི་སློབ་མ1060དམའ་རིམ་སློབ་འབྲིང་གི་སློབ་མ13925སློབ་ཆུང་སློབ་མ27795བྱིས་པ16348བཅས་ཡོད། རྫོང་ཡོངས་ཀྱི་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་དང་ལས་བཟོ3398ཡོད་པའི་ནང་མཐོ་རིམ་སློབ་འབྲིང(ལས་རིགས་སློབ་གསོ་ཚུད་པ)478དང་། དམའ་རིམ་སློབ་འབྲིང་སློབ་མ1145 སློབ་ཆུང་གི་སློབ་མ1628(དགེ་རྒན34དང་། སློབ་དཔྱོད་ཁང་གི་ལས་མི47 བུ་བཅོལ་ཁང་གི་སློབ་མ66བཅས་ཚུད)ཡོད་པ་དང་། དམིགས་བསལ་ལས་གནས་ཀྱི་དགེ་རྒན182ཡོད།(དེའི་ནང་དམའ་རིམ་སློབ་འབྲིང་གི་དགེ་རྒན88དང་སློབ་ཆུང་གི་དགེ་རྒན94)
སྤྱི་ལོ2017ལོའི་བར་ཝུན་རྫོང་གྲོང་ཁུལ་དུ་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི4དང་ཉལ་ཁྲི1061ཡོད།
སྤྱི་ལོ2019ལོའི་ཟླ8པར་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་གི་ཚོད་ལྟའི་རྫོང་དུ་བདམས།
སྤྱི་ལོ2017ལོའི་བར་ཝུན་རྫོང་གྲོང་ཁུལ་དུ་རིག་གནས་ལྟེ་གནས་དང་ལུས་རྩལ་ཐང་རེ་ཡོད་པ་རེད། སྲིད་འཛིན་གྲོང་ཚོ90ལ་ཐབས་ལམ་ལས་གྲྭ་ལག་ལེན་བསྟར་ནས་ཞིང་པའི་ལུས་སྦྱོང་འདུ་འགོད་ཁྱོན་ཡོངས་ལ་ཁྱབ་པ་བྱས་པ། ཐའེ་ཅི་ཆོན“དྲུག་སྐྱོད”ཀྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་། ཐའེ་ཅི་དྲག་རྩལ་མུ་མཐུད་ཁྱབ་གདལ་གཏོང་དགོས། རྫོང་དེ“རྒྱལ་ཡོངས་མང་ཚོགས་ལུས་རྩལ་སྔོན་ཐོན་ཚན་པར”བདམས་པ་རེད། “དམངས་ཡོངས་ཀྱི་དཔེ་ཀློག་”བྱེད་སྒོ་དང་མི་སེར་གྱི་རིག་གནས་སྒོ་རྩིས་ཚོང་ཁང་གི་དམངས་ཕན་ལས་གྲྭར་སྐུལ་འདེད་བཏང་ནས་ཝུན་རྫོང་གི་རླུང་འཕྲིན་བརྙན་འཕྲིན་འཕེན་གཏོང་སྟེགས་བུ་དང་ས་ཚིགས་གཞི་གཅིག་ཅན་གྱི་རྣམ་གྲངས་སྐྲུན་འགོ་ཚུགས་ཡོད། གྲོང་ཚོའི་གཞི་རིམ་རིག་གནས་ཞབས་ཞུའི་ལྟེ་གནས50ལ་མ་དངུལ་དང་རིག་གནས་སྒྲིག་ཆས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱས།
སྤྱི་ལོ2017ལོའི་བར་ཝུན་རྫོང་གིས་རིམ་རྩིས་བྱས་ན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར2.1བཏང་བའི་ནང་ཆེད་དོན་ནོར་སྲིད་མ་དངུལ་སྒོར་ཁྲི1916བཏང་ནས་དབུལ་སྐྱོར་རྣམ་གྲངས48ལག་བསྟར་བྱས་པས་མི2752དབུལ་སྒྲོལ་བརྟན་པོ་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས7220དང་། ལས་ཞུགས་བསྐྱར་མ་བྱས་གྲངས2035 དཀའ་ངལ་ཡོད་པའི་མི་གྲངས594བཅས་གསར་སྣོན་བྱས་པ་དང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་གནས་སྤོས་ལས་ཞུགས་མི་གྲངས5300གསར་དུ་འཕར་སྣོན་བྱུང་ཡོད།