ཅེ་ཧྥང་ཆུས།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-04-02 08:52ལ་འགྲུབ།

ཅེ་ཧྥང་ཆུས།

ཅེ་ཧྥང་ཆུས།
ཅེ་ཧྥང་ཆུས་ནི་ཧོ་ནན་ཞིང་ཆེན་ཅའོ་ཙུའོ་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས་ཤིང་། ཧོ་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ཐའེ་ཧང་རི་བོའི་ལྷོ་འདབས་སུ་ཆགས་ཡོད། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག113°14′དང་བྱང་གི་འཕྲེད་ཐིག35°12′བར་དུ་ཡོད། ཤར་ངོས་སུ་ཆུན་དབྱིན་གཙང་པོ་དང་ཧྲན་དབྱང་ཆུས་ཀྱི་མཐའ་འབྲེལ། ནུབ་ངོས་སུ་པའེ་ཙུའོ་ཤང་ཐེན་ཅན་གྲོང་ཚོ་དང་ཁྲུན་ལིན་གྲོང་ཚོའི་འབྲེལ་མཚམས། ལྷོ་ངོས་སུ་ཞིའུ་ཝུའུ་རྫོང་ལི་ཝན་ཤང་། བྱང་ངོས་སུ་ཤིའུ་ཝུའུ་རྫོང་གི་ས་མཚམས་བཅས་སུ་འབྲེལ་ཡོད། ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི15.05དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྟོང་སྨི8.08 མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ61.72 གྲོང་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་བཞི་མ་བཅས20.5ཡོད། སྤྱི་ལོ2011ལོའི་བར་ཅེ་ཧྥང་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང9ཡོད་པའི་ནང་སྲིད་འཛིན་གྲོང་ཚོ19དང་སྡེ་ཁུལ32ཡོད། སྤྱིའི་མི་འབོར་ཁྲི29.3དང་ཧུའེ་རིགས་དང་། མན་ཇུ་རིགས། སོག་རིགས། ཀྲོང་རིགས། ཁྲའོ་ཞན་རིགས་སོགས་གྲངས་ཉུང་མི་རིགས16ཡོད། སྤྱི་ལོ2011ལོའི་བར་ཅེ་ཧྥང་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྤྱི་ལོ2006ལོའི་སྒོར་དུང་ཕྱུར16.33ནས་སྤྱི་ལོ2011ལོའི་སྒོར་དུང་ཕྱུར32.02བར་མང་དུ་ཕྱིན་ནས་ལོ་རེར་ཆ་སྙོམས14.4%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
解放区
སྲིད་འཛིན་ཁུལ་གྱི་རིགས།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧོ་ནན་ཞིང་ཆེན་ཅའོ་ཙུའོ་གྲོང་ཁྱེར།
མངའ་ཁོངས།
དམངས་འཚོའི་ཁྲོམ་གཞུང་དང་། དམངས་གཙོའི་ཁྲོམ་གཞུང་། ཅའོ་པེ་ཁྲོམ་གཞུང་སོགས།
ས་ཁོངས་ཁ་པར་ཨང་རྟགས།
0391
ས་གནས།
ཧོ་ནན་ཞིང་ཆེན་ཅའོ་ཙུའོ་གྲོང་ཁྱེར།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ61.72ཡོད།
མི་གྲངས།
ཁྲི29.3ཡོད།(2011ལོར)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས  (豫)H
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410802
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1945ལོའི་ཟླ9པའི་ཚེས8ཉིན། ཅའོ་ཙུའོ་ཡིས་ཐོག་དང་པོར་འགོག་སྲུང་བྱས་རྗེས། ཞིའུ་ཝུའུ་དང་པོ་ཨའེ་རྫོང་གཉིས་ཀྱི་ཁག་སོ་སོར་ཅའོ་ཙུའོ་གྲོང་ཁྱེར་བཙུགས་པར་མ་ཟད། ཁོངས་གཏོགས་ས་ཁུལ་བགོས་ནས་ཆུས་དང་པོ་དང་། གཉིས་པ། གསུམ་པ་བཅས་སུ་བགོས།

སྤྱི་ལོ1945ལོའི་ཟླ11པའི་ཟླ་མཇུག་ཏུ།ཆུས་དང་པོ་དང་གཉིས་པའི་མཉམ་འབྲེལ་ཚོ་ཆུང་ནི་གྲོང་ཁྱེར་ནང་ཁུལ་གྱི་ཆུས(དེང་གི་ཡུང་ཧྲན་ཆུས་ཀྱི་སྔ་མིང)ཡིན།

སྤྱི་ལོ1948ལོའི་ཟླ2པར་ཅའོ་ཙུའོ་གྲོང་ཁྱེར་དེ་ཅའོ་ཙུའོ་རྫོང་དུ་བསྒྱུར་པ་དང་། གྲོང་ཁྱེར་ནང་ལོགས་ཆུས་དེ་ཆུས་དང་པོར་བསྒྱུར།

སྤྱི་ལོ1948ལོའི་ཟླ10པར། ཅའོ་ཙུའོ་ཡིས་ཐེངས་གཉིས་པར་འགོག་སྲུང་བྱས་ཏེ། གྲོང་ཁྱེར་ནང་ཁུལ་སླར་གསོ་བྱས།

སྤྱི་ལོ1949ལོའི་ཟླ10པའི་ཚེས15ཉིན། ཅའོ་ཙུའོ་རྫོང་ཅའོ་ཙུའོ་གཏེར་ཁུལ་དུ་བསྒྱུར་བ་དང་། གྲོང་ཁྱེར་ནང་ཁུལ་གྱི་ཁོངས་སུ་གཏོགས་པའི་གཏེར་ཁུལ་ལ་འགོ་ཁྲིད་བྱས།

སྤྱི་ལོ1953ལོའི་ཟླ6པར་གྲོང་ཁུལ་དེ་ཅའོ་ཙུའོ་གྲོང་རྡལ་དུ་བསྒྱུར།

སྤྱི་ལོ1956ལོའི་ཟླ8པའི་ཚེས25ཉིན། ཅའོ་ཙུའོ་གཏེར་ཁུལ་དེ་ཅའོ་ཙུའོ་གྲོང་ཁྱེར་དུ་བསྒྱུར་བ་དང་། ཅའོ་ཙུའོ་གྲོང་རྡལ་དེ་ཅའོ་ཙུའོ་ཆུས་སུ་བསྒྱུར།

སྤྱི་ལོ1957ལོའི་ཟླ12པའི་ཚེས3ཉིན། ཅའོ་ཙུའོ་ཆུས་དེ་གྲོང་ཁུལ་དུ་བསྒྱུར།

སྤྱི་ལོ1958ལོའི་ཟླ8པའི་ཚེས27ཉིན། མིང་གཞན་ལ་ཅེ་ཧྥང་ཆུས་ཟེར།

སྤྱི་ལོ1958ལོའི་ཟླ10པའི་ཚེས20ཉིན་ཅེ་ཧྥང་མི་དམངས་ཀུང་ཧྲེར་བསྒྱུར།

སྤྱི་ལོ1961ལོའི་ཟླ9པར་ཅེ་ཧྥང་ཆུས་ཀྱི་མིང་སླར་གསོ་བྱས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2011ལོའི་བར་ཅེ་ཧྥང་ཆུས་ཀྱི་ཁོངས་སུ་ཁྲོམ་གཞུང(དམངས་འཚོའི་ཁྲོམ་གཞུང་དང་། དམངས་གཙོའི་ཁྲོམ་གཞུང་། ཅའོ་པེ་ཁྲོམ་གཞུང་། ཅའོ་ཤིས་ཁྲོམ་གཞུང་། ཤིན་ཧྭ་ཁྲོམ་གཞུང་། ཅའོ་ནན་ཁྲོམ་གཞུང་། སྲང་ལམ་བདུན་བརྒྱ། ཧྲང་པའེ་ཙའོ་ཁྲོམ་གཞུང་། ཝང་ཡན་ཁྲོམ་གཞུང་བཅས)9དང་། ཁྱོན་སྲིད་འཛིན་གྲོང་ཚོ19སྡེ་ཁུལ32བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཅེ་ཧྥང་ཆུས་ནི་ཧོ་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ཐའེ་ཧང་རི་བོའི་ལྷོ་འདབས་སུ་གནས་ཡོད། ཤར་ངོས་སུ་ཆུན་དབྱིན་གཙང་པོ་དང་ཧྲན་དབྱང་ཆུས་ཀྱི་མཐའ་འབྲེལ། ནུབ་ངོས་སུ་པའེ་ཙུའོ་ཤང་ཐེན་ཅན་གྲོང་ཚོ་དང་ཁྲུན་ལིན་གྲོང་ཚོ་དབུས་ཚུགས་ཁུལ་གྱི་སྦྲེལ་མཐུད། ལྷོ་ངོས་སུ་ཞིའུ་ཝུའུ་རྫོང་ལི་ཝན་ཤང་། བྱང་ངོས་སུ་ཤིའུ་ཝུའུ་རྫོང་གི་ས་མཚམས་བཅས་སུ་འབྲེལ་ཡོད། ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི15.05དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྟོང་སྨི8.08ཡོད། མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ61.72དང་། གྲོང་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་བཞི་མ20.5ཡོད།

3_2 ས་བབ། 

ཅེ་ཧྥང་ཆུས་ནི་ཐའེ་ཧང་རི་རྒྱུད་དང་ཧོ་ནན་བྱང་རྒྱུད་བདེ་ཐང་གི་རྩིས་སྤྲོད་རྩིས་ལེན་ཁུལ་དུ་གནས་པ་དང་། ས་ཁོངས་མང་ཆེ་བ་ནི་རི་སྔོན་དུ་ཆུ་ལོག་བསགས་གསོག་བདེ་ཐང་ཡིན་ལ། ས་བབ་ནི་ནུབ་བྱང་མཐོ་ལ། ཤར་ལྷོའི་དམའ་བ། བྱང་རྒྱུད་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི700 ལྷོ་རྒྱུད་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི102བཅས་ཡོད་པ་དང་། ཆ་སྙོམས་གཟར་ཚད20%བཅས་ཡིན།    

3_3 ནམ་ཟླ།

ཅེ་ཧྥང་ཆུས་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ཐའེ་ཧང་རི་བོའི་སྲུང་ཡོལ་དང་ས་བབ་མཐོ་ཞན་གྱི་ཤུགས་རྐྱེན་ཉིས་བརྩེགས་ཀྱི་དབང་གིས་གནམ་གཤིས་ལ་མངོན་གསལ་དོད་པའི་ས་གནས་ཀྱི་ཁྱད་ཆོས་ལྡན་པ་སྟེ། གནམ་གཤིས་སྐམ་ཤས་ཆེ། འོད་དང་ཚ་བ། ཆུ་སོགས་གནམ་གཤིས་ཐོན་ཁུངས་འདང་ངེས་དང་དུས་བཞིའི་དབྱེ་མཚམས་གསལ་པོ་ཡོད།

3_4 རང་བྱུང་ཐོན་ཁུངས།
3_4_1 གཏེར་རྫས་ཐོན་ཁུངས།

སྤྱི་ལོ2000ལོའི་བར་དུ། ཅེ་ཧྥང་ཆུས་ཀྱི་གཏེར་ཁའི་ཐོན་ཁུངས་ལ་གཙོ་བོ་རྡོ་སོལ་དང་། མེ་ཐུབ་ས་མྱགས་ས།  རྡོ་ཐལ་རྡོ། ཨར་ལས་རྡོ་རྒྱུ། ལྕགས་གཏེར། ཧ་ཡང་དང་རྫ་གཡམ་སོགས་ཡོད། རྡོ་སོལ་བསགས་འབོར་ལ་གཙོ་བོ་ཅའོ་ནན་ཁྲོན་ཞིང་ཡོད་པ་དང་། རྩད་ཞིབ་བྱས་པའི་བསགས་འབོར་ཏུན་ཁྲི14616དང་། ས་སྦས་ཟབ་ཤོས་ལ་སྨི1200ཡོད། རྡོ་སོལ་སྔོག་འདོན་བྱེད་པའི་བང་རིམ་གྱི་མཐུག་ཚད་ལ་སྨི0.7~13དང་ཆ་སྙོམས་སྨི6.2ཡོད་པ་བཅས་ནི་ཐལ་བ་དང་མུ་ཟི་ཉུང་བའི་དུ་མེད་རྡོ་སོལ་ཡིན་པ་དང་། བཟོ་ལས་དབྱེ་ཞིབ་བྱས་པའི་མཇུག་འབྲས་ནི་ས་རྡུལ་གྱི་འདྲེས་ཚད17.92% དང་། ཡལ་ཚད7.53% མུ་ཟི་0.33% ཚ་ཚད་ཏུན་རེར་སྟོང་ཝ6.702བཅས་ཟིན་ཡོད། ལྕགས་གཏེར་དང་། མེ་ཐུབ་ས་མྱགས་དང་། ཧ་ཡང་ས་ཧྲུག་བཅས་གཙོ་བོར་ཧུང་ཧྲ་ལིན་ནས་ཧུང(འཕྲེད)ཆུ་རྒྱུད་ཀྱི་ས་ཁུལ་དུ་ཁྱབ་ཡོད།

3_5 སྐྱེ་དངོས་ཐོན་ཁུངས།
3_5_1 སྲོག་ཆགས་ཐོན་ཁུངས།

སྤྱི་ལོ2000ལོའི་བར་ཅེ་ཧྥང་ཆུས་སུ་སྤྲེའུ་དང་། གཟིག སྟག གླ། ཝ་མོ། ལུག་སྔོན་སོགས་རི་སྐྱེས་སྲོག་ཆགས190ལྷག་ཙམ་ཡོད་པའི་ནང་རྒྱལ་ཁབ་ཀྱིས་རྩ་ཆེའི་སྲོག་ཆགས་རིགས20ལྷག་ཙམ་ལ་སྲུང་སྐྱོང་བྱས་ཡོད།

3_5_2 རྩི་ཤིང་ཐོན་ཁུངས།

སྤྱི་ལོ2000ལོའི་བར་ཅེ་ཧྥང་ཆུས་སུ་ཤིང་རིགས་རྩི་ཤིང་གི་ཚན143དང་རིགས875དང་རྩྭ་རིགས་རྩི་ཤིང་གི་ཚན69དང་རིགས469ཡོད་པ་དེ་དག་རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱེད་པའི་རྩ་ཆེའི་ཤིང་རིགས་ལ་སྲན་དམར་དང་། ལན་ཤང་ཤིང་། ཧྲན་པའེ་ཤིང་། ཁམ་དཀར། ཏུའུ་ཀྲུང་། ཙན་དན་སྔོན་པོ་སོགས་ཡོད། འབྲུ་རིགས་ལོ་ཏོག་ལ་གཙོ་བོ་གྲོ་དང་། མ་རྨོས་ལོ་ཏོག་ཆུ་འབྲས་དང་། དཔལ་འབྱོར་ལོ་ཏོག་ལ་གཙོ་བོ་བ་དམ་དང་། སྲིང་བལ། སྲན་ཆེན། བྲང་སྨན་སོགས་ཡོད།

4 མི་གྲངས་དང་མི་རིགས།

སྤྱི་ལོ2011ལོའི་བར་ཅེ་ཧྥང་ཆུས་ཀྱི་མི་འབོར་བསྡོམས་ཁྲི29.3ཡོད་པ་དང་། ཧུའེ་རིགས་དང་། མན་ཇུ་རིགས། སོག་རིགས། ཀྲོང་རིགས། ཁྲའོ་ཞན་རིགས། ཐུའུ་ཅ་རིགས། པའེ་རིགས། ཀའོ་ཧྲན་རིགས། ཡའོ་རིགས། དབྱིས་རིགས། ལི་སུའུ་རིགས། ཡུ་གུར་རིགས། བོད་རིགས། པུའུ་དབྱི་རིགས། ཏུང་རིགས། འཇང་རིགས་སོགས་གྲངས་ཉུང་མི་རིགས16ཡོད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།

སྤྱི་ལོ1994ལོའི་ལོ་མཇུག་བར་ཅེ་ཧྥང་ཆུས་ཀྱི་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི5715ཡོད་པ་དེ་ལོ་རེར་ཆ་སྙོམས12%འཕར་བ་དང་། འབྲུ་རིགས་སྤྱིའི་ཐོན་འབོར་ཏུན2559ཟིན་པ། སྔོ་ཚལ་སྤྱིའི་ཐོན་འབོར་ཏུན46852ཟིན་པ། ཤ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན601ཟིན་པ། ཕག་པ་མགོ་གྲངས4800དང་ཕྱུགས་རིགས་ཆེ་བ980ཡོད་པ་དེ་སྤྱི་ལོ1991ལོ་ལས17%དང་19%དང23%སོ་སོར་འཕར་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར1446ཡོད་པ་དེ་སྤྱི་ལོ1991ལོ་ལས་སྒོར679མང་དུ་སོང་ནས་ལོ་རེར་ཆ་སྙོམས23.6%འཕར་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2010ལོར་ཅེ་ཧྥང་ཆུས་ཀྱི་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར6.22ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2009ལོ་ལས12.5%འཕར་བ་དང་། ཆུས་ཡོངས་སུ་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི3100ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2009ལོ་ལས33%འཕར་ཡོད། མ་དངུལ་སྒོར་དུང་ཕྱུར1བཏང་བའི་ཤང་ཀང་གྲོང་གི་རྣམ་གྲངས་དང་མ་དངུལ་སྒོར་དུང་ཕྱུར1.5བཏང་བའི་ཡུན་ཏ་ཀྲུང་ཀྲོའུ་རྒྱལ་སྤྱིའི་གསོལ་མགྲོན་ཁང་བསྐྲུན་ནས་ལས་གཉེར་བྱས་པ། མ་དངུལ་སྒོར་དུང་ཕྱུར1བཏང་བའི་ཚོང་ཆེན་སྣ་མང་དེ་ཧེང་ཅི་རྒྱུ་ནོར་ཐང་ཆེན་དུ་བཅའ་སྡོད་བྱས་པ། མ་དངུལ་སྒོར་ཁྲི3000བཏང་བའི་རྒྱུན་ལྗང་འཁྲི་ཤིང་ཁྱིམ་སྤྱོད་གློག་ཆས་ཟོག་འགྲེམས་རྣམ་གྲངས་ལས་གཉེར་བྱེད་འགོ་ཚུགས་པ། ཆུས་ཡོངས་སུ་ཚོང་ལས་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི10ལྷག་ཙམ་གསར་དུ་འཕར་བ་དང་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི170ཟིན་ཡོད། ཆུས་ཡོངས་སུ་ཚོང་དོན་ཐོག་ཁང་གི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི27.8ཟིན་པ་དང་། བཅའ་སྡོད་ཁེ་ལས70ལྷག་ཙམ་གསར་དུ་འཕར་བ། ཆུས་རིམ་པའི་ཁྲལ་འབབ་སྒོར་ཁྲི550ཡོད་པ་དེ་སྤྱི་ལོ2009ལོ་ལས57%འཕར་བ། ཆུས་ཡོངས་ཀྱི་ས་ཁང་བདག་ཁོངས་རྣམ་གྲངས་ཀྱིས་ལོ་འདིའི་ནང་མ་དངུལ་སྒོར་དུང་ཕྱུར15.2བཏང་བ་དང་ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི33.7ཡོད།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2010ལོར་ཅེ་ཧྥང་ཆུས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར44.7ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2009ལོ་ལས18.5%འཕར་ཡོད། ལོ་ཧྲིལ་པོར་དེང་རབས་ཞབས་ཞུའི་ཁེ་ལས26ནང་འདྲེན་དང་། ཆུས་ཡོངས་ཀྱི་མ་འཇོག་འགན་ལེན་ཀུང་སི20ལྷག་ཙམ་ཟིན།

6 སྤྱི་ཚོགས་ལས་དོན།
6_1 རྨང་གཞིའི་འཛུགས་སྐྲུན།

སྤྱི་ལོ2011ལོར་ཅེ་ཧྥང་ཆུས་ཀྱིས་ལྷོ་ཆུ་བྱང་འདྲེན་གྱི་མ་ཡུར་བསྣོལ་མའི་ལས་གྲྭས་ཨར་ལས་ལ་ཤུགས་རྐྱེན་ཐེབས་པའི་ཁྱབ་ཁོངས་སུ་གནས་སྤོ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཁེ་ལས་དང་བྱ་གཞག་ཚན་པ5ཡི་གནས་སྤོའི་ལས་འགན་ལེགས་སྒྲུབ་བྱས་པ་དང་། ལྕགས་ལམ་གློག་ཐག་བཟོ་གྲྭ་དང་། ཀྲུང་ཀྲོའུ། མནའ་འབྲེལ་འཕྲོད་བསྟེན་རྒྱུ་ཆ་སོགས་བཟོ་གཏེར་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་བདེ་སྡོད་ལས་གྲྭ་ཆ་ཚང1235བསྐྲུན་ཟིན་པ་རེད། རྒྱལ་ཁའི་ཁྲོམ་ལམ་དང་། སྲིང་བལ་དང་པོ། དམངས་འཚོའི་ཁྲོམ་ལམ་བཅས་གྲོང་ཁྱེར3གྱི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱེད་འགོ་བརྩམས།

6_2 སློབ་གསོའི་བྱ་བཞག

སྤྱི་ལོ2010ལོའི་བར་ཅེ་ཧྥང་ཆུས་སུ་རིགས་ཁག་གི་སློབ་གྲྭ87ཡོད་པ་དང་གྲོང་གསེབ་ཀྱི་སློབ་མ་རེར་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་སྒོར་ཁྲི221.8དང་སློབ་དེབ་མི་དགོས་པའི་གྲོན་དངུལ་སྒོར་ཁྲི60.9བཏང་བ་དང་། གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་གྲོན་དངུལ་ཙག་ཙིག་སྒོར་ཁྲི590.3བཏང་བ།གྲོང་གསེབ་དང་གྲོང་ཁྱེར་གྱི་ཕན་པ་ཐོབ་པའི་སློབ་མ5823དང་མི26490སོ་སོར་ཟིན་ཡོད། ལོ་ཧྲིལ་པོར་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་ཁང་སྲུང་སྐྱོང་དང་སྒྱུར་བཀོད་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི1350གྲབས་གསོག་བྱས་པ་དང་། སློབ་གྲྭའི་ཉལ་ཁང་གི་རྣམ་གྲངས30འཆར་འགོད་འཛུགས་སྐྲུན་བྱས།

6_3 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2010ལོའི་བར་ཡུས་ལུའུ་ཆུས་སུ་རིགས་ཁག་གི་སྨན་བཅོས་སྒྲིག་གཞི98ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ནོར་སྲིད་ཁ་གསབ་ཚད་གཞི་སྒོར120བར་མཐོ་རུ་བཏང་བ། ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི96.3དང་སྒོར་ཁྲི19.3དང་ཕན་པ་ཐོབ་པའི་ཚོགས་སྤྱི26477དང10736ཡོད། སྲིད་གཞུང་གིས་གཉེར་བའི་གཞི་རིམ་སྨན་བཅོས་སྒྲིག་གཞི་གསུམ་དུ་གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་བྱས་ནས་སྨན་རྫས་ཀྱི་ཧེ་བག་མེད་པའི་ཁ་གསབ་མ་དངུལ་སྒོར་ཁྲི71དོན་འཁྱོལ་བྱས་ཡོད།

6_4 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2006ནས་སྤྱི་ལོ2011ལོ་བར་ཅེ་ཧྥང་ཆུས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར2.36བཏང་ནས་དམངས་འཚོའི་འདུ་འགོད་ལག་ལེན་བསྟར་བར་སྤྱད་དེ་ལས་ཤོར་མི་སྣ་དང་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་མི་གྲངས་ཁྲི3.5བཀོད་སྒྲིག་བྱས་པ་དང་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི5940སྤྲད་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།