ཞོན་དབྱང་རྫོང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-03-31 16:35ལ་འགྲུབ།

ཞོན་དབྱང་རྫོང་།

ཞོན་དབྱང་རྫོང་།
ཞོན་དབྱང་རྫོང་ནི་ཧྲའན་ཞི་ཞིང་ཆེན་གྱི་ཤར་ལྷོའི་མཚམས་སུ་གནས་ཤིང་། ཆིན་པ་རི་ཁུལ་གྱི་ཤར་མཚམས་སུ་གནས། ཤར་ཕྱོགས་ཀྱི་གཞུང་ཐིག103°58′-109°48′དང་། བྱང་ཕྱོགས་ཀྱི་འཕྲེད་ཐིག32°29′-33°13′བར་དུ་གནས། ཤར་ངོས་སུ་པེ་ཧོ་རྫོང་དང་ཧུའུ་པེ་ཞིང་ཆེན་གྱི་ཅི་ཞི་རྫོང་གཉིས་ལ་འབྲེལ་ཞིང་། ལྷོ་ངོས་སུ་ཕིན་ལི་རྫོང་། ཧུའུ་པེ་ཞིང་ཆེན་གྱི་ཀྲུའུ་ཧྲན་རྫོང་། ཀྲུའུ་ཞི་རྫོང་བཅས་ལ་འབྲེལ་ཡོད། རྫོང་ཁོངས་ཀྱི་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ82དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ79ཙམ་དང་། མཐའ་འཁོར་གྱི་རིང་ཚད་ལ་སྤྱི་ལེ390ཙམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
旬阳
ཕྱི་ཡིག་མིང་།
Xunyang County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་གྲངས།
མི་ཁྲི45.82(སྤྱི་ལོ2016ལོའི་ཐེམ་ཐོའི་མི་གྲངས)
ཁོངས་གཏོགས་ས་ཁུལ།
ཧྲའན་ཞི་ཞིང་ཆེན་ཨན་ཁང་གྲོང་ཁྱེར།
གཞི་ཁྱོན།
སྟོང་སྨི་གྲུ་བཞི་མ3554
སྲིད་གཞུང་གནས་ཡུལ།
ཁྲེང་ཀོན་གྲོང་རྡལ།
ནམ་ཟླ།
ཚ་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་རླན་གཤེར་ནམ་ཟླ།
མངའ་ཁོངས།
ཁྲེང་ཀོན་གྲོང་རྡལ། ཀོན་ཁོའུ་གྲོང་རྡལ། ཧྲུའུ་ཧོ་གྲོང་རྡལ་སོགས་གྲོང་རྡལ22
གནམ་གྲུ་ཐང་།
ཨན་ཁང་ཝུའུ་ལི་ཕུའུ་གནམ་གྲུ་ཐང་དང་ཨན་ཁང་ཧྥུའུ་ཆིང་གནམ་གྲུ་ཐང་།
མེ་འཁོར་ས་ཚིགས།
ཞོན་དབྱང་ས་ཚིགས་དང་ཞོན་དབྱང་བྱང་ཚིགས།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0915
རླངས་འཁོར་ཚབ་ཨང་།
ཧྲའནG(陕G)
སྦྲག་སྲིད་ཨང་རྟགས།
725700
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར159.87(སྤྱི་ལོ2017ལོ)
གནས་ཡུལ།
ཧྲའན་ཞིའི་ཤར་ལྷོའི་རྒྱུད།
1 ​ངོ་སྤྲོད།

ཞོན་དབྱང་རྫོང་ནི་ཧྲའན་ཞི་ཞིང་ཆེན་གྱི་ཤར་ལྷོའི་མཚམས་སུ་གནས་ཤིང་། ཆིན་པ་རི་ཁུལ་གྱི་ཤར་མཚམས་སུ་གནས། ཤར་ཕྱོགས་ཀྱི་གཞུང་ཐིག103°58′-109°48′དང་། བྱང་ཕྱོགས་ཀྱི་འཕྲེད་ཐིག32°29′-33°13′བར་དུ་གནས། ཤར་ངོས་སུ་པེ་ཧོ་རྫོང་དང་ཧུའུ་པེ་ཞིང་ཆེན་གྱི་ཅི་ཞི་རྫོང་གཉིས་ལ་འབྲེལ་ཞིང་། ལྷོ་ངོས་སུ་ཕིན་ལི་རྫོང་། ཧུའུ་པེ་ཞིང་ཆེན་གྱི་ཀྲུའུ་ཧྲན་རྫོང་། ཀྲུའུ་ཞི་རྫོང་བཅས་ལ་འབྲེལ་ཡོད། རྫོང་ཁོངས་ཀྱི་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ82དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ79ཙམ་དང་། མཐའ་འཁོར་གྱི་རིང་ཚད་ལ་སྤྱི་ལེ390ཙམ་ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཞོན་དབྱང་རྫོང་གི་མངའ་ཁོངས་སུ་ཁྲེང་ཀོན་གྲོང་རྡལ་དང་། ཏ་ཞི་གྲོང་རྡལ། ཀོན་ཁོའུ་གྲོང་རྡལ། ཧྲུའུ་ཧོ་གྲོང་རྡལ། ཧྲོང་ཧོ་གྲོང་རྡལ། ཞའོ་ཧོ་གྲོང་རྡལ། ཀྲའོ་ཝན་གྲོང་རྡལ། མ་ཕིང་གྲོང་རྡལ། ཀན་ཞི་གྲོང་རྡལ། པའེ་ལིའུ་གྲོང་རྡལ། ལུའི་ཧོ་གྲོང་རྡལ། ཧྲེན་ཧོ་གྲོང་རྡལ། ཏོན་ཅ་ཧོ་གྲོང་རྡལ། ཀྲི་ཡོན་གྲོང་རྡལ། ཞན་ཧོ་གྲོང་རྡལ། དམར་དམག་གྲོང་རྡལ། རེན་ཧོ་ཁོའུ་གྲོང་རྡལ། ཐུང་མུའུ་གྲོང་རྡལ། ཧྲི་མོན་གྲོང་རྡལ། ཅིན་ཀྲའེ་གྲོང་རྡལ། ཐུང་ཆན་གྲོང་རྡལ་བཅས་ཁྱོན་བསྡོམས་གྲོང་རྡལ21ཡོད། སྲིད་འཛིན་གྲོང་ཚོ305དང་གྲོང་མིའི་ཚོ་ཆུང1861ཡོད།

3 མི་གྲངས།

མིང་རྒྱལ་རབས་ཀྱི་ཅ་ཅིང་སྲིད་ལོ་བཞི་བཅུ་ཞེ་གཅིག་ལ་ཞོན་དབྱང་རྫོང་དུ་དུད་ཚང2396ཡོད་པ་དང་མི་གྲངས19885ཡོད། སྤྱི་ལོ1571ལོར་མི་སེར་དུད་ཚང2231དང་མི21331ཡོད། ཝན་ལི་སྲིད་ལོ་དགུ་པར(སྤྱི་ལོ1581ལོ)དུད་ཚང2770དང་། མི26150ཡོད། ཁྲུང་ཀྲེན་སྲིད་ལོ་བདུན་པ་ནས་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1634ལོ~སྤྱི་ལོ1644ལོ)བསྟུད་མར་ཐན་པ་དང་དམག་འཁྲུག་བྱུང་བས། རྫོང་ནང་ཁུལ་གྱི་མི་འབོར་གློ་བུར་དུ་ཇེ་ཉུང་དུ་སོང་བ་དང་། རྫོང་རིམ་པ་མན་གྱི་སྲིད་འཛིན་ཁུལ15ནས4བར་ཇེ་ཉུང་དུ་བཏང་།

ཆན་ལུང་གི་སྲིད་ལོ་ལྔ་བཅུ་ང་བརྒྱད་པར་ཞོན་དབྱང་རྫོང་གི་མི་འབོར67680བར་འཕར་ཡོད། ཅ་ཆིན་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1812ལོ)ཞོན་དབྱང་རྫོང་དུ་དུད་ཚང18174དང་མི་གྲངས83972ཡོད། སྤྱི་ལོ1822ལོར་ཏའོ་ཀོང་སྐབས་མི243500ལ་འཕར། ཀོང་ཞུས་སྲིད་ལོ་ཉེར་བརྒྱད་པར(སྤྱི་ལོ1902ལོ)ཞོན་དབྱང་རྫོང་དུ་ཁྱོན་བསྡོམས་མི་གྲངས18566ཡོད་པ་དང་མི་གྲངས92996ཡོད།

སྤྱི་ལོ1912ལོར་ཞོན་དབྱང་རྫོང་གི་མི་གྲངས133030ཡོད། སྤྱི་ལོ1940ལོ་ཞོན་དབྱང་རྫོང་དུ་དུད་ཚང41168ཡོད་པ་དང་མི་གྲངས202209ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཞོན་དབྱང་རྫོང་གི་མི་གྲངས་བསྡོམས་འབོར259598ཟིན། སྤྱི་ལོ1985ལོར་མི་གྲངས413451བར་འཕར་སྣོན་བྱུང་ཞིང་། ལོ་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆ14.31ཡིན། སྤྱི་ལོ1950ལོ་ནས་སྤྱི་ལོ1985ལོའི་བར་མི305724སྐྱེས་པ་དང་། ལོ་རེར་ཆ་སྙོམས་སུ་མི8492སྐྱེས་པ་དང་། བསྡོམས་པས་མི141728ཚེ་འདས་ཚད་ལོ་རེར་ཆ་སྙོམས་མི3937དང་། སྤྱི་ལོ1980ལོའི་སྔོན་ལ་མི་གྲངས་བསྡོམས་འབོར་ཧ་ལམ་ལོ10རེར་མི50000རེའི་འཕར་ཡོད།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྱོན150291དང་མི460074ཡོད། དེའི་ནང་སྐྱེས་པ245279ཡོད་པ་དེས་སྤྱིའི་མི་འབོར་གྱི53.31%བཟུང་ཡོད། ཞིང་ལས་མི་འབོར401527ཡོད་པ་དེས་སྤྱིའི་མི་འབོར་གྱི87.27%བཟུང་ཡོད། རང་ཤུགས་སུ་འཕར་ཚད2.52%ཟིན་ཡོད། མི་འབོར་གྱི་ལོ་ཚད་ནི་ལོ18མན་གྱི་མི་འབོར94560ཡིན་པ་དེས20.6%བཟུང་བ་དང་། ལོ18ནས60བར་གྱི་མི་འབོར296143ཟིན་པ་དེས64.3%བཟུང་ཡོད། ལོ60དང་དེ་ཡན་གྱི་མི་འབོར69371ཡོད་པ་དེས15.1%བཟུང་ཡོད།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྫོང་དེ་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྱོན152072ཡོད་པ་དང་མི458219ཡོད། རང་ཤུགས་སུ་མི2067འཕར་སྣོན་བྱུང་ཡོད།

4 དཔལ་འབྱོར།

སྤྱི་ལོ2017ལོར་ཞོན་དབྱང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར159.87ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན10.5%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར13.52ཟིན་ནས4.8%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར91.62ཟིན་ནས13.2%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར54.74ཟིན་ནས7.4%འཕར་ཡོད། ཐོན་ལས་གྲུབ་ཚུལ་ཐེངས་གསུམ་གྱི་ཆ་ནས་བལྟས་ན། ཐོན་ལས་ཐེངས་གསུམ་གྱི་བསྡུར་ཚད8.5:57.3:34.2ཡིན། ཆ་སྙོམས་རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར37065ཟིན་ནས10.3%འཕར་ཡོད།

སྤྱི་ལོ2017ལོར་རྫོང་ཡོངས་སུ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕར་ཐང་སྒོར་དུང་ཕྱུར88.83ཟིན་པ་དེསGDPཡི་བསྡུར་ཚད་ཀྱི55.6%བཟུང་ནས་ལོ་གོང་མ་ལས1.8%འཕར་ཡོད།

སྤྱི་ལོ2017ལོར་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར173.14བཏང་ནས21.5%འཕར་ཡོད། དེའི་ནང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར165.73ཟིན་ནས25.1%འཕར་ཡོད།

ལོ་ཧྲིལ་པོར་དམངས་ཁྲོད་ནས་མ་དངུལ་སྒོར་དུང་ཕྱུར95.07བཏང་ནས18.5%འཕར་ཡོད། རིག་གནས་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར15.07བཏང་ནས93.3%འཕར་ཡོད། རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་སྒོར་དུང་ཕྱུར49.64བཏང་ནས44.3%འཕར་ཡོད། ལག་རྩལ་མཐོ་བའི་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར3.92བཏང་ནས41.3%མར་ཆག་ཡོད། བཟོ་ལས་ཀྱི་མ་དངུལ་སྒོར་དུང་ཕྱུར52.28བཏང་ནས21.3%འཕར་ཡོད།

4_1 ཐོན་ལས་དང་པོ།

སྤྱི་ལོ2017ལོར་ཞོན་དབྱང་རྫོང་གི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི68.05ཟིན་ནས0.4%མར་ཆག་ཡོད། དེའི་ནང་དབྱར་འབྲུ་མུའུ་ཁྲི33.73ཟིན་ནས0.2%མར་ཆག་པ་དང་། སྟོན་འབྲུ་མུའུ་ཁྲི34.32ཟིན་ནས0.5%མར་ཆག་ཡོད། འབྲུ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི12.64ཟིན་ན་0.2%འཕར་ཡོད། དེའི་ནང་དབྱར་འབྲུ་ཏུན་ཁྲི5.83ཟིན་ནས0.9%འཕར་བ་དང་། སྟོན་འབྲུ་ཏུན་ཁྲི6.81ཟིན་ནས0.4%མར་ཆག་ཡོད། སྣུམ་རྒྱུ་སྤྱིའི་ཐོན་འབོར་ཏུན་ཁྲི2.23ཟིན་ནས2.2%འཕར་ཡོད། རྡོ་ཐ་མུའུ་ཁྲི7.24གོང་འཕེལ་བཏང་བས30.0%མར་ཆག་པ་དང་སྤྱིའི་ཐོན་འབོར་ཏུན་ཁྲི0.88ཟིན་ནས32.7%མར་ཆག་ཡོད། སྔོ་ཚལ་ཐོན་ཚད་ཏུན་ཁྲི15.84ཟིན་ནས4.0%འཕར་ཡོད། ཆུའི་ཐོན་རྫས་ཐོན་ཚད་ཏུན2630ཟིན་ཡོད།

ལོ་མཇུག་ཏུ་འབྲི་གཡག་ཁྲི9.28དང་ཁྱིམ་བྱ་ཁྲི153ཡོད་ལ་སོ་སོར0.2%དང1.0%འཕར་ཡོད། ཕག་པ་དང་ལུག་ཁྲི37.23དང་ཁྲི22.32ཟིན་ནས0.8%དང1.9%མར་ཆག་ཡོད། སྒོ་ཕྱུགས་དང་ཁྱིམ་བྱ་བཤས་ཚད་ཁྲི2.14དང་ཁྲི169.58ཟིན་ནས2.2%དང1.1%འཕར་ཡོད། ཕག་པ་དང་ལུག་བཤས་ཚད་ཁྲི50.37དང་ཁྲི20.84ཟིན་ནས0.1%དང0.7%མར་ཆག་ཡོད། ཞིང་ཞོར་ཐོན་རྫས་གཙོ་བོའི་ཐོན་འབོར་བརྟན་པོ་བྱུང་ཞིང་། ཤ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན44930ཡིན་པས0.2%མར་ཆག་ཡོད། བྱ་སྒོང་ཐོན་ཚད་ཏུན4488ཟིན་ནས1.7%འཕར་ཡོད།

ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི249653ཟིན་ནས4.8%འཕར་ཡོད། དེའི་ནང་ཞིང་ལས་ཐོན་སྐྱེད་རིན་ཐང་སྒོར་ཁྲི146533ཟིན་ནས6.0%འཕར་བ་དང་། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི78285ཟིན་ནས0.9%འཕར་ཡོད། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི14801ཟིན་ནས22.9%འཕར་ཡོད། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི4423ཟིན་ནས8.2%མར་ཆག་ཡོད། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི5611ཟིན་ནས1.8%འཕར་ཡོད། ཞིང་ནགས་འབྲོག་ཉ་བཅས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི137488ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན4.7%འཕར་ཡོད།

ལོ་ཧྲིལ་པོར་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི11.9ཟིན་ནས14.3%འཕར་ཡོད། ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང179530.1ཟིན། ནགས་ཚལ་ཁེབས་ཚད55.18%ཟིན། ལོ་མཇུག་ཏུ་རྒྱུན་སྤྱོད་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི54.99ཟིན་ནས0.02%འཕར་ཡོད།

4_2 ཐོན་ལས་གཉིས་པ།

སྤྱི་ལོ2017ལོར་ཞོན་དབྱང་རྫོང་གི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར74.57ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན14.9%འཕར་ཡོད། དེའི་ནང་ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར73.39ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན15.1%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར249.14ཟིན་ནས28.8%འཕར་ཡོད།

གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ནང་ཀ་རྟེན་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་ཆེན་པོ་དྲུག་ཚང་མ་འཕར་ཡོད། སྤྱི་ལོ2017ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་ཀྱི་ཀ་རྟེན་བཟོ་ལས་ཆེན་པོ་དྲུག་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར181.99ཟིན་ནས29.5%འཕར་བ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་གི73.1%བཟུང་ཡོད། སྐྱེ་དངོས་སྨན་རྫས་དང་། གཏེར་ཁའི་ཐོན་ལས། ཨར་འདམ་འཛུགས་སྐྲུན་རྒྱུ་ཆ། ཆུ་གློག་ལས་རིགས། རྡོ་ཐའི་བཟའ་བཅའ། སྒྲིག་ཆས་བཟོ་སྐྲུན་ལས་རིགས་བཅས་སོ་སོར43.4%དང་། 32.8%29.1%29.1%28.6%13.5%བཅས་འཕར་ཡོད།

ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར217.45བྱུང་ནས་32.6%འཕར་བ་དང་། ཁེ་སྤོགས་སྒོར་དུང་ཕྱུར20.39བྱུང་ནས25.0%འཕར་ཡོད། ཆ་སྙོམས་ལས་ཞུགས་མི་སྣ6560ཟིན་ནས3.0%འཕར་ཡོད། བཟོ་ལས་ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་དང་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་ཡོད།

སྤྱི་ལོ2017ལོར་སྤྱི་ཚོགས་ཡོངས་ཀྱི་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར17.05ཟིན་ནས14.0%འཕར་ཡོད། འོས་ཐོབ་ཡན་གྱི་ཨར་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར13.12ཟིན་ནས18.4%འཕར་ཡོད། ཨར་སྐྲུན་ལས་རིགས་ལ་ཁྱོན་གན་རྒྱ་གསར་པ་འཇོག་ཚད་སྒོར་དུང་ཕྱུར10.87ཟིན་ནས་14.3%འཕར་ཡོད། སྡོད་ཁང་འཛུགས་སྐྲུན་ལས་གྲྭའི་རྒྱ་ཁྱོན་སྨི་གྲུ་ཁྲི20.01ཟིན་ནས4.1%མར་ཆག་ཡོད།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2017ལོར་ཞོན་དབྱང་རྫོང་གི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར45.97ཟིན་ནས15.5%འཕར་ཡོད། དེའི་ནང་བཅད་གྲངས་ཡན་གྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར35.31ཟིན་ནས21.7%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྲོམ་རར་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར37.2ཟིན་ནས18.1%འཕར་ཡོད། གྲོང་གསེབ་ཀྱི་ཁྲོམ་རར་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར8.77ཟིན་ནས5.5%འཕར་ཡོད།    

སྤྱི་ལོ2017ལོར་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི260ལ་སྣེ་ལེན་ཞུས་ནས14.0%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར15.87ཟིན་ནས35.8%འཕར་ཡོད། གྲགས་ཅན་མཛེས་ལྗོངས་ཁུལ་དང་རིག་དངོས་སྲུང་སྐྱོང་ཁུལ621ཡོད།

སྤྱི་ལོ2017ལོར་རྫོང་ཡོངས་སུ་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར16.31ཟིན་ནས2.5%འཕར་ཡོད། དེའི་ནང་ས་གནས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར4.01ཟིན་ནས1.0%མར་ཆག་ཡོད། རྫོང་ཡོངས་ཀྱི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར32.91ཟིན་ནས10.8%འཕར་ཡོད། དེའི་ནང་དམངས་འཚོའི་གཏོང་སྒོ་སྒོར་དུང་ཕྱུར28.0ཟིན་པ་དེས་རྫོང་ཡོངས་ཀྱི་ནོར་སྲིད་གཏོང་སྒོའི85.1%བཟུང་ཡོད།

སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར152.78ཟིན་ནས5.9%འཕར་བའི་ནང་། དུད་ཚང་གི་བཅོལ་དངུལ་སྒོར་དུང་ཕྱུར111.52ཟིན་ནས14.6%འཕར་བ་དང་། དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར95.83ཟིན་ནས9.3%འཕར་ཡོད། དུས་ཡུན་འབྲིང་རིང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར77.42ཡིན་པས11.6%འཕར་ཡོད། བཅོལ་དངུལ་དང་དངུལ་བུན་བསྡུར་ཚད62.7%ཟིན་ཡོད།

5 སློབ་གསོའི་ལས་དོན།

སྤྱི་ལོ2017ལོ་བར་ཞོན་དབྱང་རྫོང་དུ་རིགས་ཁག་གི་སློབ་གྲྭ160ཡོད། དེའི་ནང་བུ་བཅོལ་ཁང53དང་། སློབ་ཆུང72སློབ་འབྲིང་དཀྱུས་མ33དམིགས་བསལ་སློབ་གྲྭ1འབྲིང་རིམ་ལས་རིགས་སློབ་གྲྭ1བཅས་ཡོད། སློབ་གྲྭ་ཡོངས་ལ་སློབ་མ16547བསྡུ་བའི་ནང་བུ་བཅོལ་ཁང་གི་སློབ་མ4969དང་། སློབ་ཆུང་གི་སློབ་མ4170སློབ་འབྲིང་དཀྱུས་མའི་སློབ་མ6033དམིགས་བསལ་སློབ་གྲྭ13འབྲིང་རིམ་ལས་རིགས་སློབ་གྲྭ1362བཅས་ཡོད། སློབ་གྲྭར་ཡོད་མུས་ཀྱི་སློབ་མ55898ཡོད་པའི་ནང་བུ་བཅོལ་ཁང་གི་སློབ་མ10704དང་། སློབ་ཆུང་སློབ་མ23777སློབ་འབྲིང་དཀྱུས་མའི་སློབ་མ18293དམིགས་བསལ་སློབ་གྲྭ62འབྲིང་རིམ་ལས་རིགས་སློབ་གྲྭ3062བཅས་ཡོད། སློབ་ཐོན་སློབ་མ15276ཡོད་པའི་ནང་སློབ་ཞུགས་གོང་གི་སློབ་གསོའི་སློབ་མ4169དང་། སློབ་ཆུང་སློབ་མ3668སློབ་འབྲིང་དཀྱུས་མའི་སློབ་མ6598འབྲིང་རིམ་ལས་རིགས་སློབ་གྲྭ823དམིགས་བསལ་སློབ་གྲྭ18བཅས་ཡོད། ཆེད་བསྐོས་དགེ་རྒན3659ཡོད། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་རིམ་འཕར་ཚད97.5%ཟིན། མཐོ་རིམ་སློབ་འབྲིང་གི་སློབ་རིམ་འཕར་ཚད78.8%བཅས་ཟིན་ཡོད།

6 འཕྲོད་བསྟེན་ལས་དོན།

སྤྱི་ལོ2017ལོ་བར་ཞོན་དབྱང་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི433ཡོད་པའི་ནང་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང362ཡོད། ཉལ་ཁྲི2724ཡོད་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ2675ཡོད། མི་ཁྲི་རེར་འཕྲོད་བསྟེན་ལག་རྩལ་མི་སྣ62ཡོད། དེའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ668ཡོད། སྨན་གཡོག1115ཐོ་འགོད་བྱས་ཡོད། རིམས་འགོག་འཕྲོད་བསྟེན་མི་སྣ361ཡོད།

7 གཟི་བརྗི་མཚན་སྙན།

སྤྱི་ལོ2017ལོའི་ཟླ12པར་རིམ་པ་དང་པོའི་ཧྲའན་ཞི་ཞིང་ཆེན་གྱི་དམངས་ཡོངས་ལུས་སྦྱོང་དཔེ་སྟོན་རྫོང་གི་གྲས་སུ་བདམས།

སྤྱི་ལོ2019ལོའི་ཟླ5པའི་ཚེས18ཉིན“སྤྱི་ལོ2019ལོའི་ཀྲུང་གོའི་རྫོང་ཁོངས་བཟང་གྲས་ཀྱི་མིང་ཐོར་བདམས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཧྲའན་ཞི། ཞོན་དབྱང་རྫོང་།