ལིན་ཁྲོན་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-04-01 08:56ལ་འགྲུབ།

ལིན་ཁྲོན་རྫོང་།

ལིན་ཁྲོན་རྫོང་།
ལིན་ཁྲོན་རྫོང་ནི་ཧྲན་ཞི་ཞིང་ཆེན་ཅིན་གྲོང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་ཧྲན་ཞི་ཞིང་ཆེན་གྱི་ཤར་ལྷོའི་མཚམས་སུ་གནས་ལ། ནུབ་ཕྱོགས་སུ་ཀའོ་ཕིན་ལེན་དང་ལྷོ་ནུབ་ཏུ་ཙེ་ཀྲོའུ་རྫོང། བྱང་དུ་ཧུའུ་ཀོན་འགག་སྒོ་དང་ཁྲང་ཀྲི། ཤར་དང་ལྷོ་ནི་ཧོ་ནན་ཞིང་ཆེན་བཅས་དང་ས་མཚམས་འབྲེལ་ཞིང་། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1751ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陵川县
མི་གྲངས།
233719
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པ།
ཡུལ་སྐད།
ཅིན་སྐད།
ཁོངས་གཏོགས་ས་ཁུལ།
ཧྲན་ཞི་ཞིང་ཆེན་ཅིན་གྲོང་གྲོང་ཁྱེར།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1751ལྷག་ཡོད།
རླངས་འཁོར་ཚབ་ཨང་།
ཅིནE(晋E)
སྲིད་འཛིན་ཚབ་ཨང་།
140524
1 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2013ལོར་ལིན་ཁྲོན་རྫོང་ཁོངས་གཏོགས་སུ་གྲོང་རྡལ7ཡོད་དེ། ཁྲུང་ཝུན་གྲོང་རྡལ་དང་། ལི་དབྱི་གྲོང་རྡལ། ཤིས་ཧོ་ཏི་གྲོང་རྡལ། ཕིང་ཕིང་གྲོང་རྡལ། དབྱང་ཀྲེན་གྲོང་རྡལ། ཆི་ཀྲེན་གྲོང་རྡལ་བཅས་ཡིན་པ་རེད། ཡུལ་ཚོ5ནི་ཆིན་ཅ་ཀྲོང་ཡུལ་ཚོ་དང་། ཏུའོ་ཧུའོ་ཡུལ་ཚོ། མ་ཧུའེ་ཏང་ཡུལ་ཚོ། ཀུའུ་ཅི་ཡུལ་ཚོ། ལིའུ་ཆོན་ཡུལ་ཚོ་བཅས་ཡིན་ཞིང་སྲིད་འཛིན་གྲོང་ཚོ377ཡོད།     

2 མི་འབོར་དང་མི་རིགས།
2_1 མི་འབོར།    

སྤྱི་ལོ2013ལོར་མི་འབོར་དཔེ་འཐེན་བརྟག་དཔྱད་བྱས་པར་གཞིགས་ན་ལོ་མཇུག་ཏུ་ལིན་ཁྲོན་རྫོང་གི་རྒྱུན་སྡོད་མི་འབོར233719ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར86376དང་གྲོང་གསེབ་ཀྱི་མི་འབོར146983ཡོད་པ་རེད། སྤྱི་ལོ2013ལོར་ལིན་ཁྲོན་རྫོང་དུ་སྐྱེས་པའི་མི་འབོར2233ཟིན་པ་དང་མི་འབོར་སྐྱེ་ཚད9.58%ཟིན། རྐྱེན་ལམ་དུ་ཤོར་བའི་མི་འབོར1467དུ་སླེབས་ནས་ཚེ་ལས་འདས་ཚད6.29%ཟིན། རང་བྱུང་འཕར་ཚད3.29%དང་ཕོ་མོའི་བསྡུར་ཚད107.01(བུད་མེད་ཀྱི་མི་འབོར100)བཅས་ཟིན།     

2_2 མི་རིགས།     

ལིན་ཁྲོན་རྫོང་གི་མི་རིགས་ནི་རྒྱ་རིགས་གཙོ་བོ་ཡིན་པ་དང་། གྲངས་ཉུང་མི་རིགས་ལ་ཧུའེ་རིགས་དང་སོག་རིགས་སོགས་ཡོད།    

3 ས་ཁམས་ཁོར་ཡུག     
3_1 གནས་ཡུལ། 

ལིན་ཁྲོན་རྫོང་ནི་ཧྲན་ཞི་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་ཆགས་ཡོད་པ་དང་ཅིན་གྲོང་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་ཆགས་ཡོད་ཅིང་། ཐའེ་ཧང་ཧྲན་རི་བོའི་ལྷོ་འདབས་སུ་ཆགས་ཡོད་པ་དང་། བྱང་དུ་ཁྲང་ཀྲི་གྲོང་ཁྱེར་གྱི་ས་མཚམས་སུ་ཡོད། ཤར་ལྷོར་ཧོ་ནན་ཞིང་ཆེན་གྱི་ལིན་རྫོང་། ཞིའུ་ཝུའུ་བཅས་དང་ཁྱིམ་མཚེས་ཡིན་ཞིང་། སྤྱི་ལོ2013ལོར་ལིན་ཁྲོན་རྫོང་ཁོངས་གཏོགས་སུ་གྲོང་རྡལ7དང་ཡུལ་ཚོ5ཡོད་པ་དང་ལིན་ཁྲོན་རྫོང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1751ཡོད།    

3_2 ས་དབྱིབས།     

ལིན་ཁྲོན་རྫོང་ནི་བྱང་ཤར་གྱི་མཐོ་ཚད་དང་ལྷོ་ནུབ་ཀྱི་ས་བབ་དམའ་བའི་ས་ཁུལ་ཞིག་ཡིན་པ་དང་ཤར་བྱང་གི་རི་བོ་མཐོ་ཤོས་པན་ཧྲན་ཡིན་ལ། རྒྱ་མཚོའི་ངོས་ལས་སྨི1797.9ཡོད་པ་དང་། ལྷོ་རྒྱུད་ཀྱི་དམའ་ཤོས་ནི་ཀན་ཧོ་ཡིན་ཞིང་རྒྱ་མཚོའི་ངོས་ལསསྨི་691ཡོད། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1058ཡོད། ལིན་ཁྲོན་རྫོང་གི་ཤར་རྒྱུད་ནི་ཧྲི་ཧྲན་རི་ཁུལ་ཡིན་པ་དང་དབུས་རྒྱུད་ནི་ཐུའུ་ཧྲི་རི་མ་ཐང་ཁུལ་ཡིན་ལ་ལྷོ་ནུབ་ནི་ཕིན་ཁྲོན་ཁུལ་ཡིན།     

3_3 ནམ་ཟླ།    

ལིན་ཁྲོན་རྫོང་གི་གནམ་གཤིས་དྲོ་ཞིང་གྲང་ངར་ཆེ་བས་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཅུང་མངོན་གསལ་ཡིན། སད་རྒྱག་པའི་དུས་ཡུན་ནི་ཉིན160ཡིན་པ་དང་ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི600~700ཡིན། ཏུའུ10℃ཡིས་ཕན་ནུས་ལྡན་པའི་དྲོད་ཚད2755℃ཡིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད7.9℃ཡས་མས་དང་དགུན་དྲོ་ཞིང་དབྱར་བསིལ་བའི་ཁྱད་ཆོས་ལྡན། 

4 དཔལ་འབྱོར།

སྤྱི་ལོ2013ལོར་ལིན་ཁྲོན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར32.3ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2012ལོ་ལས8%འཕར་ཡོད་ལ། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར4.5ཟིན་པ་དེ་སྤྱི་ལོ2012ལོ་ལས7.3%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི13.9%བཟུང་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར10.9ཟིན་པ་དེ་སྤྱི་ལོ2012ལོ་ལས11.5%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི33.8%བཟུང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར16.9ཟིན་པ་དེ་སྤྱི་ལོ2012ལོ་ལས5.4%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད52.3%བཟུང་ཡོད། ཐོན་ལས་གསུམ་པའི་ནང་དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར1.82ཟིན་ནས་སྤྱི་ལོ2012ལོ་ལས6.6%འཕར་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་མཛོད་ཉར། སྦྲག་ལས་བཅས་ཀྱི་འཕར་ཐང་སྒོར་དུང་ཕྱུར3.86ཟིན་པ་དེ་སྤྱི་ལོ2012ལོ་ལས6.7%འཕར། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.64ཡིན་པ་དེ་སྤྱི་ལོ2012ལོ་ལས5.8%འཕར། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.76ཟིན་པ་དེ་སྤྱི་ལོ2012ལོ་ལས8.7%འཕར། ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གཞན་དག་གི་རིན་ཐང་འཕར་མ་སྒོར་དུང་ཕྱུར2.47ཟིན་པ་དེ་སྤྱི་ལོ2012ལོ་ལས7.2%འཕར།     

4_1 ཐོན་ལས་དང་པོ།     

སྤྱི་ལོ2013ལོར་ལིན་ཁྲོན་རྫོང་གི་ལོ་ཧྲིལ་པོའི་ཞིང་ལས་སྐྱེ་དངོས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང22534ཟིན་པའི་ནང་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང20882ཟིན་པ་དེ་སྤྱི་ལོ2012ལོ་ལས་སྤྱི་ཆིང310ཉུང་དུ་ཕྱིན་ཡོད། འབྲུ་རིགས་འདེབས་པའི་རྒྱ་ཁྱོན་ནང་མ་རྨོས་ལོ་ཏོག་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང17399དང་གྲོ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང278ཡོད་པ་རེད། སྤྱི་ལོ2013ལོར་ལིན་ཁྲོན་རྫོང་གི་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི11.83ཟིན་པ་དེ་སྤྱི་ལོ2012ལོ་ལས3.43%མར་ཆག་པ་དང་། དེའི་ནང་དབྱར་འབྲུའི་ཐོན་ཚད་ཏུན791ཟིན་པ་དེ་སྤྱི་ལོ2012ལོ་ལས24.5%མར་ཆག་པ་དང་། སྟོན་ཁའི་དུས་སུ་འབྲུ་རིགས་ཏུན་ཁྲི11.75ཟིན་པ་དེ་སྤྱི་ལོ2012ལོ་ལས3.3%མར་ཆག་ཡོད། སྤྱི་ལོ2013ལོར་ལིན་ཁྲོན་རྫོང་གི་ལོ་ཧྲིལ་པོའི་སྣུམ་རྒྱུ་ཐོན་ཚད་ཏུན1011ཟིན་པ་དེ་སྤྱི་ལོ2012ལོ་ལས0.8%འཕར་བ་དང་། སྨན་རྒྱུ་ཐོན་ཚད་ཏུན3289ཟིན་པ་དེ་སྤྱི་ལོ་སྤྱི་ལོ2012ལོ་ལས52.8%འཕར། ཤིང་འབྲས་ཐོན་ཚད་ཏུན2137ཟིན་པ་དེ་སྤྱི་ལོ2012ལོ་ལས46.1%མར་ཆག སྔོ་ཚལ་ཐོན་ཚད་ཏུན31480དང་ཐོན་འཕར་བརྒྱ་ཆ2.55བྱུང་། སྤྱི་ལོ2013ལོར་ལིན་ཁྲོན་རྫོང་གིས་ལོ་ཧྲིལ་པོར་ཤ་རིགས་སྤྱིའི་ཐོན་འབོར་ཏུན11923ཟིན་པ་དེ་སྤྱི་ལོ2012ལོ་ལས36.8%འཕར་ཡོད། དེའི་ནང་ཕག་ཤ་ཐོན་ཚད་ཏུན10345ཟིན་པ་དེ་སྤྱི་ལོ2012ལོ་ལས39.2%འཕར་བ་དང་། ཚགས་ཤ་ཐོན་ཚད་ཏུན88ཟིན་པ་དེ་སྤྱི་ལོ2012ལོ་ལས44%མར་ཆག ལུག་ཤ་ཐོན་ཚད་ཏུན669ཟིན་པ་དེ་སྤྱི་ལོ2012ལོ་ལས25.7%འཕར་ཡོད། སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཕག་པའི་གྲངས96595ཡོད་པ་དེ་སྤྱི་ལོ2012ལོ་ལས4.1%འཕར། བཤས་གཏོང་བྱས་པ་དེ་སྤྱི་ལོ2012ལོ་ལས13.9%འཕར་ཡོད་ཅིང་། སྤྱི་ལོ2013ལོའི་ལོ་མཇུག་ཏུ་ལག་ཡོད་འབྲི་གཡག་གྲངས235ཡོད་པ་དེ་སྤྱི་ལོ2012ལོ་ལས75.2%མར་ཆག བ་གླང་བཤས་གཏོང་ཚད155ཡོད་པ་དེ་སྤྱི་ལོ2012ལོ་ལས86.1%མར་ཆག་ཡོད། སྤྱི་ལོ2013ལོའི་ལོ་མཇུག་ཏུ་ལུག59453ཡོད་པ་དེ་སྤྱི་ལོ2012ལོ་ལས18.4%འཕར། ལུག་བཤས་གཏོང་ཚད49863ཟིན་པ་དེ་སྤྱི་ལོ2012ལོ་ལས40.5%འཕར་ཡོད། སྤྱི་ལོ2012ལོའི་ལོ་མཇུག་ཏུ་བྱ་རིགས་ཁྲི67.51ཡོད་པ་དེ་སྤྱི་ལོ2012ལོ་ལས4.1%འཕར། ཁྱིམ་བྱ་ཁྲི56.76བཤས་གཏོང་བྱས་པ་དེ་སྤྱི་ལོ2012ལོ་ལས44%འཕར་ཡོད། སྤྱི་ལོ2013ལོར་ལོ་ཧྲིལ་པོའི་བྱ་ཤའི་ཐོན་འབབ་ཏུན822ཟིན་པ་དེ་སྤྱི་ལོ2012ལོ་ལས39%འཕར། རི་བོང་གི་ཤ་ཐོན་ཚད་ཏུན95ཟིན་པ་དེ་སྤྱི་ལོ2012ལོ་ལས69.6%འཕར། བྱ་སྒོང་སྤྱིའི་ཐོན་ཚད་ཏུན8099ཟིན་པ་དེ་སྤྱི་ལོ2012ལོ་ལས37.8%འཕར། དར་སྲིན་གྱི་ཐོན་ཚད་བསྡོམས་འབོར་ཏུན84ཡིན་པ་དེ་སྤྱི་ལོ2012ལོ་ལས27%མར་ཆག་ཡོད། སྤྱི་ལོ2013ལོའི་ལོ་མཇུག་ཏུ་ལིན་ཁྲོན་རྫོང་གི་རྫོང་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི133ཟིན་ནས་ནགས་ཚལ་ཁྱབ་ཚད52.07%ཟིན་ཡོད། སྤྱི་ལོ2013ལོར་ལོ་ཧྲིལ་པོར་ཤིང་ཆ་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི2528ཟིན་པ་དེ2012ལོ་ལས45.65%མར་ཆག་ཡོད། སྤྱི་ལོ2013ལོར་ལོ་ཧྲིལ་པོར་ནགས་བཟོའི་རྒྱ་ཁྱོན་སྤྱི་ཆིང1320ཟིན་པ་དེ་སྤྱི་ལོ2012ལོ་ལས28%མར་ཆག འགྲམ་བཞིར་སྡོང་རྐང་ཁྲི65བཙུགས་པ་དེ་སྤྱི་ལོ2012ལོ་ལས35%མར་ཆག སྨྱུག་གསོ་རྒྱ་ཁྱོན་སྤྱི་ཆིང380ཟིན་པ་དེ་སྤྱི་ལོ2012ལོ་དང་མཉམ་པ་རེད། སྤྱི་ལོ2013ལོའི་ལོ་མཇུག་ཏུ་ལིན་ཁྲོན་རྫོང་གི་རྫོང་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ་ཁྲི31.48ཟིན་པ་དེ་སྤྱི་ལོ2012ལོ་ལས2%འཕར་ཡོད། འཕྲུལ་ཆས་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང15840ཟིན་པ་དེ་སྤྱི་ལོ2012ལོ་ལས0.57%འཕར། འཕྲུལ་ཆས་ཅན་གྱི་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང12860ཟིན་པ་དེ་སྤྱི་ལོ2012ལོ་ལས3.71%འཕར། འཕྲུལ་ཆས་ཀྱི་ཐོན་འབབ་རྒྱ་ཁྱོན་སྤྱི་ཆིང9660ཟིན་པ་དེ་སྤྱི་ལོ2012ལོ་ལས5.11%འཕར་ཡོད། ལིན་ཁྲོན་རྫོང་ཡོངས་ཀྱི་ཞིང་འཕྲུལ་ཅན་གྱི་གཉེར་སྐྱོང་ཡོང་འབབ་བསྡོམས་འབོར་སྒོར་ཁྲི10920ཟིན་པ་དེ་སྤྱི་ལོ2012ལོ་ལས7%འཕར།     

4_2 ཐོན་ལས་གཉིས་པ།     

སྤྱི་ལོ2013ལོའི་ལོ་མཇུག་ཏུ་ལིན་ཁྲོན་རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས15ཡོད་པ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི117216.7ཟིན་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས20.3%མར་ཆག་པ་དང་། ཚད་ལོན་ཡན་གྱི་བཟོ་ལས་འཕར་ཐང་འཕར་ཚད9.3%ཟིན་པ་དེའི་ནང་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་སྤྱི་ལོ2012ལོ་ལས8.2%འཕར་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་སྤྱི་ལོ2012ལོ་ལས15.8%འཕར་ཡོད། ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ལ་དབྱེ་ནས་བལྟས་ན། ཡང་བའི་བཟོ་ལས་སྤྱི་ལོ2012ལོ་ལས0.58%འཕར་བ་དང་ལྕི་བའི་བཟོ་ལས་སྤྱི་ལོ2012ལོ་ལས10.2%འཕར་ཡོད། སྤྱི་ལོ2013ལོར་ལིན་ཁྲོན་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི127209ཟིན་པ་དེ་སྤྱི་ལོ2012ལོ་ལས4.36%མར་ཆག་པའི་ནང་རྡོ་སོལ་ལས་རིགས་ལ་སྒོར་ཁྲི36898.7ཟིན་པ་དེ་སྤྱི་ལོ2012ལོ་ལས36%མར་ཆག་པ་དང་། ཞིང་ཞོར་བཟའ་བཅའ་ལས་སྣོན་ལས་རིགས་ལ་སྒོར་ཁྲི15630.7ཟིན་པ་དེ་སྤྱི་ལོ2012ལོ་ལས16%འཕར། རྫས་འགྱུར་བཟོ་ལས་ལས་རིགས་ཀྱི་སྒོར་ཁྲི17007.8ཟིན་པ་དེ་སྤྱི་ལོ2012ལོ་ལས1.4%མར་ཆག ལྕགས་རིགས་མིན་པའི་གཏེར་རྫས་ཐོན་སྐྱེད་ལས་རིགས་ལ་སྒོར་ཁྲི21808.9བཏང་བ་དེ2012ལོ་ལས1.7%མར་ཆག བཙོ་སྦྱང་ལས་རིགས་ཀྱི་སྒོར་ཁྲི35862.9ཟིན་པ་དེ་སྤྱི་ལོ2012ལོ་ལས60%འཕར་ཡོད། སྤྱི་ལོ2013ལོར་ལིན་ཁྲོན་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཁེ་སྤོགས་དང་དཔྱ་ཁྲལ་སྒོར་ཁྲི6969.1ཟིན་པ་དེ་སྤྱི་ལོ2012ལོ་ལས79.1%མར་ཆག་པ་དང་། ཁེ་སྤོགས་སྒོར་ཁྲི1252.9ཟིན་པ་དེ་སྤྱི་ལོ2012ལོ་ལས105.7%མར་ཆག གྱོང་གུན་ཕོག་པའི་ཁེ་ལས་ཀྱི་གྱོང་གུན་སྒོར་ཁྲི6934.7ཟིན་པ་དེ་སྤྱི་ལོ2012ལོ་ལས44.2%འཕར་ཡོད། སྤྱི་ལོ2013ལོར་ལིན་ཁྲོན་རྫོང་གི་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ། དེ་བཞིན་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར22.42ཟིན་ནས4%འཕར་བ་དང་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར67.89ཟིན་ནས4.2%འཕར། ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར58.13ཟིན་ནས3.7%འཕར་ཡོད།    སྤྱི་ལོ2013ལོར་ལིན་ཁྲོན་རྫོང་གི་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར2.53བྱུང་བ་དེ་སྤྱི་ལོ2012ལོ་ལས29.2%འཕར་ཡོད། སྤྱི་ལོ2013ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་འོས་ཐོབ་རིམ་པ་ལྡན་པའི་སྤྱིའི་འགན་གཙང་དང་ཆེད་ལས་འགན་གཙང་ཨར་སྐྲུན་ལས་རིགས་ཀྱི་ཁེ་ལས་ཁྱོན2ཡོད་པ་དང་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི9224.2ཟིན་པ་དེ་སྤྱི་ལོ2012ལོ་ལས102.9%འཕར་བ་དང་ལས་མཇུག་འགྲིལ་ནས་ཐོན་རྫས་རིན་ཐང་སྒོར་ཁྲི5569.3ཟིན་པ་དེ་སྤྱི་ལོ2012ལོ་ལས60.9%འཕར་ཡོད།     

4_3 ཐོན་ལས་གསུམ་པ།     

སྤྱི་ལོ2013ལོར་ལིན་ཁྲོན་རྫོང་གིས་ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར29.98བཏང་བ་དེ་སྤྱི་ལོ2012ལོ་ལས31.2%འཕར་ཡོད་ལ། དེའི་ནང་ཐོན་ལས་དང་པོར་སྒོར་ཁྲི46870ཟིན་པ་དེ་སྤྱི་ལོ2012ལོ་ལས11.8%འཕར་བ་དང་། ཐོན་ལས་གཉིས་པར་སྒོར་ཁྲི114356ཟིན་པ་དེ་སྤྱི་ལོ2012ལོ་ལས24.3%འཕར། ཐོན་ལས་གསུམ་པ་སྒོར་ཁྲི138532ཟིན་པ་དེ་སྤྱི་ལོ2012ལོ་ལས46.6%འཕར་ཡོད། སྤྱི་ལོ2013ལོར་ལིན་ཁྲོན་རྫོང་གིས་ལོ་ཧྲིལ་པོར་སྐྲུན་བཞིན་པའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས132ཡོད་པ་རེད། དེའི་ནང་སྒོར་དུང་ཕྱུར་ཡན་གྱི་རྣམ་གྲངས15ཡོད་པ་དང་སྤྱི་ལོ2013ལོར་མ་དངུལ་སྒོར་དུང་ཕྱུར10.1བཏང་བ་དེས་རྫོང་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡུར་ཚད་ཀྱི33.7%བཟུང་ཡོད། སྤྱི་ལོ2013ལོར་ལིན་ཁྲོན་རྫོང་གི་ལོ་ཧྲིལ་པོའི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི139682.3ཟིན་པ་དེ་སྤྱི་ལོ2012ལོ་ལས13.4%འཕར་ཡོད། ས་ཁོངས་དབྱེ་ནས་བལྟས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་སྒོར་ཁྲི92962.8ཟིན་པ་དེ་སྤྱི་ལོ2012ལོ་ལས13.6%འཕར་བ་དང་། གྲོང་གསེབ་ལ་སྒོར་ཁྲི46719.5བཏང་བ་དེ་སྤྱི་ལོ2012ལོ་ལས13.1%འཕར་ཡོད།  སྤྱི་ལོ2013ལོར་ལིང་ཁྲོན་རྫོང་གིས་བཅད་གྲངས་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་བསྡོམས་འབོར་ཁྲོད་འབྲུ་སྣུམ་བཟའ་བཅའ་དང་། བཏུང་བྱ། ཐ་མག་དང་ཨ་རག་རིགས་སྤྱི་ལོ2012ལོ་ལས24.5%འཕར་བ་དང་། གྱོན་ཆས་དང་། ལྷམ་ཞྭ། ཁབ་འཐག འཁེལ་འཐག་རིགས་བཅས2012ལོ་ལས12%འཕར། མཛེས་འདོན་བྱུག་རྫས་རིགས་ཀྱི་སིལ་ཚོང་བྱེད་ཚད་སྤྱི་ལོ2012ལོ་ལས9.7%འཕར་བ་བཅས་རེད། ཉིན་མཁོའི་དངོས་རྫས་རིགས་སྤྱི་ལོ2012ལོ་ལས22.9%འཕར་བ་དང་རླངས་འཁོར་རིགས་སྤྱི་ལོ2012ལོ་ལས2.9%འཕར། རྡོ་སྣུམ་དང་དེ་བཞིན་ཐོན་རྫས་རིགས་སྤྱི་ལོ2012ལོ་ལས8.7%མར་ཆག རིག་གནས་དང་གཞུང་ལས་མཁོ་ཆས་རིགས་སྤྱི་ལོ2012ལོ་ལས57.2%མར་ཆག དཔེ་དེབ་དང་ཚགས་པར་དུས་དེབ་རིགས་སྤྱི་ལོ2012ལོ་ལས9.8%འཕར། འཕྲུལ་གློག་ཐོན་རྫས་དང་སྒྲིག་ཆས་རིགས་སྤྱི་ལོ2012ལོ་ལས16.2%མར་ཆག་པ་དང་རིགས་གཞན་དག་སྤྱི་ལོ2012ལོ་ལས22%འཕར་ཡོད། སྤྱི་ལོ2013ལོར་ལིན་ཁྲོན་རྫོང་གི་རྫོང་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ1582.5ཟིན་པ་དང་སྤྱི་ལོ2013ལོའི་ལོ་ཧྲིལ་པོར་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་སྲིད་ལས་རིགས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར3.86ཟིན་པ་དེ་སྤྱི་ལོ2012ལོ་ལས6.7%འཕར་ཡོད། སྤྱི་ལོ2013ལོར་ལིན་ཁྲོན་རྫོང་གི་རྫོང་ཡོངས་ཀྱི་སྦྲག་ཏར་ལས་སྒོའི་བསྡོམས་འབོར་སྒོར་ཁྲི11953.94ཟིན་པ་དེ་སྤྱི་ལོ2012ལོ་ལས22.6%འཕར་བ་དང་དེའི་ནང་སྦྲག་སྲིད་ལས་སྒོའི་བསྡོམས་འབོར་སྒོར་ཁྲི1541ཟིན་པ་དེ་སྤྱི་ལོ2012ལོ་ལས13.73%འཕར་བ་དང་། གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་ཁྲི10412.94ཟིན་པ་དེ་སྤྱི་ལོ2012ལོ་ལས23.98%འཕར། སྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང47840འཕར་བ་དང་སྤྱི་ལོ2013ལོའི་ལོ་མཇུག་ཏུ་དུད་ཚང185754ཟིན་པ་དེ་སྤྱི་ལོ2012ལོ་ལས34.7%འཕར། ལིན་ཁྲོན་རྫོང་གི་དྲ་ཆེན་སྤྱོད་མཁན་དུད་ཚང27308ཟིན་ནས་དུད་ཚང5654མང་དུ་ཕྱིན་པ་དེ་སྤྱི་ལོ2012ལོ་ལས26.1%འཕར་ཡོད། སྤྱི་ལོ2013ལོར་ལིན་ཁྲོན་རྫོང་དུ་ལོ་ཧྲིལ་པོར་ཡུལ་སྐོར་ཁེ་ལས16ཡོད་པ་དང་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི275ལ་སྣེ་ལེན་ཞུས་པ་དེ་སྤྱི་ལོ2012ལོ་ལས173.2%འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར6.25ཟིན་པ་དེ་སྤྱི་ལོ2012ལོ་ལས46.4%འཕར་ཡོད། སྤྱི་ལོ2013ལོའི་ལོ་མཇུག་ཏུ་ལིན་ཁྲོན་རྫོང་གི་རྫོང་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་ཁྲི693106ཟིན་པ་དེ་སྤྱི་ལོ2013ལོའི་ལོ་འགོ་ལས་སྒོར་ཁྲི19179མང་དུ་ཕྱིན་ནས་སྤྱི་ལོ2012ལོ་ལས2.85%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་དངུལ་བཅོལ་ལྷག་གྲངས་སྒོར་ཁྲི448479ཟིན་པ་དེ་སྤྱི་ལོ2013ལོའི་ལོ་འགོ་ལས་སྒོར་ཁྲི48293འཕར་བ་དེ་སྤྱི་ལོ2012ལོ་ལས12.07%འཕར་ཡོད། དངུལ་བུན་ལྷག་གྲངས་སྣ་ཚོགས་སྒོར་ཁྲི261198ཟིན་པ་དེ་སྤྱི་ལོ2013ལོའི་ལོ་འགོ་ལས་སྒོར་ཁྲི2178ཉུང་དུ་ཕྱིན་ནས་སྤྱི་ལོ2012ལོ་ལས0.83%མར་ཆག   

5 སྤྱི་ཚོགས་ལས་རིགས།   
5_1 སློབ་གསོ།     

སྤྱི་ལོ2013ལོར་ལིན་ཁྲོན་རྫོང་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ188ཡོད་པའི་ནང་སློབ་འབྲིང17དང་། སློབ་ཆུང127 བུ་བཅོལ་ཁང་དང་དེ་མིན་གྱི་སློབ་གྲྭ42བཅས་ཡོད། ལིན་ཁྲོན་རྫོང་དུ་ཁྱོན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ཡོད་པའི་སློབ་མ35175ཡོད་པ་དང་། སྤྱི་ལོ2013ལོར་མཐོ་རིམ་སློབ་འབྲིང་གི་སློབ་མ1936ཡོད། མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ1899དང་དམའ་རིམ་སློབ་འབྲིང་གི་སློབ་མ2826ཡོད། དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ3299དང་ལས་རིགས་མཐོ་འབྲིང་དུ་སློབ་མ156བསྡུས་ཤིང་། ལས་རིགས་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ225དང་སློབ་ཆུང་དུ་སློབ་མ2166བསྡུས། སློབ་ཆུང་ཐོན་པའི་སློབ་མ3919དང་བུ་བཅོལ་ཁང་གི་བྱིས་པ5040ཡོད། སྤྱི་ལོ2013ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་དགེ་རྒན་དང་ལས་བཟོ2977དང་གཞུང་བཙུགས་དགེ་རྒན2564ཡོད། སྤྱི་ཚོགས་ཐོག་སློབ་གཉེར་བྱེད་མཁན413དང་སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན། སློབ་ཆུང་གི་སློབ་རིམ་འཕར་ཚད99.8%ཡིན།     

5_2 ཚན་རིག་ལག་རྩལ།     

སྤྱི་ལོ2013ལོར་ལིན་ཁྲོན་རྫོང་གི་ཚན་རྩལ་རྣམ་གྲངས་གསུམ་གྱི་འགྲོ་གྲོན་སྒོར་ཁྲི600བཏང་བ་དེ་སྤྱི་ལོ2012ལོ་ལས9.1%འཕར་ཡོད། སྤྱི་ལོ2013ལོར་རིགས་ཁག་གི་ཚན་རྩལ་རྣམ་གྲངས114(རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རྣམ་གྲངས1དང་གྲོང་ཁྱེར་རིམ་པའི་རྣམ་གྲངས21རྫོང་རིམ་པའི་རྣམ་གྲངས91)བཅས་ལེགས་སྒྲུབ་བྱས།     

5_3 རིག་གནས་ལས་རིགས།  

སྤྱི་ལོ2013ལོར་ལིན་ཁྲོན་རྫོང་དུ་རིག་གནས་ཁང1དང་སྤྱི་པའི་དཔེ་མཛོད་ཁང1 དཔེ་དེབ་ཁྲི3.2དང་རྟེན་རྫས་བཤམས་མཛོད་ཁང1བཅས་ཡོད། 

5_4 འཕྲོད་བསྟེན།   

སྤྱི་ལོ2013ལོར་ལིན་ཁྲོན་རྫོང་དུ་རིམ་ཁག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི474དང་། ཉལ་ཁྲི652 འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ1429བཅས་ཡོད་པ་དང་། མི་སྟོང་རེར་ནད་ཁྲི2.8རེ་ཡོད་ཅིང་མི་སྟོང་རེར་སྨན་པ6.1རེ་ཡོད་པ་བཅས་རེད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་ལ་ཞུགས་ཚད་བརྒྱ་ཆ98.91ཟིན། གྲོང་ཚོའི་འཕྲོད་བསྟེན་ཁང་ཁྱབ་ཚད100%ཟིན་པ་དང་། རྫོང་དང་། ཡུལ་ཚོ། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོས་སྒྲིག་གཞི་ཚད་ལོན་ཚད99%ཟིན་ཡོད་ཅིང་། ལིན་ཁྲོན་རྫོང་གི་བྱིས་པའི་བརྒྱུད་རིམ་ཧྲིལ་པོ་མཐུན་ཚད་ཡུལ་ཚོ་དང་གྲོང་རྡལ་ཚན་པར་བྱས་ནས97%ཟིན་ཡོད་པ་རེད། ཏེན་ཚྭ་ཁྱབ་ཚད100%ཟིན་པ་དང་ཚད་ལོན་ཏེན་ཚྭ་སྤྱོད་ཚད99.4%ཟིན་ནས་ཡུལ་ནད་སྣ་ཚོགས་ཚོད་འཛིན་ནུས་ལྡན་ཐུབ།     

5_5 ལུས་རྩལ།    

སྤྱི་ལོ2013ལོར་ལིན་ཁྲོན་རྫོང་དུ་ཁང་པའི་ནང་གི་ལུས་རྩལ་ཐང1ཡོད་པ་དང་རིམ་ཁག་ཤན་འབྱེད་པ53ཡོད་པ་དང་རིམ་ཁག་ལུས་རྩལ་འགྲན་ཚོགས་ཐེངས14གཉེར་ཡོད། 

དཔྱད་གཞིའི་ཡིག་ཆ།