མ་ཚུན་ཆུས།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-04-02 15:41ལ་འགྲུབ།

མ་ཚུན་ཆུས།

མ་ཚུན་ཆུས།
མ་ཚུན་ཆུས་ནི་ཧོ་ནན་ཞིང་ཆེན་ཅའོ་ཙུའོ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧོ་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་ཅའོ་ཙུའོ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་ཆགས་ཡོད། མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ122དང་རྨོ་ཞིང་གི་རྒྱ་ཁྱོན་གྱིས་སྤྱི་ཆིང6133.33ཟིན་ཡོད། མི་འབོར་བསྡོམས་འབོར་ཁྲི14(སྤྱི་ལོ2012ལོའི་ལོ་མཇུག་ཏུ་)ཡོད་པའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི6.8དང་། མི་འབོར་རང་ཤུགས་སུ་འཕར་ཚད་4.46%ཡིན། སྤྱི་ལོ2013ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་སྒོར་དུང་ཕྱུར13.3ཡོད། མ་ཚུན་ཆུས་སུ་གནའ་ཤུལ་གྲགས་ཅན10ལྷག་ཙམ་ཡོད་པའི་ནང་ཀྲའོ་ཀྲང་གཞུའི་གནའ་ཤུལ་ནི་ལུང་ཧྲན་རིག་གནས་གནའ་ཤུལ་ཡིན་པ་དང་ཀུའེ་ཁྲེང་གྲོང་ཚོའི་གནའ་ཤུལ་ནི་གནའ་བོའི་དབྱང་ཧྲའོ་རིག་གནས་ཀྱི་དུས་མཇུག་གི་གནའ་ཤུལ་ཡིན། འདི་དག་ཚང་མ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པར་གཏོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马村区
སྲིད་འཛིན་ཁུལ་གྱི་རིགས།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཅའོ་ཙུའོ་གྲོང་ཁྱེར།
སྲིད་གཞུང་གི་ས་གནས།
བཅིངས་འགྲོལ་ཤར་ལམ་ཨང3009པ།
ས་ཁོངས་ཁ་པར་ཨང་རྟགས།
0391
སྦྲག་སྲིད་ཨང་རྟགས།
454100
ས་གནས།
ཅའོ་ཙུའོ་ཤར་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ122ཡོད།
མི་གྲངས།
མི་ཁྲི14ཡོད།(2012ལོའི་ལོ་མཇུག)
ནམ་ཟླའི་ཆ་རྐྱེན།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས  (豫)H
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410804
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1956ལོའི་ཟླ10པའི་ཚེས3ཉིན་བཙུགས་པ་དང་སྤྱི་ལོ1956ལོའི་ཟླ12པར་མི་དམངས་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1957ལོའི་ཟླ12པའི་ཚེས30ཉིན་མ་ཚུན་ཆུས་དང་ལི་ཧྥེང་ཆུས་གཉིས་དུས་གཅིག་ཏུ་གྲོང་ཁྱེར་ཉེ་འཁོར་དུ་བསྒྱུར།

སྤྱི་ལོ1958ལོའི་ཟླ8པའི་ཚེས28ཉིན་མ་ཚུན་ཆུས་བསྐྱར་དུ་བཙུགས་པ་དང་། དེའི་ཁོངས་སུ་ཝང་དང་། ཨན་དབྱང་གྲོང་ཁྱེར། པའེ་ཁང་པ། མ་ཚུན་ཀུང་ཧྲེ་བཅས4ཡོད།

སྤྱི་ལོ1958ལོའི་ཟླ10པའི་ཚེས13ཉིན་མ་ཚུན་ཆུས་མེད་པར་བཟོས་ནས་མ་ཚུན་ཆུས་ཀུང་ཧྲེ་བཙུགས།

སྤྱི་ལོ1962ལོའི་ཟླ2པའི་ཚེས14ཉིན་ཡང་བསྐྱར་མ་ཚུན་ཆུས་མི་དམངས་སྲིད་གཞུང་སླར་གསོ་བྱས།

སྤྱི་ལོ1968ལོའི་ཟླ2པའི་ཚེས22ཉིན་མ་ཚུན་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1980ལོའི་ཟླ9པར་མ་ཚུན་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ནས་མ་ཚུན་ཆུས་མི་དམངས་སྲིད་གཞུང་བཙུགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ1985ལོར་མ་ཚུན་ཆུས་ཁོངས་གཏོགས་སུ་གྲོང་ཚོ6ཡོད་པ་སྟེ། ད་དག་ནི་མ་སྡེ་གྲོང་གཞུང་ལས་ཁང་དང་། བརྒྱ་ཁང་། པེ་ཧྲན་རི་བོ། ཅིའུ་ལི་ཧྲན་རི་བོ། ཧྥེང་ཡིང་ཧོ་ཀྲུའུ་ཝང་བཅས་ཁྱོན་བསྡོམས་སྡེ་ཁུལ38ཡོད་པ་དང་། གྲོང་མིའི་ཚོ་ཆུང་ཝ118སོ་སོར་སྡོད་དམངས་ཁུལ10ཡི་ནང་དུ་ཁ་གྲམ་ཡོད་པ་སྟེ། མ་གྲོང་ཚོའི་བཟོ་པ་དང་། ནའེ་དབྱི་ཁྱིམ་ཚང་གི་སྒོ་ར། པེ་ཧྲན་བཟོ་པ། ཐེན་མོན་བཟོ་པ། ལི་ཀྲོང་བཟོ་པ། ཧྥེང་ཡིང་བཟོ་པ། ཅིའུ་ལི་ཧྲན་གཏེར་ཁའི་སྡོད་དམངས་ཁུལ། ཅིའུ་ལི་ཧྲན་བཟོ་པ། ཡན་མ་བཟོ་པའི་གྲོང་ཚོ། ཝང་རླངས་འཁོར་ས་ཚིགས་ཀྱི་ཁྱིམ་ཁུངས་སྒོ་ར་བཅས་ཡིན།

སྤྱི་ལོ1988ལོའི་ཟླ10པའི་ཚེས12ཉིན། ཅའོ་ཙུའོ་གྲོང་ཁྱེར་གྱི་ས་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱས་ཏེ། ཅའོ་ཙུའོ་གྲོང་ཁྱེར་ཉེ་འདབས་ཀྱི་ཨན་དབྱང་ཁྲེང་དང་། ཅིའུ་ལི་ཧྲན་ཞང་།  ཅུས་ཝང་གྲོང་རྡལ་སོགས་མ་ཚུན་ཆུས་ཁོངས་གཏོགས་སུ་བཅུག་ནས། ཆུས་སྣེ་ཁྲིད་ཞང་གི་སྒྲིག་སྲོལ་གསར་བ་ལག་བསྟར་བྱས།

སྤྱི་ལོ1997ལོར་མ་ཚུན་ཆུས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་བཞི་མ121.9ཡོད་པ་དང་མི་འབོར་ཁྲི13.1ཡོད། དེའི་ཁོངས་སུ་སྲང་ལམ4དང་། གྲོང་རྡལ1ཤང2བཅས་གཏོགས་ཡོད། 

སྤྱི་ལོ2005ལོར་མ་ཚུན་ཆུས་ཀྱི་ཤང་གྲོང་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱས་པ་སྟེ། ཝང་ཁྲོམ་གཞུང་འཛུགས་བསྐྲུན་དང་དེ་སྔའི་ཝང་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་བདག་སྐྱོང་། དོན་གཅོད་ཁང་ཝང་གྲོང་ཚོར་བཅའ་སྡོད་བཅས་བྱས། ཨན་དབྱང་གྲོང་ཁྱེར་དང་གྲོང་གསེབ་མེད་པ་བཟོས་ནས་ཨན་དབྱང་ཁྲེང་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་ཏེ་དེ་སྔའི་ཨན་དབྱང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྲིད་འཛིན་ས་ཁོངས་བདག་སྐྱོང་བྱས།    

སྤྱི་ལོ2005ལོའི་ཟླ12པའི་ཚེས31ཉིན་བར་མ་ཚུན་ཆུས་ཀྱི་ཁོངས་སུ་ཁྲོམ་གཞུང7ཡོད། དེ་དག་ནི་གྲོང་ཚོ64དང་སྡེ་ཁུལ14བཅས་ཡོད་པ་སྟེ། མ་ཚུན་ཆུས་ཁྲོམ་གཞུང་དང་། པེ་ཧྲན་ཁྲོམ་གཞུང་། ཅིའུ་ལི་ཧྲན་ཁྲོམ་གཞུང་། ཧྥེང་ཡིང་ཁྲོམ་གཞུང་། ཆི་ཝང་ཁྲོམ་གཞུང་(གསར་སྣོན་)ཨན་དབྱང་ཁྲེང་ཁྲོམ་གཞུང་(གསར་སྣོན་)ཡན་མ་ཁྲོམ་གཞུང(གསར་སྣོན)བཅས་རེད།

སྤྱི་ལོ2010ལོའི་ཟླ5པར། ལྷོ་ཆུ་བྱང་འདྲེན་བཤིག་སྤོ་བྱས་པས། ཆུས་སྲིད་གཞུང་ལས་ཁུངས་བཅིངས་འགྲོལ་ཤར་ལམ་གྱི་ཨང3009བར་སྤོས།

སྤྱི་ལོ2011ལོའི་ལོ་མཇུག་ཏུ་མ་ཚུན་ཆུས་ཁྲོམ་གཞུང་དང་། པེ་ཧྲན་ཁྲོམ་གཞུང་། ཅིའུ་ལི་ཧྲན་ཁྲོམ་གཞུང་། ཧྥེང་ཡིང་ཁྲོམ་གཞུང་བཅས་ཁྲོམ་གཞུང4དང་ཁྱོན་ཁྲོམ་གཞུང7ཡོད་པ་རེད། ཁོངས་གཏོགས་སུ་སྲིད་འཛིན་གྲོང་ཚོ64དང་སྡེ་ཁུལ14ཡོད། 

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

མ་ཚུན་ཆུས་ནི་ཧོ་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་ཅའོ་ཙུའོ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དང་ཐའེ་ཧང་རི་བོའི་ལྷོ་འདབས་སུ་གནས་ཡོད།མ་ཚུན་ཆུས་ཀྱི་ས་ཁམས་གནས་ཚད་ནི་བྱང་གི་འཕྲེད་ཐིག35°16′དང་ཤར་གྱི་གཞུང་ཐིག113°17′བར་དུ་ཡོད། མ་ཚུན་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི122ཡོད།

3_2 ས་དབྱིབས།

མ་ཚུན་ཆུས་ཀྱི་ས་བབ་ནི་ནུབ་བྱང་མཐོ་ལ་ཤར་ལྷོའི་དམའ་བ། བྱང་རྒྱུད་ནི་རི་ཁུལ་དང་རི་མ་ཐང་ཡིན་པ་དང་། དབུས་རྒྱུད་དང་ལྷོ་རྒྱུད་ནི་བདེ་ཐང་ས་ཁུལ་ཡིན། ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི87.7-299.4ཡོད།

3_3 ནམ་ཟླ།

མ་ཚུན་ཆུས་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཁོངས་སུ་གཏོགས་པ་དང་སྤྱི་ལོ2013ལོར་མ་ཚུན་ཆུས་སུ་ཆ་སྙོམས་ཀྱི་ཆར་པ་འབབ་ཚད་ཧའོ་སྨི600དང་རླངས་པར་འགྱུར་ཚད་ཧའོ་སྨི1700ནས2000བར་ཡིན་པ་དང་ཆ་སྙོམས་དྲོད་ཚད14.2℃ནས14.8℃བར་ཡིན་པ་དང་ཉི་འོད་ཆུ་ཚོད2200ནས2400བར་ཕོག་པ་དང་སད་མེད་དུས་ཉིན216ནས240བར་ཡིན།

3_4 གཏེར་རྫས་ཐོན་ཁུངས།

མ་ཚུན་ཆུས་ས་ཁོངས་སུ་རྡོ་སོལ་དང་། རྡོ་ཐལ་རྡོ། ལྕགས། ཧ་ཡང་སོགས་གཏེར་ཁའི་ཐོན་ཁུངས་ཡོད་པ་དེའི་ནང་རྡོ་སོལ་གསོག་ཚད་ཕུན་སུམ་ཚོགས་པོ་ཡོད། གཙོ་བོ་སྤུས་ལེགས་ཀྱི་དུ་མེད་རྡོ་སོལ་དང་། ལྕགས་ཀྱི་གཏེར་རྡོ། རྡོ་ཐལ་རྡོ། ཧ་ཡང་གི་ས་རྡོ། མེ་བཟོད་ས་མྱགས་སོགས་གཏེར་རྫས20ལྷག་ཡོད།

3_5 ཆུའི་ཐོན་ཁུངས།

མ་ཚུན་ཆུས་ཀྱི་ས་ཁོངས་སུ་ས་འོག་གི་ཆུ་འབེལ་པོ་ཡོད། ས་འོག་གི་ཆུ་འདུས་པའི་གཤོངས་ས་ཡིན་པ་མ་ཟད་སྤུས་ཀ་ལེགས་པོ་ཡོད། དེ་དང་ཆབས་ཅིག་ལྷོ་ཆུ་བྱང་འདྲེན་དང་ནུབ་རླངས་ཤར་འདྲེན་ལས་གྲྭ་ཚང་མ་མ་ཚུན་ཆུས་བརྒྱུད་དགོས་ཀྱིན་ཡོད།

4 མི་འབོར།

སྤྱི་ལོ2012ལོར་མཱ་ཚུན་ཆུས་སུ་ཁྱོན་མི128842ཡོད་པའི་ནང་མཱ་ཚུན་ཁྲོམ་གཞུང་དུ་མི24164དང་། པེ་ཧྲན་ཁྲོམ་གཞུང་དུ་མི3866 ཧྥེང་ཡིང་ཁྲོམ་གཞུང་དུ་མི12053 ཅིའུ་ལི་ཧྲན་ཁྲོམ་གཞུང་དུ་མི8891 ཆི་ཝང་གྲོང་རྡལ་དུ་མི33182 ཨན་དབྱང་གྲོང་ཁྱེར་དང་གྲོང་གསེབ་ཏུ་མི23396 ཅིའུ་ལི་ཧྲན་ཤང་དུ་མི23290བཅས་ཡོད་པ་རེད། མི་འབོར་རང་ཤུགས་སུ་འཕར་ཚད་བརྒྱ་ཆའི4.46ཡིན།

5 འགྲིམ་འགྲུལ།

སྤྱི་ལོ2013ལོར་མ་ཚུན་ཆུས་འགྲོ་ལམ་འཛུགས་སྐྲུན་གྱི་སྤྱིའི་ལམ་ཚད་སྤྱི་ལེ41ཡོད་པ་དང་གྲོང་ཁུལ་གྱི་འགྲོ་ལམ4དང་གྲོང་གསེབ་ཀྱི་གཞུང་ལམ5བསྐྲུན་ཡོད། ཁོངས་གཏོགས་སུ་ཅའོ་ཀྲེ་ལྕགས་ལམ་དང་། ཅའོ་ཧུའེ་གཞུང་ལམ། ཅའོ་ཤིན་གཞུང་ལམ་བཅས་ཡོད་པ་དང་ལྕགས་ལམ་གྱི་ཆེད་སྤྱོད་ལམ་ཐིག11ཡོད་པ་རེད། ཀྲང་ཀུང་དང་པའེ་ཀྲོང་ལྕགས་ལམ་གྱི་ཆེད་སྤྱོད་དོས་ར་ལྔ་ནས་ལོ་རེར་འདོན་འཇུག་བྱེད་ཚད་ཏུན་ཁྲི400ཡིན།

6 དཔལ་འབྱོར།
6_1 བསྡུས་བཤད།

སྤྱི་ལོ2013ལོའི་ལོ་སྟོད་དུ་ས་ཁུལ་དེའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར13.3ཡོད་པ་དེ་དུས་མཚུངས་ལས4.6%འཕར་བ་དང་།གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར17.6བཏང་བ་དེ་དུས་མཚུངས་ལས20%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར4.7ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས4.6%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར5.8ཡོད་པ་དེ་དུས་མཚུངས་ལས12.5%འཕར་བ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར1.4ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས12.4%བཅས་འཕར་ཡོད།

6_2 ཐོན་ལས་དང་པོ།

སྤྱི་ལོ2013ལོར་མ་ཚུན་ཆུས་ཀྱི་སྤུས་ལེགས་གྲོ་ཡི་སྤྱི་ཆིང3000འདེབས་འཛུགས་ཁྱབ་གདལ་བཏང་བ་དང་། སྤྱི་གནོད་མེད་པའི་སྔོ་ཚལ་དང་། ཀྲུང་ལུགས་སྨན་རྫས། སྤུས་ལེགས་ཕྱུགས་རྩྭ་བཅས་སྤྱི་ཆིང163འདེབས་འཛུགས་བྱས་པ། བཟའ་བཅའི་ཤ་མོའི་དྲོད་ཁང203གསར་དུ་བསྐྲུན་པ་བཅས་རེད། ལོ་ཧྲིལ་པོར་ནགས་བཟོ་སྤྱི་ཆིང413.33བྱས་ནས“ལྗང་མདོག་བགྲོད་ལམ”སྤྱི་ལེ41.8བསྐྲུན་ཡོད། བ་ཕྱུགས་མགོ་གྲངས8700 དེའི་ནང་བཞོན་མ905དང་། ལུག་མགོ་གྲངས9500འཕྲུལ་ཆས་ཅན་གྱི་འོ་མ་འཇོ་སའི་ས་ཚིགས3འཁྱག་སྦྱོར་དྲ་ཚིགས2གསོ་སྤེལ་ཁུལ་ཆུང3བཅས་ཡོད།

6_3 ཐོན་ལས་གཉིས་པ།

སྤྱི་ལོ2011ལོའི་ཟླ་དང་པོ་ནས་བཞི་པའི་བར། མ་ཚུན་ཆུས་བཟོ་ལས་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་ཀྱི་རིན་ཐང་སྒོར་ཁྲི136135ཡོད་པ་དེ་དུས་མཚུངས་ལས20.3%འཕར་བ་དང་། བཟོ་ལས་ཀྱི་འཕར་ཐང་སྒོར་ཁྲི35201ཡོད་པ་དེ་དུས་མཚུངས་ལས་1.3%འཕར་བ ། གཙོ་གཉེར་ཡོང་འབབ་སྒོར་ཁྲི117703ཡོད་པ་དེ་དུས་མཚུངས་ལས25.6%འཕར་ནས་ཁེ་སྤོགས་སྒོར་ཁྲི3675བྱུང་ཡོད། མ་གྲོང་ཁུལ་དུ་ཁེར་རྐྱང་བཟོ་ཚོང་དུད་ཚང2730དང་སྒེར་གཉེར་ཁེ་ལས208ཡོད་པ་དེས་ མ་ཚུན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི58%བཟུང་ཡོད། མཱ་ཚུན་ཆུས་ཀྱི་ནོར་སྲིད་ཡོང་འབབ་སྒོར་ཁྲི5070ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2010ལོ་དང་བསྡུར་ན37.3%འཕར་བའི་ནང་དཔྱ་ཁྲལ་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི3620ཡོད་པ་དེས་ནོར་སྲིད་ཡོང་འབབ་ཀྱི71.4%བཟུང་ཡོད།

6_4 ཐོན་ལས་གསུམ་པ།

སྤྱི་ལོ2013ལོར་མ་ཚུན་ཆུས་ཡུལ་སྐོར་ལས་རིགས་ལ་མ་དངུལ་སྒོར་ཁྲི10703བཏང་བ་དེ་དུས་མཚུངས་ལས30.6%འཕར་ཡོད།

7 སྤྱི་ཚོགས།
7_1 སློབ་གསོའི་བྱ་གཞག

སྤྱི་ལོ2014ལོར་མ་ཚུན་ཆུས་ཀྱིས་སློབ་གསོའི་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་བར་མ་དངུལ་སྒོར་ཁྲི699བཏང་ནས་སློབ་གྲྭ་ཟླ་སྒྲིལ་གྱི་ལས་དོན་དང་སློབ་གྲྭའི་ཉལ་ཁང་གི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ་དང་སྲུང་སྐར་སློབ་གསོའི་ས་ངོས་བསྡུ་ལེན་ས་ཚིགས་དང་ཚོད་ལྟའི་སློབ་ཆུང་གི་དུས་ཐེངས་གཉིས་པའི་ལས་གྲྭ་བསྐྲུན་ཡོད། མ་ཚུན་ཆུས་ཁྱོན་སློབ་གྲྭ་འབྲིང་ཆུང40ཡོད།

7_2 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2008ལོར་མཱ་ཚུན་ཆུས་ཀྱིས་མ་དངུལ་སྒོར་ཁྲི2000བཏང་ནས་མཱ་ཚུན་ཆུས་མི་དམངས་སྨན་ཁང་གི་ཕྱོགས་བསྡུས་ནད་ཁང་བསྐྲུན་ཟིན་པ་དང་། ཏུང་རོན་དུང་འཁྱིལCTདང་མཐོ་གནོན་དབྱང་ཚང་སོགས་སྒྲིག་ཆས་ཆེ་འབྲིང་ཉོས་པ། ཨན་དབྱང་གྲོང་ཁྱེར་ལྟེ་བའི་འཕྲོད་བསྟེན་ཁང་གི་སྒོ་བསྟེན་ཐོག་ཁང་བསྐྱར་སྐྲུན་རྒྱས་སྐྲུན་དང་ཝང་འཕྲོད་བསྟེན་ཁང་གི་བུ་བཙའི་ཚན་ཁག་དང་མྱུར་སྐྱོབ་ས་ཚིགས་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད། 

7_3 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2008ལོར་མ་ཚུན་ཆུས་ཀྱི་འགན་སྲུང་དང་ལས་ཞུགས་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར2761.6ཡིན་པས19.9%འཕར་ཡོད། མ་ཚུན་ཆུས་སུ་མི2770གསར་དུ་ལས་ཞུགས་དང་། ལས་བྲལ་ལས་ཤོར་མི་སྣ2393བསྐྱར་དུ་ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད3.2%ཡོད་པ་བཅས་རེད།

7_4 རྨང་གཞིའི་སྒྲིག་བཀོད།

སྤྱི་ལོ2014ལོར་མཱ་ཚུན་ཆུས་སུ་ཁྱོན་གྲོང་ཁུལ་གྱི་འགྲོ་ལམ18བསྐྲུན་པ་དང་། གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ32ཡོད། གྲོང་ཁུལ་གྱི་ཁྲོམ་གཞུང་གློག་སྒྲོན་བཀར་ཚད100%དང་གྲོང་ཁུལ་གྱི་ལམ་རྒྱུད་དུ་ཁམ་བུ་དཀར་པོ་དང་། ཀུའེ་ཧྭ། ཏ་ཡེ་བུད་མེད་ཀྲེན་སོགས་མཛེས་ལྗོངས་ལྗོན་ཤིང་བཏབ་ནས་སྤང་ལྗོངས་བཏབ་སྟེ་ཝུན་ཁྲང་ལམ་དང་། དབྱིན་ཧོ་ལམ། བཅིངས་འགྲོལ་ལམ་སོགས་སྤྱི་ལེ45ཡི་ལྗང་མདོག་བགྲོད་ལམ་བསྐྲུན་ཡོད་པ་རེད། མ་ཚུན་ཁུལ་གྱི་ཐང་ཆེན་དང་། སྤྲོ་གསེང་གླིང་། སྤྱི་གླིང་བཅས་ཁྱོན20ཡོད་པ་དེས་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི19.8ཟིན་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།