ཧྲའོ་དབྱང་གྲོང་ཁྱེར།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-04-01 15:35ལ་འགྲུབ།

ཧྲའོ་དབྱང་གྲོང་ཁྱེར།

ཧྲའོ་དབྱང་གྲོང་ཁྱེར།
ཧྲའོ་དབྱང་ནི་ཧུའུ་ནན་ཞིང་ཆེན་ཁོངས་གཏོགས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ལོ་རྒྱུས་སུ“པའོ་ཆིན”ཟེར། ཧུའུ་ནན་དབུས་ཀྱི་ལྷོ་ནུབ་ཕྱོགས་སུ་གནས་པ་དང་། ཙི་ཅང་གཙང་པོའི་སྟོད་རྒྱུད་དུ་གནས་ཡོད། ཡུའེ་ལིན་ཤར་དང་ལྷོ། ཞུའེ་ཧྥེང་ཧྲན་གྱི་ནུབ་དང་བྱང་། ཙི་ཅང་ལྷོ་ནུབ་ནས་བྱང་ཕྱོགས་སུ་བཞུར་ཞིང་། དཀྱིལ་ནི་རི་མ་ཐང་དང་གཤོང་ས་ཡིན། ཤར་ནི་ཧེང་དབྱང་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན། ལྷོ་ནི་ཡུང་ཀྲོའུ་གྲོང་ཁྱེར་དང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀུའེ་ལིན་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། ནུབ་ནི་ཧོའེ་ཧྭ་གྲོང་ཁྱེར་དང་འབྲེལ་མཚམས་ཡིན། བྱང་ནི་ལོའུ་ཏི་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། འཕྲེད་ཐིག་བྱང་མའི25°58’~27°40'དང་ཤར་ཕྱོགས་ཀྱི་གཞུང་ཐིག109°49'~112°57'བར་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ20824ཡོད། ཧྲའོ་དབྱང་གྲོང་ཁྱེར་ཁོངས་གཏོགས་ཀྱི་གྲོང་ཁྱེར་ཁོངས་གཏོགས་སུ་ཆུས3དང་རྫོང(དེའི་ནང་རང་སྐྱོང་རྫོང1)7ཡོད་པ་དང་རྫོང་རིམ་པའི་གྲོང་ཁྱེར2ཚབ་གཉེར་བྱས་ཡོད། སྤྱི་ལོ2017ལོར་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་དུ་བདམས་པ་དང་སྤྱི་ལོ2018ལོར་ཐེམ་ཐོའི་མི་འབོར་ཁྲི828.28ཟིན་ནས་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1782.65ཡོད་པ་དེ་སྤྱི་ལོ2017ལོ་ལས7.6%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
邵阳
ཕྱི་ཡིག་གི་མིང་།
Shaoyang
མིང་གཞན།
པའོ་ཆིན།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ས་ཁོངས་ཁ་པར་ཨང་རྟགས།
0739
སྦྲག་སྲིད་ཨང་རྟགས།
422000
མི་གྲངས།
ཁྲི828.28ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ20824ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཞང(湘)E
སྲིད་འཛིན་ཁུལ་གྱི་ཚབ་ཨང་།
430500
1 ​ངོ་སྤྲོད།

ཧྲའོ་དབྱང་ནི་ཧུའུ་ནན་ཞིང་ཆེན་ཁོངས་གཏོགས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ལོ་རྒྱུས་སུ“པའོ་ཆིན”ཟེར། ཧུའུ་ནན་དབུས་ཀྱི་ལྷོ་ནུབ་ཕྱོགས་སུ་གནས་པ་དང་། ཙི་ཅང་གཙང་པོའི་སྟོད་རྒྱུད་དུ་གནས་ཡོད། ཡུའེ་ལིན་ཤར་དང་ལྷོ། ཞུའེ་ཧྥེང་ཧྲན་གྱི་ནུབ་དང་བྱང་། ཙི་ཅང་ལྷོ་ནུབ་ནས་བྱང་ཕྱོགས་སུ་བཞུར་ཞིང་། དཀྱིལ་ནི་རི་མ་ཐང་དང་གཤོང་ས་ཡིན། ཤར་ནི་ཧེང་དབྱང་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན། ལྷོ་ནི་ཡུང་ཀྲོའུ་གྲོང་ཁྱེར་དང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀུའེ་ལིན་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། ནུབ་ནི་ཧོའེ་ཧྭ་གྲོང་ཁྱེར་དང་འབྲེལ་མཚམས་ཡིན། བྱང་ནི་ལོའུ་ཏི་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། འཕྲེད་ཐིག་བྱང་མའི25°58’~27°40'དང་ཤར་ཕྱོགས་ཀྱི་གཞུང་ཐིག109°49'~112°57'བར་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ20824ཡོད། ཧྲའོ་དབྱང་གྲོང་ཁྱེར་ཁོངས་གཏོགས་ཀྱི་གྲོང་ཁྱེར་ཁོངས་གཏོགས་སུ་ཆུས3དང་རྫོང(དེའི་ནང་རང་སྐྱོང་རྫོང1)7ཡོད་པ་དང་རྫོང་རིམ་པའི་གྲོང་ཁྱེར2ཚབ་གཉེར་བྱས་ཡོད། སྤྱི་ལོ2017ལོར་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་དུ་བདམས་པ་དང་སྤྱི་ལོ2018ལོར་ཐེམ་ཐོའི་མི་འབོར་ཁྲི828.28ཟིན་ནས་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1782.65ཡོད་པ་དེ་སྤྱི་ལོ2017ལོ་ལས7.6%འཕར་ཡོད།

2 སྲིད་འཛིན་དབྱེ་མཚམས།

སྤྱི་ལོ2019ལོའི་ཟླ7པ་བར་ཧྲའོ་དབྱང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས3དང་། རྫོང6རང་སྐྱོང་རྫོང1བཅས་ཡོད་པ་དང་རྫོང་རིམ་པའི་གྲོང་ཁྱེར2ཚབ་གཉེར་བྱས་ཡོད། གྲོང་ཁྱེར་དེ་ཡོངས་སུ་ཁྲོམ་གཞུང36དང་། གྲོང་རྡལ112ཤང39མི་རིགས་ཤང15བཅས་ཡོད་པ་དང་། གྲོང་ཁྱེར་སྲིད་གཞུང་ནི་ཏཱ་ཞང་ཆུས་བྱང་ལམ་གྱི་ཤར་ངོས6པར་གནས་ཡོད། 

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཧྲའོ་དབྱང་གྲོང་ཁྱེར་ནི་ཧུའུ་ནན་དབུས་ཀྱི་ལྷོ་ནུབ་ཕྱོགས་སུ་གནས་པ་དང་། ཙི་ཅང་གཙང་པོའི་སྟོད་རྒྱུད་དུ་གནས་ཡོད། ཤར་ནི་ཧེང་དབྱང་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན་པ་དང་། ལྷོ་ནི་ཡུང་ཀྲོའུ་གྲོང་ཁྱེར་དང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀུའེ་ལིན་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། ནུབ་ནི་ཧོའེ་ཧྭ་གྲོང་ཁྱེར་དང་འབྲེལ་མཚམས་ཡིན་པ་དང་། བྱང་ནི་ལོའུ་ཏི་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། འཕྲེད་ཐིག་བྱང་མའི25°58’~27°40'བར་དང་། ཤར་ཕྱོགས་ཀྱི་གཞུང་ཐིག109°49'~112°57'བར་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ20824ཡོད། 

3_2 ནམ་ཟླ།

ཧྲའོ་དབྱང་གྲོང་ཁྱེར་ནི་ཚ་ཁུལ་ཕལ་བའི་ཁུལ་དུ་གནས་པ་དང་། དུས་བཞི་གསལ་པོ་ཡོད། དྲོད་ཚད་འདང་ངེས་ཡོད། ཆར་ཆུ་མོད། དུས་ཚིགས་གཅིག་ནང་གྲོང་ཁྱེར་དེ་ཡོངས་ཀྱི་ལོ་རེའི་ཆ་སྙོམས་དྲོད་ཚད16.1-17.1℃ཡིན། གྲོང་ཁྱེར་ས་ཁོངས་ནང་ལོ་ཧྲིལ་པོར་ཉི་འོད་ཕོག་ཚད་ཆུ་ཚོད1350-1670ཡིན་པ་བཅས་རེད། 

3_3 ཆུ་དཔྱད།

ཧྲའོ་དབྱང་གྲོང་ཁྱེར་ཁོངས་ཀྱི་ཞི་ཧོ་གཙང་པོ་སྟུག་པོ་ཡོད་པ་དང་། སྟོང་སྨི5ཡན་གྱི་ཆུ་བོ་ཆེ་ཆུང595ཡོད་ཅིང་། དེ་དག་ནི་ཙི་ཅང་གཙང་པོ་དང་། ཡོན་ཅང་གཙང་པོ། ཞང་ཅང་གཙང་པོ། ཞང་ཅང་གཙང་པོ་བཅས་ཆུ་རྒྱུད་ཆེན་པོ་བཞི་ཡིན་པ་དང་། གཙོ་བོ་ཙི་ཅང་གཙང་པོའི་ཆུ་རྒྱུད་ཡིན། ཙི་ཅང་གཞུང་ཆུ་ནི་ཆུ་ཁུངས་གཉིས་དང་ཡན་ལག་འཕྲེད་གཞུང་དུ་བཏང་ཞིང་། ལྷོ་ནུབ་ནས་བྱང་ཤར་ཕྱོགས་སུ“Y”ཡིག་གཟུགས་སུ་ཆགས་ཤིང་། འབབ་རྒྱུད་ཀྱི་རྒྱ་ཁྱོན་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང9ཡི་ཆུས3ལ་ཁྱབ་ཡོད། ཝུའུ་ཆུ་ཁུངས་གྲོང་ཁྱེར་ནས་ཐོན། ཙི་ཅང་གཙང་པོ་དང་དེའི་ཡན་ལག་ཆུ་བོ་དེ་གྲོང་ཁུལ་བརྒྱུད་དེ་གྲོང་ཁུལ་གཅིག་གསུམ་དུ་ཕྱེ་ཡོད་པས། རྗེས་སུ་ཆུས་གསུམ་དུ་ཕྱེ་པ་རེད།

4 མི་འབོར་དང་མི་རིགས།
4_1 མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་བར་གྲོང་ཁྱེར་དེ་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྲི828.28ཡོད་པ་དེ་ལོ་སྔོན་མ་ལས་མི་ཁྲི1.82འཕར་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི737.05ཡོད་པའི་ནང་སྐྱེས་པའི་མི་འབོར་ཁྲི384.27དང་། བུད་མེད་ཀྱི་མི་འབོར་ཁྲི352.78ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་དང་གྲོང་གསེབ་ཀྱི་མི་འབོར་ཁྲི350.02དང་མི་ཁྲི387.03ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད47.49%ཟིན་པ་དེ་ལོ་སྔོན་མ་ལས་བརྒྱ་ཆའི་གྲངས1.6མཐོ་རུ་ཕྱིན། ལོ65ཡན་གྱི་རྒན་རྒོན་མི་གྲངས་ཁྲི80.5ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི10.9%བཟུང་ཡོད། ལོ་འདིའི་ནང་གསར་སྐྱེས་མི་འབོར་ཁྲི7.52ཡོད་པ་དང་། སྐྱེས་ཚད9.08‰དང་། ཤི་རྨས་མི་འབོར་ཁྲི3.75ཡོད། ཤི་ཚད4.53‰རང་བྱུང་འཕར་ཚད4.55‰ཡིན།

4_2 མི་རིགས།

གྲོང་ཁྱེར་དེ་ཡོངས་སུ་རང་སྐྱོང་རྫོང1ཡོད་པ་སྟེ། ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་དང་། གྲངས་ཉུང་མི་རིགས1གི་མི་འབོར་རྫོང་ཕྱེད་ཀ་ལས་བརྒལ་བ་སྟེ་ཐོའོ་ཉིང་རྫོང་། མི་རིགས་ཤང15མི་རིགས་གྲོང་ཚོ6བཅས་ཡོད། ཁྱོན་བསྡོམས་གྲངས་ཉུང་མི་རིགས43དང་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི56ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་འབོར་གྱི6.8%བཟུང་ཡོད། 

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི756.04དང་། དཔལ་འབྱོར་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི513.61ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས5913བཅས་ཡོད་པ་དང་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར1113.06ཟིན་ནས6.6%འཕར་བའི་ནང་རྒྱལ་ཁབ་རིམ་པའི་སྣེ་འདྲེན་ཁེ་ལས2དང་ཞིང་ཆེན་རིམ་པའི་སྣེ་འདྲེན་ཁེ་ལས55ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་སྤུས་ལེགས་ཆུ་འབྲས་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང459.17ཡོད་པ་དེས་ཆུ་འབྲས་འདེབས་འཛུགས་རྒྱ་ཁྱོན་གྱི73.3%ཟིན་ཡོད། 

5_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་ཧྲའོ་དབྱང་གྲོང་ཁྱེར་གྱི་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར111.78ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན6.8%འཕར་བ་དེས་ཐོན་ལས་གཉིས་པའི་བསྡུར་ཚད་ཀྱི17.8%བཟུང་ཡོད། བྱང་ཚད་ཀྱི་རིམ་པ་ལྡན་པའི་ཨར་སྐྲུན་ཁེ་ལས་ཀྱིས་གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར623.69ཟིན་ནས3.4%འཕར་བ་དང་། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར453.85ཟིན་ནས18.6%འཕར། སློབ་མཇུག་ཏུ་ལས་ཞུགས་མི་སྣ་ཁྲི12.08ཡོད་པ་དེ་ལོ་སྔོན་མའི་ལོ་མཇུག་ལས་མི་ཁྲི0.45འཕར་བ་དེའི་ནང་ལས་གྲྭའི་ལག་རྩལ་མི་སྣ20649ཡོད་པ་དེ་ལོ་སྔོན་མའི་ལོ་མཇུག་ལས་མི2702མང་དུ་ཕྱིན་ཡོད་པ་རེད། སྡོད་ཁང་འཛུགས་སྐྲུན་ལས་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི3639.33ཟིན་ནས2.5%འཕར་བ་དང་ལས་མཇུག་འགྲིལ་བའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི1610.48ཟིན་ནས1.5%ཆག 

5_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ཧྲའོ་དབྱང་གྲོང་ཁྱེར་གྱི་ཚོང་སྒྱུར་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི1975.55ཟིན་ནས12.4%འཕར་བ་དང་། ལས་མཇུག་འགྲིལ་པ་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི245.63ཟིན་ནས18.5%འཕར། ཕྱིར་ཚོང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི453.79ཟིན་ནས1.1%འཕར་བའི་ནང་ད་ཡོད་ཁང་པའི་ཕྱིར་ཚོང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི87.67ཟིན་ནས37.9%ཆག སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི390.64ཟིན་ནས3.5%འཕར། སྡོད་ཁང་སྨི་གྲུ་བཞི་མ་རེར་ཆ་སྙོམས་རིན་གོང་སྒོར3927ཟིན་ནས13.1%འཕར་ཡོད། 

6 སྤྱི་ཚོགས་བྱ་གཞག
6_1 ཚན་རྩལ།

སྤྱི་ལོ2018ལོར་ཧྲའོ་དབྱང་གྲོང་ཁྱེར་ལ་མཐོ་གསར་ལག་རྩལ་ཐོན་རྫས་ཐོན་སྐྱེད་ཁེ་ལས813ཡོད་པ་དེ་ལོ་སྔོན་མ་ལས་ཁེ་ལས274མང་དུ་སོང་བའི་ནང་ཞིང་ཆེན་ཚན་རྩལ་ཐིང་གིས་ངོས་འཛིན་བྱས་པའི་མཐོ་གསར་ཁེ་ལས114ཡོད་པ་རེད། མཐོ་གསར་ཁེ་ལས་ཡོངས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1613.66ཟིན་ནས18.9%འཕར་ཡོད། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད4940ཡོད་པ་དེ་ལོ་སྔོན་མ་ལས1746མང་དུ་ཕྱིན་ནས54.2%འཕར་བའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ686ཡོད་པ་དེ42.7%འཕར་བ་དང་ཁེ་བེད་བདག་ཐོབ་དབང་སྤྲོད་བྱེད་ཚད2734ཟིན་ནས54.8%འཕར་ཡོད། ལག་རྩལ་གན་རྒྱ30བཞག་པ་དང་། ལག་རྩལ་གན་རྒྱ་ཚོང་འགྲིག་དངུལ་གྲངས་སྒོར་དུང་ཕྱུར4.3ཟིན་ནས34.4%འཕར་ཡོད། 

6_2 སློབ་གསོ།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲའོ་དབྱང་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མར་སློབ་མ་ཁྲི1.10བསྡུས་ནས12.6%ཆག་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི3.36དང་མཐར་ཕྱིན་སློབ་མ་ཁྲི0.81ཡོད་པ་རེད། རིགས་ཁག་གི་འབྲིང་རིམ་ལས་རིགས་སློབ་གསོར་སློབ་མ་ཁྲི2.73བསྡུས་པ་དེ2.5%ཆག་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི7.50དང་མཐར་ཕྱིན་སློབ་མ་ཁྲི2.23ཟིན་ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་མ་ཁྲི4.64བསྡུས་ནས4.7%འཕར་བ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི13.53དང་མཐར་ཕྱིན་སློབ་མ་ཁྲི4.21ཡོད་པ་རེད། དམའ་རིམ་སློབ་འབྲིང་དང་སློབ་ཆུང་དུ་སློབ་མ་ཁྲི20.69བསྡུས་ནས2.1%འཕར་བ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི91.59དང་མཐར་ཕྱིན་སློབ་མ་ཁྲི20.57ཡོད་པ་རེད། དམིགས་བསལ་སློབ་གསོར་སློབ་མ་ཁྲི0.07བསྡུས་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི0.48ཡོད། བུ་བཅོལ་ཁང་དུ་བྱིས་པ་ཁྲི20.58ཡོད་པ་དེ3.5%ཆག་ཡོད། རིགས་ཁག་གི་དམངས་གཉེར་སློབ་གྲྭ101ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི12.55ཡོད། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་དང་མཐར་ཕྱིན་སློབ་མ་སློབ་རིམ་འཕར་ཚད་གཉིས་ཀ100%ཟིན་ཡོད་པ་རེད། 

6_3 རིག་གནས།

སྤྱི་ལོ2018ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་སུ་རིག་གནས་ཁང13དང་། སྤྱི་པའི་དཔེ་མཛོད་ཁང14དངོས་མང་བཤམས་སྟོན་ཁང4དྲན་གསོ་ཁང9གྲོང་ཁྱེར་རིམ་པའི་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ4བཅས་ཡོད་པ་རེད། སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི112ཡོད་པ་དང་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད99.21%ཟིན་ཡོད། རིག་གནས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་རིན་ཐང་འཕར་མ་སྒོར་དུང་ཕྱུར90བྱུང་བ་དེསGDPཡི5.05%བཟུང་ཡོད། རྫོང་རིམ་པའི་རིག་གནས་ལུས་རྩལ་ལྟེ་གནས6དང་། གྲོང་ཚོ་རིམ་པའི་རིག་གནས་ལྟེ་གནས1866གསར་སྐྲུན་དང་འཛུགས་སྐྲུན་བྱས་ཡོད། ཧྲའོ་དབྱང་རྫོང་པལ་ཚང་གྲོང་རྡལ་དང་། ཁྲེང་པུའུ་རྫོང་རུའུ་ལིན་གྲོང་རྡལ། ལུང་ཧུའེ་རྫོང་ཧུའུ་ཧོའོ་ཧྲན་ཡའོ་རིགས་ཤང་བཅས་སྤྱི་ལོ2018ལོ་ནས་སྤྱི་ལོ2020ལོ་བར“ཧུའུ་ནན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”དུ་བདམས། 

6_4 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་སུ་འཕྲོད་བསྟེན་སྒྲིག་གཞི1212ཡོད་པ་དེ་ལོ་སྔོན་མ་ལས72མང་དུ་སོང་བའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང345ཡོད་པ་དང་། ཉལ་ཁྲིའི་བསྡོམས་འབོར་ཁྲི4.18ཟིན་ནས16.8%འཕར། འཕྲོད་བསྟེན་ལག་རྩལ་མི་སྣ་ཁྲི3.52ཟིན་ནས10.3%འཕར། ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ་ཁྲི1.45ཟིན་ནས13.3%འཕར། ཐོ་འགོད་བྱས་པའི་སྨན་གཡོག་ཁྲི1.45ཟིན་ནས10.7%འཕར་བ་བཅས་རེད། 

6_5 ལུས་རྩལ།

སྤྱི་ལོ2018ལོར་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་དར་མའི་ཚོགས་ཆུང་གི་འགྲན་བསྡུར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་ཧྲའོ་དབྱང་འཐུས་མི་ཚོགས་པར་དར་མའི་ཚོགས་ཆུང་དང་གཞོན་ནུ་ལོ་ཆུང་ཚོགས་ཆུང་གི་ཚོགས་སྤྱིའི་སྐར་གྲངས་ཨང་གཉིས་པ་དང་དྲུག་པ་ཐོབ་ནས་ཉེ་བའི་ལོ20རིང་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཐོག་རང་རྒྱལ་གྱི་གྲུབ་འབྲས་ཡག་ཤོས་ཐོབ་ཡོད། ཞིང་ཆེན་གྱི་སྐབས་དགུ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལ་ཚོགས་པའི་སྤྱི་མིང་ཨང་གསུམ་པ་ཐོབ། རྫོང་རིམ་པའི་རིག་གནས་ལུས་རྩལ་ལྟེ་གནས6དང་། གྲོང་ཚོ་རིམ་པའི་རིག་གནས་ལྟེ་གནས1866གསར་སྐྲུན་དང་འཛུགས་སྐྲུན་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།