ཞིན་ཧྥུའུ་ཆུས།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-03-31 18:06ལ་འགྲུབ།

ཞིན་ཧྥུའུ་ཆུས།

ཞིན་ཧྥུའུ་ཆུས།
ཞིན་ཧྥུའུ་ཆུས་ནི་ལིའོ་ཉིང་ཞིང་ཆེན་གྱི་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཤིག་ཡིན་ཞིང་། ལིའོ་ཉིན་ཞིང་ཆེན་གྱི་ཤར་རྒྱུད་དང་། ཧྥུའུ་ཧྲུན་གྲོང་ཁྱེར་གྱི་དབུས་ཁུལ། དེའུ་འབུར་ས་ཁུལ་བཅས་སུ་གནས་ཡོད། སྤྱི་ལོ2010ལོའི་བར་ཞིན་ཧྥུའུ་ཆུས་ཁོངས་གཏོགས་སུ་ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ1དང་། ཤང1 ཁྲོམ་གཞུང10བཅས་ཁྱོན་སྡེ་ཁུལ59དང་སྲིད་འཛིན་གྲོང་ཚོ13ཡོད། སྤྱི་ལོ2012ལོར་སླེབས་སྐབས་ཞིན་ཧྥུའུ་ཆུས་ཀྱི་ས་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ107.6ཟིན་པ་དང་མི་འབོར་ཁྲི37.8ཡོད། ཞིན་ཧྥུའུ་ཆུས་ནི་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ་བཅས་ཀྱི་ལྟེ་གནས་ཡིན། ཞིན་ཧྥུའུ་ཆུས་ནི་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན་པ་དང་། ཧྲེན་དབྱང་ལྟེ་བར་བྱས་པའི་ཧ་ཏཱ་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁུལ་དེ་པེ་ཅིང་དང་ཐེན་ཅིན་གྱི་དཔལ་འབྱོར་འཕེལ་རྒྱས་ཁུལ་དང་སྦྲེལ་མཐུད་བྱས་པའི“Y”རྣམ་པའི་འདེགས་སྐྱོར་ཁུལ་ཐོག་ཏུ་གནས་ཡོད། ཞིན་ཧྥུའུ་ཆུས་ཀྱི་ལྷོ་བྱང་ཞེང་ཚད་ལ་སྤྱི་ལེ6-8ཙམ་ཡོད་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ30ཙམ་ཡོད་པ། ས་ཁམས་གནས་ཚད་ནི་གཞུང་ཐིག་ཤར་མའི123°39ˊ-125°28ˊདང་བྱང་ཐིག་བྱང་མའི41°41ˊ-42°38ˊབར་ཡིན། ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ107.6ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新抚区
ཕྱི་ཡིག་མིང་།
Xinfu District
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ཁྲོམ་གཞུང10ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ107.6ཡོད།
སྲིད་གཞུང་གནས་ཡུལ།
ཧྥུའུ་ཧྲུན་གྲོང་ཁྱེར་ཞིན་ཧྥུའུ་ཆུས་དབྱིན་པིན་ལམ་གྱི་ཨང་རྟགས3པ་རུ་གནས།
མི་གྲངས།
ཁྲི37.8ཡོད།
གནམ་གཤིས།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
ས་ཁོངས་ཁ་པར་ཨང་རྟགས།
024
མེ་འཁོར་འབབ་ཚུགས།
ཧྥུའུ་ཧྲུན་འབབ་ཚུགས།
སྦྲག་སྲིད་ཨང་རྟགས།
113008
རླང་འཁོར་གྱི་ཨང་རྟགས།
ལིའོ (辽) D
གནས་ཡུལ།
ཧྥུའུ་ཧྲུན་གྲོང་ཁྱེར་གྱི་དབུས་རྒྱུད།
སྲིན་འཛིན་ཚབ་ཨང་།
210402
1 ​ངོ་སྤྲོད་མདོར་བསྡུས།

ཞིན་ཧྥུའུ་ཆུས་ནི་ལིའོ་ཉིང་ཞིང་ཆེན་གྱི་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཤིག་ཡིན་ཞིང་། ལིའོ་ཉིན་ཞིང་ཆེན་གྱི་ཤར་རྒྱུད་དང་། ཧྥུའུ་ཧྲུན་གྲོང་ཁྱེར་གྱི་དབུས་ཁུལ། དེའུ་འབུར་ས་ཁུལ་བཅས་སུ་གནས་ཡོད། སྤྱི་ལོ2010ལོའི་བར་ཞིན་ཧྥུའུ་ཆུས་ཁོངས་གཏོགས་སུ་ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ1དང་། ཤང1 ཁྲོམ་གཞུང10བཅས་ཁྱོན་སྡེ་ཁུལ59དང་སྲིད་འཛིན་གྲོང་ཚོ13ཡོད།     སྤྱི་ལོ2012ལོར་སླེབས་སྐབས་ཞིན་ཧྥུའུ་ཆུས་ཀྱི་ས་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ107.6ཟིན་པ་དང་མི་འབོར་ཁྲི37.8ཡོད།    ཞིན་ཧྥུའུ་ཆུས་ནི་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ་བཅས་ཀྱི་ལྟེ་གནས་ཡིན།

2 ལོ་རྒྱུས་འཕེལ་རིམ།

ཞིན་ཧྥུའུ་ས་ཁུལ་ནི“ཞིན་ཧྥུའུ་ཧྲུན་”ཞེས་པའི་བསྡུས་མིང་ཡིན།

སྤྱི་ལོ1948ལོའི་ཟླ10བའི་ཚེས31ཉིན་ཁུལ་གསར་འཛུགས་བྱས།

སྤྱི་ལོ1949ལོར་སྡོད་དམངས་ཆེན་པོའི་ཚོ་ཆུང་བཙུགས།

སྤྱི་ལོ1950ལོར་ཞིན་ཧྥུའུ་ཆུས་ཀྱི་སྤྱི་ཁང་བཙུགས།

སྤྱི་ལོ1952ལོར་ཞིན་ཧྥུའུ་ཆུས་བསྐྱར་དུ་བཙུགས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2002ལོ་བར་ཞིན་ཧྥུའུ་ཆུས་ཀྱི་ཁོངས་སུ་ཁྲོམ་གཞུང10ཡོད་པ་དང་ཁྱོན་སྡེ་ཁུལ59དང་སྲིད་འཛིན་གྲོང་ཚོ13བཅས་ཡོད།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཞིན་ཧྥུའུ་ཆུས་ནི་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན་པ་དང་། ཧྲེན་དབྱང་ལྟེ་བར་བྱས་པའི་ཧ་ཏཱ་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁུལ་དེ་པེ་ཅིང་དང་ཐེན་ཅིན་གྱི་དཔལ་འབྱོར་འཕེལ་རྒྱས་ཁུལ་དང་སྦྲེལ་མཐུད་བྱས་པའི“Y”རྣམ་པའི་འདེགས་སྐྱོར་ཁུལ་ཐོག་ཏུ་གནས་ཡོད། ཞིན་ཧྥུའུ་ཆུས་ཀྱི་ལྷོ་བྱང་ཞེང་ཚད་ལ་སྤྱི་ལེ6-8ཙམ་ཡོད་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ30ཙམ་ཡོད་པ། ས་ཁམས་གནས་ཚད་ནི་གཞུང་ཐིག་ཤར་མའི123°39ˊ-125°28ˊདང་བྱང་ཐིག་བྱང་མའི41°41ˊ-42°38ˊབར་ཡིན། ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ107.6ཡོད།

4_2 ནམ་ཟླ།

ཞིན་ཧྥུའུ་ཆུས་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དུས་བཞིའི་དབྱེ་བ་གསལ་པོ་ཡོད་པ་དང་། ཆར་བ་དང་ཚ་བ་ཆེ་བའི་དུས་མཚུངས། དབྱར་དུས་ཚ་བ་ཆེ་ལ་ཆར་པ་མང་བ། དགུན་དུས་གྲང་ངར་ཆེ་ལ་སྐམ་ཤས་ཆེ་བ་བཅས་ཡོད། དཔྱིད་ཀ་དང་སྟོན་ཁའི་དུས་ཚིགས་གཉིས་ཐུང་ལ་ལྷགས་པ་མང་བ་དང་ལོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ13.9ཟིན་པ་དང་ལོར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི826.8ཟིན་པ། བ་བ་བབས་པའི་ཉིན་གྲངས་ལོ་ལྟར་ཆ་སྙོམས་ཉིན24ཡིན་པ་དང་ས་ངོས་འཁྱགས་ཚད་སྨི1.2-1.4ཟིན་ཡོད།

5 རང་བྱུང་ཐོན་ཁུངས།     

སྤྱི་ལོ2010ལོའི་བར་ཞིན་ཧྥུའུ་ཆུས་ཀྱི་གཏེར་ཁ་རིགས52ཡོད་པ་དེས་ཞིང་ཆེན་དེ་ཡོངས་ཀྱི་གཏེར་རིགས་ཀྱི47.3%བཟུང་བ་དང་། རིགས26གསར་སྤེལ་བྱས་པ། ལེགས་ཆའི་གཏེར་ཁ་རིགས18གསར་སྤེལ་བྱས་ཡོད། གཏེར་རིགས་གཙོ་བོ་གཤམ་གསལ།     གསེར། ཟངས། ལྕགས། རྡོ་ཐལ་རྡོ། འདམ་སོལ། རྡོ་སྣུམ་མ་གཡམ་རྡོ། རྡོ་སོལ་ཆགས་རིམ་གྱི་སོལ་རླངས་སོགས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཆེ་གྲས་ཧྥུའུ་ཧྲུན་གཏེར་ལས་ཚོགས་པས་རྡོ་སོལ་སྔོག་འདོན་བྱ་རྒྱུ་གཙོ་བོར་འཛིན་པ་དང་། ཧྥུའུ་ཧྲུན་ཧུང་ཧྲེན་རི་བོའི་ཟངས་གཏེར་ནི་ཟངས་དང་ཏི་ཚའི་གཏེར་ཁ་སྔོག་འདོན་བྱ་རྒྱུ་གཙོ་བོར་འཛིན་པ། ཞིན་པིན་རྫོང་ནི་རྡོ་སོལ་སྔོག་འདོན་གཙོ་བོ་ཡིན་པ་དང་། ཆིང་ཡོན་རྫོང་ནི་གསེར་གཏེར་དང་ལྕགས་གཏེར་སྔོག་འདོན་གཙོ་བོ་ཡིན་པ་དང་། ཧྥུ་ཧྲུན་རྫོང་ནི་ལྕགས་གཏེར་དང་ལིན་མའེ་གཏེར་ཁ་སྔོག་འདོན་གཙོ་བོ་ཡིན་པའི་གཏེར་ལས་ཀྱི་རྣམ་པ་ཡིན།     རྡོ་སོལ་ཐོན་ཁུངས་གསོག་ཚད་ཏུན་དུང་ཕྱུར14.15ཟིན་ཡོད། ལྕགས་གཏེར་ཐོན་ཁུངས་ཀྱི་ཕུགས་ཡུལ་གྱི་གསོག་ཚད་ཏུན་དུང་ཕྱུར2.34ཟིན་པ་དེ་གཙོ་བོ་ཆིང་ཡོན་དང་ཧྥུའུ་ཧྲུན་རྫོང་གཉིས་སུ་ཁྱབ་ནས་རྩད་ཆོད་ཐུབ་པའི་གསོག་ཚད་ཏུན་དུང་ཕྱུར0.89ཟིན་པ་དང་། ཟངས་གཏེར་རྩད་ཆོད་གསོག་ཚད་ཏུན་ཁྲི2975ཟིན་པ་དང་སྤྱི་ལོ2004ལོའི་ལོ་མཇུག་ཏུ་གཏེར་རྡོ་ཏུན་ཁྲི885.2ཟིན་པ། གཟེ་རྨེ་ཐོན་ཁུངས་ཀྱི་ཕུགས་ལྗོངས་གསོག་ཚད་ཏུན་དུང་ཕྱུར3ཙམ་ཟིན་ནས་གཙོ་བོ་ཧྥུའུ་ཧྲུན་རྫོང་དུ་ཁྱབ་ཡོད། རྩད་ཆོད་ཐུབ་པའི་གསོག་ཚད་ཏུན་ཁྲི495.3ཟིན་པ་དང་སྤྱི་ལོ2004ལོའི་ལོ་མཇུག་ཏུ་གསོག་ཚད་ཏུན་ཁྲི227ཟིན་ཡོད། སྣུམ་ལྡན་རྡོ་གཡམ་རྩད་ཆོད་པའི་གསོག་ཚད་ཏུན་དུང་ཕྱུར43.94ཟིན་པ་དེ་གཏེར་ཁ་ཆེ་གྲས་ཀྱི་ཁོངས་སུ་གཏོགས་པ་དང་སྤྱི་ལོ2004ལོའི་ལོ་མཇུག་ཏུ་གསོག་ཚད་ཏུན་དུང་ཕྱུར38.77ཟིན་ཡོད་པ་རེད། རྡོ་གཡམ་གཙོ་བོ་ཤར་གྱི་མཐོངས་ཡངས་གཏེར་ཁ་དང་ནུབ་ཀྱི་མཐོངས་ཡངས་གཏེར་གཉིས་ཡིན།

6 མི་གྲངས།

སྤྱི་ལོ2010ལོར་སླེབས་སྐབས་ཞིན་ཧྥུའུ་ཆུས་སུ་མི་འབོར་ཁྲི37.8ཡོད་པ་དང་རྒྱ་རིགས་དང་། མན་ཇུ་རིགས། ཧུའེ་རིགས། ཁྲའོ་ཞན་རིགས། ཨོ་ལུན་ཁྲུན་རིགས། ཨུ་རུ་སུ་རིགས་སོགས་མི་རིགས40ལྷག་ཙམ་སྡོད་ཀྱི་ཡོད།

7 དཔལ་འབྱོར།
7_1 ཕྱོགས་བསྡུས།

སྤྱི་ལོ2013ལོའི་ཟླ5པ་བར་ཞིནཧྥུའུ་ཆུས་ཀྱི་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར77ཟིན་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས10.7%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར22.5བཏང་བ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས25.6%འཕར་བ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར6.9ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2012ལོའི་དུས་མཚུངས་དང་གཞི་རྩའི་ཆ་ནས་མཉམ་པ་དང་། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར35.4ཟིན་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས1.5%ཆག་པ། བཅད་གྲངས་ཡན་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར47.5ལེགས་གྲུབ་བྱུང་བ་དང་སྤྱི་ལོ2012ལོའི་དུས་མཚུངས་ལས17.3%འཕར་བ། ཞིང་ཆེན་ཕྱིའི་རྣམ་གྲངས་དམིགས་སར་འབྱོར་ཚད་སྒོར་དུང་ཕྱུར30.2ཟིན་པ་དེ་དུས་མཚུངས་ལས2.5%འཕར་ཡོད།

7_2 ཐོན་ལས་དང་པོ།

སྤྱི་ལོ2012ལོ་བར་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར166.6ཟིན་ནས20.7%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར65.5ཟིན་ནས16.4%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར24.9ཟིན་ནས25.9%འཕར་བ། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར47.4ཟིན་ནས23.7%འཕར་བ། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར25.2ཟིན་ནས22.2%འཕར་བ། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3.6ཟིན་ནས20.2%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི67.3མངོན་འགྱུར་བྱུང་བ། སྔོ་ཚལ་ཐོན་ཚད་ཏུན་ཁྲི47.4ཟིན་ནས10.1%འཕར་བ།     བཟའ་བྱའི་ཤ་མོ་ཏུན་ཁྲི9.7ཟིན་ནས15.2%འཕར་བ། ཤིང་ཏོག་ཏུན་ཁྲི11.7ཟིན་ནས8%འཕར་བ། ཆུའི་ཐོན་རྫས་ཐོན་ཚད་ཏུན་ཁྲི1.8ཟིན་ནས5.5%འཕར་ཡོད། ལོ་ཧྲིལ་པོར་ཕག་པ་མགོ་གྲངས་ཁྲི78.1དང་། བ་གླང་མགོ་གྲངས་ཁྲི13.5 ལུག་མགོ་གྲངས་ཁྲི32.7 བཤས་གཏོང་བྱས་པ་དེ་དག9.3%དང་། 1%དང་། 0.5%བཅས་སོ་སོར་འཕར་ཡོད་པ་ཡིན། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི17.8ཟིན་ནས6.7%འཕར་ཡོད། སྒོ་ང་ཏུན་ཁྲི11.3ཟིན་ནས3.6%འཕར་ཡོད། འོ་མ་ཏུན་ཁྲི6.4ཟིན་ནས8.4%འཕར་ཡོད།

7_3 ཐོན་ལས་གཉིས་པ།

སྤྱི་ལོ2012ལོ་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2425.7ཟིན་ནས16.1%འཕར་ཡོད། རིན་ཐང་འཕར་མ་སྒོར་དུང་ཕྱུར་607.4ཟིན་ནས12.8%འཕར་ཡོད། དེའི་ནང་ཀྲུང་དབྱང་དང་ཞིང་ཆེན་ཁོངས་གཏོགས་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར243.1ཟིན་ནས2.8%འཕར་བ། ས་གནས་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར364.3ཟིན་ནས18.1%འཕར་ཡོད། གཞུང་ཁོངས་དང་གཞུང་ཁོངས་མ་རྐང་ཚོད་འཛིན་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར148.6ཟིན་ནས0.7%འཕར་བ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་བཟོ་ལས་ལ་སྒོར་དུང་ཕྱུར395.9བཏང་ནས17.6%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་ཡང་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར75.6ཟིན་ནས18.2%འཕར་བ། ལྕི་བའི་བཟོ་ལས་སྒོར་དུང་ཕྱུར531.8ཟིན་ནས12.1%འཕར་ཡོད།     ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར2380བྱུང་ནས15%འཕར་བ། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར17.1ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར1འཕར་བ། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར113.3ཟིན་ནས་སྒོར་དུང་ཕྱུར2ཉུང་དུ་ཕྱིན་པ། གྱོང་གུན་ཕོག་ཚད་སྒོར་དུང་ཕྱུར74.6ཟིན་ནས2.4%འཕར་ཡོད།     ཞིན་ཧྥུའུ་ཆུས་ཀྱི་མ་བཅོས་རྡོ་སོལ་ཐོན་ཚད་ཏུན་ཁྲི637.7ཡིན་ཞིང་། བརྒྱ་ཆའི17འཕར་སྣོན་བྱུང་། མ་བཅོས་རྡོ་སྣུམ་ལས་སྣོན་བྱེད་ཚད་ཏུན་ཁྲི754ཟིན་ནས13.4%འཕར་བ། ཨར་འདམ་ཏུན་ཁྲི238.2ཟིན་ནས6.8%ཆག་པ། ངར་ལྕགས་རྒྱུ་ཆས་ཏུན་ཁྲི351.3ཟིན་ནས9.3%ཆག་པ། ཤིང་གི་པང་གཅལ་སྨི་གྲུ་བཞི་མ་ཁྲི409ཟིན་ནས2%ཆག་ཡོད།

7_4 ཐོན་ལས་གསུམ་པ།

ཞིན་ཧྥུའུ་ཆུས་ནི་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཚོང་དོན་ལྟེ་གནས་ཁུལ་ཞིག་ཡིན་པ་དེས་གྲོང་ཁྱེར་དེ་ཡོངས་ཀྱི་ཕྱེད་ཀ་ཡན་བཟུང་བའི་གཞི་ཁྱོན་ལྡན་པའི་ཚོང་ལས་ཤིན་ཕུའུ་ཁུལ་དུ་གནས་པ་དང་སྤྱི་ལོ2010ལོར་སླེབས་སྐབས་ཞིན་ཧྥུའུ་ཆུས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཡན་གྱི་ཆེད་ལས་ཁྲོམ་ར6ཡོད།

སྤྱི་ལོ2013ལོར་ཞིན་ཧྥུའུ་ཆུས་ཀྱིས་གཙོ་གནད་རྣམ་གྲངས་ཀྱི་མ་འཇོག་གན་རྒྱ་ཁག28དང་འདོད་མཐུན་གྲོས་མཐུན་ཁག23བཞག་པ་དང་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར934ཟིན་ཡོད་པ་དང་། རིམ་རྩིས་བྱས་ན་མངའ་ཁོངས་ཕྱིའི་ཚོང་འགུགས་མ་འདྲེན་སྒོར་དུང་ཕྱུར138དང་། ཕྱི་དངུལ་ཨ་སྒོར་དུང་ཕྱུར1.48ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ཨ་སྒོར་དུང་ཕྱུར3.78བཅས་མངོན་འགྱུར་བྱུང་ཡོད།     སྤྱི་ལོ2010ལོར་སླེབས་སྐབས་ཞིན་ཧྥུའུ་ཆུས་སུ་དམངས་གཉེར་ཁེ་ལས212ཡོད་པ་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང16250ཡོད་པ། དམངས་གཉེར་ཁེ་ལས་ཀྱི་ཐོ་འགོད་མ་རྩ་སྒོར་དུང་ཕྱུར3.8ཟིན་པ། སྒེར་གཉེར་ཁེར་རྐྱང་ལས་གཉེར་མི་སྣ55667ཡོད་པ། དམངས་གཉེར་དཔལ་འབྱོར་ལ་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི83698ཟིན་པ་དེས་ལྗོངས་ཡོངས་ཀྱིGDPཡི་བསྡོམས་འབོར་གྱི83.28%བཟུང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་གྱི་གཙོ་གཟུགས་སུ་གྱུར་ཡོད།

8 སྤྱི་ཚོགས་ལས་དོན།
8_1 སློབ་གསོ།

སྤྱི་ལོ2012ལོ་བར་ཞིན་ཧྥུའུ་ཆུས་ཀྱིས་མ་དངུལ་སྒོར་ཁྲི1940བཏང་ནས་སློབ་གྲྭའི་ཆ་འཕྲིན་ཅན་གྱི་མཐོར་གཏོང་ལས་གྲྭ་ལག་ལེན་བསྟར་ཏེ་སློབ་གྲྭའི་དྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་དང་། སློབ་གསོའི་ཐོན་ཁུངས་སྤུས་ལེགས་བསྡུ་སྒྲིལ་བྱས་ནས་སློབ་ཞུགས་གོང་གི་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ་ལྗོངས་གཞུང་ལས་ཀྱིས་བུ་བཅོལ་ཁང་འཛུགས་རྒྱུ་འགན་ལེན་བྱེད་དགོས། སློབ་འབྲིང་ལྔ་བཅུ་པ་ནི་ཞིན་ཧྥུ་ཁུལ་དུ་གནས་ཡོད།

8_2 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2013ལོར་ཞིན་ཧྥུའུ་ཆུས་ཀྱིས་རིམ་རྩིས་བྱས་ན་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི1900ཙམ་སྤྲད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་དབུལ་པོ6924དང་མི13540ཡི་གཞི་རྩའི་འཚོ་བ་འགན་ལེན་བྱས་པ་དང་། འཕྲོད་བསྟེན་བྱ་གཞག་ཐད་མ་དངུལ་སྒོར་ཁྲི145གྲབས་གསོག་བྱས་པའི་ལྗོངས་འཕྲོད་བསྟེན་ལྟ་སྐུལ་སུའོ་དང་གྲོང་ཚོའི་འཕྲོད་བསྟེན་ཁང9ལ་སྒྱུར་བཀོད་བྱེད་བཞིན་ཡོད།    

སྤྱི་ལོ2013ལོ་བར་ཞིན་ཧྥུའུ་ཆུས་སུ་དཔྱིད་དུས་སྔོ་འགྱུར་ཐད་མ་དངུལ་སྒོར་ཁྲི570བཏང་བ་དང་། སྔོ་ལྗང་ཁྲོམ་གཞུང12དང་སྐྱེད་ཚལ་སྔོ་ཁུལ13ཡོད་པ། སྡོང་རིང་སྡོང་རྐང8166དང་སྡོང་ཕྲན66313བཅས་བཙུགས། “གཉིས་ཕྱིར་འཐེན་གཉིས”ཀྱི་ནགས་བཟོ་མ་དངུལ་སྒོར་ཁྲི185བཏང་བ་ཡིན། གཞན་ཡང་ཞིན་ཧྥུའུ་ཆུས་ཀྱིས་ད་དུང་མ་དངུལ་སྒོར་ཁྲི1100བཏང་ནས་གྲོང་མིའི་ཁུལ་ཆུང་6དང་ཆུས་དོ་དམ་ཁྲོམ་གཞུང6སྒྱུར་བཀོད་བྱེད་རྩིས་ཡོད།


དཔྱད་གཞིའི་ཡིག་ཆ།