ཀའོ་ཕིང་གྲོང་ཁྱེར།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-04-08 10:14ལ་འགྲུབ།

ཀའོ་ཕིང་གྲོང་ཁྱེར།

ཀའོ་ཕིང་གྲོང་ཁྱེར།
ཀའོ་ཕིང་གྲོང་ཁྱེར་ནི་ཧྲན་ཞི་ཞིང་ཆེན་ཅིན་གྲོང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་ཧྲན་ཞི་ཞིང་ཆེན་གྱི་ཤར་ལྷོའི་མཚམས་སུ་གནས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高平市
མི་གྲངས།
ཁྲི48.49
དབྱིན་ཡིག་གི་མིང་།
Gaoping city
ཡུལ་སྐད།
ཅིན་སྐད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པ།
ནམ་ཟླ།
དྲོད་ཁུལ་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0356
རླངས་འཁོར་ཚབ་ཨང་།
ཅིནE(晋E)
སྦྲག་སྲིད་ཨང་རྟགས།
048400
སྲིད་འཛིན་ཚབ་ཨང་།
140581
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ946ཡོད།
1 ​སྲིད་འཛིན་ས་ཁོངས།   

སྤྱི་ལོ2014ལོའི་ཟླ6པའི་བར་ཀའོ་ཕིང་གྲོང་ཁྱེར་ཁོངས་གཏོགས་སུ་ཁྲོམ་གཞུང3དང་གྲོང་རྡལ9ཡུལ་ཚོ4བཅས་ཁྱོན་སྡེ་ཁུལ22དང་སྲིད་འཛིན་གྲོང་ཚོ454ཡོད། 

2 ས་ཁམས་ཁོར་ཡུག  
2_1 གནས་ཡུལ།

ཀའོ་ཕིང་གྲོང་ཁྱེར་ནི་ཧྲན་ཞི་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་སུ་གནས་པ་དང་ཙེ་ཀྲོའུ་གཞོང་སའི་བྱང་སྣེ་དང་ཐའེ་ཧང་རི་བོའི་ལྷོ་ནུབ་ཀྱི་མཐའ་རུ་ཆགས་ཡོད་ཅིང་། ཤར་གྱི་གཞུང་ཐིག112°40'——113°10'དང་བྱང་གི་འཕྲེད་ཐིག35°40'——36°0'བར་དུ་གནས་ཡོད། ཤར་དུ་ཐའེ་ཧྥོ་ལིན་དང་ལིན་ཁྲོན་རྫོང་གཉིས་ཀར་འབྲེལ་ཞིང་ནུབ་ཏུ་ལའོ་མ་ལིན་དང་ཆིན་ཧྲུའེ་རྫོང་གཉིས་ཀར་འབྲེལ་ཡོད། ནུབ་བྱང་དུ་ཏན་ཀྲུའུ་ལིན་དང་ཁྲང་ཙི་རྫོང་གཉིས་ཀར་འབྲེལ་ཞིང་། བྱང་ཤར་དུ་ཅིན་ཆོན་རི་བོ་ནས་ཁྲང་ཀྲི་གྲོང་ཁྱེར་གྱི་ཧྲང་ཏང་ཆུས་དང་འབྲེལ་ཡོད། ལྷོ་ཕྱོགས་ནི་ཅེ་ཕེ་ལིན་དང་ཙེ་ཀྲོའུ་རྫོང་གི་འབྲེལ་མཚམས་བར་དུ་ཡིན་ཞིང་དེ་ནི་ཅིན་ཁྲེང་གི་བྱང་སྒོ་ཆེན་མོ་ཞེས་པ་དེ་ཡིན། མངའ་ཁོངས་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི41ཡོད་པ་དང་ལྷོ་བྱང་གི་ཞེང་ཚད་ལ་སྟོང་སྨི37ཡོད། གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ946དང་ལྷོ་ནས་ཅིན་ཁྲེང་ཆུས་བར་སྟོང་སྨི41ཡོད། ཧྲན་ཞི་ཞིང་ཆེན་གྱི་ཧུའེ་ཐའེ་ཡོན་གྲོང་ཁྱེར་ལ་སྟོང་སྨི335ཡོད་ཅིང་ཧོ་ནན་ཞིང་ཆེན་གྱི་ཧུའེ་ཀྲེང་ཀྲོའུ་གྲོང་ཁྱེར་བར་དང་སྟོང་སྨི242 རྒྱལ་ས་པེ་ཅིན་གྲོང་ཁྱེར་དང་བར་ཐག་སྟོང་སྨི704ཡོད།     

2_2 ས་དབྱིབས།     

ཀའོ་ཕིང་གྲོང་ཁྱེར་གྱི་མངའ་ཁོངས་ནི་གྲུ་བཞི་ནར་མོའི་དབྱིབས་དང་འདྲ་ཞིང་ཤར་ནུབ་བྱང་གསུམ་གྱི་ངོས་རི་བོས་བསྐོར་ཞིང་དབྱིབས་ནི་འཁྲབ་མ་དང་འདྲ། ས་བབ་ཡོངས་ནུབ་བྱང་མཐོ་ཞིང་ཤར་ལྷོ་དམའ་ལ་ས་ཁོངས་ནང་གི་ས་བབ་མཐོ་ཤོས་ནི་གྲོང་ཁྱེར་བྱང་ཤར་རྒྱུད་དང་ཁྲང་ཀྲི་གྲོང་ཁྱེར་ཧྲང་ཏང་ཆུས་འབྲེལ་མཚམས་ཀྱི་ཅིན་ཆོན་རི་བོ་ཡིན་པ་དང་ས་བབ་མཐོ་ཚད་སྨི1391.1ཟིན། དམའ་ཤོས་ནི་ཧོ་ཞི་གྲོང་རྡལ་ཏུའུ་གྲོང་ཚོ་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི800ཟིན་ཡོད། མངའ་ཁོངས་སུ་མུ་འབྲེལ་རི་བོ་དང་ཆུ་ཀླུང་། དེའུ་འབུར་འབར་མང་ཞིང་ལུང་ཤུར་ཅུང་ཉུང་། རིམ་པ་མངོན་གསལ་ཡིན་ལ་ས་བབ་རྙོག་འཛིང་ཆེ་ཞིང་གྲུབ་ཚུལ་ལ་གཞིགས་ན་ས་དབྱིབས་རིགས་གསུམ་དུ་དབྱེ་ཆོག་སྟེ། གྲོག་རོང་གི་ཕིན་ཁྲོན་ཁུལ་དང་། ས་སེར་རི་མ་ཐང་ཁུལ། རི་ཁུལ་དམའ་འབྲིང་བཅས་ཡོད། ལུང་གཞུང་གི་ཕིན་ཁྲོན་ཆུས་ནི་ཏན་ཧོ་གཙང་བོའི་གཞོགས་གཉིས་སུ་ཁྱབ་ཡོད་པ་དང་ཆུ་ལོག་གྲུབ། དབྱིབས་ངེས་མེད་ཀྱི་ཐགས་དབྱིབས་དང་འདྲ་བས་སྤྱིའི་རྒྱ་ཁྱོན་གྱི17%ཟིན་ཡོད། ས་སེར་རི་མ་ཐང་ནི་ཕིན་ཁྲོན་ས་ཁུལ་ནས་རི་ཁུལ་གྱི་བར་བརྒལ་ས་ཁུལ་དུ་གནས་པ་དང་ཕལ་ཆེར་གྲུ་བཞི་ནར་མོ་ཡིན་པ་དེས35%ཟིན་ཡོད། དམའ་འབྲིང་རི་ཁུལ་ནི་གྲོང་ཁྱེར་གྱི་ནུབ་རྒྱུད་དང་བྱང་རྒྱུད་ཀྱི་མཐའ་མཚམས་སུ་གནས་པའི་ཝུའུ་ཧྲན་རི་བོའི་རྒྱུད་དང་། ཝུའུ་ལུང་རི་བོའི་རྒྱུད། ཧྲོའུ་དབྱང་རི་བོའི་རྒྱུད། དེ་བཞིན་དབུས་རྒྱུད་ཀྱི་ཧན་ཝང་རི་བོ་དང་ཧྥུ་ཧྲན་རི་བོ་བཅས་ནི་ངེས་གཏན་མེད་པའི་དྲང་ཟུར་གྱི་རྣམ་པར་གྱུར་ནས་སྤྱིའི་རྒྱ་ཁྱོན་གྱི48%བཟུང་ཡོད། བརྒྱ་ཆ50ཙམ་གྱི་རྨོ་ཞིང་རི་མ་ཐང་དུ་ཁྱབ་ཡོད་ཅིང་མངའ་ཁོངས་སུ་ཆུ་བོ་ཆེ་ཆུང30ཙམ་ཡོད་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ30ཡན་ཟིན་པའི་ཏན་ཧོ་དང་། ཞུས་ཧོ། ཏ་ཏུང་གཙང་པོ། ཏུང་ཏ་ཧོ་གཙང་པོ་བཅས6ཡོད། ཏན་ཧོ་ཆུ་བོ་ནུབ་བྱང་ནས་ཤར་ལྷོའི་བར་གྲོང་ཁྱེར་དབུས་ཁུལ་དུ་བརྒྱུད་ཡོད་པ་དང་དེའི་འབབ་རྒྱུད་ནི་ཐགས་དབྱིབས་བདེ་ཐང་ཆགས་ནས་ལྷོ་ངོས་སུ་ཞེང་ཇེ་ཆེར་སོང་ཡོད། གྲོང་ཁྱེར་ཡོངས་ཀྱི་ས་ངོས་ཆུའི་ལོ་རེའི་ཆ་སྙོམས་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི3888ཟིན་པ་དང་ས་འོག་གི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1.49ཟིན།     

2_3 ནམ་ཟླ།    

ཀའོ་ཕིང་གྲོང་ཁྱེར་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་ལོ་གཅིག་དུས་བཞི་གསལ་ཞིང་ཆར་ཆུ་དུས་ཚིགས་གཅིག་སྡུད་ལྟར་ཆགས་ཡོད། དུས་ཚིགས་ཀྱི་རླུང་ཤུགས་ཆེ་ཞིང་ཀའོ་ཕིང་གྲོང་ཁྱེར་གནམ་གཤིས་ཅུའུ་ཀྱིས་སྤྱི་ལོ1958ལོ་ནས་སྤྱི་ལོ2000ལོའི་བར་གྱི་ལྟ་ཞིབ་དཔྱད་ཡིག་ལས་མངོན་པར་གཞིགས་ན། ལོ་མང་རིང་ཆ་སྙོམས་དྲོད་ཚད9.8℃དང་ཐལ་དྲགས་པའི་དྲོད་ཚད་མཐོ་ཤོས38.6℃(སྤྱི་ལོ1966ལོའི་ཟླ6པའི་ཚེས21ཉིན)དང་། ཐལ་དྲགས་པའི་དྲོད་ཚད་དམའ་ཤོས-24.0℃(སྤྱི་ལོ1967ལོའི་ཟླ1པོའི་ཚེས31ཉིན) འཁྱགས་སའི་གཏིང་ཚད་ཆེ་ཤོས0.56mཡིན་པ་དང་ལོ་མང་རིང་ཆ་སྙོམས་ཉི་འོད་ཕོག་ཚད2532.5ཡིན། ལོ་མང་རིང་ཆ་སྙོམས་ཆར་ཆུ་འབབ་ཚད589.4mmཡིན་པ་དང་ལོ་རེའི་ཆར་ཆུ་འབབ་ཚད་ཆེ་ཤོས1113.3(སྤྱི་ལོ1954ལོར)ཡིན་པ་དང་ལོ་རེའི་ཆར་ཆུ་འབབ་ཚད་ཆུང་ཤོས305.9m(སྤྱི་ལོ1997ལོ)ཡིན། ས་བབ་གནམ་གཤིས་སོགས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་གྲོང་ཁྱེར་ཡོངས་ཀྱི་ཆར་ཆུ་འབབ་དུས་དང་བར་སྟོང་གི་ཁྱབ་ཚུལ་དོ་སྙོམས་མེད་པ་དང་ཆུ་རྒྱས་པའི་དུས་སུ་ཆར་ཆུ་འབབ་ཚད་ཀྱིས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི72.5%ཟིན་པ་དང་ལོ་མང་རིང་ཆ་སྙོམས་རླངས་པར་འགྱུར་ཚད1735mmཡིན་པ་དང་ཐན་པའི་སྟོན་གྲངས2.8ཡིན། 

3 མི་འབོར། 

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར(སྤྱི་ལོ2010ལོའི་ཟླ11ཚེས1ཉིན་གྱི་ཆུ་ཚོད་གཞིར་བྱས)པའི་གཞི་གྲངས་ལས་མངོན་པར། ཀའོ་ཕིང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར484862ཡིན་པ་དེ་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་དང་བསྡུར་ན་ལོ་བཅུའི་ནང་མི13191མང་དུ་ཕྱིན་ནས2.8%འཕར་བ་དང་ཆ་སྙོམས་འཕར་ཚད0.28%ཟིན་ཡོད་པ་རེད། རྒྱུན་སྡོད་མི་འབོར་ཁྲོད་སྐྱེས་པ240031ཡོད་པ་དེས49.5%བཟུང་བ་དང་བུད་མེད244831ཡོད་པ་དེས་50.5%བཟུང་བ་དང་སྤྱིའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད(བུད་མེད100དང་སྐྱེས་པ་ལས་བུད་མེད་ཀྱི་བསྡུར་ཚད)སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི100.51ནས98.04བར་ཆགས་ཡོད།

4 འགོ་ཁྲིད།

གྲོང་ཨུད་ཀྱི་འགོ་ཁྲིད་་དང་ཧྲུའུ་ཅི། ཧུའུ་ཞའོ་ཀང་།             

མི་དམངས་འཐུས་ཚོགས་ཀྱི་འགོ་ཁྲིད་དང་ཀྲུའུ་རེན། ཀྲང་ཀྲི་ཀང་།     

ཀྲུའུ་རེན་གཞོན་པ། ཝུའུ་རྨིན་ཞའོ། ཀྲང་ཀྲི་ཀྲུང་། ལི་ཅིན་ཁུའེ། ཀྲང་ཞུའེ་མེ།     

སྲིད་གཞུང་གི་འགོ་ཁྲིད།     

གྲོང་ཁྱེར་གྱི་འགོ་འཛིན། ཡོན་ཅན།     

ཧྲི་ཀྲང་གཞོན་པ། ཀྲང་ཅིན་ཝུན། ཝང་ཧྲེང་ལི། ཁྲེན་ཀྲན་ཀོང་། ཞུས་ཧུང་ཅན། དབྱང་ཅི་ཚའེ། ཝང་ཞའོ་ཧུའེ།       

ཀྲུའུ་ཞི། ལི་ཕེ་ཨན།     

ཀྲུའུ་ཞི་གཞོན་པ། ལི་ཧྲི་ཀང་དང་། ཞུས་ཡུང་ཀྲུང་། ཝང་གོ་ཝུན།   

5 དཔལ་འབྱོར།        

སྤྱི་ལོ2013ལོར་ཀའོ་ཕིང་གྲོང་ཁྱེར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར233.5ལེགས་གྲུབ་བྱུང་བ་དང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར12.6ཟིན། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར138.2བཏང་ཞིང་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར46.3ཟིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23499ཟིན། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར9702ཟིན་ཡོད། སྤྱི་ལོ2013ལོའི་ལོ་འཁོར་གྱི“ཀྲུང་གོའི་གྲོང་ཁྱེར་འབྲིང་ཆུང་གི་ཕུལ་བྱུང་ཅན་བརྒྱའི་རྫོང་དང་གྲོང་ཁྱེར”གྱི་དཔྱད་འདེམས་བྱེད་སྒོའི་ཁྲོད་དུ། དུས་མཚུངས་སུ“ཀྲུང་གོའི་གྲོང་ཁྱེར་འབྲིང་ཆུང་གི་ཕྱོགས་བསྡུས་སྟོབས་ཤུགས་ཕུལ་བྱུང་ཅན་བརྒྱའི་རྫོང་དང་གྲོང་ཁྱེར”དང“ཀྲུང་གོའི་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་གྲོང་ཁྱེར་འབྲིང་ཆུང་གི་ཕུལ་བྱུང་ཅན་བརྒྱའི་རྫོང་དང་གྲོང་ཁྱེར”“ཀྲུང་གོའི་ཆེས་ལེགས་པའི་ས་ཁོངས་ཀྱི་སྐུལ་ཁྲིད་ནུས་པ་ལྡན་པའི་གྲོང་ཁྱེར་འབྲིང་ཆུང་གི་ཕུལ་བྱུང་ཅན་བརྒྱའི་རྫོང་དང་གྲོང་ཁྱེར”བཅས་ཀྱི་གཟི་བརྗིད་མཚན་སྙན་གསུམ་ཐོབ་ཡོད་ལ། དེའི་ནང་གསེར་འདུས་ཚད་མཐོ་ཤོས་ཀྱི“ཕྱོགས་བསྡུས་སྟོབས་ཤུགས་ཀྱི་ཕུལ་བྱུང་རྫོང་གྲོང་བརྒྱའི”ཁྲོད་ཨང71པར་སླེབས་པ་དང“ཀྲུང་གོའི་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་གྲོང་ཁྱེར་འབྲིང་ཆུང་བརྒྱའི་ཕུལ་བྱུང་རྫོང་གྲོང་ཁྱེར”གྱི་ཁྲོད་ཨང11པར་སླེབས་ཡོད་པ་རེད། སྤྱི་ལོ2015ལོར་གྲོང་ཁྱེར་དེ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར199.7ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས4.7%མར་ཆག་པ་དང་འཕར་ཚད་ལོ་སྔོན་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས4མར་ཆག་པ་དེ་གྲོང་ཁྱེར་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས8ཀྱིས་དམའ་བ་དང་གྲོང་ཁྱེར་དེ་ཡོངས་ཀྱི་ཨང6པ་ཡིན། ཀའོ་ཕིང་ནི་རྒྱལ་ཁབ་རིམ་པའི་ཚོང་འབྲུ་ཐོན་སྐྱེད་རྟེན་གཞི་དང་ཤའི་ཐོན་སྐྱེད་རྟེན་གཞི། འཕྲུལ་ཆས་ཅན་གྱི་སྐམ་འདེབས་ཞིང་ལས་རྟེན་གཞི་དང་ཧྲན་ཞི་ཞིང་ཆེན་ཧོང་ལི་ཐོན་སྐྱེད་རྟེན་གཞི་བཅས་ཡིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་དགའ་ཐོབ་པའི་གསོན་ཕག་རྟེན་གཞི་དཔེ་སྟོན་གྲོང་ཁྱེར་དང་གསོན་ཕག་ཕྱིར་གཏོང་རྫོང་ཆེན་ཞིག་ཡིན་ལ། ཧྲན་ཞི་ཞིང་ཆེན་གྱི“རྫོང་གཅིག་དང་ལས་རིགས་གཅིག”གི་ཕག་གསོའི་དཔེ་སྟོན་རྫོང་དང་པོ་དང་ཕག་གསོའི་རྫོང་ཆེན་ཞིག་ཀྱང་ཡིན།     

5_1 ཐོན་ལས་དང་པོ།

སྤྱི་ལོ1998ལོར་ཀའོ་ཕིང་གྲོང་ཁྱེར་གྱི་ཞིང་ལས་འཕར་ཐང་སྒོར་དུང་ཕྱུར3.05ཟིན་ནས་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི20.2ཟིན་ཡོད། སྤྱི་ལོ2012ལོར་ཀའོ་ཕིང་གྲོང་ཁྱེར་གྱི་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི62ཡོད་པ་དང་འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་སྤྱི་རྒྱ་དུང་ཕྱུར2.44ཟིན་ཡོད། ཕག་ར་ཁྲི་ཡན་དང་ཆིག་སྟོང་ཡན་གྱི་ཕག་ར300ལྷག་ཙམ་ཡོད་པ་དང་ཕག་པ་ཁྲི145བཤས་གཏོང་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་ལི་སེར་ལོའི་ཐོན་ཚད་སྤྱི་རྒྱ་ཁྲི2000ལྷག་ཙམ་ཟིན་ཡོད། ཞ་ཕུའུ་སེར་ཟས་རིགས་བཏུང་བྱའི་མ་རྐང་ཚད་ཡོད་ཀུང་སི་ནི་ཧྲན་ཞི་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་ལས་སྣོན་སྣེ་འདྲེན་ཁེ་ལས་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པ་དང་། ཐོན་སྐྱེད་བྱས་པའི་ལི་སེར་ཁུ་བའི་རིགས་ཀྱི་བཏུང་བྱའི་རིགས་ཀྲུང་གོའི་གྲོང་ཁྱེར་ཆེ་འབྲིང་བཅུ་ལྷག་ཙམ་ལ་ཕྱིར་འཚོང་བྱས་ཡོད།སྤྱི་ལོ2017ལོའི་ཟླ10པར་ཀའོ་ཕིང་གྲོང་ཁྱེར་ཁག་དང་པོའི་རྒྱལ་ཁབ་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་ཁུལ་དུ་བདམས།  སྤྱི་ལོ2019ལོའི་ཟླ11ཚེས18ཉིན་ཀའོ་ཕིང་གྲོང་ཁྱེར་དེ“ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་འདེགས་སྐྱོར་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་རྫོང”དུ་བདམས་པ་རེད།   

5_2 ཐོན་ལས་གཉིས་པ།    

ཀའོ་ཕིང་བཟོ་ལས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་དང་ཤང་གྲོང་ཁེ་ལས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། གྲོང་ཁྱེར་དེ་ཡོངས་ཀྱིས་རྡོ་སོལ་ལྕགས་ཀྱི་ཀ་རྟེན་ཐོན་ལས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་རྫས་འགྱུར་བཟོ་ལས་དང་། སྨན་རྫས། ཨར་ལས་རྒྱུ་ཆ། བཟའ་བཅའ། ཡང་བའི་འཁལ་འཐག་སོགས་བཟོ་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་པས་ནུས་རྒྱུའི་བཟོ་ལས་གཙོ་བོར་བྱེད་པ་དང་། ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་མཉམ་དུ་སྤེལ་བ། ལས་རིགས་ཆ་ཚང་ཞིང་གྲུབ་ཆ་ཅུང་ལུགས་མཐུན་གྱི་སྣ་མང་ཅན་གྱི་ཀ་རྟེན་ཐོན་ལས་ཚོགས་པ་ཞིག་རགས་ཙམ་ཆགས་ཡོད།    ཀའོ་ཕིང་ནི་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི“རྡོ་སོལ་དང་ལྕགས་རིགས་ཕ་ས”ཡིན་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་རྡོ་སོལ་ཐོན་སྐྱེད་ཀྱི་གཙོ་གནད་རྫོང(གྲོང་ཁྱེར་དང་ཆུས)100ཡི་གྲས་ཤིག་རེད། སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཀའོ་ཕིན་དུ་རྡོ་སོལ་གཏེར་ཁའི་ཁེ་ལས34(རྡོ་སོལ་ཚོགས་པའི་ཁྲང་ཕིན་རྡོ་སོལ་ལས་རིགས་ཚད་ཡོད་ཀུང་སི་དང་ལན་ཧྭ་ཚོགས་པའི་པོ་ཧྥང་དང་། ཝང་ཡུན། ཏུང་ཧྥེང་། ཐང་ཨན་རྡོ་སོལ་ལས་རིགས་ཚད་ཡོད་ཀུང་སི་བཅས་ཚུད)ཡོད་ཅིང་། རྡོ་སོལ་ཐོན་ཚད་ཏུན་ཁྲི2305.98ཟིན་ཡོད་ལ་དེའི་ནང་ཀའོ་ཕིང་ལ་རྡོ་སོལ་གཏེར་ཁ29ཡོད་པ་དང་རྡོ་སོལ་ཐོན་ཚད་ཏུན་ཁྲི1156.81ཟིན་ཡོད་པ་རེད། ཀའོ་ཕིང་ལ་སྔར་ནས་བཟུང་བཙོ་སྦྱང་དང་ལུགས་རྒྱག་གི་སྲོལ་རྒྱུན་ལེགས་ཆ་ལྡན་ཡོད་ལ། སྤྱི་ལོ2012ལོར་གྲོང་ཁྱེར་ཡོངས་ཀྱི་ཁྲོ་ལྕགས་ཐོན་ཚད་ཏུན་ཁྲི24.4ཟིན་པ་དང་ལུགས་རྒྱག་ཐོན་ཚད་ཏུན་ཁྲི14ཟིན་གྱིན་ཡོད།     

5_3 ཐོན་ལས་གསུམ་པ།        

སྤྱི་ལོ2008ལོར་ཀའོ་ཕིང་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི224902.6ཟིན་ཡོད། ལས་རིགས་དབྱེ་ནས་བལྟས་ན་སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་ཁྲི147043.9ཟིན་པ་དང་ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་ཁྲི58385.7ཟིན། ལས་རིགས་གཞན་དག་གི་སིལ་ཚོང་བསྡོམས་འབོར་སྒོར་ཁྲི19473ཟིན་ཡོད་ཅིང་བཅད་གྲངས་ཡན་གྱི་ཞག་སྡོད་བཟའ་བཏུང་ལས་རིགས་ཀྱི་ཁྲིམས་མིའི་ཚན་པ12ལ་སྡེབ་ཚོང་དང་སིལ་ཚོང་བྱས་པར་སྤྱི་ཚོགས་འཛད་སྤྱོད་སིལ་ཚོང་དངུལ་འབོར་སྒོར་ཁྲི25158.9ཟིན་ཡོད་པ་རེད།  

6 སྤྱི་ཚོགས་ལས་རིགས།    
6_1 ཚན་རྩལ་སློབ་གསོ།      

སྤྱི་ལོ2011ལོའི་ལོ་མཇུག་བར་ཀའོ་ཕིང་གྲོང་ཁྱེར་དུ་སློབ་གྲྭ་འབྲིང་ཆུང163ཡོད་པའི་ནང་སློབ་འབྲིང་དཀྱུས་མ32དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ37995ཡོད་པ་དང་སློབ་ཐོན་སློབ་མ13595ཡོད་པ་དང་སློབ་མ11601བསྡུས་ཡོད། རིགས་ཁག་གི་སློབ་ཆུང127དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ32882དང་སློབ་མ4783སློབ་ལོ་རན་པའི་སློབ་མ་སློབ་གྲྭར་ཞུགས་ཚད100%ཟིན། སློབ་ཆུང་གི་ལོ་ལྔའི་བརྟན་ཚད་དང་དམའ་རིམ་སློབ་འབྲིང་གི་ལོ་གསུམ་རིང་ཉར་ཚད་ཚང་མ100%ཟིན་པ་བཅས་རེད། ཀའོ་ཕིང་སློབ་འབྲིང་དང་པོ་ནི་ཧྲན་ཞི་ཞིང་ཆེན་གྱི་ཀུན་སྤྱོད་སློབ་གསོའི་དཔེ་སྟོན་སློབ་གྲྭ་དང་ཧྲན་ཞི་ཞིང་ཆེན་གྱི་དཔེ་སྟོན་མཐོ་རིམ་སློབ་འབྲིང་ཡིན། 

6_2 རིག་གནས་ལུས་རྩལ།     

སྤྱི་ལོ2009ལོའི་ལོ་མཇུག་བར་ཀའོ་ཕིང་གྲོང་ཁྱེར་གྱིས་ཞབས་བྲོ་རུ་ཁག་དང་དབྱང་ཀོ་ཞབས་བྲོ་རུ་ཁག དོ་དམ་རོལ་ཚོགས། འཁར་རྔའི་རུ་ཁག ཐའེ་ཅི་རུ་ཁག མོན་ཆིའུ་རུ་ཁག པ་དབྱིན་ཚོགས་པ་སོགས་རིག་གནས་དང་ལུས་རྩལ་ཚོགས་པ300ལྷག་ཙམ་དང་པར་ལེན་དང་། ཤོག་དྲ། རས་ཆ། རྩ་བརྐོས་སོགས་ཁྱད་ལྡན་རིག་གནས་དུད་ཚང2000ལྷག་ཙམ་དང་། རིག་རྩལ་དང་ལུས་རྩལ་མཐུན་ཚོགས་སྣ་ཚོགས30ལྷག་ཙམ་བཅས་ཡོད་པ་རེད། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས10ཟིན་པ་དང“མཐོ་སྙོམས་ཀྱི་འཚེམ་དྲུབ”རྒྱལ་ཁབ་རིམ་པའི་སྲུང་སྐྱོང་རྣམ་གྲངས་སུ་གྱུར་ཡོད། ཀའོ་ཕིང་གྲོང་ཁྱེར་གྱིས་དམིགས་བསལ་གྱི་དམངས་ཁྲོད་བཟོ་རྩལ་སྔོག་འདོན་གཏིང་ཟབ་བྱས་ནས་རྫ་ཆས་ནག་པོ་དང་། འཚེམ་དྲུབ། གློག་ཀླད་ཀྱི་ཨང་ཀི་རི་མོ། དར་སྐུད་འགེལ་གདན། ཞིང་ཁྱིམ་གྱི་བུ་མོའི་རས་ལྷམ། ཕྱེ་བཟོ། ཤོག་དྲས་འདྲ་བཟོ། རྩ་བརྐོས་སོགས་རིག་གནས་ཐོན་རྫས་འབོར་ཆེན་ཞིག་གྲུབ་ནས་ཧྲེན་ནུང་རྫ་ཆས་ལས་རིགས་དང་། ཅི་ལིར་དར་གོས། ཕིང་དམར་པོའི་འཚེམ་དྲུབ། རྨ་ནུབ་འགེལ་རུམ་སོགས་ཁྱད་ལྡན་རིག་གནས་ཁེ་ལས་ཁག་གཅིག་ཐོན་ཡོད་པ་རེད། ལོ་གཅིག་དུས་གཅིག་གི་ཀྲུང་གོའི་ཀའོ་ཕིང་ཡན་ཏིའི་རྨོ་འདེབས་རིག་གནས་དུས་ཆེན་དེ་ཀའོ་ཕིང་གི་སྤུས་རྟགས་དུས་ཆེན་གྱི་བྱེད་སྒོར་གྱུར་ཡོད། ཀའོ་ཕིང་གྲོང་ཁྱེར་གྱིས་ད་དུང་སྔ་རྗེས་སུ་བརྩམས་ཆོས་རྩེ་གྲ་འབོར་ཆེན་ཞིག་བཏོན་ཡོད། ཀྲུང་གོའི་གྲགས་ཅན་རོལ་དབྱངས་མཁས་ཅན་དབྱང་མིང་གཞས་གདངས་དང་སྙན་ཚིག་རྩོམ་པ་པོ་ཧྲི་ཧྲུན་དབྱི་ཡིས་བྲིས་པའི་ཀའོ་ཕིང་གྲོང་ཁྱེར་གྱི་གླུ་དབྱངས《ཀའོ་ཕིང་ནི་ངའི་ཁྱིམ་ཡིན》ཞེས་པ་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་དར་ཁྱབ་ཆེན་པོ་བྱུང་ཡོད། སྔ་རྗེས་སུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་མཉམ་དུ《ངའི་ཡབ་ཡུམ》དང《ཨ་ནེ》《གཏེར་དཔོན》《སྒེའུ་ཁུང་དམར་པོའི་མེ་ཏོག》《ལོ་བདུན་གྱི་ཟ་འཕྲུག》སོགས་གློག་བརྙན་དང་བརྙན་འཕྲིན་ཟློས་གར་མང་པོ་པར་ལེན་བྱས་པ་རེད། མི་དམངས་ཟློས་གར་ཚོགས་པས་ནང་སྦྱོང་བྱས་པའི་བདེ་འཇགས་སློབ་གསོ་བརྗོད་བྱ་གཙོ་བོར་བྱས་པའི་ཧྲང་ཏང་ཀྲེ་ཙིའི་དེང་རབས་ཟློས་གར《སྐེད་རགས་དམར་པོར》ཧྲན་ཞི་ཞིང་ཆེན་གྱི“གཅིག་ལྔ”ལས་གྲྭའི་ཕུལ་བྱུང་ཟློས་གར་གྱི་བྱ་དགའ་ཐོབ། ཀའོ་ཕིང་གྲོང་ཁྱེར་ཧྲང་ཏང་ཀྲེ་ཙེ་ཟློས་གར་ཚོགས་པས་ནང་སྦྱོང་བྱས་པའི་ལོ་རྒྱུས་ཟློས་གར《ཅིན་ཁྲའེ་ཡི་གྱོད་གཞིར》ཧྲན་ཞི་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི“ཁམ་བུའི་མེ་ཏོག་བྱ་དགའ”ཐོབ། རིག་རྩལ་ཚོགས་པས་ནང་སྦྱོང་བྱས་པའི་ཀའོ་ཕིང་གི་རྔ་གཞས《འབྲུ་རིགས》ཀྲུང་གོའི་སྐབས་བདུན་པའི་གཞས་མ་གཏམ་དུས་ཆེན་གྱི་འཁྲབ་སྟོན་ནང་ཞུགས་ཤིང་། མི་དམངས་ཟློས་གར་ཚོགས་པས་ནང་སྦྱོང་བྱས་པའི་ཧྲང་ཏང་ཀྲེ་ཙི་དེང་རབས་ཟློས་གར《ཤིས་ཀོའུ་བུ་མོ》ཞེས་པ་དེ་སྤྱི་ལོ2011ལོར་རིག་གནས་པུས་རྒྱལ་ཡོངས་ཀྱི་ཕུལ་བྱུང་དེང་རབས་ཟློས་གར་གྱི་འགྲེམས་འཁྲབ་འཁྲབ་ཚན་ལ་བདམས། སྤྱི་ལོ2012ལོར་རིག་གནས་པུའུ་ཡིས་ཚོགས་ཆེན་བཅོ་བརྒྱད་པར་ཕུལ་བྱུང་གི་ཟློས་གར་ལ་ལེགས་སྐྱེས་འབུལ་བའི་གཏན་འཁེལ་བྱས་པ་མ་ཟད། ཧྲན་ཞི་ཞིང་ཨུད་ཀྱིས་སྲིད་གཙང་སློབ་གསོའི་ཕུལ་བྱུང་གི་འཁྲབ་ཚན་དུ་གཏན་འཁེལ་བྱས་པ་རེད། སྤྱི་ལོ2011ལོའི་ལོ་མཇུག་བར་ཀའོ་ཕིང་གྲོང་ཁྱེར་དུ་ཚད་ལྡན་ལུས་རྩལ་ཐང705དང་ཚད་གཞི་མིན་པའི་ལུས་རྩལ་ཐང685ཡོད་པ་དང་མི་རེར་ཆ་སྙོམས་ལུས་རྩལ་ཐང་རྒྱ་ཁྱོན་སྨི་གྲུ་བཞི་མ1.52ཟིན་ཡོད། སྤྱི་ལོ2011ལོར་ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི760ཟིན་ཡོད་པ་རེད། ལོ་ལྔའི་འཆར་འགོད་བཅུ་གཅིག་པའི་དུས་མཇུག་ཏུ་ཀའོ་ཕིན་གྲོང་ཁྱེར་གྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང13ཚང་མ་རིམ་པ་དང་པོའི་ཀ་པའི་སྨན་ཁང་གི་ཚད་གཞིར་སླེབས་པ་དང་། གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་བཙུགས་ནས་ཀ་པའི་ཚད་གཞི་ལོན་པ་དང་། “ནད་གཞི་ཆུང་གྲས་གྲོང་ཚོ་དང་། ནད་གཞི་འབྲིང་གྲས་དང་ ནད་གཞི་ཆེ་གྲས་གྲོང་ཁྱེར་བཅས་ནས་ཐོན་པའི་མིའི”དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། སྤྱི་ལོ2011ལོའི་ལོ་མཇུག་བར་ཀའོ་ཕིང་གྲོང་ཁྱེར་གྱི་རིམ་ཁག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཁྱོན535དང་སྨན་ཁང་དང་འཕྲོད་བསྟེན་ཁང་གི་ཉལ་ཁྲི1006སྨན་བཅོས་དང་ནད་སྐྱོང་སོགས་ཆེད་ལས་ལག་རྩལ་མི་སྣ2542སྒོར་ཁྲི་ཡན་གྱི་སྨན་བཅོས་སྒྲིག་ཆས372བཅས་ཡོད་པ་རེད། ཀའོ་ཕིང་གྲོང་ཁྱེར་ཀྲུང་ལུགས་གསོ་རིག་སྨན་ཁང་ནི་རིམ་པ་གཉིས་པའི་ཀ་པ་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་ཞིག་ཡིན་པ་དང་ཧྲན་ཤིས་ཞིང་ཆེན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་ཞིག་རེད། 

དཔྱད་གཞིའི་ཡིག་ཆ།