ཝང་ཧྭ་ཆུས།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-03-31 17:41ལ་འགྲུབ།

ཝང་ཧྭ་ཆུས།

ཝང་ཧྭ་ཆུས།
ཝང་ཧྭ་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ས་ཁམས་ནི་འཕྲེད་ཐིག་བྱང་མ41°44′2"-41°51′50"དང་། ཤར་གྱི་གཞུང་ཐིག123°39′2"-123°56′56"ཡི་བར་དུ་གནས་ཡོད། ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཡོད་པ་དང་། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་དང་ཐག་ཉེ། ཤར་ནི་ཞིན་ཧྥུའུ་ས་ཁུལ་གྱི་ས་མཚམས་དང་ཉེ་ལ། ལྷོ་ནི་ཧྥུའུ་ཧྲུན་རྫོང་དང་འབྲེལ་ཡོད། ནུབ་ཕྱོགས་ནི་ཧྲེན་དབྱང་གྲོང་ཁྱེར་གྱི་ཏུང་ལིན་ཆུས་དང་འབྲེལ་ཡོད། ནུབ་བྱང་ནི་ཧྲེན་དབྱང་གྲོང་ཁྱེར་གྱི་ཧྲེན་པེ་ཁུལ་གསར་དང་འབྲེལ་ཡོད། བྱང་ཕྱོགས་ནི་ཐིའེ་ལིང་གྲོང་ཁྱེར་གྱི་ཐིའེ་ལིང་རྫོང་དང་འབྲེལ་ཡོད། བྱང་ཤར་ནི་ཧྲུན་ཁྲེང་ཆུས་དང་འབྲེལ་ཡོད། སྤྱི་ལོ2014ལོར་ཝང་ཧྭ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ112ཟིན་པ་དང་མི་འབོར་བསྡོམས་འབོར306462ཟིན་ཡོད། ཁོངས་གཏོགས་སུ་ཁྲོམ་གཞུང9དང་གྲོང་རྡལ1ཡོད། ལོ་དེར་ཝང་ཧྭ་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར132.7ཟིན་པ་དེ་དུས་མཚུངས་ལས3.2%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
望花区
ཕྱི་ཡིག་གི་མིང་།
Wanghua District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ112ཡོད།
​ཁོངས་གཏོགས་ས་ཁུལ། 
ལིའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར།
​མི་འབོར།
306462ཡོད། (སྤྱི་ལོ2014ལོ)
​མངའ་ཁོངས། 
ཁྲོམ་གཞུང9དང་གྲོང་རྡལ1ཡོད།
ཡུལ་སྐད།
བྱང་ཤར་སྐད།
སྲིད་གཞུང་གནས་ཡུལ།
ཏན་ཏུང་ལམ་གྱི་ནུབ་དུམ་ཨང་རྟགས3པ་རུ་གནས་ཡོད།
གནམ་གཤིས།
དྲོད་རྒྱུད་ཁུལ་གྱི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས། 
024
མཛེས་ལྗོངས་གྲགས་ཅན།
ལུའེ་ཧྥུང་དྲན་གསོ་ཁང་དང་ཐེན་ལུའུ་རང་བྱུང་གཏེར་ཁ་སོགས།
སྦྲག་སྲིད་ཨང་རྟགས།
113001
​གནམ་གྲུ་ཐང་།
ཧྲེན་དབྱང་ཐའོ་ཞན་རྒྱལ་སྤྱིའི་གནམ་གྲུ་ཐང་།
གནས་ཡུལ།
ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཡོད།
མེ་འཁོར་འབབ་ཚུགས།
ཧྥུའུ་ཧྲུན་བྱང་ཚུགས།
སྲིད་འཛིན་ཚབ་ཨང་།
210040
རླངས་འཁོར་ཚབ་ཨང་།
ལིའོ(辽)D
མཐོ་རིམ་སློབ་ཆེན།
ལིའོ་ཉིང་རྫས་འགྱུར་རྡོ་སྣུམ་སློབ་ཆེན།
1 ངོ་སྤྲོད་མདོར་བསྡུས།

ཝང་ཧྭ་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ས་ཁམས་གནས་ཚད་ནི་འཕྲེད་ཐིག་བྱང་མ41°44′2"-41°51′50"ཤར་གྱི་གཞུང་ཐིག123°39′2"-123°56′56"ཡི་བར་དུ་གནས་ཡོད། ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཡོད་པ་དང་། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་དང་ཐག་ཉེ། ཤར་ནི་ཞིན་ཧྥུའུ་ས་ཁུལ་གྱི་ས་མཚམས་དང་ཉེ་ལ། ལྷོ་ནི་ཧྥུའུ་ཧྲུན་རྫོང་དང་འབྲེལ་ཡོད། ནུབ་ཕྱོགས་ནི་ཧྲེན་དབྱང་གྲོང་ཁྱེར་གྱི་ཏུང་ལིན་ཆུས་དང་འབྲེལ་ཡོད། ནུབ་བྱང་ནི་ཧྲེན་དབྱང་གྲོང་ཁྱེར་གྱི་ཧྲེན་པེ་ཁུལ་གསར་དང་འབྲེལ་ཡོད། བྱང་ཕྱོགས་ནི་ཐིའེ་ལིང་གྲོང་ཁྱེར་གྱི་ཐིའེ་ལིང་རྫོང་དང་འབྲེལ་ཡོད། བྱང་ཤར་ནི་ཧྲུན་ཁྲེང་ཆུས་དང་འབྲེལ་ཡོད།

སྤྱི་ལོ2014ལོར་ཝང་ཧྭ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ112ཟིན་པ་དང་མི་འབོར་བསྡོམས་འབོར306462ཟིན་ཡོད། ཁོངས་གཏོགས་སུ་ཁྲོམ་གཞུང9དང་གྲོང་རྡལ1ཡོད། ལོ་དེར་ཝང་ཧྭ་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར132.7ཟིན་པ་དེ་དུས་མཚུངས་ལས3.2%འཕར་ཡོད།

ཝང་ཧྭ་ཆུས་ནི་ལུའེ་ཧྥུང་སྙིང་སྟོབས་ཀྱི་འབྱུང་གནས་ཡིན་པ་དང་། མངའ་ཁོངས་སུ“ལུའེ་ཧྥུང་དྲན་གསོ་ཁང”ཡོད་ཅིང་། རྒྱལ་ཁབ་ཀྱིས“རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི”དང“རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་སློབ་གསོའི་རྟེན་གཞི”སོགས་སུ་གཏན་འཁེལ་བྱས་ཡོད།  ཅི་བང་སོ་དང་། འགྲེམས་ཁང་། གླིང་ཁུལ་བཅས་གཞི་གཅིག་ཏུ་འདུས་པའིA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གྱུར་ཡོད། ཝང་ཧྭ་ཁུལ་ནི་ཧྲེན་ཧྥུའུ་གྲོང་ཁྱེར་ཅན་གྱི་མདུན་གྲལ་དུ་གནས་པ་དང་། ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ལྕི་བའི་བཟོ་ལས་ཐོན་ལས་འདུས་ཆེ་ཤོས་ཀྱི་གྲོང་ཁུལ་ཞིག་ཡིན། མངའ་ཁོངས་སུ་ཅིན་ཅི་ལྕགས་ལམ་དང་། ཅིན་ཐུང་ལྕགས་ལམ། ཧྲེན་ཧྥུའུ་ལྕགས་ལམ། ཧྲེན་ཅི་དང་ཧྲེན་ཧྥུའུ་གཞུང་ལམ་བཅས་ས་མཚམས་ལས་བརྒལ་ནས་སྣུར་བསྲིངས་བྱས་ཡོད།

2 འཛུགས་སྐྲུན་འཕེལ་རིམ།

ཆིན་ཀོང་ཞུས་ཁྲི་ལོ་སུམ་ཅུ་སོ་བཞི་པ་སྤྱི་ལོ1908ལོར་ཧྥེང་ཐེན་ཧྥུའུ་ཧྲུན་རྫོང་གི་ཁོངས་སུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དྲུག་པ་སྤྱི་ལོ1937ལོར་རི་པིན་དང་སྲིད་གཞུང་རྫུས་མའི་དབང་སྒྱུར་པས་ཧྥུའུ་ཧྲུན་རྫོང་གི་ས་ཁུལ་ཁ་ཤས་སུ་ཁག་བགོས་ཏེ་ཧྥུའུ་ཧྲུན་གྲོང་ཁྱེར་འཛུགས་རྒྱུ་དང་། ཧྥུའུ་ཧྲུན་གྲོང་ཁྱེར་རྫུས་མའི་ཀུང་ཧྲུའུ་བཙུགས་ཏེ་ཧྥུའུ་ཧྲུན་གྲོང་ཁྱེར་ འཛུགས་རྒྱུའི་གྲོས་ཐག་བཅད་པ་རེད། ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བཞི་པ་སྤྱི་ལོ1945ལོར“བརྒྱད་པའི་བཅོ་ལྔ”བསྐྱར་དུ་ཚུར་བླངས་རྗེས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཅི་རེ་ལིའོ་གསུམ་དམག་ཁུལ་གྱི་ཡན་ལག་དམག་ཁུལ་གྱི་དམག་དཔུང་བཅུ་དྲུག་པ་ཧྥུའུ་ཧྲུན་དུ་བཅའ་སྡོད་བྱས་ནས་ཝང་ཧྭ་ཆུས་བཙུགས།

སྤྱི་ལོ1948ལོར་ཆུས་དངོས་སུ་བཙུགས།

སྤྱི་ལོ1997ལོར་ཝང་ཧྭ་ཆུས་སུ་ཁྲོམ་གཞུང10ཡོད།

སྤྱི་ལོ1999ལོར་དེ་སྔའི་ཧྥུའུ་ཧྲུན་རྫོང་གི་ཁོངས་སུ་གཏོགས་པའི་ཏཱ་ནན་ཁྲའོ་ཞན་རིགས་ཀྱི་མན་ཇུ་རིགས་ཀྱི་ཤང་དང་དེ་སྔའི་ཧྲུན་ཁྲེང་ཆུས་ཀྱི་ཁོངས་སུ་གཏོགས་པའི་ཐ་ཡུས་གྲོང་རྡལ་དང་། ལི་ཧྲི་གྲོང་རྡལ། ཀའོ་ཝན་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཅས་སུ་དབྱེ་པ་དང་། ལེགས་སྒྲིག་བྱས་རྗེས་ཝང་ཧྭ་ཆུས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ249.7ཟིན་ཡོད།

སྤྱི་ལོ1999ལོར་ཝང་ཧྭ་ཆུས་ཀྱི་ལི་ཧྲི་ཀྲའེ་ཁྲའོ་ཞན་རིགས་ཀྱི་གྲོང་རྡལ་དང་ཏཱ་ནན་ཁྲའོ་ཞན་རིགས་ཀྱི་མན་ཇུ་རིགས་ཀྱི་ཞང་། ཀའོ་ཝན་སྲང་ལམ་དོན་གཅོད་ཁང་བཅས་མེད་པར་བཟོས་ཤིང་། ལི་ཧྲི་སྲང་ལམ་དོན་གཅོད་ཁང་དང་། སྲང་ལམ་དོན་གཅོད་ཁང་གི་སྡོད་གནས་ལི་ཧྲི་ཀྲའེ་བཙུགས། ཟླ་བསྒྲིལ་བྱས་རྗེས་ལི་ཧྲི་སྲང་ལམ་དོན་གཅོད་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ116ཡོད་པ་དང་། དེའི་འོག་ཏུ་ལི་ཧྲི་དཔལ་འབྱོར་ཁུལ(དེ་སྔའི་ལི་ཧྲི་ཀྲའེ་ཁྲའོ་ཞན་རིགས་ཀྱི་གྲོང་རྡལ)དང་། ཀའོ་ཝན་དཔལ་འབྱོར་ཁུལ(ཡོན་ཀའོ་ཝན་སྲང་ལམ་དོན་གཅོད་ཁང)། ཏཱ་ནན་དཔལ་འབྱོར་ཁུལ(ཡོན་ཏཱ་ནན་ཁྲའོ་ཞན་རིགས་ཀྱི་མན་ཇུ་རིགས་ཀྱི་ཤང)བཅས་ཡོད། ཝང་ཧྭ་ཆུས་ཁོངས་སུ་སྲང་ལམ11དང་གྲོང་རྡལ1ཡོད།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2007ལོར་ཝང་ཧྭ་ཆུས་སུ་ཁྲོམ་གཞུང9དང་གྲོང་རྡལ1ཡོད་པ་དང་། དེ་དག་ནི་ཐེན་ཏུན་ཁྲོམ་གཞུང་དང་། ཀུང་ནུང་ཁྲོམ་གཞུང་། ཅན་ཧྲེ་ཁྲོམ་གཞུང་། ཧུ་ཕིང་ཁྲོམ་གཞུང་། ཀོང་མིང་ཁྲོམ་གཞུང་། ཕུའུ་ཏུན་ཁྲོམ་གཞུང་། ཝུའུ་ལའོ་ཁྲོམ་གཞུང་། ཀུའུ་ཁྲེང་ཁྲོམ་གཞུང་། ཞིན་མིན་ཁྲོམ་གཞུང་། ཐཱ་ཡུས་གྲོང་རྡལ་བཅས་ཡིན། ཁྱོན་སྡེ་ཁུལ79དང་སྲིད་འཛིན་གྲོང་ཚོ20ཡོད་ལ། སྲིད་གཞུང་ནི་ཏན་ཏུང་ལམ་ནུབ་གྱི་དུམ་བུའི་ཨང་རྟགས3པར་གནས་ཡོད།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཝང་ཧྭ་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ས་ཁམས་གནས་ཚད་ནི་འཕྲེད་ཐིག་བྱང་མ41°44′2"-41°51′50"ཤར་གྱི་གཞུང་ཐིག123°39′2"-123°56′56"ཡི་བར་དུ་གནས་ཡོད། ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཡོད་པ་དང་། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་དང་ཐག་ཉེ། ཤར་ནི་ཞིན་ཧྥུའུ་ས་ཁུལ་གྱི་ས་མཚམས་དང་ཉེ་ལ། ལྷོ་ནི་ཧྥུའུ་ཧྲུན་རྫོང་དང་འབྲེལ་ཡོད། ནུབ་ཕྱོགས་ནི་ཧྲེན་དབྱང་གྲོང་ཁྱེར་གྱི་ཏུང་ལིན་ཆུས་དང་འབྲེལ་ཡོད། ནུབ་བྱང་ནི་ཧྲེན་དབྱང་གྲོང་ཁྱེར་གྱི་ཧྲེན་པེ་ཁུལ་གསར་དང་འབྲེལ་ཡོད། བྱང་ཕྱོགས་ནི་ཐིའེ་ལིང་གྲོང་ཁྱེར་གྱི་ཐིའེ་ལིང་རྫོང་དང་འབྲེལ་ཡོད། བྱང་ཤར་ནི་ཧྲུན་ཁྲེང་ཆུས་དང་འབྲེལ་ཡོད། ཧྥུའ་ཧྲུན་གྲོང་ཁྱེར་གྱི་སྲིད་གཞུང་དང་བར་ཐག་སྤྱི་ལེ14.7ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ112ཡོད།

4_2 ནམ་ཟླ།

ཝང་ཧྭ་ཆུས་ནི་དྲོད་ཁུལ་གྱི་དུས་རླུང་གི་ནམ་ཟླའི་ཁོངས་ཡིན་པ་དང་། དུས་བཞིར་དབྱེ་བ་གསལ་པོ་ཡོད། དབྱར་དུས་དྲོ་ཞིང་ཆར་ཆུ་མང་བ་དང་། དགུན་དུས་གྲང་ངར་ཆེ་བ་དང་། དཔྱིད་དུས་དང་སྟོན་དུས་གཉིས་སུ་ཅུང་ཐུང་བ། རླུང་མང་བ། ལོ་རེའི་ཆ་སྙོམས་དྲོད་ཚད13.9℃ཡིན། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི826.8ཟིན་ཡོད། གངས་འབབ་པའི་ཉིན་གྲངས་ལོ་ལྟར་ཆ་སྙོམས་ཉིན24ཡིན་ལ། ས་ངོས་འཁྱགས་ཚད་སྨི1.2-1.4བཅས་ཟིན་ཡོད།

5 མི་འབོར་དང་མི་རིགས།
5_1 མི་འབོར།

སྤྱི་ལོ2007ལོར་ཝང་ཧྭ་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི32ཡོད་པའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི30.28དང་ཞིང་ལས་མི་འབོར་ཁྲི1.72ཡོད།

སྤྱི་ལོ2012ལོར་ཆུས་ཡོངས་ཀྱི་མི་བསྡོམས་འབོར310311(སྐྱེས་པ154811དང་བུད་མེད155500)ཡོད་པ་དང་། དེའི་ནང་ཞིང་ལས་མིན་པའི་མི་འབོར285022དང་གྲོང་གསེབ་ཀྱི་མི་འབོར25289ཡོད། ཆུས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོའི་དུད་ཚང136391ཟིན་ཡོད། ཆུས་ཡོངས་སུ་གསར་སྐྱེས་མི་འབོར1565ཡོད་པ་དང་། མི་འབོར་སྐྱེ་ཚད་བརྒྱ་ཆའི4.95ཟིན་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི-1.03ཡིན། འཆར་ལྡན་བུ་བཙའི་ཚད98.72%ཡིན། ཕྲུ་གུ་སྐྱེ་ཚད་བསྡོམས་འབོར0.64ཡིན།

སྤྱི་ལོ2014ལོར་ཆུས་ཡོངས་སུ་མི་གྲངས་བསྡོམས་འབོར306462ཡོད་པའི་ནང་སྐྱེས་པ152587དང་བུད་མེད153875ཡོད། ཆུས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོའི་དུད་ཚང127015ཟིན་ཡོད། སྤྱི་ལོ2014ལོར་ཆུས་ཡོངས་སུ་སྐྱེས་པའི་མི་འབོར1903ཡོད་པའི་ནང་བུ962དང་བུ་མོ941ཡོད་པ་དང་ཕོ་མོའི་བསྡུར་ཚད102ཡིན་པ་དང་། མི་འབོར་སྐྱེ་ཚད6.39%ཟིན་ཡོད། འཆར་གཞི་ལྟར་ཕྲུ་གུ་སྐྱེ་ཚད98.42%ཟིན་ཡོད།

5_2 མི་རིགས།

ཝང་ཧྭ་ཆུས་སུ་རྒྱ་རིགས་དང་། མན་ཇུ་རིགས། ཁྲའོ་ཞན་རིགས། ཧུའེ་རིགས། སོག་རིགས། ཞི་པོ་རིགས། ཀྲོང་རིགས། མིའོ་རིགས། ཐུའུ་ཅ་རིགས། བོད་རིགས། ཡའོ་རིགས། དབྱིས་རིགས་སོགས་ཡོད།

6 དཔལ་འབྱོར།

སྤྱི་ལོ2014ལོར་ཝང་ཧྭ་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར132.7ཟིན་པ་དེ་དུས་མཚུངས་ལས3.2%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར71.5བཏང་བ་དེ་དུས་མཚུངས་ལས་སྤྱི་ལོ2013ལོ་དང་བསྡུར་ན0.7%འཕར་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར184.9ཟིན་པ་དེ་དུས་མཚུངས་ལས11%ཆག་པ་དང་། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར10.1ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་སྤྱི་ལོ2013ལོ་དང་བསྡུར་ན2.4%ཆག་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི76292ཟིན་པ་དེ་དུས་མཚུངས་ལས་སྤྱི་ལོ2013ལོ་དང་བསྡུར་ན8.8%ཆག་པ་དང་། ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར68ཟིན་པ་དེ་དུས་མཚུངས་ལས28.8%འཕར་ཡོད། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་ཨ་སྒོར་ཁྲི4916ཟིན་པ་དེ་དུས་མཚུངས་ལས་སྤྱི་ལོ2013ལོ་དང་བསྡུར་ན3.2%ཆག་ཡོད། ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་བྱེད་ཚད་ཨ་སྒོར་ཁྲི10700ཟིན་པ་དེ་དུས་མཚུངས་ལས་སྤྱི་ལོ2013ལོ་དང་བསྡུར་ན33.6%འཕར་ཡོད།

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོའི་བྱ་གཞག

སྤྱི་ལོ2014ལོར་ཝང་ཧྭ་ཆུས་ཀྱི་འབྲིང་རྒྱུགས་སློབ་རིམ་འཕར་ཚད37.67%ཟིན་པ་དེ་དུས་མཚུངས་ལས1.17%འཕར་བ་དང་། ཞིང་ཆེན་གྱི་གཙོ་གནད་མཐོ་རིམ་སློབ་འབྲིང་གི་ཆུ་ཚད50.5%ཟིན་པ་དེ་དུས་མཚུངས་ལས་སྤྱི་ལོ2013ལོ་ལས9.5%འཕར་ཡོད། སློབ་ཆུང་ནས་སློབ་ཐོན་བྱུང་བའི་སློབ་མ1578དང་། ཞིང་ཆེན་དང་། གྲོང་ཁྱེར། ཆུས་བཅས་ཀྱི་སློབ་མ71ལས་ཐོན་པ་དེ་དུས་མཚུངས་ལས་སྤྱི་ལོ2013ལོར་སློབ་མ30ཉུང་དུ་ཕྱིན་ཡོད། ཁ་གཏད་གཞུང་བཙུགས་དམའ་རིམ་སློབ་འབྲིང་དུ་ཞུགས་ཚད76.5%ཟིན་པ་དེ་དུས་མཚུངས་ལས་སྤྱི་ལོ2013ལོར5.98%འཕར་ཡོད། དགེ་རྒན11གདན་ཞུ་བྱས་པ་དང་། དགེ་རྒན73དང་དགེ་རྒན་མི་ཐེངས1000ལྷག་ཙམ་གསོ་སྦྱོང་བྱས་ཡོད། དཔྱད་འདེམས་བྱས་པའི་དགེ་རྒན་གྲགས་ཅན10དང་། དཔེ་བཟང་འཛིན་གྲྭའི་ཀྲུའུ་རེན10རིག་གཞུང་ཚན་ཁག་གི་སྣེ་ཁྲིད་པ28ཕུལ་བྱུང་དགེ་རྒན30བཅས་ལ་བྱ་དགའ་ཐོབ་ཡོད།

7_2 ཚན་རིག་ལག་རྩལ།

ཝང་ཧྭ་ཆུས་སུ་རྒྱལ་ཁབ་རྡོ་སོལ་ཚན་རིག་སྤྱི་ཁྱབ་ཁང་ཧྥུའུ་ཧྲུན་ཡན་ལག་ཁང་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་ཧྥུའུ་ཧྲུན་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཞིབ་འཇུག་ཁང་དང་དེ་བཞིན་ཚན་ཞིབ་སྒྲིག་གཞི་གཞན་དག12ལྷག་ཡོད།

7_3 རིག་རྩལ་བྱ་གཞག

སྤྱི་ལོ2014ལོར་ཝང་ཧྭ་ཆུས་ལུའེ་ཧྥུང་སྒྱུ་རྩལ་ཚོགས་པ་དང་། བཟོ་ཞིང་ཁྲོམ་ལམ། འཛུགས་སྐྲུན་ཁྲོམ་གཞུང་བཅས་ཀྱི་ཞབས་བྲོ་དབྱང་ཀོ་རུ་ཁག་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་སྐབས་བཅུ་དྲུག་པའི་མི་རིགས་དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་ནང་ཞུགས་པར་གསེར་གྱི་རྟགས་མ་གཅིག་དང་དངུལ་གྱི་རྟགས་མ་གཅིག་གི་གྲུབ་འབྲས་ཐོབ་པ་དང་། སྤྱི་ཕན་གློག་བརྙན་ཁག263གཅིག་སྡུད་ཐོག་བསྟན།

7_4 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2014ལོར་ཝང་ཧྭ་ཆུས་སུ་སྨན་བཅོས་སྒྲིག་གཞི་སྣ་ཚོགས122ཡོད་པ་དང་། མཉམ་ལས་སྨན་བཅོས་ནང་ཞུགས་མཁན་ཞིང་པ17684ཡོད་པ་དང་མཉམ་ལས་སྨན་བཅོས་ནང་ཞུགས་ཚད99%ཟིན་པའི་ནང་མི་འབོར་དབུལ་པོ་ཞུགས་ཚད100%ཟིན་པ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་མ་དངུལ་གྲབས་གསོག་ཚད་གཞི་དེ་སྤྱི་ལོ2013ལོའི་མི་རེར་ཆ་སྙོམས་སྒོར350ནས་སྒོར400བར་མཐོ་རུ་ཕྱིན་ཡོད། མཉམ་ལས་སྨན་བཅོས་ཐེབས་རྩ་སྒོར་ཁྲི707.47ཟིན་པ་དང་མ་དངུལ་དམིགས་སར་འབྱོར་ཚད100%ཟིན་ཡོད། མཉམ་ལས་སྨན་བཅོས་ཐེབས་རྩའི་གཏོང་སྒོའི་བསྡོམས་འབོར་སྒོར་ཁྲི636.89ཟིན་ནས་ཕན་པ་ཐོབ་ཚད169.34%ཟིན་པ་དང་མཉམ་ལས་སྨན་བཅོས་ཐེབས་རྩ་སྤྱོད་ཚད90%ཟིན་ཡོད།

7_5 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2012ལོར་ཝང་ཧྭ་ཆུས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་མི་རེར་ཟླ་རེར་སྒོར330ནས་སྒོར390བར་མཐོ་རུ་བཏང་བ་དང་མི་རེའི་ཆ་སྙོམས་རོགས་སྐྱོབ་བྱེད་ཚད་སྤྱི་ལོ2011ལོའི་མི་རེར་ཟླ་རེར་སྒོར200.9ནས་སྒོར232.8བར་མཐོ་རུ་བཏང་ཡོད། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དེ་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར1750ནས་སྒོར2400བར་མཐོ་རུ་བཏང་བ་དང་མི་རེའི་ཆ་སྙོམས་རོགས་སྐྱོབ་བྱེད་ཚད་སྤྱི་ལོ2011ལོའི་ལོ་མཇུག་གི་མི་རེར་ཟླ་རེར་སྒོར86.36ནས་སྒོར105.83བར་མཐོ་རུ་བཏང་ཡོད། རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི8812.2སྤྲད་ཡོད། ཆུས་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དུད་ཚང13871དང་མི28656ཡོད་པ་དེས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་མི་འབོར་གྱི9.5%བཟུང་ཡོད། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དུད་ཚང848དང་མི་གྲངས1210ཟིན་པ་དེས་ལྗོངས་ཡོངས་ཀྱི་གྲོང་གསེབ་མི་འབོར་གྱི6.63%བཟུང་ཡོད། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཕྲལ་སྡོམ་བཀོད་སྒྲིག་ས་ཚིགས88བཙུགས་ཡོད། གེགས་སེལ་མ་དངུལ་སྒོར་ཁྲི21.6སྤྲད་ཡོད།


དཔྱད་གཞིའི་ཡིག་ཆ།