ཐོན་ཧྥེང་རྫོང་།སྔ་མའི་པར་གཞི་དེ མཁའ་འབུམ་བཀྲ་ཤིས།  ནས 2020-04-01 15:36ལ་འགྲུབ།

ཐོན་ཧྥེང་རྫོང་།

ཐོན་ཧྥེང་རྫོང་།
ཐོན་ཧྥེང་རྫོང་ནི་ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། ཐོན་ཧྥེང་རྫོང་ནི་ཧུའུ་པེ་ཞིང་ཆེན་གྱི་ཤར་རྒྱུད་དང་། ཏཱ་པའེ་རི་བོའི་ནུབ་ཕྱོགས་རྒྱུད་ཀྱི་ཏ་ཆི་རི་བའི་ལྷོ་འདབས། འབྲི་ཆུའི་དབུས་རྒྱུད་ཀྱི་བྱང་ངོགས་སུ་གནས་ཡོད། ཐོན་ཧྥེང་རྫོང་གི་ཤར་ཕྱོགས་ནི་པ་ཧོ་དང་འབྲེལ་ཞིང་། ནུབ་ཕྱོགས་ནི་ཅུས་ཧྲུའེ་དང་ཧྲ་ཧོ། བྱང་ཕྱོགས་ནི་ཏ་ཆི་ཧྲན། ལྷོ་ཕྱོགས་ནི་འབྲི་ཆུ་དང་ཨེ་ཀྲོའུ་གྲོང་ཁྱེར་དང་། ཝུའུ་ཧན་གྲོང་ཁྱེར་ཞིན་ཀྲོའུ་ཆུས། ཧོང་ཀང་གྲོང་ཁྱེར་ཧོང་ཀྲོའུ་ཆུས། ཆི་ཧྲུའེ་རྫོང་། ལུའོ་ཐེན་རྫོང་། མ་ཁྲེང་གྲོང་ཁྱེར་བཅས་དང་འབྲེལ་ཡོད་པ་ཡིན། ཤར་གྱི་གཞུང་ཐིག114°47'—115°14'དང་། བྱང་གི་འཕྲེད་ཐིག30°35'ས—30°54'བར་ཡིན་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ833.11ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
团风县
ཕྱི་ཡིག་གི་མིང་།
tuanfeng county
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ8དང་། ཤང2ཞིང་ར2
སྲིད་གཞུང་གནས་ཡུལ།
ཐོན་ཧྥེང་གྲོང་རྡལ་མི་དམངས་ལམ་ཨང་དང་པོ།
ས་ཁོངས་ཁ་པར་ཁུལ་ཨང་།
0713
སྦྲག་ལས་ཨང་རྟགས།
438000
གནས་ཡུལ།
ཧུའུ་པེའི་ཤར་རྒྱུད། འབྲི་ཆུའི་བྱང་རྒྱུད། རི་བོ་ཏ་པིའེ་ཧྲན་གྱི་ལྷོ་ངོས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ833.11
མི་གྲངས།
མི་ཁྲི37.1286(སྤྱི་ལོ2017ལོའི་སྤྱིའི་མི་འབོར)
ནམ་ཟླ།
ཚ་ཁུལ་ཕལ་བའི་བརླན་གཤེར་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཏ་ཆི་ཧྲན་ནགས་ཚལ་སྤྱི་གླིང་།
མེ་འཁོར་འབབ་ཚུགས།
ཧོང་ཀྲོའུ་ས་ཚིགས།
རླངས་འཁོར་ཚབ་ཨང་།
ཨོ(鄂)J1
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
421121
1 འཛུགས་སྐྲུན་གྱི་འཕེལ་རིམ།

ཐོན་ཧྥེང་ནི་ཞ་ཧྲང་སྐབས་སུ་ཅིན་ཀྲོའུ་ཡི་མངའ་ཁོངས་ཡིན།

ཆིན་གྱི་དུས་སུ། ཧོང་ཀང་ནི་ནན་ཅུན་ཡིན།

རྒྱལ་ཁབ་གསུམ་གྱི་སྐབས་སུ། ཧོང་ཀང་ལ་ཞི་ལིང་ཞི་དབྱང་རྫོང་ཟེར།

ཞི་ཅིན་གྱི་སྐབས་སུ། མིང་ལ་ཧེང་ཀྲོའུ་ཞེས་བཏགས།

སུའེ་ཁའེ་ཧོང་ཁྲི་ལོ་བཅོ་བརྒྱད་པར་ཧེང་ཀྲོའུ་ནི་ཧོང་ཀྲོའུ་རུ་བསྒྱུར་པ་དང་། ནན་ཨན་ནི་ཧོང་ཀང་དུ་བསྒྱུར། ཧོང་ཀྲོའུ་མཁར་གྱི་ཤར་ངོས་སུ་ཧོང་ཀང་ཧྲན་ཡོད་པས་མིང་དེ་ལྟར་བཏགས།

“ཐོན་ཧྥེང”ནི་ས་མིང་ཡིན་པའི་ཆ་ནས་ཐོག་མར་སུང་རྒྱལ་རབས་བྱང་མའི་ས་ཁམས་ལོ་རྒྱུས་ཀྱི་དེབ《ཡོན་ཧྥེང་ཅིའུ་ཡོན་གྱི་ལོ་རྒྱུས》ཞེས་པའི་ནང་བྱུང་བ་རེད།

མིང་རྒྱལ་རབས་ཀྱི་ཧོང་ཀང་རྫོང་ནི་ཧོང་ཀྲོའུ་ཧྥུ་ཡི་ཁོངས་སུ་གཏོགས་པ་དང་། མིང་ཆིང་གི་རྗེས་སུ། མངའ་ཁོངས་ནང་གི་ཐོན་ཧྥེང་ས་ཁོངས་ནི་ཧོང་ཀང་རྫོང་ལ་གཏོགས་པ་ཡིན།

སྤྱི་ལོ1949ལོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། མངའ་ཁོངས་ཡོངས་རྫོགས་བཅིངས་འགྲོལ་བྱས་པ་དང་། ཧོང་ཀང་རྫོང་གིས་ཐོན་ཧྥེང་གྲོང་རྡལ་བཙུགས།

སྤྱི་ལོ1996ལོའི་ཟླ5པའི་ཚེས18ཉིན། ཧོང་ཀང་རྫོང་གིས་ཆུས་དང་རྫོང་སོ་སོར་བསྐྱངས་པ་དང་། ཐོན་ཧྥེང་རྫོང་དངོས་སུ་བཙུགས།

སྤྱི་ལོ2019ལོའི་ཟླ4པའི་ཚེས29ཉིན་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐོན་ཧྥེང་རྫོང་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

2 ས་མཚམས་དབྱེ་འབྱེད་གནས་ཚུལ།

སྤྱི་ལོ2018ལོ་བར་ཐོན་ཧྥེང་རྫོང་ཁོངས་གཏོགས་སུ་གྲོང་རྡལ8དང་ཤང2 གཞན་ཡང་ཞིང་ར2བཙུགས་ཡོད། ཐོན་ཧྥེང་རྫོང་མི་དམངས་སྲིད་གཞུང་ནི་ཐོན་ཧྥེང་གྲོང་རྡལ་གྱི་མི་དམངས་ལམ་ཨང1པོ་རུ་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག    
3_1 གནས་སའི་ཡུལ་ཁོངས།     

ཐོན་ཧྥེང་རྫོང་ནི་ཧུའུ་པེ་ཞིང་ཆེན་གྱི་ཤར་རྒྱུད་དང་། ཏཱ་པའེ་རི་བོའི་ནུབ་ཕྱོགས་རྒྱུད་ཀྱི་ཏ་ཆི་རི་བའི་ལྷོ་འདབས། འབྲི་ཆུའི་དབུས་རྒྱུད་ཀྱི་བྱང་ངོགས་སུ་གནས་ཡོད། ཐོན་ཧྥེང་རྫོང་གྱི་ཤར་ཕྱོགས་ནི་པ་ཧོ་དང་འབྲེལ་ཞིང་། ནུབ་ཕྱོགས་ནི་ཅུས་ཧྲུའེ་དང་ཧྲ་ཧོ། བྱང་ཕྱོགས་ནི་ཏ་ཆི་ཧྲན། ལྷོ་ཕྱོགས་ནི་འབྲི་ཆུ་དང་ཨེ་ཀྲོའུ་གྲོང་ཁྱེར་དང་། ཝུའུ་ཧན་གྲོང་ཁྱེར་ཞིན་ཀྲོའུ་ཆུས། ཧོང་ཀང་གྲོང་ཁྱེར་ཧོང་ཀྲོའུ་ཆུས། ཆི་ཧྲུའེ་རྫོང་། ལུའོ་ཐེན་རྫོང་། མ་ཁྲེང་གྲོང་ཁྱེར་བཅས་དང་འབྲེལ་ཡོད་པ་ཡིན། ཤར་གྱི་གཞུང་ཐིག114°47'—115°14'དང་། བྱང་གི་འཕྲེད་ཐིག30°35'—30°54'བར་ཡིན་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ833.11ཡོད།

3_2 ས་དབྱིབས།

ཐོན་ཧྥེང་རྫོང་ནི་ཏཱ་པའེ་རི་བོའི་ལྷོ་ངོས་ཀྱི་རི་མ་ཐང་ནས་འབྲི་ཆུའི་བདས་བསགས་བདེ་ཐང་གི་བར་བརྒལ་གྱི་ས་ཆར་ཆགས་ཡོད་པ་དང་། ས་བབ་ནི་བྱང་ཤར་ནས་ལྷོ་ནུབ་ཏུ་གསེག་ཡོད། བྱང་ཤར་རྒྱུད་ཀྱི་ཏ་ཆི་རི་རྒྱུད་ཀྱི་རི་རྩེ་གཙོ་བོར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1040.8ཡོད་པ་དེ་ལྷོ་ནུབ་ཕྱོགས་སུ་རིམ་གྱིས་ཇེ་དམའ་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི100ཡི་གཡས་གཡོན་ཡིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི50ཡས་མས་ཀྱི་བདེ་ཐང་ནི་གཙོ་བོ་གཙང་པོའི་འགྲམ་རྒྱུད་དང་ཅུས་ཧྲུའེ་རྒྱུད་ཡོད།     

3_3 ནམ་ཟླ།

ཐོན་ཧྥེང་རྫོང་ནི་ཚ་ཁུལ་ཕལ་བའི་བརླན་གཤེར་གནམ་གཤིས་ཁུལ་ཡིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད16.8℃ཡིན། ཟླ་དང་པོའི་ཆ་སྙོམས་དྲོད་ཚད3.9℃ཡིན་པ་དང་། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད29.3℃ཡིན། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1233ཡིན།

4 མི་འབོར།     

སྤྱི་ལོ2017ལོའི་ལོ་མཇུག་བར་ཐོན་ཧྥེང་རྫོང་དུ་དུད་ཚང་བསྡོམས་འབོར130587ཡོད་པ་དང་མི་འབོར་བསྡོམས371286ཡོད་པ་རེད། སྤྱིའི་མི་འབོར་ཁྲོད་ཕོ་མོའི་དབྱེ་བ་ལྟར་དབྱེ་ན། སྐྱེས་པའི་མི་འབོར195893དང་། བུད་མེད་ཀྱི་མི་འབོར175393ཡོད། མི་འབོར་གྱི་ཕོ་མོའི་བསྡུར་ཚད111.7:100ཡིན། ཐེམ་ཐོའི་ངོ་བོར་གཞིགས་ནས་དབྱེ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར52880 གྲོང་གསེབ་ཀྱི་མི་འབོར318406 གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་བསྡོམས་འབོར་ཁྲི18.78བཅས་ཡོད་པ་རེད། སྤྱིའི་མི་འབོར་ཁྲོད་ལོ18མན་གྱི་མི་འབོར61267དང་། ལོ18ནས35བར་གྱི་མི་འབོར98673 ལོ35ནས60བར་གྱི་མི་འབོར132178 ལོ60ཡན་གྱི་མི་འབོར79168བཅས་ཡོད་པ་རེད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར4481ཡོད་པ་དང་། ཤི་བའི་མི་འབོར1694ཡོད། མི་འབོར་རང་བྱུང་འཕར་ཚད་སྟོང་ཆའི7.4%ཟིན་ཡོད།

5 དཔལ་འབྱོར།

སྤྱི་ལོ2017ལོར་ཐོན་ཧྥེང་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར101.71ཡིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས་7.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར16.9ཡིན་པ་དེ་དུས་མཚུངས་ལས4.1%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར62.72ཡིན་པ་དེ་དུས་མཚུངས་ལས8.4%འཕར་བའི་ནང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར23.86ཟིན་པ་དེ་དུས་མཚུངས་ལས8.8%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར22.06ཡིན་པ་དེ་དུས་མཚུངས་ལས7.9%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི20.0:55.6:24.4ནས16.6:61.7:21.7བར་ལེགས་སྒྲིག་བྱས་ཡོད།

6 སྤྱི་ཚོགས་ཀྱི་ལས་དོན།     
6_1 ཚན་རྩལ་བྱ་གཞག

སྤྱི་ལོ2017ལོར་ཐོན་ཧྥེང་རྫོང་གི་ཁེ་ལས32ཀྱིས་མཐོ་སློབ་ཚན་ཞིབ་ཁང་དང་མཉམ་དུ་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་སྤེལ་ནས་མཉམ་ལས་རྣམ་གྲངས22སྤེལ་བ་དང་། ཁེ་ལས་ཀྱི་ལག་རྩལ་དཀའ་གནད16ཐག་གཅོད་བྱས། ཐོན་རྫས་གསར་པ9གསར་སྤེལ་བྱས་པ་དང་། ལག་རྩལ་གྱི་དཀའ་གནད16སེལ་བ། ཚན་རྩལ་གྲུབ་འབྲས11ཁྱབ་གདལ་བེད་སྤྱོད་བཅས་བྱས་ཡོད། གྲོང་ཁྱེར་རིམ་པའི་ཚན་རྩལ་ཡར་ཐོན་བྱ་དགའ2འདུན་ཞུ་བྱས་པ་དང་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་དཔེ་སྟོན་ཁེ་ལས2དང་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས4གཏན་འཁེལ་བྱས་པ་རེད། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ68ལེགས་སྒྲུབ་བྱས་པ་རེད། རིམ་པ་ཁག་དང་རིགས་ཁག་གི་ཚན་རྩལ་འཆར་གཞི་ཁག4ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་བྱས་པ་དེར་རྣམ་གྲངས་ཁག4བཙུགས་པའི་ནང་ཞིང་ཆེན་གྱི་ཚན་རྩལ་ཆེད་དམིགས་རྣམ་གྲངས་གལ་ཆེན་ཁག1ཡོད།

6_2 སློབ་གསོའི་བྱ་གཞག     

སྤྱི་ལོ2017ལོའི་ལོ་མཇུག་བར་ཐོན་ཧྥེང་རྫོང་དུ་རིགས་ཁག་གི་སློབ་གྲྭ63ཡོད་པའི་ནང་སློབ་འབྲིང་དཀྱུས་མ18དང་། སློབ་ཆུང44 ལས་རིགས་སློབ་འབྲིང1 བུ་བཅོལ་ཁང46བཅས་ཡོད་པ་རེད། རྫོང་དེ་ཡོངས་སུ་སློབ་ལོ་དང་པོའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ26855ཡོད་པའི་ནང་སློབ་འབྲིང་དཀྱུས་མའི་སློབ་མ9865དང་། སློབ་ཆུང་གི་སློབ་མ16240 ལས་རིགས་སློབ་འབྲིང་གི་སློབ་མ750 བུ་བཅོལ་ཁང་དང་སློབ་ཞུགས་གོང་གི་འཛིན་གྲྭ10072བཅས་ཡོད་པ་རེད། རྫོང་ཡོངས་སུ་ཆེད་བསྐོས་དགེ་རྒན2199ཡོད་པའི་ནང་སློབ་འབྲིང་དཀྱུས་མའི་སློབ་མ1016དང་། ལས་རིགས་སློབ་འབྲིང་གི་སློབ་མ48 སློབ་ཆུང་གི་དགེ་རྒན1135བཅས་ཡོད། སློབ་ཆུང་གི་སློབ་ལོ་རན་པའི་མི་འབོར་སློབ་གྲྭར་ཞུགས་ཚད100%དང་། དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་སློབ་རིམ་འཕར་ཚད99% ལོ་དགུའི་འོས་འགན་སློབ་གསོ་ལེགས་སྒྲུབ་ཐུབ་ཚད100%བཅས་ཡིན།     

6_3 ལུས་རྩལ་བྱ་གཞག     

སྤྱི་ལོ2017ལོར་ཐོན་ཧྥེང་རྫོང་གིས་ཞིང་པའི་ལུས་རྩལ་ལུས་སྦྱོང་སྒྲིག་བཀོད་ལ་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་བ་དང་ཡོངས་ཁྱབ་ཞིབ་བཤེར་བྱས་པ་བརྒྱུད་རྫོང་ཡོངས་ཀྱི་ལུས་རྩལ་ལུས་སྦྱོང་སྒྲིག་བཀོད་ཀྱི་གྲངས་འབོར་དང་། གྲུབ་ཆ། ཁྱབ་ཚུལ། བེད་སྤྱོད་བཅས་ཀྱི་གནས་ཚུལ་མཐིལ་རྟོགས་བྱས་པ་རེད། མ་དངུལ་སྒོར་ཁྲི100བཏང་ནས་གྲོང་ཚོ་རིམ་པའི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱད་པ་རེད། ཁྱོན་མ་དངུལ་སྒོར་ཁྲི7400བཏང་བ་དང་འཛུགས་སྐྲུན་རྒྱ་ཁྱོན་མུའུ12.5ཡོད་པའི་རྫོང་གི་ལུས་རྩལ་ཁང(ལུས་སྦྱོང་ལྟེ་གནས)གི་ལས་གྲྭ་གཙོ་བོ་ལས་མཇུག་འགྲིལ་བ་རེད།

6_4 འཕྲོད་བསྟེན།     

སྤྱི་ལོ2017ལོའི་ལོ་མཇུག་བར་ཐོན་ཧྥེང་རྫོང་ཡོངས་ཀྱི་འཕྲོད་བསྟེན་སྒྲིག་གཞི24ཡོད་པའི་ནང་སྨན་ཁང4དང་། འཕྲོད་བསྟེན་ཁང12 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ཁང(ས་ཚིགས)1 ནད་ཡམས་སྔོན་འགོག་ཚོད་འཛིན་དང་བཅོས་སྐྱོང་ལྟེ་གནས1བཅས་ཡོད་པ་རེད། འཕྲོད་བསྟེན་སྒྲིག་གཞིའི་ནད་ཁྲི1776ཡོད་པའི་ནང་སྨན་ཁང1286དང་། འཕྲོད་བསྟེན་ཁང500 མི་སྟོང་རེར་ནད་ཁྲི5.13བཅས་ཡོད། འཕྲོད་བསྟེན་ལག་རྩལ་མི་སྣ1388ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ575ཡོད་པ་དང་། ཐོ་འགོད་བྱས་པའི་ནད་གཡོག་པ740ཡོད། མི་སྟོང་རེར་འཕྲོད་བསྟེན་ལག་རྩལ་མི་སྣ4.01ཡོད་པ་དང་། དེའི་ནང་མི་སྟོང་རེར་སྨན་པ1.66ཡོད། རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་མཁན་མི་གྲངས293014ཡོད།     སྤྱི་ཚོགས་ཀྱི་འགན་སྲུང་།     སྤྱི་ལོ2017ལོའི་ལོ་མཇུག་བར་ཐོན་ཧྥེང་རྫོང་གི་སྤྱི་ཚོགས་གྲོང་རྡལ་ཁེ་ལས་ཀྱི་ལས་བཟོའི་རྒན་གསོ་དང་། སྨན་བཅོས། ལས་ཤོར་འགན་བཅོལ་བཅས་ནང་ཞུགས་མཁན་མི་གྲངས་28976དང་། 16339 7500བཅས་སོ་སོར་ཡོད་པ་རེད། གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས229917ཡོད།

6_5 ཁོར་ཡུག་སྲུང་སྐྱོང་།     

སྤྱི་ལོ2017ལོར་ཐོན་ཧྥེང་རྫོང་གི་ཁོར་ཡུག་སྦགས་བཙོག་བཅོས་སྒྲིག་ཐད་མ་དངུལ་སྒོར་ཁྲི11716.86བཏང་བ་དང་། འཚོ་བའི་བཙོག་ཆུ་གཙང་སེལ་བྱེད་ཚད80%ཟིན་ཡོད། འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད95%ཟིན་པ་དང་། བཟོ་ལས་ཀྱི་བཙོག་ཆུ་འབུད་གཏོང་ཚད་གཞི་ལོན་ཚད90.5%ཟིན་ཡོད། བཟོ་ལས་ཀྱི་དུ་ཐལ་འབུད་གཏོང་ཚད་ལོན་ཚད93.4%ཟིན་པ་དང་། བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད100%ཟིན་ཡོད།     

6_6 ཉེན་མེད་ཐོན་སྐྱེད།     

སྤྱི་ལོ2017ལོར་ཐོན་ཧྥེང་རྫོང་དུ་འགྲིམ་འགྲུལ་ལས་འཛོལ་ཐོན་གྲངས2965ཡོད་པ་དེ་ལོ་གོང་མ་ལས0.5%འཕར་བ་དང་། མི15ཤི་བ། འགྲིམ་འགྲུལ་ལས་འཛོལ་གྱི་གྱོང་གུན་སྒོར་ཁྲི900ལྷག་ཡིན། མེ་སྐྱོན་ལས་འཛོལ་ཐོན་གྲངས114དང་། མི་གྲངས0ཤི་བ། མེ་སྐྱོན་གྱི་གྱོང་གུན་སྒོར་ཁྲི47.24ཡིན། བཟོ་གཏེར་ཁེ་ལས་ཀྱི་བདེ་འཇགས་ལས་འཛོལ་ལས་མི3ཤི་བ་རེད།

6_7 བདེ་འཇགས་འཛུགས་སྐྲུན།     

སྤྱི་ལོ2017ལོར་ཐོན་ཧྥེང་རྫོང་གི་ལོ་ཧྲིལ་པོའི་ཉེས་དོན་གྱོད་གཞི829ཐོ་འགོད་བྱས་པ་དེ་ལོ་གོང་མ་ལས26.8%ཆག་ཡོད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ9པའི་ཚེས25ཉིན་ཚོང་དོན་པུའུ་ཡི“སྤྱི་ལོ2018ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”གི་གཟི་བརྗིད་མཚན་སྙན་ཐོབ།

སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོའི་ནང་ཚུད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ས་ཁོངས། ས་གནས།