ཙེ་ཀྲོའུ་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-04-02 09:05ལ་འགྲུབ།

ཙེ་ཀྲོའུ་རྫོང་།

ཙེ་ཀྲོའུ་རྫོང་།
ཙེ་ཀྲོའུ་རྫོང་ནི་ཧྲན་ཞི་ཞིང་ཆེན་ཅིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་ཧྲན་ཞི་ཞིང་ཆེན་གྱི་ཤར་ལྷོའི་མཚམས་དང་ཐའེ་ཧང་རི་བོའི་ལྷོ་རྒྱུད། ཅིན་ཡུས་ཞིང་ཆེན་བཅས་ཀྱི་འབྲེལ་མཚམས་སུ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
泽州县
མི་གྲངས།
ཁྲི52.6
དབྱིན་ཡིག་གི་མིང་།
Zezhou County
ཡུལ་སྐད།
ཅིན་སྐད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པ།
ནམ་ཟླ།
དྲོད་ཁུལ་ཕྱེད་ཙམ་དང་བརླན་གཤེར་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཧྲན་ཞི་ཞིང་ཆེན་ཅིན་གྲོང་གྲོང་ཁྱེར།
རླངས་འཁོར་ཚབ་ཨང་།
ཅིནE(晋E)
ས་ཁོངས་ཁ་པར་ཨང་རྟགས།
0356
GDP
དུང་ཕྱུར217.3ཟིན།
སྦྲག་སྲིད་ཨང་རྟགས།
048012
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2023ཡོད།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1948ལོའི་ཟླ10པར་ཅིན་ཁྲེང་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་གཏོགས་ཤིང་ཧྭ་པེ་མི་དམངས་སྲིད་གཞུང་གིས་བདག་སྐྱོང་བྱས།  

སྤྱི་ལོ1985ལོའི་ཟླ5པར་ཅིན་གྲོང་གྲོང་ཁྱེར་གྱིས་འགོ་ཁྲིད་བྱས།     

སྤྱི་ལོ1996ལོའི་ཟླ8པར་གྲོང་ཁྱེར་གྱི་མིང་ལ་ཙེ་ཀྲོའུ་རྫོང་ཟེར་ཞིང་ཧྲན་ཞི་ཅིན་གྲོང་གྲོང་ཁྱེར་གྱིས་འགོ་ཁྲིད་བྱས།

སྤྱི་ལོ2018ལོར་ཙེ་ཀྲོའུ་རྫོང་མི་དམངས་སྲིད་གཞུང་ཅིན་ཁྲེང་གྲོང་ཁུལ་ནས་ཅིན་ཀྲེན་གྲོང་རྡལ་དུ་སྤོས། 

2 སྲིད་འཛིན་ས་ཁོངས།   

སྤྱི་ལོ2014ལོའི་ལོ་འགོ་བར་ཙེ་ཀྲོའུ་རྫོང་གི་ཁོངས་གཏོགས་སུ་ཅིན་ཀུང་གྲོང་རྡལ་དང་། པ་ཀུང་གྲོང་རྡལ། ཏ་དབྱང་གྲོང་རྡལ། ཀའོ་ཏུའུ་གྲོང་རྡལ། ནན་ཏུའུ་གྲོང་རྡལ། ལི་ཁྲོན་གྲོང་རྡལ། ཅིན་མིའོ་ཕུའུ་གྲོང་རྡལ། ཀྲོའུ་ཀྲེན་གྲོང་རྡལ། ཏ་ཏུང་ཀོའུ་གྲོང་རྡལ། ཞ་ཏུང་གྲོང་རྡལ། པེ་དབྱི་གྲོང་རྡལ། ལིའུ་ཁོའུ་གྲོང་རྡལ། ཧྲན་ཧོ་གྲོང་རྡལ། ཏ་ཙི་གྲོང་རྡལ་བཅས་གྲོང་རྡལ14དང་། ནན་ལིང་ཡུལ་ཚོ། ཁྲོན་ཏི་ཡུལ་ཚོ། ལི་ཀྲའེ་ཡུལ་ཚོ་བཅས་ཡུལ་ཚོ3ཡོད། 

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཙེ་ཀྲོའུ་རྫོང་བྱང་ཤར་དུ་ལིང་ཁྲོན་རྫོང་དང་འབྲེལ་ཞིང་ལྷོ་དང་ཤར་ལྷོ་ནི་ཧོ་ནན་ཞིང་ཆེན་ཤིན་ཤང་གྲོང་ཁྱེར་དང་། ཧོ་ནན་ཞིང་ཆེན་ཅའོ་ཙུའོ་གྲོང་ཁྱེར་ཤིའུ་ཝུའུ་རྫོང་། པོ་ཨའེ་རྫོང་། ཆིན་དབྱང་གྲོང་ཁྱེར། ཅི་ཡོན་གྲོང་ཁྱེར་བཅས་ཀྱི་འབྲེལ་མཚམས་ཡིན་པ་དང་། ནུབ་ངོས་དབྱང་ཁྲེང་རྫོང་བཅས་དང་འབྲེལ་ཡོད་ཅིང་། ནུབ་བྱང་ཆིན་ཧྲུའེ་རྫོངདང་ཀའོ་ཕིན་གྲོང་ཁྱེར་དང་ས་མཚམས་འབྲེལ་ནས་ཡོད་ལ། བྱང་གི་འཕྲེད་ཐིག 35°12′一35°42′བར་དང་ཤར་གྱི་གཞུང་ཐིག112°31′,一113°14′བར་དུ་གནས་ཡོད། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ58.85དང་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ་62.75ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2023ཡོད་པ་དེས་ཧྲན་ཞི་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི1.2%ཟིན་པ་དང་ཅིན་གྲོང་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་གྱི21.3%ཟིན་ཡོད། ཙེ་ཀྲོའུ་ཡི་བྱང་དུ་ཧྲང་ཏང་དང་། ལྷོ་རུ་ཀྲུང་ཡོན། ཤར་དུ་ཅི་ལུའུ། ནུབ་ཏུ་ལུའོ་དབྱང་བཅས་ཡོད།

3_2 ནམ་ཟླ།    

ཙེ་ཀྲོའུ་རྫོང་ནི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་མངོན་གསལ་དོད་པ་དང་དུས་བཞིའི་དབྱེ་བ་གསལ་པོ་ཡོད་ཅིང་། སྤྱིར་བཏང་དུ་དཔྱིད་དུས་ཐན་པ་ཆེ་ལ་མང་མང་བ་དང་། དབྱར་དུས་ཚ་བ་ཆེ་བ་དང་ཆར་བ་མང་། སྟོན་དུས་གནམ་གཤིས་དྲོ་ཞིང་དགུན་དུས་གྲང་ངར་ཆེ་བ་དང་སྐམ་ཤས་ཆེ་བ་བཅས་རེད། ཙེ་ཀྲོའུ་རྫོང་གི་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ10ནས11བར་ཡིན་པ་དང་། དྲོད་ཚད་སྤྱིའི་ཁྱབ་ཚུལ་ནི་ལྷོ་ནས་བྱང་བར་རིམ་བཞིན་མར་ཆག་པ་དང་། གཞོང་ས་ནི་བདེ་ཐང་ནས་རི་ཁུལ་ལ་ཇེ་ཉུང་དུ་སོང་ཞིང་ཙེ་ཀྲོའུ་རྫོང་དུ་ལོ་མང་རིང་སད་མེད་དུས་ཉིན192.6ཡིན་པ་དང་མང་ཤོས་ཉིན226ཡིན། ཆར་ཆུ་འབབ་ཚད་ཀྱི་ཁྱབ་ཁོངས་ཀྱི་སྤྱིའི་འཕེལ་ཕྱོགས་ནི་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་རིམ་འཕར་བྱུང་བ་དང་། རི་ཁུལ་དེ་ཕིང་ཁྲོན་དང་དེའུ་འབུར་ལས་མང་ཞིང་ལྷོ་རྒྱུད་དང་ཤར་ལྷོའི་རི་ཁུལ་ནི་བྱང་རྒྱུད་དང་དབུས་རྒྱུད་ས་ཁུལ་ལས་ཆེ། ཆར་ཆུ་འབབ་ཚད་གཙོ་བོ་དབྱར་ཁར་ཁྱབ་ཡོད་པ་དང་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི60%ཟིན།

3_3 ཆུ་དཔྱད།     

ཙེ་ཀྲོའུ་རྫོང་ཁོངས་ཀྱི་ཆུ་བོ་གཙོ་བོ་ནི་ཆིན་ཧོ་གཙང་པོ་དང་ཏན་ཧོ་གཙང་བོའི་འབབ་རྒྱུད་ཆེན་པོ་གཉིས་ཡིན། ཆིན་ཧོ་གཙང་བོའི་ཆུ་ལག་གཙོ་བོ་ནི་ཁྲང་ཧོ་གཙང་པོ་དང་། པའེ་ཧྲུའེ་གཙང་བོ། སུང་ཁྲོན་གཙང་བོ། ལུང་ཝན་གཙང་བོ། ཧྥན་ཧོ་གཙང་བོ་བཅས་ཡིན་པ་དང་། ཏན་ཧོ་གཙང་བོའི་ཆུ་ལག་གཙོ་བོ་ནི་ཏུང་ཏན་གཙང་བོ་དང་། ཏུང་ཏ་ཧོ་གཙང་བོ། པ་ཀུང་གཙང་བོ་སོགས་ཡིན། གཞུང་རྒྱུན་མང་ཆེ་བ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་བཞུར་བ་དང་། དེའི་ཡན་ལག་བཞུར་རྒྱུན་མང་ཆེ་བ་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་བཞུར་བ་རེད། ཙེ་ཀྲོའུ་རྫོང་གི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར3.54ཟིན་པའི་ནང་གཙང་བོའི་་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར3.37ཟིན་པ་དང་། ས་འོག་གི་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2.54ཟིན། བསྐྱར་ཟློས་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2.37ཟིན་པ་བཅས་རེད། གསར་སྤེལ་བེད་སྤྱོད་ཆོག་པའི་ཐོན་ཁུངས་ཀྱི་འབོར་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1.11ཟིན། 

4 མི་འབོར།    

སྤྱི་ལོ2017ལོར་ཙེ་ཀྲོའུ་རྫོང་གི་རྒྱུན་སྡོད་མི་འབོར494681ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི2892མང་དུ་ཕྱིན་ཡོད། ལོ་ཧྲིལ་པོར་རྫོང་ཡོངས་ཀྱི་གསར་སྐྱེས་མི་འབོར5368ཡོད་པ་དང་མི་འབོར་སྐྱེ་ཚད10.88%ཟིན། རྐྱེན་ལམ་དུ་ཤོར་བའི་མི་འབོར2476དང་ཚེ་ལས་འདས་ཚད5.02ཟིན་ནས་རང་བྱུང་འཕར་ཚད5.86%ལ་སླེབས་ཡོད། གསར་སྐྱེས་མི་འབོར་གྱི་ཕོ་མོའི་བསྡུར་ཚད103.10ཡིན། 

5 མི་རིགས།   

ཙེ་ཀྲོའུ་རྫོང་ནི་གནའ་རབས་སུ་མི་རིགས་མང་པོའི་འདུས་སྡོད་ཁུལ་ཡིན་པ་དང་རྗེས་སུ་རིམ་བཞིན་རྒྱ་རིགས་དང་མཉམ་འདྲེས་བྱུང་ཡོད། ད་ལྟའི་མི་འབོར་ཁྲོད་རྒྱ་རིགས་ཀྱིས99.5%ཟིན་པ་དང་། ཧུའེ་རིགས་དང་། སོག་རིགས། མན་ཇུ་རིགས། ཁྲའོ་ཞན་རིགས། པུའུ་དབྱི། མིའོ་རིགས། པའེ་རིགས། ཐུའུ་རིགས། ཀྲོང་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་སྤྱིའི་མི་འབོར་གྱི0.5%ལས་ཟིན་གྱིན་མེད་པ་དང་མང་ཆེ་བ་ལས་ཀའམ་ཡང་ན་གཉེན་སྒྲིག་སོགས་ཀྱིས་རྐྱེན་པས་ས་གནས་དེ་གར་གནས་སྤོ་བྱས་ཡོད། གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲོད་ཧུའེ་རིགས་ཀྱིས་མང་ཆེ་བ་ཟིན་ཡོད། སྤྱི་ལོ1982ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་བྱེད་སྐབས། མངའ་ཁོངས་ནང་གི་མི་གྲངས་བསྡོམས་འབོར437642ཡོད་པ་དང་དེའི་ནང་རྒྱ་རིགས་མི་གྲངས437419ཡོད་པ་དང་། ཧུའེ་རིགས་མི་གྲངས218ཡོད། དབྱི་རིགས་དང་ཀྲོང་རིགས། མན་ཇུ་རིགས། པའེ་རིགས། འཇང་རིགས་བཅས་སོ་སོར་མི1ཡོད།     

6 དཔལ་འབྱོར། 

སྤྱི་ལོ2017ལོར་ཙེ་ཀྲོའུ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར252.6ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས5.7%འཕར་ཡོད་ལ། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར14.3ཟིན་ནས2.5%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི5.7%བཟུང་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར159.5ཟིན་ནས4.2%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད63.1%བཟུང་བའི་ནང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར153.7ཟིན་ནས4.1%འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར78.7ཟིན་ནས9.4%འཕར་ནས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད31.2%ཟིན་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར51208ཟིན་པ་དང་། སྤྱི་ལོ2017ལོའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ན་ཨ་སྒོར7584ཟིན་ཡོད། སྤྱི་ལོ2017ལོར་ཙེ་ཀྲོའུ་རྫོང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར15.3ཟིན་ནས23.4%འཕར་བ་དང་འབབ་འཕར་སྒོར་དུང་ཕྱུར2.9བྱུང་ཡོད། ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར10.6ཟིན་ནས52.5%འཕར་བ་དེའི་ནང་རྒྱལ་ནང་གི་གནས་ཐང་འཕར་ཁྲལ་དང་། ཁེ་ལས་ཀྱི་ཐོབ་ཁྲལ། མི་སྒེར་གྱི་འབབ་ཁྲལ། ཐོན་ཁུངས་ཀྱི་དཔྱ་ཁྲལ། གྲོང་ཁྱེར་འཛུགས་སྐྲུན་གྱི་དཔྱ་ཁྲལ་བཅས་ཁྱོན་ཁྲལ་འབབ་སྒོར་དུང་ཕྱུར9.2ཟིན་ནས63.2%འཕར་ཡོད། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར29.4ཟིན་ནས5.1%འཕར་ནས་སྒོར་དུང་ཕྱུར1.4འཕར་ཡོད། དེའི་ནང་སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར5.7ཡིན་པས4.6%མར་ཆག་པ་དང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར3.5ཡིན་པས10.6%མར་ཆག སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར4.3ཡིན་པས5.6%འཕར། ཞིང་ནགས་ཆུ་གསུམ་གྱི་གཏོང་སྒོ་སྒོར་དུང་ཕྱུར4.8བཏང་ནས6.3%མར་ཆག་ཡོད། དམངས་འཚོའི་གཏོང་སྒོས་རྫོང་ཡོངས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོའི་བསྡུར་ཚད་ཀྱི70.8%ཟིན་ཡོད། 

7 སྤྱི་ཚོགས་ལས་རིགས།
7_1 སློབ་གསོའི་བྱ་གཞག  

སྤྱི་ལོ2017ལོར་ཙེ་ཀྲོའུ་རྫོང་དུ་བུ་བཅོལ་ཁང81དང་སློབ་ཆུང141 དམའ་རིམ་དང་སློབ་འབྲིང31 མཐོ་རིམ་སློབ་འབྲིང4 ལེགས་གྲུབ་ཟིན་པའི་སློབ་འབྲིང1མཐོ་རིམ་ལས་རིགས་སློབ་འབྲིང2 དགེ་རྒན་ཟབ་སྦྱོང་སློབ་གྲྭ1 དམིགས་བསལ་སློབ་གསོའི་སློབ་གྲྭ1བཅས་ཡོད། ལོ་མཇུག་ཏུ་རྫོང་ཡོངས་སུ་ཁྱོན་རིམ་པ་ཁག་དང་རིགས་ཁག་གི་སློབ་ཞུགས་སློབ་མ46959ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི3385ཉུང་དུ་ཕྱིན། སློབ་མ13552བསྡུས་པ་དེ་ལོ་སྔོན་མ་ལས1178ཉུང་དུ་ཕྱིན། སློབ་ཐོན་སློབ་མ14862ཡོད་པ་དེ་ལོ་སྔོན་མ་ལས་མི819ཉུང་དུ་ཕྱིན། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་དགེ་རྒན་དང་ལས་བཟོ4601ཡོད། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%དང་སློབ་ཆུང་དང་དམའ་འབྲིང་གི་སློབ་རིམ་འཕར་ཚད་ཆ་སྙོམས100%ཟིན།

7_2 ཚན་རིག་ལག་རྩལ།     

སྤྱི་ལོ2017ལོར་ཙེ་ཀྲོའུ་རྫོང་གིས་ཁེ་བེད་བདག་ཐོབ94རེ་ཞུ་བྱས་པ་རེད། དེའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད62དང་དངོས་སྤྱོད་དཔེ་གསར་གྱི་ཁེ་བེད་བདག་ཐོབ32དང་ནུས་ལྡན་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ29ཡོད།     

7_3 རིག་གནས་ལས་རིགས།     

སྤྱི་ལོ2017ལོར་ཙེ་ཀྲོའུ་རྫོང་དུ་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ7ཡོད་པ་དང་། ཐོག་མའི་འཁྲབ་སྟོན་འཁྲབ་ཚན1གསར་རྩོམ་བྱས་ཤིང་། ལོ་དེར་འཁྲབ་ཚན45ལྷག་ཙམ་འཁྲབ་སྟོན་བྱས། འཁྲབ་སྟོན་ཐེངས2550ལྷག་ཙམ་བྱས། ཡོང་འབབ་སྒོར་ཁྲི520ཟིན་པ་བཅས་ཀྱི་ནང་ཟློས་གར་ཚོགས་པ2དང་། ལོ་འདིར་འཁྲབ་ཚན24འཁྲབ་སྟོན་བྱས། འཁྲབ་སྟོན་ཐེངས505བྱས་པ་བཅས་ལ་ཡོང་འབབ་སྒོར་ཁྲི405བྱུང་བ་དང་གཞས་མ་གཏམ་རུ་ཁག1དང་ལོ་དེའི་འཁྲབ་ཚན20འཁྲབ་སྟོན་བྱས་པ་དང་འཁྲབ་སྟོན་ཐེངས560ལྷག་ཙམ་བྱས་པར་ཡོང་འབབ་སྒོར་ཁྲི3.1བྱུང་ཡོད། རྫོང་ཡོངས་སུ་སྤྱི་པའི་རིག་གནས་ཁང1དང་སྤྱི་པའི་དཔེ་མཛོད་ཁང1 ཡུལ་ཚོ་དང་གྲོང་རྡལ་རིག་གནས་ས་ཚིགས17 གྲོང་ཚོ་རིམ་པའི་ཞིང་པའི་དཔེ་དེབ་ཁང632བཅས་ཡོད་པ་དང་དཔེ་དེབ་ཁྲི113ཙམ་ཉར་ཚགས་བྱས་ཡོད་པ་རེད། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས1དང་བརྙན་འཕྲིན་ལས་ཁུངས1བཅས་ཡོད། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི8ཟིན་ཡོད། དེའི་ནང་ཨང་ཀིའི་བརྡ་རྟགས་སྤྱོད་མཁན་ཁྲི4བསྡུ་ལེན་བྱས་པ་རེད། བརྙན་འཕྲིན་མི་འབོར་གྱི་ཕྱོགས་བསྡུས་ཁྱབ་ཚད100%དང་སྐུད་ཡོད་བརྙན་འཕྲིན་དུད་ཚང་དུ་ཁྱབ་ཚད99%ཟིན།     

7_4 འཕྲོད་བསྟེན་ལས་རིགས།  

སྤྱི་ལོ2017ལོར་ཙེ་ཀྲོའུ་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི(སྨན་ཁང་ཚུད་པ)713ཡོད་པའི་ནང་རྫོང་སྨན་ཁང1དང་། རྫོང་མ་བུ་འཕྲོད་བསྟེན་སྨན་ཁང1ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)1འཕྲོད་བསྟེན་ལྟ་སྐུལ་སུའོ1 ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང26 གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང648 སྨན་བཅོས་ཁང35བཅས་ཡོད་པ་རེད། རྫོང་ཡོངས་སུ་ཁྱོན་ཉལ་ཁྲི2133དང་འཕྲོད་བསྟེན་ལག་རྩལ་མི་སྣ1893ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ841དང་སྨན་གཡོག607ཐོ་འགོད་བྱས་ཡོད། རྫོང་དང་ཡུལ་ཚོ། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོས་ལས་ཁུངས་ཀྱི་ཚད་གཞི་ལོན་ཚད་བརྒྱ་ཆ100ཟིན་པ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་ལ་ཞུགས་ཚད་བརྒྱ་ཆ99.8ཟིན་ཡོད།    

7_5 ལུས་རྩལ་བྱ་གཞག     

སྤྱི་ལོ2017ལོར་ཙེ་ཀྲོའུ་རྫོང་གིས་རིམ་པ་ཁག་དང་རིགས་ཁག་གི་ལུས་རྩལ་འགྲན་བསྡུར་ཐེངས10ལྷག་ཙམ་གཉེར་བ་དང་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་ལུས་རྩལ་པ9000ལྷག་ཙམ་ཡོད་པ་རེད། ལུས་རྩལ་པར་གྲོང་ཁྱེར་རིམ་པ་ཡན་གྱི་འགྲན་བསྡུར་གལ་ཆེན་ནང་གསེར་གྱི་རྟགས་མ་དང་། དངུལ། ཟངས་ཀྱི་རྟགས་མ་བཅས2དང33བཅས་ཐོབ་པ་རེད། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྔར་བས་རྣམ་པ་སྣ་ཚོགས་སུ་གྱུར་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ལོ་ཧྲིལ་པོར་རྫོང་ཡོངས་ཀྱི་ལུས་རྩལ་སྦྱོང་བརྡར་གྱི་ཚད་གཞི་ལོན་པའི་མི་གྲངས་ཁྲི37ཟིན།     

7_6 སྤྱི་ཚོགས་འགན་སྲུང་།     

སྤྱི་ལོ2017ལོར་ཙེ་ཀྲོའུ་རྫོང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན25337ཟིན་པ་དེ་ལོ་སྔོན་མའི་ལོ་མཇུག་ལས་མི3625འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི297773ཟིན་པ་དང་མི473མང་དུ་ཕྱིན། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་མི35822ཡོད་པ་དང་མི622མང་དུ་སོང་ཡོད། རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་ལམ་ལུགས་བསྡུ་སྒྲིལ་དང་ཟླ་སྒྲིལ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི411279ཟིན། ལས་ཤོར་འགན་བཅོལ་ནང་ཞུགས་མཁན24038ཟིན་ནས་མི500མང་དུ་ཕྱིན། ལས་རྨས་འགན་བཅོལ་ནང་ཞུགས་མཁན63201ཡོད་པ་ལས་མི879ཉུང་དུ་ཕྱིན། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི28500ཟིན་ནས་མི500མང་དུ་ཕྱིན།  སྤྱི་ལོ2017ལོར་ཙེ་ཀྲོའུ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་ཚོགས་འགན་ལེན་ཁྱབ་ཚད99.1%ཟིན་པའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཁྱབ་ཚད100%ཟིན་པ་དང་ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་ཁྱབ་ཚད99.4%ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཁྱབ་ཚད99.8%ཟིན། བུ་བཙའི་འགན་བཅོལ་ཁྱབ་ཚད99.7%ཟིན་ནས་ལས་ཤོར་འགན་བཅོལ་ཁྱབ་ཚད99.1%ཟིན་པ་བཅས་རེད།  སྤྱི་ལོ2017ལོར་ཙེ་ཀྲོའུ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་མི་གྲངས987ཡོད་པ་དང་དུད་ཚང867འགན་ལེན་བྱས་ཡོད། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས8360ཟིན་པ་དང་དུད་ཚང5575འགན་ལེན་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས7293གསར་དུ་འཕར་སྣོན་བྱུང་བ་དང་ལས་གནས་ལས་བྲལ་ནས་ལས་ཞུགས་བསྐྱར་མའི་མི་གྲངས839ལ་སླེབས་ཡོད། དེའི་ནང་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི257བཀོད་སྒྲིག་བྱས་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད0.6%ཟིན།     

7_7 རྨང་གཞིའི་སྒྲིག་བཀོད།    

སྤྱི་ལོ2017ལོར་ཙེ་ཀྲོའུ་རྫོང་གི་སྦྲག་ཏར་ལས་སྒོའི་བསྡོམས་འབོར་སྒོར་ཁྲི21521.1ཟིན་ཡོད་ལ། དེའི་ནང་སྦྲག་སྲིད་ལས་སྒོའི་བསྡོམས་འབོར་སྒོར་ཁྲི3421.1ཟིན་པ་དང་གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་ཁྲི18100ཟིན། གྲོང་གསེབ་ཀྱི་གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང་ཁྲི2.9ཟིན་པ་དང་སྒུལ་བདེའི་ཁ་པར་སྤྱོད་མཁན་ལོ་མཇུག་ཏུ་དུད་ཚང་ཁྲི30.8ཟིན། རྫོང་ཡོངས་ཀྱི་དྲ་ཆེན་སྤྱོད་མཁན་དུད་ཚང་ཁྲི8.2ལ་སླེབས་ཡོད། སྤྱི་ལོ2017ལོར་རྩེད་ཆུའི་རྫོང་དུ་ཁྱོན་ཡུལ་སྐོར་མཛེས་ལྗོངས་ཁུལ(གནས)6ཡོད་པའི་ནངA4རིམ་པའི་མཛེས་ལྗོངས་ཁུལ1དངA3རིམ་པའི་མཛེས་ལྗོངས་ཁུལ3ཡོད་པ་རེད། ཁྱོན་སྐར་མ་རིམ་པའི་གསོལ་མགྲོན་ཁང4ཡོད་པ་དེའི་ནང་སྐར་མ་བཞི་ཅན་གྱི་ཁྱིམ་ཚང3དང་སྐར་མ་གསུམ་ཅན་གྱི་ཟ་ཁང1 ཞིང་པའི་སྤྲོ་སྐྱིད་ཁང219བཅས་ཡོད། ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི1030.8ལ་སྣེ་ལེན་ཞུས་པའི་ནང་ཕྱི་རྒྱལ་དུ་ཡུལ་སྐོར་བ་མི་ཐེངས་ཁྲི0.3ལ་སྣེ་ལེན་ཞུས་པ་རེད། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར94.5ཟིན་པའི་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་གྱི་ཕྱི་དངུལ་ཨ་སྒོར་ཁྲི163.4ཟིན་ཡོད། 

དཔྱད་གཞིའི་ཡིག་ཆ།