ཝུའུ་ཞུའེ་གྲོང་ཁྱེར།སྔ་མའི་པར་གཞི་དེ མཁའ་འབུམ་བཀྲ་ཤིས།  ནས 2020-04-01 14:48ལ་འགྲུབ།

ཝུའུ་ཞུའེ་གྲོང་ཁྱེར།

ཝུའུ་ཞུའེ་གྲོང་ཁྱེར།
ཝུའུ་ཞུའེ་གྲོང་ཁྱེར་ནི་ཀྲུང་གོའི་ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། དེ་ནི་ཝུའུ་ཧན་གྲོང་ཁྱེར་མུ་ཁྱུད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། འབྲི་ཆུའི་དབུས་རྒྱུད་གྲུ་ཁའི་གྲོང་ཁྱེར་ཞིག་ཀྱང་ཡིན། གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1246ཡོད་པ་དེའི་ཁོངས་སུ་གྲོང་རྡལ་2དང་། གྲོང་ཚོ(སྡེ་ཁུལ)342ཡོད། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི50ཡོད་པ་དང་། སྤྱིའི་མི་འབོར་ཁྲི83ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武穴市
ཕྱི་ཡིག་གི་མིང་།
Wuxueshi
མིང་གཞན།
ཀོང་ཅི།
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར་དང་། འབྲི་ཆུའི་བར་རྒྱུད་གྲུ་ཁའི་གྲོང་ཁྱེར་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང་དོན་གཅོད་ཁང4དང་གྲོང་བརྡལ8
སྲིད་གཞུང་གནས་ཡུལ།
ཝུའུ་ཞུའེ་གྲོང་ཁྱེར་གྲོང་ཤར་ཁུལ་གསར།
ས་ཁོངས་ཁ་པར་ཨང་རྟགས།
0713
སྦྲག་སྲིད་ལས་ཁུངས་ཨང་རྟགས།
435400
གནས་ཡུལ།
ཧུའུ་པེ་ཞིང་ཆེན་གྱི་ཤར་ལྷོ་དང་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་བདེ་ཐང་།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1246ཡོད།
མི་གྲངས།
མི་ཁྲི83(སྤྱི་ལོ2018ལོར)
ཡུལ་སྐད།
ཀོང་ཅི་ཡུལ་སྐད་།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཝུའུ་ཞེའེ་སྤྱི་སྤྱོད་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཝུའུ་ཞུའེ་ས་ཚིགས། ཝུའུ་ཞུའེ་བྱང་ཚིགས།
རླངས་འཁོར་ཚབ་ཨང་།
ཨོ(鄂)J4、JD
རླངས་འཁོར་འབབ་ཚུགས།
ཝུའུ་ཞུའེ་གྲོང་ཁྱེར་འགྲུལ་སྐྱེལ་སྤྱི་ཁྱབ་ས་ཚིགས།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར300.58(སྤྱི་ལོ2018ལོར)
1 ལོ་རྒྱུས་གྱི་འཕེལ་རིམ།

སྤྱི་ལོ1949ལོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཀོང་ཅི་རྫོང་བཙུགས་ཤིང་། ཐོག་མཐའ་བར་གསུམ་དུ་ཧུའུ་པེ་ཞིང་ཆེན་ཧོང་ཀང་ས་ཁུལ་གྱི་ཁོངས་གཏོགས་ཡིན།

སྤྱི་ལོ1987ལོའི་ཟླ10པའི་ཚེས23ཉིན་ཀོང་ཅི་རྫོང་ཕྱིར་འཐེན་བྱས་ཏེ་ཝུའུ་ཞུའེ་གྲོང་ཁྱེར་བཙུགས་པ་དང་བཅའ་སྡོད་བྱ་ཡུལ་ནི་ཝུའུ་ཞུའེ་གྲོང་རྡལ་ཡིན།

སྤྱི་ལོ1996ལོར་ཝུའུ་ཞུའེ་གྲོང་ཁྱེར་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1200.4ཡོད་པ་དང་། མི་འབོར་ཁྲི70ཙམ་ཡོད། དེའི་ཁོངས་སུ་ཁྲོམ་གཞུང4དང་། གྲོང་རྡལ8 ཤང4ཡོད་པ་སྟེ། ཝུའུ་ཅའོ་ཁྲོམ་གཞུང་། ཁན་ཅང་ཁྲོམ་གཞུང་། ཐེན་ཀྲེན་ཁྲོམ་གཞུང་། ལུང་ཕིང་ཁྲོམ་གཞུང་། མེ་ཁྲོན་གྲོང་རྡལ། ཡུས་ཁྲོན་གྲོང་རྡལ། ཧྭ་ཆའོ་གྲོང་རྡལ། ཀྲེང་ཀུང་ཐ་གྲོང་རྡལ། ཏ་ཅིན་གྲོང་རྡལ། སི་ཝང་གྲོང་རྡལ། ཏ་ཧྥའོ་སི་གྲོང་རྡལ། ཧེང་ཀང་ཤང་། ཐའེ་ཕིང་ཤང་། ལིང་ལུའུ་ཤང་། ནན་ཆོན་ཤང་བཅས་ཡིན་པ་དང་། གྲོང་ཁྱེར་སྲིད་གཞུང་ཝུའུ་ཞུའེ་རུ་བཅའ་སྡོད་བྱས་ཡོད། མངའ་ཁོངས་སུ་རྒྱལ་ཁབ་ལ་དབང་བའི་ཞིང་ར1དང་ཚན་རྩལ་དཔལ་འབྱོར་གསར་སྤེལ་ཁུལ1ཡོད།

སྤྱི་ལོ1997ལོའི་ཟླ12པར། ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད། ལིང་ལུའུ་ཤང་ཕྱིར་འཐེན་བྱས་ཏེ། ལིང་ལུའུ་་གྲོང་རྡལ་བཙུགས་པ་དང་། གྲོང་རྡལ་སྲིད་གཞུང་གི་སྡོད་གནས་ཆའོ་ཨར་ཧྲན་ནས་ཏུན་གའོ་ཧྲན་ལ་སྤོས།

སྤྱི་ལོ1998ལོའི་ཟླ12པར། ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད། ཐེན་ཀྲེན་ཁྲོམ་གཞུང་དོན་གཅོད་ཁང་གི་སྡོད་གནས་ཕན་ཐང་དུ་སྤོས། ད་བར་གྲོང་ཁྱེར་དེ་ཡོངས་སུ་ཁྲོམ་གཞུང4དང་། གྲོང་རྡལ9 ཤང3 ཞིང་ར1བཅས་ཡོད་པ་རེད།

སྤྱི་ལོ2000ལོའི་ཟླ12པར་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ལུའུ་ལིང་གྲོང་རྡལ་དང་། ཧེང་ཀང་ཤང་། ནན་ཆོན་ཤང་བཅས་མེད་པར་བཟོས་ནས་མེ་ཁྲོན་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ་དང་། ཐའེ་ཕིང་ཤང་ཕྱིར་འཐེན་བྱས་ནས་ཡུས་ཁྲོན་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། ཀྲེན་ཀུང་ཐ་གྲོང་རྡལ་ཕྱིར་འཐེན་བྱས་ནས་ཧྭ་ཆའོ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་པ་དང་། ལུང་ཕིང་ཁྲོམ་གཞུང་ཕྱིར་འཐེན་བྱས་ནས་ལུང་ཕིང་གྲོང་རྡལ་བཙུགས། ལོ་དེར་ཁན་ཅང་ཁྲོམ་གཞུངག་གི་ཅང་ཅ་ལིན་དང་། ཝུའུ་ཀུའུ་ཡིང་། ཞིན་ཅི། ཀྲང་ཧྲུའུ་ཞ། ཀྲུའུ་ཆི་ཝུའུ། ཀུའོ་ཡིན་ལུང་བཅས་སྲིད་འཛིན་གྲོང་ཚོ6ཝུའུ་ཅའོ་སྲང་ལམ་གྱི་མངའ་འོག་ཏུ་བཅུག ལེགས་སྒྲིག་བྱས་རྗེས་གྲོང་ཁྱེར་དེ་ཡོངས་ཀྱི་ཁོངས་གཏོགས་ཁྲོམ་གཞུང3དང་། གྲོང་རྡལ(ཞིང་ར1ཚུད་པ)8ཡོད་པ་སྟེ། ཝུའུ་ཞུའེ་ཁྲོམ་གཞུང་དང་། ཁན་ཅང་ཁྲོམ་གཞུང་། ཐེན་ཅ་གྲོང་རྡལ་ཁྲོམ་གཞུང་། མེ་ཁྲོན་གྲོང་རྡལ། ཡུས་ཁྲོན་གྲོང་རྡལ། ཧྭ་ཆའོ་གྲོང་རྡལ། ཏ་ཅིན་གྲོང་རྡལ། སི་ཝང་གྲོང་རྡལ། ཧྲི་ཧྥོ་སི་གྲོང་རྡལ། ཏ་ཧྥ་སི་གྲོང་རྡལ། ལུང་ཕིང་གྲོང་རྡལ(རྒྱལ་གཉེར་དབན་ཀྲང་མཚེའུ་ཞིང་རའི་ས་ཁོངས་ཚུད་པ)བཅས་ཡོད་པ་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཝུའུ་ཞུའེ་གྲོང་ཁྱེར་ཁོངས་སུ་ཁྲོམ་གཞུང4དང་། གྲོང་རྡལ8 གྲོང་ཚོ(སྡེ་ཁུལ)342བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 ས་དབྱིབས།   

ཝུའུ་ཞུའེ་ནི་བདེ་ཐང་རི་མ་ཐང་གཙོ་བོར་བྱས་པའི་ས་དབྱིབས་ཆགས་ཚུལ་ཡིན། བྱང་ཕྱོགས་ནི་འབྲེལ་གྱི་རི་ཆུང་ཡོད་པ་དང་། དབུས་རྒྱུད་དང་ནུབ་རྒྱུད་ནི་དེའུ་འབུར་ཡིན། ལྷོ་རྒྱུད་དང་ཤར་ལྷོ་ནི་བདེ་ཐང་ཡིན། ས་བབ་བྱང་ཕྱོགས་མཐོ་ལ་ཤར་ལྷོ་དམའ་བ་དང་། བྱང་ནས་ཤར་ལྷོ་རུ་གསེག་ཡོད། རི་དམའ་དང་རི་མ་ཐང་དུ་གཤོང་ས་དང་ལུང་ཤུར་ཁྱབ་ཡོད། བདེ་ཐང་དུའང་གཤོང་ས་ཁ་ཤས་ཁྱབ་ཡོད། རི་ཁུལ་གཙོ་བོ་གྲོང་ཁྱེར་བྱང་རྒྱུད་ཀྱི་མཐའ་ཁུལ་དུ་ཁྱབ་ཡོད་པ་དང་། རི་བོ་ཏ་པིའེ་ཧྲན་གྱི་ཡན་ལག་གཉིས་པ་ཐའེ་ཕིང་རི་བོ་དང་ཧེང་ཀང་རི་བོ་ལས་གྲུབ་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ84.53ཡོད་པ་དེས་སྤྱིའི་རྒྱ་ཁྱོན་གྱི7.04%བཟུང་ཡོད།

3_2 ནམ་ཟླ།

ཝུའུ་ཞུའེ་ནི་ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ཅན་གྱི་ནམ་ཟླ་ཡིན། གནམ་གཤིས་ཀྱི་ཁྱད་ཆོས་གཙོ་བོ་ནི། ལོ་གཅིག་གི་ནང་ཉིན་རེར་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ10གཡས་གཡོན་ཡིན་པ་དང་། རྩི་ཤིང་ཐོན་སྐྱེད་དུས་ཡུན་རིང་བ་དང་ཆར་ཆུ་འབབ་ཚད་ཅུང་མང་བ། དཔྱིད་དུས་ཀྱི་འགོ་ཚུགས་དུས་ནི་ཟླ3པའི་ཟླ་དཀྱིལ་ཡིན་པ་དང་། དབྱར་དུས་ཀྱི་འགོ་ཚུགས་དུས་ནི་ཟླ5པའི་ཟླ་སྨད་ཡིན། སྟོན་དུས་ཀྱི་འགོ་ཚུགས་དུས་ནི་ཟླ10པའི་ཟླ་སྟོད་ཡིན་པ་དང་། དགུན་དུས་འགོ་ཚུགས་དུས་ནི་ཟླ11པའི་ཟླ་སྨད་ཡིན། དབྱར་དུས་ཚ་བ་ཆེ་བ་དང་སོས་ཆར་མངོན་གསལ་དོད་པ། སྟོན་དུས་གནམ་གཤིས་དྲོ་པོ་ཡོད་པ། དགུན་དུས་ཅུང་དྲོ་པོ་ཡོད་པ། གནམ་གཤིས་དྲོ་ཞིང་བརླན་གཤེར་ལྡན་པས། ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་འཚམ་པ་ཡིན།

4 མི་གྲངས་དང་མི་རིགས།    

སྤྱི་ལོ2018ལོའི་བར་ཝུའུ་ཞུའེ་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར་ཁྲི82.34ཡོད། དེའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི62.87དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི19.48ཡོད་པ་རེད། ལོ་དེར་སྐྱེས་པའི་མི་འབོར9577དང་རྐྱེན་ལམ་དུ་ཤོར་བའི་མི་འབོར4410ཡོད།

5 དཔལ་འབྱོར་འཕེལ་རྒྱས།

སྤྱི་ལོ2018ལོར་ཝུའུ་ཞུའེ་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར300.58ཡོད་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས7.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར49.87ཡོད་པ་དང་དུས་མཚུངས་ལས་2.6%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར139.85ཡིན་པ་དང་དུས་མཚུངས་ལས8.2འཕར་བ་དེའི་ནང་བཟོ་ལས་ཀྱི་རིན་ཐང་འཕར་མ་ཡོངས་སྒོར་དུང་ཕྱུར113.58ཡིན་པ་དང་དུས་མཚུངས་ལས8.4%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར110.86ཡིན་པ་པ་དང་དུས་མཚུངས་ལས9.6%འཕར་ཡོད། དེའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་མཛོད་ཉར་དང་། སྦྲག་སྲིད། སྡེབ་ཚོང་དང་སིལ་ཚོང་། ཞག་སྡོད་དང་བཟའ་འཐུང་། དངུལ་རྩ། ས་ཁང་བདག་ཁོངས་བཅས་དང་དེ་བཞིན་ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སོ་སོར8.9%དང་། 8.9% 8.7% 7.1% 8.9% 18.6%བཅས་འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་སྤྱི་ལོ2017ལོའི19.3:47.7:33ནས16.6:46.5:36.9བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར45751ཡོད།

6 སྤྱི་ཚོགས་ཀྱི་ལས་དོན།     
6_1 སློབ་གསོ།     

སྤྱི་ལོ2018ལོར་ཝུའུ་ཞུའེ་གྲོང་ཁྱེར་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ263དང་། སློབ་ཁྲིད་འཛིན་གྲྭ3413ཡོད། སློབ་གྲྭར་ཡོད་པའི་སློབ་མ་ཁྲི13.9དང་ལས་ཐོག་དགེ་རྒན་དང་ལས་བཟོ་བ་8434བཅས་ཡོད་པ་རེད། བུ་བཅོལ་ཁང155དང་བུ་བཅོལ་ཁང་དུ་བྱིས་པ་ཁྲི2.88ཡོད། སློབ་ཆུང73དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི6.79ཡོད། སློབ་འབྲིང་དཀྱུས་མ32ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི3.68ཡོད་། འབྲིང་རིམ་ཆེད་ལས་སློབ་གྲྭ2དང་སློབ་གྲྭར་ཡོད་པའི་སློབ་མ5742ཡོད། སློབ་ཁྲིད་ཀྱི་ཆ་རྐྱེན་སྔར་ལས་ལེགས་བཅོས་བྱུང་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་ས་ཁྱོན་སྨི་གྲུ་བཞི་མ་ཁྲི་392.8ཡོད་པ་དང་། དཔེ་དེབ་ཁྲི334.8ཡོད། རྩིས་འཁོར9898ཡོད་པ་དང་། གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར13.22ཡོད་པ་རེད།

6_2 ལུས་རྩལ།     

སྤྱི་ལོ2018ལོར་ཝུའུ་ཞུའེ་གྲོང་ཁྱེར་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་རྩ་འཛུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། གྲོང་ཁྱེར་རིམ་པའི་རྣམ་གྲངས་རྐྱང་པའི་ལུས་རྩལ་མཐུན་ཚོགས(སྟོང་སྨྱུག་མཐུན་ཚོགས་དང་། ཟམ་བྱང་མཐུན་ཚོགས། ལུས་སྦྱོང་རླུང་སྒོམ་མཐུན་ཚོགས)3དང་སྤྲོ་སྐྱིད་ཁང3(གཞོན་ནུ་ལོ་ཆུང་ཅིན་ཀྲུང་སྤྲོ་སྐྱིད་ཁང་དང་། པི་ཏ་གཞོན་ནུ་ལོ་ཆུང་ལུས་རྩལ་སྤྲོ་སྐྱིད་ཁང་། ལྗང་མདོག་ཕུགས་འདུན་ལུས་རྩལ་སྤྲོ་སྐྱིད་ཁང་བཅས)བཙུགས་པ་དང་གྲོང་ཁྱེར་རིམ་པའི་ལུས་རྩལ་མཐུན་ཚོགས1ཡོད་པ་རེད། རྩལ་འགྲན་ལུས་རྩལ་ལ་ཚད་བརྒལ་གསར་པ་བྱུང་ཡོད། ལུས་རྩལ་པ18ཀྱི་འཐུས་མི་ཧོང་ཀང་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་ནང་ཞུགས་ནས་གཞོན་ནུ་ལོ་ཆུང་གི་ལུས་རྩལ་རིགས(ལུས་སྦྱོང་དང་དྲག་རྩལ)གསེར་གྱི་རྟགས་མ4དང་། དངུལ་གྱི་རྟགས་མ4 ཟངས་ཀྱི་རྟགས་མ13བཅས་ཀྱི་གྲུབ་འབྲས་ཐོབ་པ་དང་། གསེར་གྱི་རྟགས་མ་དང་། བྱ་དགའི་ཨང་གྲངས། སྤྱིའི་གྲུབ་འབྲས་བཅས་ལོ་རྒྱུས་ལས་བརྒལ་ཡོད་པ་རེད།

6_3 རིག་གནས།     

སྤྱི་ལོ2018ལོར་ཝུའུ་ཞུའེ་གྲོང་ཁྱེར་དུ་རིག་གནས་ཁང1བསྐྲུན་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི0.72ཡོད་པ་དང་། སྤྱི་པའི་དཔེ་མཛོད་ཁང1དང་ཨར་སྐྲུན་རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ་བཞི་མ་ཁྲི1.12ཡོད་པ་དང་དེབ་ཁྲི15ཡོད། རིག་གནས་དངོས་མང་སྟོན་ཚོགས་ཀྱི་ཚན་པ1དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི1.2ཡོད་པ་དང་རིག་དངོས་གསོག་ཉར་དངོས་རྫས་ཁྱོན41254ཡོད་པ་རེད། གློག་བརྙན་འགྲེམས་སྟོན་ཀུང་སི3ཡོད་པའི་ནང་ཁྲེང་ཀོན་གློག་བརྙན་ཁང2ཡོད་པ་དང་། རླུང་འཕྲིན་བརྙན་འཕྲིན་དང་ཁ་པར“གྲོང་ཚོ་ཀུན་ལ་ཁྱབ་པའི་ལས་གྲྭ”དང“གྲོང་གསེབ་ཆ་འཕྲིན་ཅན་གྱི་དཔེ་སྟོན་ལས་གྲྭ”འཕེལ་རྒྱས་བདེ་བླག་བྱུང་བ་དང་། གྲངས་འཛིན་བརྙན་འཕྲིན་སྤྱི་ཡོངས་ནས་བརྗེ་སྒྱུར་བྱུང་ཡོད། རླུང་འཕྲིན་ཁྱབ་ཚད99.19%དང་བརྙན་འཕྲིན་ཁྱབ་ཚད99.02%ཟིན་ཡོད།

6_4 འཕྲོད་བསྟེན།

སྤྱི་ལོ2018ལོར་ཝུའུ་ཞུའེ་གྲོང་ཁྱེར་དུ་འཕྲོད་བསྟེན་སྨན་བཅོས་སྒྲིག་གཞི312(སྒེར་གཉེར་དང་ཁེར་རྐྱང་ཚུད་པ)ཡོད་པ་དང་འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི3920ཡོད་པའི་ནང་སྨན་ཁང2522དང་འཕྲོད་བསྟེན་ཁང1116ཡོད་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ3520ཡོད་པའི་ནང་ལས་གཉེར་སྨན་པ1374ཡོད་པ་དང་། ནད་གཡོག1583 འཕྲོད་བསྟེན་རིམས་འགོག་མི་སྣ447བཅས་ཡོད་པ་རེད། སྨན་ཁང་དང་འཕྲོད་བསྟེན་ཁང་གི་ལག་རྩལ་མི་སྣ3435ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ1330དང་། ནད་གཡོག1445ཐོ་འགོད་བྱས་ཡོད།

7 མཚན་སྙན།

ཀྲུང་གོའི་དྲག་རྩལ་གྱི་ཕ་ཡུལ།

ཀྲུང་གོའི་སྔོ་འགྱུར་དཔེ་བཟང་རྫོང་དང་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་དངུལ་རྩའི་ཡིད་རྟོན་རྫོང་དང་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་ཤེས་ལྡན་མི་སྣའི་ལས་དོན་རྫོང་དང་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཕུལ་བྱུང་རྫོང་དང་གྲོང་ཁྱེར་།

ཧུའུ་པེ་ཞིང་ཆེན་རྒྱུ་སྤུས་བཟང་བའི་ཞིང་ཆེན་དཔེ་སྟོན་གྲོང་ཁྱེར།

ཧོང་ཀང་གྲོང་ཁྱེར་ཤེས་དཔལ་གྲོང་ཁྱེར།

རྒྱལ་ཡོངས་ཚན་རྩལ་སྔོན་ཐོན་གྲོང་ཁྱེར།

རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་རྫོང(གྲོང་ཁྱེར་དང་ཁུལ)གསར་འཛུགས་བྱེད་སྒོའི་སྔོན་ཐོན་སྡེ་ཚན།

ཧུའུ་པེ་ཞིང་ཆེན་ཤེས་དཔལ་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་གཞི་རིམ་འཕྲོད་བསྟེན་ཕྱོགས་བསྡུས་བསྒྱུར་བཅོས་དཔེ་སྟོན་རྫོང་དང་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་བློ་བདེའི་འཛད་སྤྱོད་དཔེ་སྟོན་རྫོང་དང་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་དཔེ་སྟོན་རྫོང་དང་གྲོང་ཁྱེར།

ཀྲུང་ཧྭ་སྙན་ཚིག་གི་ཕ་ས།

ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་གྲོང་ཁྱེར།

ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་རྫོང་དང་གྲོང་ཁྱེར་ཉི་ཤུའི་གྲས།

ཁག་དང་པོའི་ཧུའུ་པེ་ཞིང་ཆེན་གྱི་ཟས་རིགས་བདེ་འཇགས་དཔེ་སྟོན་རྫོང་དང་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་རྫོང་དང་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་གྱི་ཞིང་ཁའི་ཆུ་བེད་གཞི་རྩའི་འཛུགས་སྐྲུན་གྱི་སྔོན་ཐོན་རྫོང་དང་གྲོང་ཁྱེར།

སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཀྱི་སྔོན་ཐོན་རྫོང་།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གྲོང་ཁྱེར། ས་ཁོངས།