ཝུའུ་ཀྲི་རྫོང་།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-04-02 15:42ལ་འགྲུབ།

ཝུའུ་ཀྲི་རྫོང་།

ཝུའུ་ཀྲི་རྫོང་།
ཝུའུ་ཀྲི་རྫོང་ནི་ཧོ་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ལོ་རེའི་ཆ་སྙོམས་དྲོད་ཚད་ནི14.4℃དང་། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི575.1 སད་མེད་དུས་ཉིན211བཅས་ཡིན། ཝུའུ་ཀྲི་ནི་ཅི་ཀྲོའུ་རུ་གཏོགས་པ་དང་། ཆིན་གྱི་དུས་སུ་མིང་ལ་ཝུའུ་ཏེ་ཞེས་བཏགས། ད་ལྟའི་བར་ལོ་ངོ1400ལྷག་ཙམ་གྱི་ལོ་རྒྱུས་ལྡན། སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ས་ཁུལ་དབྱེ་འབྱེད་རྫོང་གི་མིང་ཐོའི་ནང་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武陟县
སྲིད་འཛིན་ཁུལ་གྱི་རིགས།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧོ་ནན་ཞིང་ཆེན་ཅའོ་ཙུའོ་གྲོང་ཁྱེར།
མངའ་ཁོངས།
སྲང་ལམ4གྲོང་རྡལ5ཤང6ཁོངས་གཏོགས་ཀྱི་ཤང་རིམ་པའི་ཚན་པ1བཅས་ཡོད།
སྲིད་གཞུང་གི་ས་གནས།
ཤིང་གྲོང་སྲང་ལམ་དོན་གཅོད་ཁང་གི་ཞིན་ཧྭ་ལམ་ཨང8པ།
ས་ཁོངས་ཁ་པར་ཨང་རྟགས།
0391
སྦྲག་སྲིད་ཨང་རྟགས།
454950
ས་གནས།
ཧོ་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་རྨ་ཆུའི་བྱང་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ805ཡོད།
མི་གྲངས།
མི་ཁྲི74ཡོད།(2015ལོ)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས  (豫)H
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410823
GDP
སྒོར་དུང་ཕྱུར312.6ཡོད།(2016ལོར)
མི་རེའི་ཆ་སྙོམས་ཀྱིGDP
སྒོར42243ཡོད།(2016ལོར)
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཆིན་ཧྲི་ཧོང་ཁྲི་ལོ་ཉེར་དྲུག་པར(སྤྱི་ལོའི་སྔོན་གྱི221ལོར)ཆིན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དྲུག་གཅིག་གྱུར་བྱས་རྗེས་ཧོའེ་རྫོང་བཙུགས།  

ཆིན་ཧྲི་ཧོང་གིས་ལོ་ཉེར་བརྒྱད་པར(སྤྱི་ལོའི་སྔོན་གྱི219ལོར)ཝུའུ་ཏེ་རྫོང(ད་ལྟའི་ཏན་ཏན་ཞང་གི་ཏ་ཁྲེང་གྲོང་ཚོ)བཙུགས་པ་དང་། ཧོ་ནེ་ཅུན་གྱི་ཁོངས་སུ་གཏོགས། 

ཅིན་ཝུའུ་ཏི་ཐའེ་ཀྲི་ཁྲི་ལོ་གཉིས་པ(སྤྱི་ལོ266ལོར)ཧོ་ནེ་ཅུན་ཧོའེ་རྫོང་ནས་ཡེ་ཝང(ད་ལྟའི་ཆིན་དབྱང་རྫོང)དུ་སྤོས། 

ཝེ་ཤར་མའི་ཐེན་ཕིང་ལོ་གསུམ་པ(སྤྱི་ལོ536ལོར)ནས་ཝུན་རྫོང་ཀྲི་སོའོ་ཡིས་ཝུའུ་ཀྲི་རྫོང་ཏ་ཧུང་ཆའོ་ཤང་ཝུན་གྲོང་ཚོར་གནས་སྤོ་བྱས། 

ཆི་བྱང་མའི་ཐེན་པའོ་ཁྲི་ལོ་བདུན་པ(སྤྱི་ལོ556ལོར)ཡུས་ཕིན་ཀའོ་རྫོང་ཀྲོའུ་དང་རྫོང་དུ་བསྐྱོད། སུའེ་ཁའེ་ཐང་ཁྲི་ལོ་བཅུ་དྲུག་པར(སྤྱི་ལོ596ལོར)ཞིའུ་ཝུའུ་རྫོང་གི་ལྷོ་རྒྱུད་ནས་ཝུའུ་ཀྲི་རྫོང་དུ་བཙུགས། 

སུང་རྒྱལ་རབས་བྱང་མའི་དུས་སུ་ཝུའུ་ཀྲི་རྫོང་ནི་ཧོ་པེའི་ནུབ་ལམ་ཧོའེ་ཀྲོའུ་རུ་གཏོགས། སུང་རྒྱལ་རབས་བྱང་མའི་ཞི་ཉིང་ལོ་དྲུག་པར(སྤྱི་ལོ1073ལོར) ཡུས་ཝུའུ་ཏེ་རྫོང་ཧ་ནོ་རྫོང(ད་ལྟའི་ཆིན་དབྱང་རྫོང)དུ་གནས་སྤོས། དེའི་ཁོངས་གཏོགས་ས་ཁོངས་ནི་དེང་གི་ཝུན་རྫོང་དང་ཝུའུ་ཆི་ཡི་ཁོངས་སུ་གཏོགས་པ་དང་། ལོ་དེར་ཞིའུ་ཝུའུ་རྫོང་ཁོངས་ཝུའུ་ནས་རྫོང་ལ“ཞིའུ་ཝུའུ་གྲོང་རྡལ”ཞེས་འབོད་རྒྱུ་མེད་པར་བཟོས་པ་དང་། ཡོན་ཡིའུ་ཁྲི་ལོར(སྤྱི་ལོ1086ལོར)གྲོང་རྡལ་ཉམས་པ་དག་སོར་ཆུད་བྱས། 

ཅིན་ཏའེ་ནི་ཝུའུ་ཀྲི་རྫོང་ནི་ཧོ་ཏུང་ལྷོ་ལམ་ཧོའེ་ཀྲོའུ་རུ་གཏོགས། སོག་པོའི་ཞན་ཙུང་ཁྲི་ལོ་བདུན་པར(སྤྱི་ལོ1257ལོར)ཧོའེ་ཀྲོའུ་དེ་ཧོའེ་མེང་ལུའུ་སྤྱི་ཁྱབ་དོ་དམ་ཁང་དུ་བསྒྱུར་ཞིང་། ཝུའུ་ཡུས་ཀྱི་མངའ་འོག་ཏུ་གཏོགས། 

ཡོན་ནི་ཝུའུ་ཀྲི་རྫོང་ཁོངས་ཧོའེ་ཆིན་ལུའུ་ཙུང་པུའུ་ཡི་ཁོངས་གཏོགས་ཡིན། 

མིན་གོའི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ཝུའུ་ཀྲི་རྫོང་ནི་ཧོའེ་ཆིན་ཧྥུ་ཡི་ཁོངས་སུ་གཏོགས་ཤིང་། མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)ཧོའེ་ཆིན་ཧྥུ་མི་དགོས་པར་བཟོས་ཤིང་། ཀྲང་ཝེ་ཧོའེ་ཏའོ་ཞེས་པ་དེ་ཧོ་ནན་བྱང་རྒྱུད་ལམ་དུ་བསྒྱུར་པ་དང་། ཏའོ་ཀྲི་ཁང་དེ་ཝུའུ་ཀྲི་རྫོང་ནས་ཅི་རྫོང་དུ་སྤོས་པ་རེད།མིན་གོའི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)ཧོ་ནན་བྱང་རྒྱུད་ཀྱི་ལམ་དེ་ཧོ་པེའི་ལམ་དུ་བསྒྱུར་ཞིང་། ཝུའུ་ཀྲི་རྫོང་གི་ཁོངས་སུ་གཏོགས།    

སྤྱི་ལོ1945ལོའི་ཟླ2པའི་ཚེས22ཉིན། ཀྲུང་གོ་གུང་ཁྲན་ཏང་གིས་ཞིའུ་ཝུའུ་རྫོང་གི་འཇར་འགོག་དམངས་གཙོའི་སྲིད་གཞུང་བཙུགས། 

སྤྱི་ལོ1945ལོའི་ཟླ5པར་ཝུན་ཀྲོའུ་རྫོང་གི་འཇར་འགོག་དམངས་གཙོའི་སྲིད་གཞུང་བཙུགས་པ་དང་། ཐའེ་ཧང་གི་ཀྲོན་ཡོན་ལས་ཁུངས་བརྒྱད་པའི་ཁོངས་སུ་གཏོགས། ཝུའུ་ཀྲི་རྫོང་ཆིན་ཧོ་བར་གྱི་ལྷོ་རྒྱུད་ས་ཁུལ་ཁོངས་སུ་གཏོགས། ལོ་དེའི་ཟླ8པར། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། སྔ་གཞུག་ཏུ་ཞིའུ་ཡུས་དང་ཝུན་ཝུའུ་ཡི་ལྗར་འགོག་དམངས་གཙོའི་སྲིད་གཞུང་མེད་པར་བཟོས། 

མིན་གོའི་སྲིད་ལོ་སུམ་ཅུ་སོ་བརྒྱད་པར(སྤྱི་ལོ1949ལོའི་ཟླ8པར)ཕིན་ཡོན་ཞིང་ཆེན་དུ་གཏོགས་ཤིང་། ཞིན་ཞང་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་བཙུགས། 

སྤྱི་ལོ1952ལོའི་ཟླ12པར་ཕིན་ཡོན་ཞིང་ཆེན་མེད་པར་བཟོས་པ་དང་། ཝུའུ་ཀྲི་རྫོང་ནི་ཧོ་ནན་ཞིང་ཆེན་ཞིན་ཞང་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས་པ་རེད། 

སྤྱི་ལོ1986ལོ་ནས་ད་བར་ཝུའུ་ཀྲི་རྫོང་ཁོངས་ནི་ཅའོ་ཙུའོ་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས། 

2 ས་ཁམས་ཁོར་ཡུག

ཝུའུ་ཀྲི་རྫོང་ནི་རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་ཧོང་ཧོ་ཆུ་བོའི་འདྲེས་མཚམས་ཡིན་པ་དང་། མངའ་ཁོངས་སུ་ཆིན་ཧོ་ཆུ་བོའི་དབུས་ཁུལ་ཡོད། བརྒལ་མཚམས་ཀྱི་ཆུ་བོ15དང་། ཆུ་འབུད་ཆུ་ལམ་གཙོ་བོ6ཡོད་པ་དེ་དག་རྨ་ཆུ་དང་ཧའེ་ཧོ་གཙང་པོའི་ཆུ་རྒྱུད་ཆེན་པོ་གཉིས་སུ་དབྱེ་ཡོད། རྨ་ཆུའི་འབབ་རྒྱུད་དུ་ཆིན་ནན་ས་ཁུལ་དང་ཧོང་ཆིན་ཆུ་བོའི་གྲམ་ཐང་ཁུལ་གཉིས་ཚུད་ཡོད་པ་དང་། མངའ་ཁོངས་བརྒལ་བའི་གཙང་པོ་གཙོ་བོ་ནི་རྨ་ཆུ་དང་། ཆིན་ཧོ་གཙང་པོ། ཡུན་ཧོ་གཙང་པོ། ཅི་ཧོ་གཙང་པོ། ཆུས་གཉིས་དང་བཞི་པའི་ལའོ་ཧུ་གཙང་པོ་བཅས་ཡིན། 

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2011ལོའི་ཟླ10པའི་ཚེས28ཉིན་ཧོ་ནན་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཝུའུ་ཀྲི་རྫོང་ཉིང་ཀུའོ་གྲོང་རྡལ་ཅའོ་ཙུའོ་ཁུལ་གསར་གྱིས་དོ་དམ་བྱ་རྒྱུ་མེད་པར་བཟོས་པ་རེད། 

སྤྱི་ལོ2013ལོའི་ཟླ1པོའི་ཚེས16ཉིན་ཧོ་ནན་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་མུའུ་ཁྲེང་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་། ལུང་ཡོན་ཁྲོམ་གཞུང་དོན་གཅོད་ཁྲུའུ་ལུང་ཆོན་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཅས་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད། 

སྤྱི་ལོ2013ལོར་ཝུའུ་ཀྲི་རྫོང་ཁོངས་གཏོགས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ4དང་། གྲོང་རྡལ4ཤང7བཅས་ཡོད་པ་སྟེ། དེ་དག་ནི་མུའུ་ཁྲེང་དོན་གཅོད་ཁྲུའུ་དང་། ལུང་ཡོན་དོན་གཅོད་ཁྲུའུ་ལུང་ཆོན་དོན་གཅོད་ཁྲུའུ་མུའུ་ཕུའུ་དོན་གཅོད་ཁྲུའུ་དང་། ཀྲན་ཏན་གྲོང་རྡལ། ཤིས་ཐའོ་གྲོང་རྡལ། ཞེ་ཆི་ཡིང་གྲོང་རྡལ། ཏ་ཧྥེང་གྲོང་རྡལ། ཅ་དབྱིང་ཀོན་ཤང་། ཆའོ་མིའོ་ཤང་། སན་དབྱང་ཤང་། ཞའོ་ཏུང་ཤང་། ཏ་ཧུང་ཆའོ་ཤང་། པེ་ཀུའོ་ཤང་བཅས་རེད།

4 མི་གྲངས་དང་མི་རིགས།

ཝུའུ་ཀྲི་རྫོང་ནི་གྲངས་ཉུང་མི་རིགས་ཅུང་མང་བའི་རྫོང་གི་གྲས་ཤིག་ཡིན། ཧུའེ་རིགས་དང་། མན་ཇུ་རིགས། ཀྲོང་རིགས། མིའོ་རིགས། ལི་རིགས། བོད་རིགས་སོགས་མི་རིགས18ཡོད་ཅིང་། གྲངས་ཉུང་མི་རིགས་ཀྱིས་ཝུའུ་ཀྲི་རྫོང་གི་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆའི2ཙམ་ཟིན། གྲངས་ཉུང་མི་རིགས་ཀྱི་ཁྲོད་དུ་ཧུའེ་རིགས་མི་གྲངས་མང་ཤོས་ཡིན་ཞིང་། དེས་གྲངས་ཉུང་མི་རིགས་མི་གྲངས་བསྡོམས་འབོར་གྱི97%ཟིན་པ་དང་། ཝུའུ་ཀྲི་རྫོང་གི་མི་གྲངས་བསྡོམས་འབོར་ཁྲི74ཟིན། དེའི་ནང་མུའུ་ཁྲེང་དོན་གཅོད་ཁང་གི་མི་གྲངས་ཁྲི5.79དང་། ལུང་ཡོན་དོན་གཅོད་ཁང་གི་མི་གྲངས་ཁྲི5.97ལུང་ཆོན་དོན་གཅོད་ཁང་གི་མི་གྲངས་ཁྲི5.14མུའུ་ཧུའེ་དོན་གཅོད་ཁང་གི་མི་གྲངས་ཁྲི5.01ཀྲན་ཏེན་གྲོང་རྡལ་གྱི་མི་གྲངས40307ཞི་ཐའོ་གྲོང་རྡལ་གྱི་མི་གྲངས45921ཞེ་ཆི་ཡིང་གྲོང་རྡལ་གྱི་མི་གྲངས62726 ཏ་ཧྥེང་གྲོང་རྡལ་གྱི་མི་གྲངས70023ཅ་དབྱིན་ཞང་གི་མི་གྲངས52665དང་། ཆའོ་མིའོ་ཞང་གི་མི་གྲངས43705   སན་དབྱང་ཞང་གི་མི་གྲངས38898 ཞའོ་ཏུང་ཞང་གི་མི་གྲངས41005 ཏ་ཧུང་ཆའོ་ཞང་གི་མི་གྲངས28050པེ་ཀུའོ་ཞང་གི་མི་གྲངས36435དབྱང་ཁྲིན་དང་གྲོང་གསེབ་ཀྱི་མི་གྲངས27601བཅས་ཡོད། 

5 དཔལ་འབྱོར་ཐོན་ལས། 
5_1 ཐོན་ལས་དང་པོ།

ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རིམ་སྔར་བས་ཇེ་མགྱོགས་སུ་ཕྱིན་ཡོད་ལ། རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི1700བརྩོན་ལེན་དང་། གྲོ་སྤྱི་ཆིང་ཁྲི1.33ལྷག་སོན་བཟང་ཁྱབ་གདལ་དང་སྤྱི་ཆིང666.67ལྷག་ཚོང་འབྲུ་རྟེན་གཞིའི་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་བསྟར། རྨ་ཆུ་འདྲེན་གསབ་ཀྱི་སྣོད་བཅུད་བཅོས་སྐྱོང་དང་ལོ་ཝུའུ་ཅ་ཡི་རྨ་ཆུ་འདྲེན་པའི་ཆུ་མཁོ་སྤྲོད་ལས་གྲྭ་སྐྲུན་འགོ་ཚུགས་པ་བཅས་རེད། ནགས་སྐྱོ་ཤོག་བུའི་གཞི་གཅིག་ཅན་གྱི་རྣམ་གྲངས་ལ་བརྟེན་ནས་བཟོ་ལས་རྒྱུ་ཆའི་ནགས་ཚལ་རྟེན་གཞི་འཛུགས་སྐྲུན་སྤྱི་ཆིང3346.67ལེགས་སྒྲུབ་བྱས་པས་བདེ་ཐང་སྔོ་འགྱུར་གྱི་མཐོ་རིམ་ཚད་གཞི་ཐོནཡོད། བཞོན་མའི་ཁུལ་ཆུང10འཕེལ་རྒྱས་བཏང་ནས་བཞོན་མའི་ལག་ཡོད་མགོ་གྲངས3117དང་ཕྱུགས་ར་སྟོང་དང་གཞི་ཁྱོན་ལྡན་པའི་གསོ་སྤེལ་ཁུལ་ཆུང44བསྐྲུན་ནས་ལོ་རེའི་བཤས་ཕྱུགས་ཁྲི2.5ཡོད། 

5_2 ཐོན་ལས་གཉིས་པ།

སི་མེ་ཐེ་ཀུང་སི་ནི་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་སུ་གཏན་འཁེལ་བྱས་པ་དང་། སྤྱི་ལོ2011ལོར་ཝུའུ་ཀྲི་རྫོང་གི་ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་ལ་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར29.9དང་ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར2.3བྱུང་བ་དེས་བཅད་གྲངས་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་ཀྱི56.4%དང་ཁེ་སྤོགས་དཔྱ་ཁྲལ་གྱིས57.5%ཟིན་ཡོད། 

ཝུའུ་ཀྲི་རྫོང་དུ་གཞི་ཁྱོན་ཡན་གྱི་ཁེ་ལས197ཡོད་པ་དང་། གཙང་ཆུ་ཤོག་རིགས་ཀུང་སིའི་ཐཱན་མེད་པའི་བསྐྱར་བྲིས་ཤོག་བུའི་ཐོན་འབབ་ཀྲུང་གོའི་ཨང་གཉིས་པར་སླེབས་པ། ཧྭ་ཁང་ཀུང་སིའི་ཤིང་མངར་ལོའི་ཐོན་འབབ་ཀྲུང་གོའི་ཨང་གཉིས་པར་སླེབས་པ། འབྲི་ཆུའི་བཀག་གཏོང་ཡོ་ཆས་ཀུང་སིའི་ལོའི་ཐོན་འབབ་ཀྲུང་གོའི་ཨང་གཉིས་པར་སླེབས་པ། ཐེན་ཅིན་སྨན་ལས་ལས་རིགས་ཅའོ་ཙུའོ་ཀུང་སིའི་ལོ་རེའི་ཆུ་ཁབ་ཐོན་འབབ་ཀྲུང་གོའི་ཨང་གསུམ་པར་སླེབས་པ། སི་མེ་ཐེ་ཀུང་སིའི་སྟབས་བདེའི་ཐུག་པ་ལོ་རེའི་ཐོན་འབབ་ཀྲུང་གོའི་ཨང་གསུམ་པར་སླེབས་ཡོད། 

ཝུའུ་ཀྲི་རྫོང་དུ་ཤོག་བུ་བཟོ་བའི་ཁེ་ལས51ཡོད་པ་དང་། ཐོན་རྫས་གཙོ་བོར་ཐཱན་བྲིས་ཤོག་བུ་དང་། ཚ་སྐྱེན་ཤོག་བུ། ཆུ་པར་ཤོག་བུ། ཤེལ་སྒོའི་ཤོག་བུ། ཝ་ལེང་ཤོག་བུ་སོགས་ཡོད་མེད་དང་ལོར་ཐོན་སྐྱེད་བྱེད་ནུས་ཏུན་ཁྲི80ཟིན་ཡོད། བཟའ་བཅའི་ལས་སྣོན་ཁེ་ལས168ཡོད་པའི་ནང་གྲོང་ཁྱེར་རིམ་པ་ཡན་གྱི་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས24 དང་། ལོ་རེར་འབྲུ་རིགས་ལས་སྣོན་བྱེད་ནུས་ཏུན་ཁྲི110ཟིན་པ། ཐོན་རྫས་གཙོ་བོར་གྲོའི་ཆེད་སྤྱོད་ཕྱེ་མ་དང་། སྟབས་བདེའི་བཟའ་བཅའ། མྱུར་འཁྱག་བཟའ་བཅའ་བཅས་ཡོད། འབྲོག་ལས་ཐོན་རྫས་ལས་སྣོན་བྱེད་ནུས་ཏུན་ཁྲི12དང་སྨན་རྫས་ལས་སྣོན་བྱེད་ནུས་ཏུན་ཁྲི10ཟིན། དེ་དག་ཨེ་ཤ་ཡ་ཤར་ལྷོ་དང་། ཡོ་རོབ་གླིང་དང་ཨ་མེ་རི་ཁ་གླིང་སོགས་རྒྱལ་ཁབ་དང་ས་ཁུལ10ལྷག་ཙམ་ལ་ཕྱིར་འཚོང་བྱེད་བཞིན་ཡོད། 

5_3 ཐོན་ལས་གསུམ་པ།

ཝུའུ་ཀྲི་རྫོང་གིས་གྲོང་ཁུལ་རྙིང་པར་ཤར་ཁྲོམ་གཞུང་དང་ལྷོ་ཁྲོམ་གཞུང་གི་རིམ་པ་མཐོ་བའི་ཚོང་ལས་རྐང་ཐང་ཁྲོམ་གཞུང་གཉིས་བསྐྲུན་ནས་ཝུའུ་ཀྲི་རྫོང་ཚོང་དོན་ལྟེ་གནས་བསྐྲུན་པ། མུའུ་རུའེ་ཁུལ་གསར་དུ་ཅའོ་ཀྲེན་གྲོང་ཁྱེར་དབར་གྱི་ལྕགས་ལམ་བབས་ཚུགས་ལྟེ་བར་བྱས་ཏེ་ཚད་གཞི་མཐོ་བའི་སྒོ་ནས་དེང་རབས་ཚོང་དོན་ཁུལ་བསྐྲུན་ནས་ཚོང་དོན་ལྟེ་གནས་ཕལ་པ་ཞིག་ཆགས་ཡོད། ཤང་ཀང་ཧྲི་ཧྭ་ཚོགས་པའི་རླངས་འཁོར་ལྷུ་ལག་ཟོག་འགྲེམས་གླིང་དང་རྡོ་སོལ་ཟོག་འགྲེམས་གླིང་གི་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་ཐུམ་སྒྲིལ་དང་། མཛོད་ཉར། སྐྱེལ་འདྲེན་བཅས་གཙོ་བོར་བྱེད་པའི་དེང་རབས་ཟོག་འགྲེམས་རྣམ་གྲངས་སྔར་བས་ནང་འདྲེན་བྱ་རྒྱུ་དང་། ཀྲན་ཏན་ཁུལ་གསར་དང་ཝུའུ་ཤིས་མྱུར་བགྲོད་གཞུང་ལམ་དབར་ཟོག་འགྲེམས་ཐོན་ལས་གླིང་ཆེ་གྲས་འཆར་འགོད་འཛུགས་སྐྲུན་བྱས་ནས་ཝུའུ་ཀྲེ་རྫོང་ཟོག་འགྲེམས་ཐོན་ལས་བསྡུ་སྒྲིལ་རིམ་སྤོར་ལ་སྐུལ་ཁྲིད་བྱས་ཏེ་ཧོ་ནན་ནུབ་བྱང་དུ་གཞི་ཚུགས་པ་དང་ཧྲན་ཤིས་ཤར་ལྷོའི་ས་ཁོངས་རང་བཞིན་གྱི་ཟོག་འགྲེམས་ལྟེ་གནས་གང་མགྱོགས་བསྐྲུན་འཆར་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།