ཧན་པིན་ཆུས་ནི་ཧྲའན་ཞི་ཞིང་ཆེན་ཨན་ཁང་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས་ཤིང་། ཨན་ཁང་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ཆ་འཕྲིན་ལྟེ་གནས་ཡིན། ཤར་གྱི་གཞུང་ཐིག108°30′—109°23′དང་། བྱང་གི་འཕྲེད་ཐིག32°22′—33°17′བར་དུ་གནས། དེ་ནི་ཧྲའན་ཞི་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཧན་ཅང་གཙང་པོའི་སྟོད་རྒྱུད་དུ་ཆགས་ཤིང་། ཤར་ངོས་སུ་ཧྲེ་དབྱང་རྫོང་དང་འབྲེལ་ལ། ནུབ་ཏུ་ཙི་དབྱང་རྫོང་དང་ཧན་དབྱིན་རྫོང་གཉིས་ལ་འབྲེལ་ཞིང་། བྱང་དུ་ཧྲང་ལོ་གྲོང་ཁྱེར་གྱི་ཀྲེན་ཨན་རྫོང་དང་ཨན་ཁང་གྲོང་ཁྱེར་གྱི་ཉིང་ཧྲའན་རྫོང་ལ་འབྲེལ་ཡོད། ལྷོ་རུ་ཕིན་ལི་རྫོང་དང་ལན་ཡུས་རྫོང་གཉིས་ལ་འབྲེལ་ཡོད། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ3652ཡོད། མངའ་ཁོངས་སུ་གྲོང་རྡལ30དང་དོན་གཅོད་ཁང4སྲིད་འཛིན་གྲོང་ཚོ876གྲོང་མིའི་ཨུ་ཡོན་ལྷན་ཁང69བཅས་ཡོད།
ཀྲུང་ཧྭ་མིན་གོའི(སྤྱི་ལོ1912ལོ~སྤྱི་ལོ1949ལོ)དུས་འགོར་ཨན་ཁང་རྫོང་ནི་ཧན་ཀྲུང་ལམ་གྱི་ཁོངས་སུ་གཏོགས། མིན་གོའི་སྲིད་ལོ་ཉེར་གཉིས་པར(སྤྱི་ལོ1933ལོ)ཧན་ཀྲུང་ལམ་མེད་པར་བཟོས་པ་དང་། རྫོང་ནི་ཞིང་ཆེན་གྱི་ཁོངས་སུ་བཅུག སྤྱི་ལོ1934ལོར་ཧྲའན་ཞི་ཞིང་ཆེན་གྱིས་ཨན་ཁང་ས་ཁུལ་དུ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ལྔ་པ་བཙུགས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་སྤྱི་ལོ1949ལོའི་ཟླ11པའི་ཚེས27ཉིན་ཨན་ཁང་གི་མངའ་ཁོངས་སུ་ཡོད་པའ་གནས་ཧྲིལ་པོ་བཅིངས་འགྲོལ་བཏང་བ་དང་། རྫོང་མི་དམངས་སྲིད་གཞུང་བཙུགས། ཧྲའན་ཀན་ཉིན་འབྲེལ་མཚམས་ས་ཁུལ་ཨན་ཁང་ཡན་ལག་དམག་ཁུལ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས། སྤྱི་ལོ1950ལོར་ཧྲའན་ཞི་ཞིང་ཆེན་ཨན་ཁང་ཡན་ལག་དམག་ཁུལ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1954ལོའི་ཟླ4པར་ཨན་ཁང་གྲོང་ཁྱེར་མེད་པར་བཟོས་ནས་ཁྲེང་ཀོན་ཆུས་སུ་བསྒྱུར། སྤྱི་ལོ1958ལོའི་ཟླ12པའི་ཚེས10ཉིན་ཨན་ཁང་དང་ལན་ཀའོ་གཉིས་ཟླ་སྒྲིལ་བཏང་བ་དང་། སྤྱི་ལོ1961ལོར་རྫོང་གཉིས་སུ་བགོས་ནས་སྔར་གྱི་སྒྲིག་བཀོད་སླར་གསོ་བྱས། སྤྱི་ལོ1988ལོའི་ཟླ9པའི་ཚེས14ཉིན་ཨན་ཁང་རྫོང་གིས་སྔར་གྱི་སྒྲིག་བཀོད་རྨང་གཞི་གྲོང་ཁྱེར་དུ་བསྒྱུར་བ་དང་། སྤྱིའི་རྒྱ་ཁྱོན་སྔར་བཞིན་སྤྱི་ལེ་གྲུ་བཞི་མ3648.87ཡོད།
སྤྱི་ལོ2000ལོའི་ཟླ6པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨན་ཁང་ས་ཁུལ་དང་རྫོང་རིམ་པའི་ཨན་ཁང་གྲོང་ཁྱེར་གཉིས་མེད་པར་བཟོ་རྒྱུ་དང་། ས་ཁུལ་རིམ་པའི་ཨན་ཁང་གྲོང་ཁྱེར་འཛུགས་རྒྱུ། ཨན་ཁང་གྲོང་ཁྱེར་དུ་ཧན་པིན་ཆུས་འཛུགས་རྒྱུ། དེ་སྔའི་རྫོང་རིམ་པའི་ཨན་ཁང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཧན་པིན་ཆུས་ཀྱི་སྲིད་འཛིན་ས་ཁོངས་བརྩི་རྒྱུ། ཆུས་མི་དམངས་སྲིད་གཞུང་ནི་སྐར་ལྔ་སྲང་ལམ་དུ་བཅའ་སྡོད་བྱས་ཡོད།
སྤྱི་ལོ2018ལོའི་ཟླ10པའི་ཚེས26ཉིན་ཧན་པིན་ཆུས་ཀྱི་མངའ་ཁོངས་སུ་གྲོང་རྡལ24དང་ཁྲོམ་གཞུང4ཡོད། གྲོང་ཚོ395དང་སྡེ་ཁུལ100ཡོད། ཧེང་ཁོའུ་གྲོང་རྡལ་དང་། ཞིན་ཁྲེང་སྲང་ལམ། གྲོང་ཁྱེར་རྙིང་པའི་སྲང་ལམ། ཅང་པེ་སྲང་ལམ། ཅན་རྨིན་སྲང་ལམ། ཝུའུ་ལི་གྲོང་རྡལ། ཚི་ཀོའུ་གྲོང་རྡལ། ཐན་པཱ་གྲོང་རྡལ། ཡེ་ཕིང་གྲོང་རྡལ། ཀྲུང་ཡོན་གྲོང་རྡལ། ཙི་ཅིན་གྲོང་རྡལ། ཏ་ཧོ་གྲོང་རྡལ། ཧུང་ཧྲན་གྲོང་རྡལ། ཧྲེན་པ་གྲོང་རྡལ། ལིའུ་ཧྲུའེ་གྲོང་རྡལ། ཏ་ཀྲུའུ་ཡོན་གྲོང་རྡལ། དབྱིན་ཧུའུ་གྲོང་རྡལ། ཧྲོང་ལུང་གྲོང་རྡལ། ཡན་པཱ་གྲོང་རྡལ། རྫོང་ཧོ་གྲོང་རྡལ། ཀྲང་ཐན་གྲོང་རྡལ། ཧྲི་ཐི་གྲོང་རྡལ། ཀོན་མིའོ་གྲོང་རྡལ། ཅའོ་དབྱང་གྲོང་རྡལ། པ་ཧོ་གྲོང་རྡལ། ཀོན་ཅ་གྲོང་རྡལ། ཉིའུ་ཅ་གྲོང་རྡལ་སོགས་བཅས་ཡོད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཧན་པིན་ཆུས་ཀྱི་མི་འབོར་ལོ39ལ་ལྡབ1.14འཕར་བ་དང་། ལོ་རེར་ཆ་སྙོམས་སུ་མི11415འཕར་ཡོད། དེའི་ནང་སྤྱི་ལོ1963ལོ་ནས་སྤྱི་ལོ1973ལོའི་བར་ལོ་རེར་ཆ་སྙོམས་སུ་མི19646སྐྱེས་པ་དང་། ལོ་རེའི་ཆ་སྙོམས་འཕར་ཚད21.5‰ཡིན་པ་དང་། སྤྱི་ལོ1964ལོར་སྐྱེས་ཚད41.5‰ལ་སླེབས་པ་དང་། རང་བྱུང་གི་འཕར་ཚད25.66%ཡིན། འཆར་ལྡན་བུ་བཙའ་ལག་བསྟར་བྱས་རྗེས་ལོ20ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་དེ་མི་འབོར་སྐྱེས་ཚད་དང་རང་བྱུང་འཕར་ཚད་སྤྱི་ལོ1978ལོའི་རྗེས་སུ་རིམ་བཞིན་མར་ཆག་པ་དང་། སྤྱི་ལོ1980ལོ་དང་སྤྱི་ལོ1983ལོ་སོ་སོར7.6%དང7.3‰བར་མར་ཆག་ཡོད། ཧན་པིན་ཆུས་སུ་སྤྱི་ལོ1976ལོ་ནས་སྤྱི་ལོ1985ལོ་བར་མི་ཁྲི13.7ཉུང་དུ་ཕྱིན། སྤྱི་ལོ1986ལོར་ཐེངས་གསུམ་པའི་མི་འབོར་སྐྱེས་འཕེལ་གྱི་མཐོ་རླབས་སུ་སླེབས་རྗེས། མི་འབོར་རང་ཤུགས་སུ་འཕར་ཚད12.7‰བར་འཕར་བ་དང་། སྤྱི་ལོ1987ལོར14.16%ལ་སླེབས།
སྤྱི་ལོ2010ལོའི་ཟླ11པའི་ཚེས1ཉིན་གྱི་ཆུ་ཚོད་ཀླད་ཀོར་བར་ཧན་པིན་ཆུས་ཀྱི་མི་འབོར870126ཟིན་པ་དང་མི་འབོར་གྱིས་ཨན་ཁང་གྲོང་ཁྱེར་གྱི་བསྡུར་ཚད་བཟུང་ཚད་སྤྱི་ལོ2000ལོའི32.27%ནས་སྤྱི་ལོ2010ལོའི33.09%བར་འཕར་ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧན་པིན་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི88.04ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི48.53ཡོད་པ་དེས55.1%བཟུང་བ་དང་། གྲོང་གསེབ་ཀྱི་མི་འབོར་ཁྲི39.51ཟིན་པ་དེས44.9%བཅས་བཟུང་ཡོད། ལོ་ཧྲིལ་པོར་མི་འབོར་སྐྱེས་ཚད་བརྒྱ་ཆ9.4ཟིན་པ་དང་། ཚེ་འདས་ཚད་བརྒྱ་ཆ6.28ཟིན། རང་བྱུང་འཕར་ཚད་བརྒྱ་ཆ3.13ཟིན་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་ཧན་པིན་ཆུས་ཀྱི་ཐེམ་ཐོ་མི་འབོར་ཁྲི101.28ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི44.77དང་། གྲོང་གསེབ་ཀྱི་མི་འབོར་ཁྲི56.52གནས་སྡོད་མི་འབོར་ཁྲི1.7བཅས་ཡོད། ཧན་པིན་ཆུས་ཀྱི་ཐེམ་ཐོའི་མི་གྲངས་བསྡོམས་འབོར་ཁྲི77.88ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི34.64དང་གྲོང་གསེབ་ཀྱི་མི་འབོར་ཁྲི43.24ཟིན།
སྤྱི་ལོ2017ལོར་ཧན་པིན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར290.92ཟིན་པ་དེ་སྤྱི་ལོ2016ལོ་ལས9.0%འཕར་བའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར24.74ཟིན་ནས4.9%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར126.58ཟིན་ནས11.6%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར139.6ཟིན་ནས7.4%འཕར་ཡོད། ཐོན་ལས་ཐེངས་གསུམ་གྱི་འཕར་ཐང་གིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ནི8.5:43.5:48ཡིན། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར33076ཟིན་ནས8.7%འཕར་ཡོད།
སྤྱི་ལོ2017ལོར་ཧན་པིན་ཆུས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕར་ཐང་སྒོར་དུང་ཕྱུར151.78ཟིན་པ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི52.2%བཟུང་ཡོད།
སྤྱི་ལོ2017ལོར་ཧན་པིན་ཆུས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར42.15ཟིན་པ་དེ་སྤྱི་ལོ2016ལོ་ལས4.9%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར25.27ཟིན་ནས6.7%འཕར་ཡོད། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2.47ཟིན་ནས9.9%འཕར་ཡོད། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར11.34ཟིན་ནས0.9%འཕར་ཡོད། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2.05ཟིན་ནས0.8%འཕར་ཡོད།
སྤྱི་ལོ2017ལོར་ཧན་པིན་ཆུས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར25.23ཟིན་པ་དེ་སྤྱི་ལོ2016ལོ་ལས4.9%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར16.26ཟིན་ནས6.5%འཕར་བ་དང་། ནགས་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.17ཟིན་ནས10.5%འཕར་ཡོད། འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར6.03ཟིན་ནས0.7%འཕར་ཡོད། ཉ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར1.28ཟིན་ནས1.0%འཕར་ཡོད།
སྤྱི་ལོ2017ལོར་ཧན་པིན་ཆུས་ཀྱི་བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར79.48ཟིན་པ་དེ་སྤྱི་ལོ2016ལོ་ལས15.4%འཕར་བའི་ནང་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར77.44ཟིན་པ་དེ་ལོ་གོང་མ་ལས15.7%འཕར་ཡོད། ཁོངས་གཏོགས་ཁུལ་གྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར286.88ཟིན་ནས21%འཕར་བའི་ནང་མཐོ་གསར་ཁུལ་གྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར125.73ཟིན་ནས27.8%འཕར་བ་དང་། ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་གྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར25.48ཟིན་ནས12.8%འཕར་ཡོད། ཆུས་ཁོངས་གཏོགས་ཀྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར135.67ཟིན་ནས16.8%འཕར་ཡོད།
སྤྱི་ལོ2017ལོར་ཧན་པིན་ཆུས་ཀྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཕྱིར་ཚོང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར280.36ཟིན་པ་དེ་སྤྱི་ལོ2016ལོ་ལས20.4%འཕར་བའི་ནང་མཐོ་གསར་ཁུལ་གྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཕྱིར་ཚོང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར124.86ཟིན་ནས27.9%འཕར་བ་དང་། ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་གྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཕྱིར་ཚོང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར25.48ཟིན་ནས12.8%འཕར་ཡོད། ཆུས་ཁོངས་གཏོགས་ཀྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར130.02ཟིན་ནས15.4%འཕར་ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧན་པིན་ཆུས་ཀྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས145ཟིན་པའི་ནང་མཐོ་གསར་ཁུལ་གྱི་དུད་ཚང58དང་། ཀྲུང་གོ་དང་གྲོང་ཁྱེར་གྱི་དུད་ཚང4ཆུས་ཀྱི་དུད་ཚང83བཅས་ཡོད། ཁོངས་གཏོགས་ཁུལ་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་བའི་ཁེ་ལས73ཟིན་པའི་ནང་ལོ་དེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་བའི་ཁེ་ལས17འཕར་ཡོད། ཁོངས་གཏོགས་ཁུལ་གྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས32གསར་དུ་འཕར་བའི་ནང་ཧན་པིན་ཆུས་ཀྱི་དུད་ཚང14དང་། མཐོ་གསར་ལག་རྩལ་ཁུལ་གྱི་དུད་ཚང15ཧེང་ཁོའུ་དཔེ་སྟོན་ཁུལ་གྱི་དུད་ཚང1དབྱིན་ཧུའུ་ཡུལ་སྐོར་ཁུལ་གྱི་དུད་ཚང2བཅས་ཡོད།
སྤྱི་ལོ2017ལོར་ཧན་པིན་ཆུས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར132.2ཟིན་པ་དེ་སྤྱི་ལོ2016ལོ་ལས13.5%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར128.59ཟིན་ནས14.9%འཕར་བ་དང་། གྲོང་གསེབ་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར3.61ཟིན་ནས20.8%མར་ཆག་ཡོད། བཅད་གྲངས་ཡན་གྱི་སྡེབ་ཚོང་སིལ་ཚོང་དང་ཞག་སྡོད་བཟའ་བཏུང་ལས་རིགས་ལ་རིམ་རྩིས་བྱས་ན་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར81.6ཟིན་ནས9.7%འཕར་ཡོད། དེའི་ནང་། གོང་གི་སྡེབ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར25.49ཟིན་ནས14.9%འཕར་བ་དང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར64.86ཟིན་ནས15.7%འཕར་ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧན་པིན་ཆུས་ཀྱི་བཅད་གྲངས་ཡན་གྱི་སྡེབ་ཚོང་སིལ་ཚོང་དང་ཞག་སྡོད་བཟའ་བཏུང་ཁེ་ལས235ཟིན་པའི་ནང་སྡེབ་ཚོང་ལས་རིགས་ཀྱི་དུད་ཚང51དང་། སིལ་ཚོང་ལས་རིགས97ཞག་སྡོད་ལས་རིགས་ཀྱི་དུད་ཚང27བཟའ་བཏུང་ལས་རིགས་ཀྱི་དུད་ཚང60བཅས་ཡོད། ལོ་དེར་ཁོངས་གཏོགས་ཁུལ་དུ་བཅད་གྲངས་ཡན་གྱི་སྡེབ་ཚོང་སིལ་ཚོང་དང་ཞག་སྡོད་བཟའ་བཏུང་ཁེ་ལས62མང་དུ་བཏང་བའི་ནང་ཧན་པིན་ཆུས་སུ་དུད་ཚང48དང་། མཐོ་གསར་ལག་རྩལ་ཁུལ་གྱི་དུད་ཚང12ཧེང་ཁོའུ་དཔེ་སྟོན་ཁུལ2བཅས་ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧན་པིན་ཆུས་སུ་མཐོ་རིམ་སློབ་གྲྭ་དཀྱུས་མ2ཡོད་པ་དང་ལོ་ཧྲིལ་པོར་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་དཀྱུས་མའི་སློབ་མ་ཁྱོན5658བསྡུས་པའི་ནང་དངོས་གཞིའི་ཚན་ཁག་གི་སློབ་མ3169ཡོད། སློབ་གྲྭར་ཡོད་པའི་སློབ་མ22491ཡོད་པའི་ནང་དངོས་གཞིའི་ཚན་ཁག་གི་སློབ་མ10828ཡོད། སློབ་ཐོན་སློབ་མའི་མི་གྲངས6719ཡོད་པའི་ནང་དངོས་གཞིའི་ཚན་ཁག་གི་སློབ་མ2711ཡོད་པ་དང་། ཆེད་བསྐོས་དགེ་རྒན919ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧན་པིན་ཆུས་སུ་འབྲིང་རིམ་ལས་རིགས་སློབ་གྲྭ5དང་། སློབ་འབྲིང་དཀྱུས་མ71སློབ་ཆུང121བུ་བཅོལ་ཁང189དང་དམིགས་བསལ་སློབ་གསོའི་སློབ་གྲྭ1བཅས་ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧན་པིན་ཆུས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི1081ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང59དང་། བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྨན་ཁང2ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས2སྨན་བཅོས་ཁང161བཅས་ཡོད། ཉལ་ཁྲི6131ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང་གི་ཉལ་ཁྲི5891ཡོད། འཕྲོད་བསྟེན་ལག་རྩལ་མི་སྣ7363ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང་གི་མི་གྲངས5891དང་། མ་བུ་བདེ་སྲུང་ཁང་གི་མི་གྲངས259ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་མི་གྲངས105བཅས་ཡོད།