ཡའོ་ཏུའུ་ཆུས།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-04-07 10:02ལ་འགྲུབ།

ཡའོ་ཏུའུ་ཆུས།

ཡའོ་ཏུའུ་ཆུས།
ཡའོ་ཏུའུ་ཆུས་ནི་ཧྲན་ཞི་ཞིང་ཆེན་ལིན་ཧྥུན་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཤིག་ཡིན་ཞིང་ཧྲན་ཞི་ཞིང་ཆེན་གྱི་ལྷོ་རྒྱུད་དང་ལིན་ཧྥུན་གྲོང་ཁྱེར་གྱི་དབུས་ཁུལ་དུ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
尧都区
མི་གྲངས།
ཁྲི98.25
དབྱིན་ཡིག་གི་མིང་།
Yaodu District
ཡུལ་སྐད།
ཅིན་སྐད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0357
རླངས་འཁོར་ཚབ་ཨང་།
ཅིནL(晋L)
སྦྲག་སྲིད་ཨང་རྟགས།
041000
སྲིད་འཛིན་ཚབ་ཨང་།
141002
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1316ཡོད།
1 ​ས་ཁམས་ཁོར་ཡུག
1_1 གནས་ཡུལ།

ལིན་ཧྥེན་གྲོང་ཁྱེར་ཡའོ་ཏུའུ་ཆུས་ནི་ཧྲན་ཞི་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་ཤིང་བྱང་གི་འཕྲེད་ཐིག5°54′21"——36°19′48"བར་དང་ཤར་གྱི་གཞུང་ཐིག111°05′07"—111°49′04"བར་དུ་གནས་ཡོད་ཅིང་། ཆུས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ1316ཟིན་ཡོད། ཤར་དུ་ཧྥུ་ཧྲན་རྫོང་དང་ཉེ་ཞིང་ནུབ་ཏུ་ཕུའུ་རྫོང་དང་། ཞང་ཉིང་རྫོང་། ཅི་རྫོང་བཅས་དང་ས་མཚམས་འབྲེལ། ལྷོ་རུ་ཞང་ཧྥུན་རྫོང་དང་བྱང་དུ་ཧུང་ཏུང་རྫོང་དང་འབྲེལ་ཡོད། ཤར་སྣེ་ཏ་དབྱང་གྲོང་རྡལ་ཅིང་ཅ་ཀྲོང་དང་ཆེས་ནུབ་སྣེ་ཧོ་ཏི་ཡུལ་ཚོའི་བར་དང་བར་ཐག་སྟོང་སྨི65ཡོད་པ་དང་ལྷོ་སྣེ་ཧོ་ཅ་ཀྲོང་ཡུལ་ཚོའི་རི་རྩེ་ནས་བྱང་ཕྱོགས་ཀྱི་ཕིང་ཡོན་བར་དུ་བར་ཐག་སྟོང་སྨི35ཡོད། ཧྲན་ཞི་ཞིང་ཆེན་གྱི་ལྟེ་གནས་དང་བར་ཐག་སྟོང་སྨི276ཡོད། 

1_2 ས་དབྱིབས།   

ཡའོ་ཏུའུ་ཁུལ་གྱི་མངའ་ཁོངས་སུ་རི་ཁུལ་དང་རི་མ་ཐང་། ཐང་གཤོངས་སོགས་ས་དབྱིབས་རིགས་མང་པོ་ཡོད། ཤར་ཕྱོགས་ནི་ཐའེ་ཡུའེ་རི་རྒྱུད་དང་ནུབ་ཕྱོགས་ནི་ལུའི་ལིའང་རི་རྒྱུད་ཡིན། དབུས་རྒྱུད་ནི་གཤོང་ས་ཡིན་ལ། ཧྥུན་ཧོ་ཆུ་བོ་ནི་ལྷོ་བྱང་གཞུང་དུ་འབྲེལ་ཞིང་། ཆུས་ཡོངས་ནི་ཧྥུན་ཞི་དང་ཧོ་ཏུང་གཉིས་སུ་གཞི་རྩའི་ཆ་ནས་འདྲ་མཚུངས་ཡིན་པའི་ཆ་ཤས་སུ་ཕྱེ་ཡོད་པས། ཤར་ནུབ་རི་བོ་གཉིས་བར་ཐང་གཤོངས་ཀྱི་ས་དབྱིབས་ཆགས་ཡོད། ཆུས་ཡོངས་ཀྱི་རི་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ627དང་རི་མ་ཐང་གི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ138བཅས་ཡོད། ཆུས་ཡོངས་ཀྱི་རི་བོ་མཐོ་ཤོས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1688ཡིན།     

1_3 ནམ་ཟླ།

ཡའོ་ཏུའུ་ཆུས་ཀྱི་ལོ་རེའི་སད་མེད་དུས་ཀྱི་ཉིན203ཡིན་པ་དང་ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི550ཡིན་པ་དང་ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད2416.5ཟིན་ཡོད། ས་ཁུལ་དེར་འཕྲེད་ཐིག་གི་ཏུའུ་གྲངས་དང་མཐོ་ཚད། རླུང་ཁམས་ཆེན་པོའི་འཁོར་རྒྱུག་གི་གནས་ཚུལ། ས་དབྱིབས་ཀྱི་ཁྱད་ཆོས་སོགས་ཀྱིས་ཤུགས་རྐྱེན་ཐེབས་པས་ལོ་རེའི་ཆ་སྙོམས་དྲོད་ཚད9ནས13བར་དང་། ནུབ་རིའི་མཚོ་ངོས་ལས་མཐོ་ཚད་སྨི950ནས1815བར་དང་ཆ་སྙོམས་དྲོད་ཚད8.6ནས10℃བར་ཡིན། དབུས་རྒྱུད་གཤོང་ས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི420ནས509བར་ཡིན་པ་དང་། ལོ་མང་རིང་ཆ་སྙོམས་དྲོད་ཚད12ནས12.6℃བར་ཡིན་པ་དང་ཆ་སྙོམས་དྲོད་ཚད་ཁྱབ་ཚུལ་དེ་ཕིང་ཁྲོན་ནས་ཤར་ནུབ་གཞོགས་གཉིས་སུ་རིམ་བཞིན་ཉུང་དུ་འགྲོ་བ་དང་། ལྷོ་ནས་བྱང་ཕྱོགས་སུ་རིམ་ཆག་བྱེད་པ། ལོ་རེའི་དྲོད་ཚད་མཐོ་ཤོས་ཟླ6པ་ནས8པའི་བར་ཡིན་ཞིང་ཏུའུ་གྲངས35—41.9℃བར་ཡིན་པ་དང་། ལོ་རེའི་དྲོད་ཚད་དམའ་ཤོས་དེ་གཙོ་བོ་ཟླ12ནས་ཕྱི་ལོའི་ཟླ1བར་ཡིན་པ་དང་ཀྲུང་གོའི་ནམ་ཟླའི་ཁུལ་གྱི་རྩ་དོན་ལྟར་ན། ཡའོ་ཏུའུ་ཆུས་ནི་དྲོད་ཁུལ་གྱི་གནམ་གཤིས་ཁུལ་དང་པོ་ཡིན་ཞིང་། འཕྲེད་ཐིག་བར་མའི་སྐམ་སའི་དབུས་ཁུལ་གྱི་ས་སེར་མཐོ་སྒང་དུ་གནས་པ་དང་། དྲོད་འཇམ་ཁུལ་གྱི་སྐམ་ས་ཆེན་པོའི་རང་བཞིན་དང་ཐན་པ་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླའི་བང་རིམ་དུ་གཏོགས། གནམ་གཤིས་ཀྱི་ཁྱད་ཆོས་གཙོ་བོ་ནི་དུས་བཞི་གསལ་ཞིང་དགུན་དུས་དང་དབྱར་དུས་ཚ་བ་ཆེ། ཆར་ཆུ་དང་ཚ་བའི་དུས་མཚུངས་ཤིང་ཐན་ཞོད་བཅས་ཀྱི་གནོད་འཚེ་མང་བ་བཅས་ཡིན། ལོ་གཅིག་གི་ནང་དབྱར་དུས་སུ་རྒྱ་མཚོའི་རང་བཞིན་གྱི་དྲོད་རླུང་གིས་ཚོད་འཛིན་བྱས་པས་ཆར་པ་མང་བའི་དུས་ཚིགས་སུ་གྱུར་བ་མ་ཟད། ཆར་དུས་སུ་དུས་ཚོད་ཅུང་ཐུང་བ་དང་ལོ་གཅིག་གི་དུས་ཚོད་མང་ཆེ་བ་སྐམ་སའི་རང་བཞིན་གྱི་རླུང་ཚོམ་གྱི་ཚོད་འཛིན་འོག་ཡིན་པ་དང་། གནམ་གཤིས་སྐམ་ཤས་ཆེ་ལ་གངས་ཆར་ཉུང་ཞིང་རི་ཁུལ་གྱི་ཆར་ཆུ་འབབ་ཚད་བདེ་ཐང་ས་ཁུལ་ལས་ཅུང་མང་། 

2 མི་འབོར་དང་མི་རིགས།

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི(སྤྱི་ལོ2000ལོའི་ཟླ11ཚེས1ཉིན་གྱི་ཆུ་ཚོད་གཞིར་བྱས་པ)གཞི་གྲངས་ཐོག་ནས་མངོན་པར། ཡའོ་ཏུའུ་ཆུས་ཀྱི་མི་འབོར་བསྡོམས་འབོར་མི724403ཟིན་པའི་ནང་སྐྱེས་པ367377དང་བུད་མེད357026ཡོད་པ་དང་མི་འབོར་བསྡོམས་འབོར་གྱི་ཕོ་མོའི་བསྡུར་ཚད102.90:100ཟིན་ཡོད། ཐེམ་ཐོའི་མི་འབོར737048ཡོད་པ་དང་། གྲངས་ཉུང་མི་རིགས་མི་འབོར་གྱི་བསྡུར་ཚད0.26%ཟིན། ཞིང་པའི་ཐེམ་ཐོ་མིན་པའི་མི་འབོར་གྱི་བསྡུར་ཚད35.78%ཟིན་ཡོད། མི་འབོར་བསྡོམས་འབོར་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར368399ཡོད་པ་དང་གྲོང་གསེབ་ཀྱི་མི་འབོར356004ཡོད།     རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པ(སྤྱི་ལོ2010ལོའི་ཟླ11ཚེས1ཉིན་གྱི་ཆུ་ཚོད་གཞིར་བྱས་པ)གཞི་གྲངས་ཐོག་ནས་ཡའོ་ཏུའུ་ཆུས་ཀྱི་རྒྱུན་སྡོད་མི་འབོར944050ཡོད།     མངའ་ཁོངས་སུ་རྒྱ་རིགས་དང་། ཧུའེ་རིགས། བོད་རིགས། ཡུ་གུར་རིགས། ཨུ་རུ་སུ་རིགས། ཨོ་ལུན་ཁྲུན་རིགས། མན་ཇུ་རིགས། ཁྲའོ་ཞན་རིགས། པུའུ་དབྱི་རིགས། ཆའང་རིགས། ལི་རིགས། པའེ་རིགས། ཐུའུ་ཅ་རིགས། ཀྲོང་རིགས་སོགས་མི་རིགས་ཁྱབ་ཡོད།     

3 དཔལ་འབྱོར།

སྤྱི་ལོ2012ལོར་ཡའོ་ཏུའུ་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར247.9ཟིན་པ་དང་། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར32.8ཟིན། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར163.9ཟིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21614ཟིན། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར8912ཟིན་ཡོད་ཅིང་། དཔལ་འབྱོར་དམིགས་ཚད་ཁག་ལིན་ཧྥེན་གྲོང་ཁྱེར་གྱི་ཨང་དང་པོ་དང་ཧྲན་ཞི་ཞིང་ཆེན་གྱི་མདུན་གྲལ་དུ་སླེབས། སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཡའོ་ཏུའུ་ཆུས་ཀྱི་ཐོན་ལས་གསུམ་པའི་བསྡུར་ཚད3.8:32.5:63.79ལ་སླེབས་ཡོད།     

3_1 ཐོན་ལས་དང་པོ། 

ཡའོ་ཏུའུ་ཆུས་ལ་གནའ་སྔ་མོ་ནས་བཟུང“སྲིང་བལ་དང་གྲོ་མོའི་ཕ་ས”ཞེས་པའི་མཚན་སྙན་ཡོད་ཅིང་། དེ་ནི་ཧྲན་ཞི་ཞིང་ཆེན་གྱི་ཤིང་འབྲས་དང་སྔོ་ཚལ་ཐོན་སྐྱེད་ཀྱི་རྟེན་གཞི་གལ་ཆེན་དང་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ཁུལ་ཆེ་གྲས་ཤིག་ཡིན་ཞིང་། རྒྱལ་ཡོངས་ཀྱི་གྲོ་སྤུས་ལེགས་ཐོན་སྐྱེད་ཀྱི་རྟེན་གཞི་ཞིག་ཀྱང་རེད། ཡའོ་ཏུའུ་ཆུས་ཀྱིས་མི་འབོར་ས་ཡ་ཟིན་པའི་གྲོང་ཁྱེར་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ཏེ“སྔོ་ཚལ”དང“འབྲས་ཁུག”“ཤིང་ཏོག་ར་བ”བཅས་ཀྱི་འདུ་འགོད་བཏོད་ཡོད། སྤུས་ལེགས་སྟར་ཁ་མུའུ་ཁྲི30དང་། སྒྲིག་བཀོད་སྔོ་ཚལ་མུའུ་ཁྲི10 སྤུས་ལེགས་ཤིང་འབྲས་མུའུ་ཁྲི15བཅས་ཡོད་པ་དང་རྟེན་གཞི་ཆེན་པོ་གསུམ་གྱི་གཞི་ཁྱོན་རགས་ཙམ་ཆགས་ཡོད་པ་རེད། ས་ཁྱོན་མུའུ5000བཟུང་བ་དང་མེ་ཏོག་གི་སྡོང་ཕྲུག་དང་། སྐྱེ་དངོས་ཀྱི་གསོ་སྦྱོང་། འོད་ཤུགས་གློག་འདོན། ཟོག་འགྲེམས་ཉོ་ཚོང་། སྤྲོ་གསེང་རོལ་རྩེད་བཅས་ལས་རྣམ་གཙོ་བོ་ཡིན་པའི་ཡའོ་ཏུའུ་སྣོད་བཅུད་ཐོན་ལས་གླིང་དེ་ཧྲན་ཞི་ཞིང་ཆེན་གྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། སྤྱི་ལོ2012ལོར་ཡའོ་ཏུའུ་ཆུས་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི26.2ཟིན་པ་དང་སྔོ་ཚལ་ཏུན་ཁྲི16.3ཟིན། ཤིང་ཏོག་ཏུན་ཁྲི5.7 ཤ་དང་བྱ་སྒོང་ཏུན་ཁྲི3ལྷག་ཙམ་ཟིན། སྔོ་ཚལ་དང་ཀྭ་རིགས་དང་ཤིང་འབྲས་གཙོ་བོར་བྱས་པའི་ཞིང་ཞོར་ཐོན་རྫས་མཁོ་སྤྲོད་བྱེད་ཚད་ཀྱིས་ལིན་ཧྥེན་གྲོང་ཁྱེར་གྱི་དགོས་མཁོའི26%ཡས་མས་ཟིན།     

3_2 ཐོན་ལས་གཉིས་པ།   

ཡའོ་ཏུའུ་ཡི་བཟོ་ལས་རྨང་གཞི་ཧ་ཅང་ལེགས་པ་སྟེ། རྡོ་སོལ་གློག་དང་། རྡོ་སོལ་རྫས་འགྱུར་བཟོ་ལས། ངར་ལྕགས། ཨར་ལས་རྒྱུ་ཆ། སྨན་རྫས། གློག་རྡུལ་སོགས་ཀྱི་ཐོན་ལས་གཙོ་བོ་ཡིན་ལ། ཧྲན་ཞི་ཞིང་ཆེན་གྱི་རྡོ་སོལ་རྫས་འགྱུར་བཟོ་ལས་ཀྱི་ཐོན་སྐྱེད་རྟེན་གཞི་གཙོ་བོ་ཡིན། སྤྱི་ལོ2012ལོའི་ལོ་མཇུག་བར་ཡའོ་ཏུའུ་ཆུས་སུ་ཐང་ཆེན་གྱི་ཚ་གློག་དང་། ལིན་ཧྥུན་ཚ་གློག རྒྱ་མཚོའི་རྣམ་པ་འཚིག་སྒྱུར། ཀོང་ཡུས་གློག་ཁུངས་སོགས་གཞི་ཁྱོན་ཡན་གྱི་ཁེ་ལས52ཡོད་པ་རེད།     “ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”རིང་ཡའོ་ཏུའུ་ཆུས་ཀྱིས“གཅིག་སྡུད་གསར་སྤེལ་དང་། ཐོན་ཁུངས་ལེགས་བསྡུས་བེད་སྤྱོད། ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་ནས་བཟོ་ལས་གླིང་ཁུལ་ཆེ་གྲས་གཉིས་གཙོ་གནད་ཐོག་འཆར་འགོད་དང་འཛུགས་སྐྲུན་བྱས་པ་སྟེ། གཅིག་ནི་ཧྥེན་ཧོ་གཙང་པོའི་ཤར་ངོས་ཀྱི་ཅ་ཏེ་བཟོ་ལས་གླིང་ཁུལ་ཡིན་པ་དང་། གཞན་ཞིག་ནི་ཧྥུན་ཧི་ཆུ་བོའི་ནུབ་ཕྱོགས་ཀྱི་ཧྥུན་ཧི་སོལ་གློག་ཅན་གྱི་བཟོ་ལས་ར་བ་ཡིན།     སྤྱི་ལོ2012ལོར་ཡའོ་ཏུའུ་ཆུས་ཀྱི་རྡོ་སོལ་ཐོན་ཚད་ཏུན་ཁྲི600དངརྡོ་སོལ་ཏུན་ཁྲི170 རྡོ་སོལ་ཏུན་ཁྲི220དང་། ཁྲོ་ལྕགས་ཏུན་ཁྲི150ངར་ལྕགས་ཏུན་ཁྲི310 ཨར་འདམ་ཏུན་ཁྲི70བཅས་ཟིན་ཡོད།  

3_3 ཐོན་ལས་གསུམ་པ།    

ཡའོ་ཏུའུ་ཆུས་ནི་ཧྲན་ཞི་ཞིང་ཆེན་ལྷོ་རྒྱུད་ཀྱི་ས་ཁོངས་རང་བཞིན་གྱི་འཛད་སྤྱོད་གྲོང་ཁྱེར་ཞིག་ཡིན་པ་དང་ཆུས་ཡོངས་ཀྱི་ཐོན་ལས་གསུམ་པ་གཙོ་བོ་བཟའ་བཏུང་དང་། ཚོང་དོན། ཁྲོམ་ར། ཟོག་འགྲེམས། དངུལ་རྩའི་ལས་རིགས་བཅས་རེད། སྤྱི་ལོ2012ལོའི་ལོ་མཇུག་བར་ཆུས་ཡོངས་སུ་གྲངས་བཅད་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་ཁེ་ལས80དང་། བཟའ་བཏུང་ཞག་སྡོད་ལས་རིགས་ཀྱི་དུད་ཚང40 ཚོང་དོན་ཁེ་ལས་ཆེ་འབྲིང20ལྷག་ཙམ་དང་། མགྲོན་ཁང་འབྲིང་གྲས་དང་གསོལ་མགྲོན་ཁང100ལྷག་ཙམ། ཆེད་ལས་ཁྲོམ་ར་སྣ་ཚོགས30ལྷག་ཙམ། ཟོག་འགྲེམས་ཁེ་ལས100ལྷག་ཙམ། ཁྱིམ་ལས་ཞབས་ཞུའི་ཁེ་ལས80ལྷགམཚམས་སྦྱོར་སྒྲིག་གཞི100ལྷག་ཙམ་བཅས་ཡོད། རིགས་ཁག་གི་གཞུང་ཁོངས་དང་ཚོང་ལས་དངུལ་ཁང20ལྷག་ཙམ་ཡོད་པ་དང་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར700ལྷག་ཙམ་ཟིན་ཡོད། ལོ་ཧྲིལ་པོར་ཡུལ་སྐོར་ལས་རིགས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི88ལ་སྣེ་ལེན་ཞུས། སྤྱི་ལོ2012ལོར་ཡའོ་ཏུའུ་ཆུས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར163.9ཟིན་ཡོད། ཐོན་ལས་གསུམ་པས་ཆུས་ཡོངས་ཀྱི་དཔལ་འབྱོར་སྤྱི་འབོར་གྱི་བསྡུར་ཚད57.5%ཟིན།     

4 འགྲིམ་འགྲུལ་སྐྱེལ་འདྲེན།   

ཡའོ་ཏུའུ་ཆུས་ནི་ཧྲན་ཞི་དང་། ཧྲའན་ཞི། ཧོ་ནན་བཅས་ཀྱི་རྨ་ཆུའི་ཟུར་གསུམ་ཁུལ་གྱི་ལྟེ་གནས་སུ་གནས་པ་དང་ས་ཁོངས་ནང་གི་འགྲིམ་འགྲུལ་སྟབས་བདེ་བ་དང་། ལྷོ་ཐུང་ཕུའུ་ལྕགས་ལམ་དང་། ཏ་ཤིས་མྱུར་བགྲོད་ལྕགས་ལམ། ཏ་ཡུན་མྱུར་བགྲོད་གཞུང་ལམ། རྒྱལ་ལམ108ལྷོ་བྱང་དུ་འབྲེལ་ཞིང་། ཆིང་ལན་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ309ཡིས་ཤར་ནུབ་འཕྲེད་དུ་བཅད་ཡོད་པ་མ་ཟད། ཆའོ་ལི་གྲོང་རྡལ་དང་ཡའོ་ཏུའུ་ཆུས་གྲོང་ཁུལ་དང་བར་ཐག་སྤྱི་ལེ15ཡོད་པའི་ལིན་ཧྥུན་ཆའོ་ལི་གནམ་ཐང་བཅས་བསྣན་པས་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཞིག་ཆགས་ཡོད་པ་རེད། དར་རྒྱས་ཆེ་བའི་གཞུང་ལམ་དྲ་བ་དེ་ལིན་ཧྥུན་གྲོང་ཁྱེར་གྱི་རྫོང་དང་གྲོང་ཁྱེར17ལ་ཤར་བགྲོད་ཐུབ་པར་མ་ཟད། ཧྲའན་ཞི་དང་། ཧོ་ནན། ཧོ་པེ་སོགས་ཁྱིམ་མཚེས་ཞིང་ཆེན་དང་འབྲེལ་ཡོད། ཡའོ་ཏུའུ་ཆུས་སུ་མེ་འཁོར་འབབ་ཚུགས3ཡོད་པ་དེ་དག་ནི་ལིན་ཧྥུན་ས་ཚིགས་དང་། ལིན་ཧྥུན་བྱང་ཚིགས། ལིན་ཧྥུན་ནུབ་ལམ། (ཏ་ཞི་མྱུར་བགྲོད་ལྕགས་ལམ)བཅས་ཡིན་པ་དང་། རླངས་འཁོར་འབབ་ཚུགས6ཡོད་པ་དེ་དག་ནི་གྲོང་ནུབ་རླངས་འཁོར་འབས་ཚུགས་དང་། གྲོང་ཤར་རླངས་འཁོར་འབབ་ཚུགས། ཕིན་ལུའུ་རླངས་འཁོར་འབབ་ཚུགས། ཡའོ་ལྷ་ཁང་རླངས་འཁོར་འབབ་ཚུགས། གྲོང་བྱང་རླངས་འཁོར་འབབ་ཚུགས། གྲོང་ལྷོའི་རླངས་འཁོར་བབས་ཚུགས་བཅས་ཡིན།     

5 སྤྱི་ཚོགས་ལས་རིགས།   
5_1 ཚན་རིག་སློབ་གསོ།     

སྤྱི་ལོ2012ལོའི་ལོ་མཇུག་བར་ཡའོ་ཏུའུ་ཆུས་སུ་རིགས་ཁག་གི་གཞུང་བཙུགས་སློབ་གྲྭ་འབྲིང་ཆུང207ལྷག་ཙམ་དང་ཧྲན་ཞི་དགེ་འོས་སློབ་ཆེན་དང་ལིན་ཧྥུན་ལས་རིགས་ལག་རྩལ་སློབ་གླིང་སོགས་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གླིང20ལྷག་ཙམ་དང་། ཐུང་ཧྲི་ཏ་དང་ཀོང་ཡུས་ཞིང་ཆེན་རིམ་པའི་ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་རིགས་ཁག་གི་ཚན་ཞིབ་དང་ལག་རྩལ་ཤེས་ལྡན་པ་ཁྲི3ལྷག་ཙམ་བཅས་ཡོད་པ་རེད། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན7014ཡོད་པ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭར་ཡོད་པའི་སློབ་མ103947ཡོད།     

5_2 རིག་གནས་འཕྲོད་བསྟེན།     

སྤྱི་ལོ2012ལོའི་ལོ་མཇུག་བར་ཡའོ་ཏུའུ་ཆུས་ཀྱི་རིག་གནས་ཁྲོམ་རར་གཉེར་སྐྱོང་ཚན་པ552(དེའི་ནང་ལིན་ཧྥེན་གྲོང་ཁྱེར་ཡའོ་ཏུའུ་ཆུས་དཔེ་མཛོད་ཁང་དང་ལིན་ཧྥེན་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་ནི་རྒྱལ་ཁབ་ཀྱི་རིམ་གསུམ་ཁང(10-11)སོ་སོར་ཡིན་པ་དང་ལས་ཞུགས་མི་སྣ2000ལྷག་ཙམ་ཡོད་པ་རེད། ཆུས་རིམ་པ་ཡན་གྱི་སྨན་བཅོས་འཕྲོད་བསྟེན་སྡེ་ཚན11དང་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང16 གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང355 སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས36བཅས་ཡོད་པ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་ལ་ཞུགས་ཚད་བརྒྱ་ཆ98.7ཟིན་ཡོད། སྤྱི་ཚོགས་འགན་སྲུང་ཐད་རིགས་ཁག་གི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི24.65ཟིན་པ་དང་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་དང་གྲོང་གསེབ་ཀྱི་འགན་ལེན་ལྔའི་བསྙེན་བཀུར་བྱ་ཡུལ་ཚང་མར་འགན་ལེན་ཐུབ་ཡོད། 

དཔྱད་གཞིའི་ཡིག་ཆ།