ཐའེ་ཨན་རྫོང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-03-31 17:43ལ་འགྲུབ།

ཐའེ་ཨན་རྫོང་།

ཐའེ་ཨན་རྫོང་།
ཐའེ་ཨན་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་དབུས་རྒྱུད་དང་ལིའོ་ཧུ་གཙང་པོའི་ཟུར་གསུམ་གླིང་གི་དབུས་ཁུལ་དང་། ཨན་ཧྲན་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད། ས་ཁམས་ཀྱི་གནས་ཡུལ་ནི་གཞུང་ཐིག་ཤར་མ122°11′-122°40′དང་། འཕྲེད་ཐིག་བྱང་མ41°01-41°34′ཡི་བར་དུ་གནས་ཡོད་ལ། ཤར་ངོས་སུ་ཧྲེན་དབྱང་གྲོང་ཁྱེར་གྱི་ལིའོ་ཀྲུང་ཆུས་དང་བརྟེན་ནས་ཡོད་པ་དང་། ལྷོ་ངོས་སུ་ཧའེ་ཁྲེང་གྲོང་ཁྱེར་དང་འབྲེལ་ཡོད། ནུབ་བྱང་རྒྱུད་ནི་ཅིན་ཀྲོའུ་གྲོང་ཁྱེར་གྱི་ཧའེ་ཧྲན་རྫོང་དང་ས་མཚམས་འབྲེལ་ཡོད། ནུབ་ལྷོའི་རྒྱུད་ནི་ཕན་ཅིན་གྲོང་ཁྱེར་གྱི་ཕན་ཧྲན་རྫོང་དང་འབྲེལ་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1388ཡོད། སྤྱི་ལོ2018ལོར་ཐའེ་ཨན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར129.7ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས4.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར29.4ཟིན་པ་དེ་དུས་མཚུངས་ལས3.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར48.8ཟིན་པ་དེ་དུས་མཚུངས་ལས13.1%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར51.5ཟིན་ནས་དུས་མཚུངས་ལས0.4%ཆག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
台安县
ཕྱི་ཡིག་གི་མིང་།
Tai'an County
མིང་གཞན།
པཱ་ཅའོ་ཐའེ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1388ཡོད།
​སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
​མི་འབོར།
མི365110ཡོད།(སྤྱི་ལོ2018ལོ)
​ཁོངས་གཏོགས་ས་ཁུལ། 
ལིའོ་ཉིང་ཞིང་ཆེན་གྱི་ཨན་ཧྲན་གྲོང་ཁྱེར།
​གནམ་གཤིས།
དྲོད་རྒྱུད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མངའ་ཁོངས།
ཁྲོམ་གཞུང4དང་། གྲོང་རྡལ10ཡོད།
མཛེས་ལྗོངས་གྲགས་ཅན།
ཏཱ་མའེ་ཁུ་འདམ་ར་རང་བྱུང་སྲུང་སྐྱོང་ཁུལ་དང་། ཞི་ཕིང་ནགས་ཚལ་སྤྱི་གླིང་། ཧྲའོ་ཧྲོའེ་བང་སོ། ལིའོ་ཧུ་རིག་གནས་ཡུལ་སྐོར་ཁུལ།
ས་ཁོངས་ཁ་པར་ཨང་རྟགས།
0412
​མེ་འཁོར་འབབ་ཚུགས།
ཐའེ་ཨན་འབབ་ཚུགས།
སྦྲག་སྲིད་ཨང་རྟགས།
114100
རླངས་འཁོར་ཚབ་ཨང་།
ལིའོ(辽)C
​སྲིད་གཞུང་གནས་ཡུལ། 
པཱ་ཅའོ་ཐའེ་ཁྲོམ་གཞུང་དུ་གནས་ཡོད།
སྲིད་འཛིན་ས་ཁུལ་གྱི་ཚབ་ཨང་།
210321
མི་རེའི་ཆ་སྙོམས་ཐོད་སྐྱེད་སྤྱི་འབོར།
སྒོར35537ཡོད། (སྤྱི་ལོ2018ལོ)
ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར།
སྒོར་དུང་ཕྱུར129.7ཡོད། (སྤྱི་ལོ2018ལོ)
གནས་ཡུལ།
ཨན་ཧྲན་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད།
1 ​ངོ་སྤྲོད་མདོར་བསྡུས།

ཐའེ་ཨན་རྫོང་ནི་ལིའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཡིན་ཞིང་། ལིའོ་ཉིང་ཞིང་ཆེན་གྱི་དབུས་རྒྱུད་དང་ལིའོ་ཧུ་གཙང་པོའི་ཟུར་གསུམ་གླིང་གི་དབུས་ཁུལ་དུ་གནས་ཡོད། བཅའ་སྡོད་བྱ་ཡུལ་པཱ་ཅའོ་ཐའེ་ཡི“台”ཞེས་པའི་ཡི་གེ་དང་། ཨན་ཉིང་གི“安”ཞེས་པའི་ཡི་གེ་གཉིས་མཉམ་དུ་བསྒྲིལ་ནས་ཐའེ་ཨན་རྫོང་ཞེས་བཏགས་པ་དང་། ས་ཁོངས་ཡོངས་ཤར་བྱང་ནས་ལྷོ་ཕྱོགས་སུ་གསེག་ཅིང་། དུས་བཞི་གསལ་བ་དང་། ཆར་ཆུ་དང་ཚ་བ་ཆེ་བའི་དུས་མཚུངས། སྐམ་ཞིང་གྲང་བ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1388ཡོད་པ་དེའི་ཁོངས་སུ་ཁྲོམ་གཞུང4དང་གྲོང་རྡལ10ཡོད་པ་དང་། སྤྱི་ལོ2018ལོར་སྤྱིའི་མི་འབོར365110ཟིན་ཡོད།

ཐའེ་ཨན་རྫོང་ལ་ལོ་ངོ་ཉིས་སྟོང་ལྷག་གི་ལམ་ལུགས་ཀྱི་ལོ་རྒྱུས་ཡོད་པ་དང་། ཧན་ནུབ་མའི་དུས་སྐབས་ནས་བཟུང་ཞན་ཏུའུ་རྫོང་བཙུགས་ཡོད། ཐའེ་ཨན་ས་ཁོངས་སུ་ཧྲང་ཀྲོའུ་ཅཱ་ཐའེ་གནའ་ཤུལ་དང་། ཧན་རྒྱལ་རབས་ཀྱི“ཞན་ཏུའུ་རྫོང”གི་གནའ་ཤུལ། མིང་ལྕགས་རི་རིང་པོའི་གནའ་ཤུལ། ཀྲང་ཞུའེ་ལེང་གི་འཁྲུངས་ཡུལ་དྲན་གསོ་ཁང་། ཆིང་རྒྱལ་རབས་དུས་མཇུག་གི་ཨར་སྐྲུན་ལས་གྲུབ་པའི་ཀྲང་ལའོ་ཏའོ་ཡི་སྡོད་ཁང་སོགས་ལོ་རྒྱུས་ཀྱི་རྗེས་ཤུལ་ཡོད་པ་མ་ཟད། ད་དུང་ཏཱ་མིང་ཐན་དང་། ལིའོ་ཧུ་ཀུའུ་ཏུའུ། སན་ཁྲ་གཙང་པོ་སོགས་གནའ་བོའི་དམངས་ཁྲོད་ཀྱི་ངག་རྒྱུན་ཡང་ཡོད། ཐའེ་ཨན་གྱི་དམངས་སྲོལ་རྒྱ་གླིང་ཞབས་བྲོ་དང་། མི་སེར་རྒྱལ་ཁབ་ཀྱི་མི་སྣའི་གཏམ་རྒྱུད། ལིའུ་སྒྲིག་བཟོ་རྩལ་དང་། ཐའེ་ཨན་མེ་སྐྱོགས་བཟོ་རྩལ་དང་། དམངས་ཁྲོད་ཀྱི་གསང་ཚིག དམངས་ཁྲོད་གཏམ་རྒྱུད་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་ཐོན་ཁུངས་ཡོད། སྤྱི་ལོ2018ལོའི་ཟླ10ཚེས22ཉིན། ཐའེ་ཨན་རྫོང་སྤྱི་ལོ2018ལོའི་རྒྱལ་ཡོངས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཁུལ་གཏོད་པའི་མིང་ཐོའི་ནང་ཚུད་ཡོད།

སྤྱི་ལོ2018ལོར་ཐའེ་ཨན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར129.7ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས4.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར29.4ཟིན་པ་དེ་དུས་མཚུངས་ལས3.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར48.8ཟིན་པ་དེ་དུས་མཚུངས་ལས13.1%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར51.5ཟིན་ནས་དུས་མཚུངས་ལས0.4%ཆག་ཡོད།

2  ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པ་སྤྱི་ལོ1913ལོར་བཅོས་སྐྱོང་བྱས་ཤིང་། མིང་ལ་ཐའེ་ཨན་རྫོང་ཞེས་བཏགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བཞི་པ་སྤྱི་ལོ1945ལོའི་ཟླ10པར་ཐའེ་ཨན་བཅིངས་འགྲོལ་ཐེངས་དང་པོ་ཐོབ་ནས་ཐའེ་ཨན་རྫོང་གི་དམངས་གཙོའི་སྲིད་གཞུང་བཙུགས་པ་དེ་ལིའོ་ཞི་སྲིད་འཛིན་ཀུང་ཧྲུའུ(གནས་ཡུལ་ཅིན་ཀྲོའུ)ཡིས་འགོ་ཁྲིད་བྱས་པ་དང་། ལོ་དེའི་ཟླ12པར་ལིའོ་ཉིང་གི་ཀྲོན་ཡོན་ཀུང་ཧྲུའུ་ཨང་དང་པོས་(གནས་ཡུལ་ལིའོ་དབྱང)འགོ་ཁྲིད་བྱས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་ལྔ་པ་སྤྱི་ལོ1946ལོའི་ཟླ2པར་རྫོང་དམངས་གཙོའི་སྲིད་གཞུང་གིས་འཐབ་ཇུས་ཐོག་ནས་སྤོ་སྐྱོད་བྱས་པ་དང་། གོ་མིན་ཏང་གིས་ཐའེ་ཨན་རྫོང་སྲིད་གཞུང་བཙུགས་པ་དེ་ལིའོ་ཉིང་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བདུན་པ་སྤྱི་ལོ1948ལོའི་ཟླ་དང་པོར་ཐའེ་ཨན་བཅིངས་འགྲོལ་ཐེངས་གཉིས་པ་བཏང་བ་དང་། ལོ་དེའི་ཟླ2པར་ཐའེ་ཨན་རྫོང་སྲིད་གཞུང་བཙུགས་པ་དང་། སྔ་རྗེས་སུ་ལིའོ་ནན་གྱི་ཀྲོན་ཡོན་ལས་ཁུངས་ལྔ་པ་དང་གཉིས་པ(སྡོད་གནས་དབྱིན་ཁོའུ)དང་ལིའོ་ཉིང་ཞིང་ཆེན་གྱི་འགོ་ཁྲིད་ཀྱི་ཁོངས་སུ་གཏོགས་པ་དང་། ཟླ11པའི་ཐའེ་ཨན་བདེ་འཇགས་ཀྱི་ཁོར་ཡུག་ཁྲོད་བཅིངས་འགྲོལ་ཐོབ། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ38པའི་སྤྱི་ལོ1949ལོའི་ཟླ4པར་ཐའེ་ཨན་རྫོང་ལིའོ་ཞི་ཞིང་ཆེན་གྱི་ཁོངས་སུ་བགོས།

སྤྱི་ལོ1954ལོའི་ཟླ8པར། ལིའོ་ཏུང་དང་ལིའོ་ཞི་ཞིང་ཆེན་གཉིས་ཟླ་བསྒྲིལ་བཏང་བ་དང་། ཐའེ་ཨན་ཡང་ལིའོ་ཉིང་ཞིང་ཆེན་གྱི་ཁོངས་སུ་གཏོགས།

སྤྱི་ལོ1955ལོའི་ཟླ12པར་ལིའོ་དབྱང་གི་ཆེད་གཏོགས་སུ་བགོས།

སྤྱི་ལོ1959ལོའི་ཟླ1པར། ལིའོ་དབྱང་ཆེད་ཧྲུའུ་མེད་པར་བཏང་བ་དང་། ཐའེ་ཨན་ཡང་ཧྲིན་དབྱང་ཆེད་ཧྲུའུ་ལ་སྤྲད།

སྤྱི་ལོ1964ལོའི་ཟླ3པར་ཧྲེན་དབྱང་ཆེད་ཁུལ་གྱིས་འགོ་ཁྲིད་བྱས།

སྤྱི་ལོ1965ལོའི་ཟླ1པོར་ཐིའེ་ལིང་ཀྲོན་ཧྲུའུ་ཡི་མངའ་ཁོངས་སུ་བསྒྱུར།

སྤྱི་ལོ1968ལོའི་ཟླ7པར་ཕན་ཅིན་གསར་སྦོལ་ས་ཁུལ་གྱི་ཁོངས་སུ་བགོས།

སྤྱི་ལོ1976ལོའི་ཟླ1པའི་ཚེས1ཉིན། ཨན་ཧྲན་གྲོང་ཁྱེར་གྱི་མངའ་ཁོངས་སུ་བསྒྱུར་ནས་ད་ལྟའི་བར་འགོར།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོའི་བར་ཐའེ་ཨན་རྫོང་ཁོངས་སུ་ཁྲོམ་གཞུང4དང་གྲོང་རྡལ10ཡོད་དེ། དེ་དག་ནི་པཱ་ཅའོ་ཐའེ་ཁྲོམ་གཞུང་དང་། ཐའེ་ཏུང་ཁྲོམ་གཞུང་། ཐའེ་ནན་ཁྲོམ་གཞུང་། ཐའེ་པེ་ཁྲོམ་གཞུང་། ཞི་ཧྥོ་གྲོང་རྡལ། ཞིན་ཁའེ་ཧུ་གྲོང་རྡལ། ཧོང་ཧྲ་ཐུའོ་གྲོང་རྡལ། ཀའོ་ལི་ཧྥང་གྲོང་རྡལ། སང་ལིན་གྲོང་རྡལ། ཧྥུའུ་ཅཱ་གྲོང་རྡལ། ཏཱ་ཉིའུ་གྲོང་རྡལ། ཅིའུ་ཚའེ་ཐའེ་གྲོང་རྡལ། ཞིན་ཐའེ་གྲོང་རྡལ། ཧོང་ཏུང་གྲོང་རྡལ་བཅས་ཡིན་པ། རྫོང་མི་དམངས་སྲིད་གཞུང་ནི་པཱ་ཅའོ་ཐའེ་ཁྲོམ་གཞུང་དུ་གནས་ཡོད།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཐའེ་ཨན་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་དབུས་རྒྱུད་དང་ལིའོ་ཧུ་གཙང་པོའི་ཟུར་གསུམ་གླིང་གི་དབུས་ཁུལ་དང་། ཨན་ཧྲན་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད། ས་ཁམས་ཀྱི་གནས་ཡུལ་ནི་གཞུང་ཐིག་ཤར་མ122°11′-122°40′དང་། འཕྲེད་ཐིག་བྱང་མ41°01-41°34′ཡི་བར་དུ་གནས་ཡོད་ལ། ཤར་ངོས་སུ་ཧྲེན་དབྱང་གྲོང་ཁྱེར་གྱི་ལིའོ་ཀྲུང་ཆུས་དང་བརྟེན་ནས་ཡོད་པ་དང་། ལྷོ་ངོས་སུ་ཧའེ་ཁྲེང་གྲོང་ཁྱེར་དང་འབྲེལ་ཡོད། ནུབ་བྱང་རྒྱུད་ནི་ཅིན་ཀྲོའུ་གྲོང་ཁྱེར་གྱི་ཧའེ་ཧྲན་རྫོང་དང་ས་མཚམས་འབྲེལ་ཡོད། ནུབ་ལྷོའི་རྒྱུད་ནི་ཕན་ཅིན་གྲོང་ཁྱེར་གྱི་ཕན་ཧྲན་རྫོང་དང་འབྲེལ་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1388ཡོད།

4_2 ནམ་ཟླ།

ཐའེ་ཨན་རྫོང་ནི་དྲོད་འཇམ་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་དང་། སྟོན་ཁ་དང་དགུན་དུས་ཞི་པོ་ལི་ཡ་རྒྱུད་ཀྱི་གྲང་ངར་ཆེ་བ་དང་སྐམ་ཤས་ཆེ་བའི་མཁའ་རླུང་ལྷོ་ཕྱོགས་སུ་ཁྱབ་ཡོད། དཔྱིད་དུས་དང་དབྱར་དུས་ཀྱི་རྒྱ་མཚོའི་དྲོད་རྒྱུད་དང་བརླན་གཤེར་ལྡན་པའི་རླུང་ཚོམ་བྱང་ཕྱོགས་སུ་ལྡང་། ཐའེ་ཨན་དེ་ཉིད་བར་བརྒལ་ཁུལ་དུ་གནས་པ་བཅས་ཀྱི་གནམ་གཤིས་འགྱུར་ལྡོག་ཅུང་ཆེན་པོ་ཡོད། དེའི་ཁྱད་ཆོས་ནི་དུས་བཞི་གསལ་བ་དང་། ཆར་ཆུ་དང་ཚ་བ་ཆེ་བའི་དུས་མཚུངས། སྐམ་གྲང་དུས་ཚིགས་གཅིག་ལ། དྲོད་ཚད་འཚམ། ཉི་འོད་ཕུན་སུམ་ཚོགས་པ་དང་། དཔྱིད་དུས་རླུང་ཆེ་བ། དགུན་དུས་གྲང་ངར་ཆེ་བ་བཅས་ཡིན། གནམ་གཤིས་རིག་པའི་ཚད་གཞི་ལྟར་ན། ཆ་སྙོམས་དྲོད་ཚད་ཏུའུ10ལས་དམའ་བ་དེ་དགུན་དུས་ཡིན་པ་དང་། ཏུའུ22ཡན་ནི་དབྱར་དུས་ཡིན། ཏུའུ10ནས22བར་ནི་དཔྱིད་ཀ་དང་སྟོན་ཀའི་དུས་ཚིགས་གཉིས་ཡིན། ལོ་མང་རིང་གི་གནམ་གཤིས་དཔྱད་གཞིར་གཞིགས་ན། ཐའེ་ཨན་ས་ཁུལ་གྱི་ཟླ3པ་ནས5པའི་བར་ནི་དཔྱིད་དུས་ཡིན་པ་དང་། ཟླ6པ་ནས8པའི་བར་ནི་དབྱར་དུས་ཡིན། ཟླ9པ་ནས11པའི་བར་ནི་སྟོན་དུས་ཡིན། ཟླ12པ་ནས་ཕྱི་ལོའི་ཟླ2པའི་བར་ནི་དགུན་དུས་ཡིན། དཔྱིད་དུས་སུ་རླུང་ཆེན་པོ་ལྡང་བ་མང་། དྲོད་ཕྱིར་ལོག་པར་མགྱོགས། ཆར་ཆུ་ཉུང་བ་དང་། རླངས་པར་འགྱུར་ཚད་ཆེ། ཉི་འོད་ཕོག་ཡུན་རིང་། དབྱར་དུས་དྲོད་ཚད་མཐོ་བ་དང་ཆར་ཆུ་མང་བ། སྟོན་དུས་གནམ་གཤིས་བཟང་ལ། ཆར་ཆུའི་འབབ་ཚད་ཇེ་ཉུང་དང་། དྲོད་ཚད་ཇེ་དམའ་རུ་འགྲོ་བ། དགུན་དུས་ཁ་བ་ཉུང་བ་དང་། བྱང་རླུང་མང་། སྐམ་ཞིང་གྲང་བ་བཅས་ཀྱི་ཁྱད་ཆོས་ཡོད།

5 མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་བར་ཐའེ་ཨན་རྫོང་གི་མི་བསྡོམས་འབོར365110ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི2526ཉུང་དུ་ཕྱིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར78864ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་ཚད(རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད)21.6%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.1ཆག་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར2106ཡོད་པ་དང་། སྐྱེས་ཚད་སྟོང་ཆའི6ཡིན། ཤི་བའི་མི་འབོར3062ཡོད་པ་དང་ཤི་ཚད་སྟོང་ཆའི8ཡིན། རང་ཤུགས་སུ་འཕར་ཚད་སྟོང་ཆའི2ཡིན། རྫོང་ཡོངས་ཀྱི་ཁོངས་སུ་མི་རིགས26ཡོད་པ་དང་། རྒྱ་རིགས། ཧུའེ་རིགས། མན་ཇུ་རིགས། ཀྲོང་རིགས། སོག་རིགས། ཁྲའོ་ཞན་རིགས། ཡུ་གུར་རིགས་སོགས་ཡོད། དེའི་ནང་རྒྱ་རིགས་མི་འབོར་གྱིས98.7%བཟུང་བ་དང་། ཧུའེ་རིགས་མི་འབོར་གྱིས1.02%བཟུང་ཡོད། གྲངས་ཉུང་མི་རིགས་གཞན་དག་གིས་ཁྲི་ཆའི་གཅིག་ལས་བཟུང་མེད།

6 དཔལ་འབྱོར།

སྤྱི་ལོ2018ལོར་ཐའེ་ཨན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར129.7ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས4.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར29.4ཟིན་པ་དེ་དུས་མཚུངས་ལས3.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར48.8ཟིན་པ་དེ་དུས་མཚུངས་ལས13.1%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར51.5ཟིན་ནས་དུས་མཚུངས་ལས0.4%ཆག་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ22.7:37.6:39.7ཡིན། ལོ་ཧྲིལ་པོར་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར35537ཟིན་ནས་ལོ་སྔོན་མ་ལས15.7%འཕར་ཡོད།

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོའི་བྱ་གཞག

སྤྱི་ལོ2018ལོར་ཐའེ་ཨན་རྫོང་གི་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མ450དང་། སློབ་གྲྭར་ཡོད་པའི་སློབ་མ1020དང་སློབ་ཐོན་སློབ་མ140བཅས་ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ1227དང་། སློབ་གྲྭར་ཡོད་པའི་སློབ་མ3551སློབ་ཐོན་སློབ་མ1077བཅས་ཡོད། དམའ་རིམ་སློབ་འབྲིང་དུ་སློབ་མ2612བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ8083སློབ་ཐོན་སློབ་མ2618བཅས་ཡོད། སློབ་ཆུང་དཀྱུས་མའི་སློབ་མ2116དང་། སློབ་གྲྭར་ཡོད་པའི་སློབ་མ14498སློབ་ཐོན་སློབ་མ2794བཅས་ཡོད། དམིགས་བསལ་སློབ་གསོའི་སློབ་མ3སློབ་གྲྭར་ཡོད་པའི་སློབ་མ60སློབ་ཐོན་སློབ་མ11 སློབ་ན་མ་སོན་གོང་གི་བུ་བཅོལ་ཁང་དུ་བྱིས་པ5722ཡོད་པ་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད99.35%ཟིན་ཡོད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད99.15%ཟིན་ཡོད།

7_2 རིག་གནས་ལས་དོན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཐའེ་ཨན་རྫོང་གི་རིག་གནས་ཁོངས་གཏོགས་སུ་རྟེན་རྫས་བཤམས་མཛོད་ཁང1ཡོད་པ་དང་། རྫོང་ཡོངས་སུ་སྤྱི་པའི་དཔེ་མཛོད་ཁང1ཡོད་ལ་སྤྱིའི་འཁོར་རྒྱུག་མི་ཐེངས་ཁྲི1.3ཟིན་ཡོད། རིག་གནས་ཁང1ཡོད་པ་དང་། སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི7ཡས་མས་དང་དེའི་ནང་སྐུད་ཡོད་གྲངས་འཛིན་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི7ཡས་མས་ཡོད་པ་རེད། ལོ་མཇུག་ཏུ་རླུང་འཕྲིན་ལེ་ཚན་གྱི་ཕྱོགས་བསྡུས་མི་འབོར་ཁྱབ་ཚད100%ཟིན་པ་དང་བརྙན་འཕྲིན་ལེ་ཚན་གྱི་ཕྱོགས་བསྡུས་མི་འབོར་ཁྱབ་ཚད100%ཟིན་ཡོད། ལོ་མཇུག་ཏུ་རྫོང་ཡོངས་སུ་ཡིག་ཚགས་ཁང1དང་ཡིག་ཚགས་ཁག51272ཕྱིར་གཏོང་བྱས་ཡོད།

7_3 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཐའེ་ཨན་རྫོང་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི432ཡོད་པའི་ནང་སྨན་ཁང12དང་། སྨན་ཁང་ནང་གཞུང་བཙུགས་སྨན་ཁང2དམངས་གཉེར་སྨན་ཁང10བཅས་ཡོད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི406ཡོད་པའི་ནང་ཤང་གྲོང་འཕྲོད་བསྟེན་ཁང15དང་སྒོ་བསྟེན་སྨན་བཅོས་ཁང3གྲོང་ཚོའི་འཕྲོད་བསྟེན་ཁང151བཅས་ཡོད། ཆེད་ལས་སྤྱི་པའི་འཕྲོད་བསྟེན་སྒྲིག་གཞི15ཡོད་པའི་ནང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས1དང་འཕྲོད་བསྟེན་ལྟ་སྐུལ་སུའོ1ཡོད། ལོ་མཇུག་ཏུ་འཕྲོད་བསྟེན་ལག་རྩལ་མི་སྣ2744ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ814ཡོད་པ་དང་། ནད་གཡོག1191ཐོ་འགོད་བྱས་ཡོད། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི1613ཡོད་པའི་ནང་སྨན་ཁང་དུ1180དང་ཤང་གྲོང་འཕྲོད་བསྟེན་ཁང་དུ433བཅས་ཡོད། ལོ་ཧྲིལ་པོར་སྒོ་བསྟེན་སྨན་བཅོས་བྱེད་ཚད་མི་ཐེངས717095ཟིན་པ་དང་སྨན་ཁང་ནས་ཐོན་པའི་ནད་པ་མི་ཐེངས51053ཡོད། སྤྱི་ལོ2018ལོར་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་མཁན་མི་གྲངས267094ཡོད་པ་དང་མི་གྲངས16474ཉུང་དུ་ཕྱིན་ཡོད།

7_4 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2018ལོར་ཐའེ་ཨན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི62603ཟིན་ནས་མི4538མང་དུ་ཕྱིན་ཡོད། དེའི་ནང་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས35403ཟིན་ནས་མི4538མང་དུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས27201ཡོད་པ་དེ་སྤྱི་ལོ2017ལོ་དང་མཉམ་ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས11000ཟིན་པ་དེ་སྤྱི་ལོ2017ལོ་ལས10%འཕར་ཡོད། རྫོང་དེ་ཡོངས་ཀྱི་ལས་ཤོར་འགན་བཅོལ་མ་དངུལ་མི་གྲངས368ལྷག་གིས་བླངས་ཡོད།


དཔྱད་གཞིའི་ཡིག་ཆ།