ཙི་ཀྲོའུ་རྫོང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-03-31 14:50ལ་འགྲུབ།

ཙི་ཀྲོའུ་རྫོང་།

ཙི་ཀྲོའུ་རྫོང་།
ཙི་ཀྲོའུ་རྫོང་ནི་ཧྲའན་ཞི་ཞིང་ཆེན་གྱི་བྱང་རྒྱུད་དང་ས་སེར་མཐོ་སྒང་གི་དབུས་ཁུལ་དུ་གནས་པ་དང་། ཡུས་ལིན་གྲོང་ཁྱེར་གྱི་ལྷོ་ངོས་སུ་ཡོད། རྫོང་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2042དང་རྨོ་ཞིང་སྤྱིའི་གཞི་ཁྱོན་མུའུ་ཁྲི137ཟིན་པ་དང་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་ཁྲི30.39(སྤྱི་ལོ2017ལོ)ཡོད་པའི་ནང་ཞིང་ལས་མི་འབོར་ཁྲི27.88ཡོད། རྫོང་གི་མངའ་ཁོངས་སུ་གྲོང་རྡལ11དང་། ཡུལ་ཚོ1ཁྲོམ་གཞུང་དོན་གཅོད་ཁང1སྲིད་འཛིན་གྲོང་ཚོ279གྲོང་མིའི་ཨུ་ཡོན་ལྷན་ཁང11བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
子洲县
ཕྱི་ཡིག་མིང་།
Zizhou County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་གྲངས།
མི་ཁྲི30.39(སྤྱི་ལོ2017ལོའི་ཐེམ་ཐོའི་མི་གྲངས)
ཁོངས་གཏོགས་ས་ཁུལ།
ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར།
གཞི་ཁྱོན།
སྤྱི་ལེ་གྲུ་བཞི་མ2042
མངའ་ཁོངས།
ཀྲོའུ་ཅ་ཀྲོང་གྲོང་རྡལ། ཧོ་ཅ་ཅི་གྲོང་རྡལ་སོགས།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
སྲིད་གཞུང་གནས་ཡུལ།
ཧྲང་ཧོ་ཡུས་སྲང་ལམ།
གནམ་གྲུ་ཐང་།
ཡུས་ལིན་ཡུས་དབྱང་གནམ་གྲུ་ཐང་།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0912
མེ་འཁོར་ས་ཚིགས།
ཙི་ཀྲོའུ་ས་ཚིགས།
སྦྲག་སྲིད་ཨང་རྟགས།
718499
རླངས་འཁོར་ཚང་ཨང་།
ཧྲའནK(陕K)
གནས་ཡུལ།
ཧྲའན་ཞི་ཞིང་ཆེན་གྱི་བྱང་ཤར་རྒྱུད།
སྲིད་འཛིན་ཚབ་ཨང་།
610831
1 ངོ་སྤྲོད།

ཙི་ཀྲོའུ་རྫོང་ནི་ཧྲའན་ཞི་ཞིང་ཆེན་གྱི་བྱང་རྒྱུད་དང་ས་སེར་མཐོ་སྒང་གི་དབུས་ཁུལ་དུ་གནས་པ་དང་། ཡུས་ལིན་གྲོང་ཁྱེར་གྱི་ལྷོ་ངོས་སུ་ཡོད། རྫོང་ཁོངས་ཀྱི་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2042དང་རྨོ་ཞིང་སྤྱིའི་རྒྱ་ཁྱོན་མུའུ་ཁྲི137ཟིན་པ་དང་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་ཁྲི30.39(སྤྱི་ལོ2017ལོ)ཡོད་པའི་ནང་ཞིང་ལས་མི་འབོར་ཁྲི27.88ཡོད། རྫོང་གི་མངའ་ཁོངས་སུ་ གྲོང་རྡལ11དང་། ཡུལ་ཚོ1ཁྲོམ་གཞུང་དོན་གཅོད་ཁང1སྲིད་འཛིན་གྲོང་ཚོ279གྲོང་མིའི་ཨུ་ཡོན་ལྷན་ཁང11བཅས་ཡོད།

2 ས་ཁམས་ཁོར་ཡུག

ཙི་ཀྲོའུ་རྫོང་ནི་ཧྲའན་ཞི་ཞིང་ཆེན་གྱི་བྱང་ཕྱོགས་སུ་ཆགས་ཡོད་པ་དང་། ཡུས་ལིན་ས་ཁུལ་གྱི་ལྷོ་ཕྱོགས་སུ་ཆགས་ཡོད་། བྱང་གི་འཕྲེད་ཐིག37°15′~38°50′དང་། ཤར་གྱི་གཞུང་ཐིག 109°29'~110°07'བར་དུ་གནས། བྱང་དུ་སྨི་ཀྲི་དང་འབྲེལ་ཞིང་། ཤར་དུ་སུའེ་ཏེ་དང་འབྲེལ་ཡོད། ལྷོ་རུ་ཆིན་ཅན་དང་ཙི་ཁྲང་དང་གཉིས་ལ་འབྲེལ་ཡོད ། ནུབ་ཏུ་ཧེང་ཧྲན་དང་འབྲེལ་ཡོད། བྱང་ནས་སྨི་ཀྲི་རྫོང་གྲོང་བར་སྤྱི་ལེ64དང་། ཡུས་ལིན་གྲོང་ཁྱེར་བར་སྤྱི་ལེ142ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་བར་སྤྱི་ལེ642བཅས་ཡོད། ནུབ་ཕྱོགས་ནས་ཅིན་པེན་རྫོང་གྲོང་བར་སྤྱི་ལེ148དང་དབྱིན་ཁྲོན་གྲོང་ཁྱེར་བར་སྤྱི་ལེ474ཟིན། ལྷོ་ཆིང་ཡུས་རྫོང་གྲོང་དང་བར་ཐག་སྤྱི་ལེ92དང་། ཡན་ཨན་གྲོང་ཁྱེར་ལ་སྤྱི་ལེ226དང་། ཐུང་ཁྲོན་གྲོང་ཁྱེར་ལ་སྤྱི་ལེ472ཞི་ཨན་གྲོང་ཁྱེར་ལ་སྤྱི་ལེ594བཅས་ཡོད།

3 མི་གྲངས།

སྤྱི་ལོ1942ལོར་སུའེ་ཞི་དོན་གཅོད་ཁང་འཛུགས་སྐབས་མངའ་ཁོངས་སུ་མི་གྲངས91170ཡོད་པ་དང་། སྤྱི་ལོ1944ལོར་དུད་ཚང19322དང་མི་གྲངས104286ཡོད་པའི་ནང་སྐྱེས་པ53148དང་བུད་མེད51138ཡོད། སྤྱི་ལོ1945ལོར་ཁྱིམ་དུད22290དང་མི113799ཡོད་པའི་ནང་སྐྱེས་པ58315དང་བུད་མེད55484ཡོད། སྤྱི་ལོ1947ལོར་དུད་ཚང26290དང་མི126456ཡོད།

སྤྱི་ལོ1949ལོར་ཙི་ཀྲོའུ་རྫོང་གི་ཁྱིམ་དུད23953དང་མི་གྲངས106159ཡོད། སྤྱི་ལོ1959ལོར་དུད་ཚང31502དང་མི148581ཡོད། སྤྱི་ལོ1969ལོར་དུད་ཚང42981ཡོད་པ་དང་མི་གྲངས186650ཡོད། སྤྱི་ལོ1979ལོར་དུད་ཚང47487དང་མི205967ཡོད། སྤྱི་ལོ1989ལོར་དུད་ཚང65394ཟིན་པ་དང་མི257842ཡོད་པ་དེ་སྤྱི་ལོ1949ལོ་ལས143%འཕར་བ་དང་ལོ་རེར་ཆ་སྙོམས་བྱས་ན་མི3700འཕར་ཡོད།

སྤྱི་ལོ1980ལོར་མི་འབོར་རང་ཤུགས་སུ་འཕར་ཚད14.43%ཡིན། སྤྱི་ལོ1983ལོར་མི་འབོར་རང་ཤུགས་སུ་འཕར་ཚད18.68%ཟིན། སྤྱི་ལོ1987ལོར་མི་འབོར་སྐྱེས་ཚད35.1‰ཡིན། མི་འབོར་རང་ཤུགས་སུ་འཕར་ཚད29.6‰ཡིན། ཕྲུ་གུ་སྐྱེས་ཚད40%ཡན་ཟིན།

སྤྱི་ལོ2013ལོར་ཙི་ཀྲོའུ་རྫོང་གི་མི་འབོར་བསྡོམས་འབོར་ཁྲི30.9ཟིན་པའི་ནང་ཞིང་ལས་མི་འབོར་ཁྲི27.88ཡོད།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་ཁྱོན་དུད་ཚང115057ཡོད་པ་དང་མི་འབོར་བསྡོམས་འབོར303708ཡོད་པའི་ནང་སྐྱེས་པ161943ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི53.32%བཟུང་བ་དང་། བུད་མེད141765ཡོད་པ་དེས་སྤྱིའི་མི་འབོར་གྱི46.68%བཟུང་ཡོད། རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར62965དང་གྲོང་གསེབ་ཀྱི་མི་འབོར240743ཡོད། སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི17.03ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད36.16%ཟིན་ཡོད། ཕྲུ་གུ་སྐྱེས་ཚད12.02ཡིན། ཚེ་འདས་ཚད7.31%དང་། རང་ཤུགས་སུ་འཕར་ཚད4.71‰ཡིན།

4 སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།

ཙི་ཀྲོའུ་རྫོང་གི་མངའ་ཁོངས་སུ་ཧྲོང་ཧུའུ་ཡུས་ཁྲོམ་ལམ་དོན་གཅོད་ཁང་དང་། ཧོ་ཅ་ཅི་གྲོང་རྡལ། ལའོ་ཅུན་ཏེན་གྲོང་རྡལ། ཕེ་ཅ་ཝན་གྲོང་རྡལ། མིའོ་ཅ་ཕིན་གྲོང་རྡལ། སན་ཁྲོན་ཁོའུ་གྲོང་རྡལ། མ་ཐི་ཀོའུ་གྲོང་རྡལ། གློག་གྲོང་གྲོང་རྡལ། ཀྲོའུ་ཅ་བུལ་གྲོང་རྡལ། སོ་ཕག་ལྷ་ཁང་གྲོང་རྡལ། མ་ཁྲ་གྲོང་རྡལ། ཧོའེ་ཉིན་ཝན་ཡུལ་ཚོ་བཅས་གྲོང་རྡལ11ཡོད་པ་དང་། ཁྱོན་བསྡོམས་གྲོང་ཚོ་ཨུ་ཡོན་ལྷན་ཁང550དང་གྲོང་མིའི་ཨུ་ཡོན་ལྷན་ཁང11ཡོད།

5 དཔལ་འབྱོར།

ཞིང་ལས།

སྤྱི་ལོ2010ལོར་ཙི་ཀྲོའུ་རྫོང་གི་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི98330ལེགས་གྲུབ་བྱུང་པ་དེ་དུས་མཚུངས་སུ36.6%འཕར་བ་དང་། དེའི་ནང་འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི20381ཟིན་པ་དེ་དུས་མཚུངས་སུ1.4%འཕར་ཡོད། ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི63165ཟིན་པ་དེ་དུས་མཚུངས་སུ7.5%འཕར་ཡོད། འབྲུ་རིགས་ཐོན་ཚད་ལོ་གསུམ་བསྟུད་མར་ཏུན་ཁྲི10ལས་བརྒལ་བ་དང་། འབྲུ་རིགས་ཐོན་ཚད་ཏུན11762དང་། ལོ་སྔོན་མ་ལས་ཏུན་ཚ10908འཕར་སྣོན་བྱུང་ཞིང་། བརྒྱ་ཆའི10.2འཕར་སྣོན་བྱུང་། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན5378ཟིན་པ་དེ་ལོ་གོང་མ་ལས15.9%འཕར་བའི་ནང་ཕག་ཤ་ཐོན་ཚད་ཏུན2720དང་ལུག་ཤ་ཐོན་ཚད་ཏུན2162ཟིན་ནས་ལོ་གོང་མ་ལས10.3%དང18.7%འཕར་ཡོད། འོ་མའི་ཐོན་ཚད་ཏུན5290དང་བྱ་སྒོང་ཐོན་ཚད་ཏུན1168ཟིན་ཡོད།

སྤྱི་ལོ2016ལོར་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར19.60ཟིན་པ་དེ་དུས་མཚུངས་སུ5.4%འཕར་ཡོད། དེའི་ནང་ཞིང་ལས་ལ་སྒོར་དུང་ཕྱུར13.51ཟིན་ནས6.7%འཕར་བ་དང་། ནགས་ལས་སྒོར་དུང་ཕྱུར0.62བཏང་ནས16.4%འཕར་ཡོད། འབྲོག་ལས་ལ་སྒོར་དུང་ཕྱུར4.99བཏང་ནས0.8%འཕར་ཡོད། ཉ་ལས་ལ་སྒོར་དུང་ཕྱུར0.02ཟིན་ཡོད། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ལ་སྒོར་དུང་ཕྱུར0.46བཏང་ནས7.2%འཕར་ཡོད། ལོ་ཧྲིལ་པོར་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་སྤྱི་ཆིང46026ཟིན་པ་དེ་དུས་མཚུངས་སུ5.3%འཕར་ཡོད། དེའི་ནང་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང33785ཟིན་ནས2.1%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན101312ཟིན་པ་དེ་དུས་མཚུངས་སུ43.7%འཕར་ཡོད། དེའི་ནང་དབྱར་འབྲུའི་ཐོན་ཚད་ཏུན9240ཟིན་ནས0.1%མར་ཆག་པ་དང་། སྟོན་འབྲུ་ཐོན་ཚད་ཏུན92072ཡིན་པ་དང50.3%འཕར་ཡོད།

བཟོ་ལས།

སྤྱི་ལོ1989ལོར་ཙི་ཀྲོའུ་རྫོང་གི་བཟོ་ལས་ཁེ་ལས699ཡོད་པའི་ནང་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་ཁེ་ལས10དང་། ལས་བཟོ་པ836ཡོད། ཐོན་སྐྱེད་རིན་ཐང་སྒོར་ཁྲི497ཟིན། ལས་མི་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་སྒོར5940ཟིན། ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་ཁེ་ལས44དང་། ལས་བཟོ་པ1091ཐོན་སྐྱེད་རིན་ཐང་སྒོར་ཁྲི519ཟིན། ལས་བཟོ་པ་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་སྒོར4757ཟིན། གྲོང་ཚོ་དང་གྲོང་ཚོ་མན་གྱི་ཁེ་ལས645དང་ལས་བཟོ་པ་3111ཐོན་སྐྱེད་རིན་ཐང་སྒོར་ཁྲི970དང་ལས་བཟོ་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་སྒོར3118ཟིན་ཡོད། བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི1986ཟིན་པ་དེས་ཙི་ཀྲོའུ་རྫོང་གི་བཟོ་ལས་དང་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི5186.7ཟིན་པའི38%ཟིན་ཡོད། མ་བཅོས་རྡོ་སོལ་ཏུན་ཁྲི27.2དང་། མ་བཅོས་ཚྭ་ཏུན1038གྱོན་ཆས་ཁྲི14.94ཁྱིམ་ཆས2400ས་གདན་སྨི་གྲུ་བཞི་མ4600བཅས་ཐོན་སྐྱེད་བྱས་ཡོད།

སྤྱི་ལོ2010ལོར་ཙི་ཀྲོའུ་རྫོང་གི་བཟོ་ལས་དཔལ་འབྱོར་གྱི་གནས་བབ་གཞི་རྩའི་ཆ་ནས་བརྟན་པོ་ཡོད་མོད། འོན་ཀྱང་མ་བཅོས་རྒྱུ་ཆ་དང་ནུས་ཁུངས་ཀྱི་རིན་གོང་འཕར་བ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་བཟོ་ལས་དཔལ་འབྱོར་འཕར་ཚད་ཅུང་མར་ཆག་ཡོད། རིམ་རྩིས་བྱས་ན་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར20.25ཟིན་པ་དང་། བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར9.15ཟིན་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར15.58ཟིན་པ་དང་རིན་ཐང་འཕར་མ་སྒོར་དུང་ཕྱུར7.75ཟིན། གཞི་ཁྱོན་མན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར4.68ཟིན་ནས་བཟོ་ལས་བྲིན་ཚོང་གི་ཐོན་རྫས་རིན་ཐང་སྒོར་ཁྲི193250ཟིན་ནས4.5%འཕར་ཡོད།

སྤྱི་ལོ2016ལོར་རྫོང་ཡོངས་སུ་རིམ་རྩིས་བྱས་ན་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར39.66ཟིན་པ་དེ་དུས་མཚུངས་སུ10.5%འཕར་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར34.29ཟིན་ནས21.7%འཕར་བ་དང་། གཞི་ཁྱོན་མན་གྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར5.37ཟིན་ནས12.8%མར་ཆག་ཡོད། ལོ་ཧྲིལ་པོར་བཟོ་ལས་བྲིན་ཚོང་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར39.47ཟིན་པ་དེ་དུས་མཚུངས་སུ11.2%འཕར་ཡོད། ལོ་ཧྲིལ་པོར་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར23.63ཟིན་པ་དེ་དུས་མཚུངས་སུ9.8%འཕར་ཡོད།

6 འཕྲོད་བསྟེན།

སྤྱི་ལོ2010ལོར་ཙི་ཀྲོའུ་རྫོང་དུ་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི24ཡོད་པའི་ནང་སྨན་ཁང9དང་ཡུལ་ཚོ་དང་གྲོང་ཚོའི་འཕྲོད་བསྟེན་ཁང11ཡོད། འཕྲོད་བསྟེན་ལག་རྩལ་མི་སྣ480ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ272དང་ཐོ་འགོད་ནད་གཡོག་པ་དང་ནད་གཡོག་པ121ཡོད། ནད་ཁྲིའི་ཉལ་ཁྲི475ཡོད། དོན་དངོས་ཐོག་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ནང་ཞུགས་པའི་ཞིང་པ247604ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་ཞུགས་ཚད90.24%ཟིན། མཉམ་ལས་སྨན་བཅོས་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི3457.5སྤྲད་པ་དེ་ལོ་གོང་མ་ལས32.6%འཕར་ཡོད།

སྤྱི་ལོ2016ལོར་རྫོང་ཡོངས་སུ་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི29ཡོད་པའི་ནང་སྨན་ཁང20དང་། ལྟེ་བའི་འཕྲོད་བསྟེན་ཁང7སྤྱིར་བཏང་འཕྲོད་བསྟེན་ཁང10བཅས་ཡོད། འཕྲོད་བསྟེན་ལག་རྩལ་མི་སྣ703ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ200དང་། ལས་གཉེར་ལས་རོགས་སྨན་པ135ནད་གཡོག206སྨན་རྫས་མི་སྣ20ཞིབ་བཤེར་མི་སྣ29གཞན113ནད་ཁྲིའི་ཉལ་ཁྲི626བཅས་ཡོད།

7 ​སློབ་གསོ།

སྤྱི་ལོ1942ལོར་སུའེ་ཞི་དོན་གཅོད་ཁང་འཛུགས་སྐབས་སློབ་གྲྭ38དང་། དགེ་རྒན85དང་། སློབ་མ1872བཅས་ཡོད། སྤྱི་ལོ1953ལོར་སློབ་གྲྭ197མང་དུ་སོང་བ་དང་། སློབ་མ14225དང་། དགེ་རྒན333སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད40%ཟིན་ཡོད།    སྤྱི་ལོ1962ལོར་སློབ་འབྲིང་སྤྱི་ལོ1958ལོའི5ནས3བར་ཉུང་དུ་བཏང་བ་དང་། སློབ་ཆུང234ནས207བར་ཉུང་དུ་བཏང་། སློབ་གྲྭར་ཡོད་པའི་སློབ་མའི་མི་གྲངས11111བར་ཉུང་དུ་ཕྱིན། སྤྱི་ལོ1958ལོ་ལས་5185ཉུང་དུ་ཕྱིན་ཡོད།

སྤྱི་ལོ1989ལོར་ཙི་ཀྲོའུ་རྫོང་དུ་སློབ་ཆུང65དང་། སློབ་འབྲིང13སློབ་གྲྭར་ཡོད་པའི་སློབ་ཆུང་སློབ་མ29568སློབ་འབྲིང་སློབ་མ7933དགེ་རྒན་དང་ལས་བཟོ་པ2434བཅས་ཡོད།

སྤྱི་ལོ2010ལོར་ཙི་ཀྲོའུ་རྫོང་གི་སློབ་གྲྭ་ཆུང་འབྲིང་གི་སློབ་མ38067ཡོད་པའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ4661ཡོད་པ་དང་། ལས་རིགས་མཐོ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ3390ཡོད། དམའ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ12217ཡོད། སློབ་ཆུང་གི་སློབ་གྲྭར་ཡོད་པའི་སློབ་མ17799ཡོད། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ99.3ཟིན། ལོ་ཧྲིལ་པོར་སློབ་འབྲིང་གི་སློབ་མ5471བསྡུས་པའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་མ1491བསྡུས་པ་དང་། ལས་རིགས་མཐོ་རིམ་སློབ་འབྲིང་དུ་སློབ་མ836བསྡུས་པ། དམའ་རིམ་སློབ་འབྲིང་དུ་སློབ་མ3144བསྡུས་ཡོད། སློབ་ཆེན་གྱི་ཆེད་སྦྱོང་ཚན་ཁག་ཡན་གྱི་སློབ་མ1702བསྡུས་པའི་ནང་སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་མ928དང་ཆེད་སྦྱོང་ཚན་ཁག་གི་སློབ་མ774བསྡུས་ཡོད།

སྤྱི་ལོ2016ལོར་རྫོང་དུ་རིགས་ཁག་གི་སློབ་གྲྭ76ཡོད་པའི་ནང་མཐོ་རིམ་སློབ་འབྲིང1དང་། ལས་རིགས་སློབ་གསོའི་ལྟེ་གནས1དམའ་རིམ་སློབ་འབྲིང4ལོ་དགུའི་འོས་འགན་སློབ་གསོའི་ལམ་ལུགས་ཀྱི་སློབ་གྲྭ2ཆ་ཚང་སློབ་ཆུང24སློབ་ཁྲིད་ས་ཚིགས9ལྟེ་བའི་བུ་བཅོལ་ཁང19གྲོང་ཚོ་ཆེན་པོའི་བུ་བཅོལ་ཁང16བཅས་ཡོད། སྤྱི་ལོ2016ལོར་རྫོང་ཡོངས་སུ་སློབ་མ20119ཡོད་པ་དེ་དུས་མཚུངས་སུ3.0%མར་ཆག་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཧྲའན་ཞི། ཙི་ཀྲོའུ་རྫོང་།