ཝུའུ་པའོ་རྫོང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-03-31 14:56ལ་འགྲུབ།

ཝུའུ་པའོ་རྫོང་།

ཝུའུ་པའོ་རྫོང་།
ཝུའུ་པའོ་རྫོང་ནི་ཧྲའན་ཞི་ཞིང་ཆེན་གྱི་བྱང་ཤར་དང་ཡུས་ལིན་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་ཡོད། བྱང་ཕྱོགས་སུ་ཅ་རྫོང་དང་། ནུབ་ཏུ་སུའེ་ཏེ་དང་འབྲེལ་ཞིང་། ཤར་དུ་རྨ་ཆུ་དང་འཕྲད་ཅིང་། ཧྲན་ཞི་ཞིང་ཆེན་གྱི་ལིན་རྫོང་དང་ལིའུ་ལིན་གཉིས་ལ་ཕན་ཚུན་ཁ་གཏད་དུ་གནས་ཡོད། ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི30.4དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྟོང་སྨི26.8སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ428རྫོང་ཡོངས་ཀྱི་སྤྱིའི་མི་འབོར་ཁྲི8.43(སྤྱི་ལོ2016ལོ) མངའ་ཁོངས་སུ་སུང་ཅ་ཁྲོན་སྲང་ལམ་དོན་གཅོད་ཁང་དང་། ཀུའོ་ཅ་ཀོའུ་གྲོང་རྡལ། ཞིན་ཅ་ཀོའུ་གྲོང་རྡལ། ཀུའོ་ཅ་ཀོའུ་གྲོང་རྡལ། ཁྲ་ཧྲང་གྲོང་རྡལ། ཀྲང་ཅ་ཧྲན་གྲོང་རྡལ་བཅས་ཁྱོན་བསྡོམས་གྲོང་རྡལ5དང་སྲང་ལམ་དོན་གཅོད་ཁང1ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吴堡县
ཕྱི་ཡིག་མིང་།
Wubu County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
གཞི་ཁྱོན།
སྟོང་སྨི་གྲུ་བཞི་མ420.85
ཁོངས་གཏོགས་ས་ཁུལ།
ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར།
མི་གྲངས།
མི་ཁྲི8.43(སྤྱི་ལོ2016ལོའི་ཐེམ་ཐོའི་མི་གྲངས)
སྲིད་གཞུང་གནས་ཡུལ།
སུང་ཅ་ཁྲོན།
ནམ་ཟླ།
དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་དང་སྐམ་ཤས་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0912
གནམ་གྲུ་ཐང་།
ཡུས་ལིན་ཡུས་དབྱང་གནམ་གྲུ་ཐང་།
སྦྲག་སྲིད་ཨང་རྟགས།
718200
མེ་འཁོར་ས་ཚིགས།
ཝུའུ་པའོ་ས་ཚིགས།
གནས་ཡུལ།
ཧྲའན་ཞི་ཞིང་ཆེན་གྱི་བྱང་ཤར་རྒྱུད།
རླངས་འཁོར་ཚང་ཨང་།
ཧྲའནK(陕K)
སྲིད་འཛིན་ཚབ་ཨང་།
610829
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར20.88(སྤྱི་ལོ2017ལོ)
1 ངོ་སྤྲོད།

ཝུའུ་པའོ་རྫོང་ནི་ཧྲའན་ཞི་ཞིང་ཆེན་གྱི་བྱང་ཤར་དང་ཡུས་ལིན་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་ཡོད། བྱང་ཕྱོགས་སུ་ཅ་རྫོང་དང་། ནུབ་ཏུ་སུའེ་ཏེ་དང་འབྲེལ་ཞིང་། ཤར་དུ་རྨ་ཆུ་དང་འཕྲད་ཅིང་། ཧྲན་ཞི་ཞིང་ཆེན་གྱི་ལིན་རྫོང་དང་ལིའུ་ལིན་གཉིས་ལ་ཕན་ཚུན་ཁ་གཏད་དུ་གནས་ཡོད། ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི30.4དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྟོང་སྨི26.8སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ428རྫོང་ཡོངས་ཀྱི་སྤྱིའི་མི་འབོར་ཁྲི8.43(སྤྱི་ལོ2016ལོ)  མངའ་ཁོངས་སུ་སུང་ཅ་ཁྲོན་སྲང་ལམ་དོན་གཅོད་ཁང་དང་། ཀུའོ་ཅ་ཀོའུ་གྲོང་རྡལ། ཞིན་ཅ་ཀོའུ་གྲོང་རྡལ། ཀུའོ་ཅ་ཀོའུ་གྲོང་རྡལ། ཁྲ་ཧྲང་གྲོང་རྡལ། ཀྲང་ཅ་ཧྲན་གྲོང་རྡལ་བཅས་ཁྱོན་བསྡོམས་གྲོང་རྡལ5དང་སྲང་ལམ་དོན་གཅོད་ཁང1ཡོད།

2 སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།

ཝུའུ་པའོ་རྫོང་གི་མངའ་ཁོངས་སུ་གྲོང་རྡལ6ཡོད་པ་སྟེ། སུང་ཅ་ཁྲོན་ཁྲོམ་གཞུང་དོན་གཅོད་ཁང་དང་། ཤིན་ཅ་ཀོའུ་གྲོང་རྡལ། ཀུའོ་ཅ་ཀོའུ་གྲོང་རྡལ། ཀུའུ་ཅ་ཧྥུ་གྲོང་རྡལ། ཀྲང་ཅ་ཧྲན་གྲོང་རྡལ། ཁྲ་ཧྲང་གྲོང་རྡལ་བཅས་ཡིན།

3 མི་གྲངས།

སྤྱི་ལོ1953ལོར་རྫོང་ཡོངས་སུ་དུད་ཚང10365དང་མི44568(སྐྱེས་པ22131དང་བུད་མེད22437)ཡོད།

སྤྱི་ལོ1964ལོར་སྤྱིའི་ཁྱིམ་དུད13376ཡོད་པ་དང་། སྤྱིའི་མི་འབོར54760ཡོད་པའི་ནང་སྐྱེས་པ27949དང་བུད་མེད26811ཡོད། སློབ་གྲྭ་ཆེན་མོའི་རིག་གནས་ཆུ་ཚད་ལྡན་པའི་མི75དང་། མཐོ་འབྲིང་གི་མི453དམའ་འབྲིང་གི་མི2504སློབ་ཆུང་གི་མི13602ཡིག་རྨོངས་དང་ཡིག་རྨོངས་ཕྱེད་ཙམ་གྱི་མི21037སློབ་གྲྭར་ཞུགས་མེད་པའི་བྱིས་པ2800བཅས་ཡོད། མི་རིགས3དང་རྒྱ་རིགས54755དང་། ཧུའེ་རིགས4བོད་རིགས1བཅས་ཡོད།

སྤྱི་ལོ1982ལོར་རྫོང་དེར་དུད་ཚང16112དང་མི63274ཡོད་པའི་ནང་སྐྱེས་པ32715དང་བུད་མེད30559ཡོད། སློབ་གྲྭ་ཆེན་མོའི་སློབ་ཐོན་སློབ་མ142དང་། སློབ་གྲྭ་ཆེན་མོའི་སློབ་གྲྭར་ཡོད་པའི་སློབ་ཕྲུག10མཐོ་རིམ་སློབ་འབྲིང་གི་ཡོན་ཚད་མི4939དམའ་རིམ་སློབ་འབྲིང་གི་ཡོན་ཚད་མི13483སློབ་ཆུང་སློབ་མ21252བཅས་ཡོད། མི་རིགས3དང་རྒྱ་རིགས63267དང་། ཧུའེ་རིགས3བོད་རིགས4བཅས་ཡོད།

སྤྱི་ལོ2011ལོར་རྫོང་ཡོངས་ཀྱི་མི་འབོར་བསྡོམས་འབོར86596ཡོད་པའི་ནང་ཞིང་ལས་མིན་པའི་མི་འབོར15243དང་རྒྱུན་སྡོད་མི་འབོར75800ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་གྲངས1158ཡོད། སྐྱེས་ཚད་ནི13‰དང་། ཚེ་འདས་གྲངས་ནི1117ཚེ་འདས་ཚད་ནི12.9‰ཡིན།

4 དཔལ་འབྱོར།

སྤྱི་ལོ2011ལོར་ཝུའུ་པའོ་རྫོང་གི་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི31629ལེགས་གྲུབ་ཟིན་པ་དེ་སྤྱི་ལོ2010ལོ་ལས9.9%འཕར་བའི་ནང་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི25578ཟིན། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི879ཟིན། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི4522ཟིན། ཞིང་ནགས་འབྲོག་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི650ཟིན་ཡོད། སྟོན་བསྡུའི་ལོ་ཏོག་འདེབས་ཁྱོན་མུའུ116770ཟིན་པ་དང་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན16346ཟིན་པའི་ནང་འབྲུ་རིགས་ཐོན་ཚད་ཏུན9253དང་། སྲན་རིགས་ཐོན་ཚད་ཏུན་1996ཞོག་ཁོག་རིགས་ཀྱི་ཐོན་ཚད་ཏུན5097བཅས་ཡོད། སྣུམ་རྒྱུའི་ཐོན་ཚད་ཏུན1241ཟིན་ནས11.8%འཕར་ཡོད། སྔོ་ཚལ་ཐོན་ཚད་ཏུན9846ཟིན་ནས4.6%འཕར་ཡོད། ཀུ་ཤུའི་ཐོན་ཚད་ཏུན712ཟིན་ནས13%འཕར་ཡོད།

སྤྱི་ལོ2016ལོར་རྫོང་ཡོངས་སུ་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི11དང་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི9.45ཟིན་པའི་ནང་མ་རྨོས་ལོ་ཏོག་མུའུ་ཁྲི2.58དང་། དཀྱུས་འབྲུ་མུའུ་ཁྲི2.71སྲན་ཆེན་མུའུ་ཁྲི1.68ཞོག་ཁོག་མུའུ་ཁྲི2.48ལོ་ཧྲིལ་པོར་འབྲུ་རིགས་ཐོན་ཚད་ཏུན་ཁྲི2.29ཟིན་ནས་འཆར་གཞིའི་ལས་འགན་གྱི170%ལེགས་གྲུབ་ཟིན།

5 བཟོ་ལས།

སྤྱི་ལོ2014ལོར་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར17.8ཟིན་པ་དེ་དུས་མཚུངས་སུ7.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོར་སྒོར་དུང་ཕྱུར2.49ཟིན་པ་དེ་དུས་མཚུངས་སུ1.7%འཕར་བ་དང་། ཐོན་ལས་གཉིས་པར་སྒོར་དུང་ཕྱུར6.53བཏང་བ་དེ་དུས་མཚུངས་སུ7.6%འཕར་བ། ཐོན་ལས་གསུམ་པ་སྒོར་དུང་ཕྱུར8.78ཟིན་པ་དེ་དུས་མཚུངས་སུ8.3%འཕར་ཡོད། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི7785ཟིན་པ་དེ་དུས་མཚུངས་སུ8.4%འཕར་བ་དང་། ས་གནས་ནོར་སྲིད་ཡོང་འབབ་སྒོར་ཁྲི3256ཟིན་པ་དེ་དུས་མཚུངས་སུ13.3%འཕར་ཡོད། ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར10.59ཟིན་པ་དེ་དུས་མཚུངས་སུ3.5%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར6.4ཟིན་པ་དེ་དུས་མཚུངས་སུ10.4%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་9.09བཏང་།

སྤྱི་ལོ2016ལོར་རྫོང་ཡོངས་ཀྱིས་ལོ་ཧྲིལ་པོར་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར5.3ལེགས་གྲུབ་བྱུང་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས2མང་དུ་ཕྱིན་ནས་དུད་ཚང12ཟིན། ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར8.83ཟིན་པ་དེ་དུས་མཚུངས་སུ22.7%འཕར་བ་དང་། འཕར་ཐང་སྒོར་དུང་ཕྱུར3.89ཟིན་པ་དེ་དུས་མཚུངས་སུ6.1%འཕར་ཡོད།

6 འཕྲོད་བསྟེན།

སྤྱི་ལོ2010ལོར་ཝུའུ་པའོ་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི18དང་། ཉལ་ཁྲི359འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ188བཅས་ཡོད་པའི་ནང་ལས་གཉེར་སྨན་པ69དང་། ལས་གཉེར་ལས་རོགས་སྨན་པ8ནད་གཡོག43བཅས་ཐོ་འགོད་བྱས་ཡོད།

7 སློབ་གསོ།

སྤྱི་ལོ1989ལོར་ཝུའུ་པའོ་རྫོང་དུ་ཆ་ཚང་སློབ་འབྲིང1དང་། དམའ་རིམ་སློབ་འབྲིང4མཐོ་རིམ་སློབ་འབྲིང་འཛིན་གྲྭ7དམའ་རིམ་སློབ་འབྲིང་འཛིན་གྲྭ53སློབ་མ2939དགེ་རྒན་དང་ལས་བཟོ་པ244 ལས་རིགས་སློབ་འབྲིང1དང་། སློབ་མ16དགེ་རྒན་དང་ལས་བཟོ་པ25བཅས་ཡོད། གཞུང་གཉེར་སློབ་ཆུང189དང་། སློབ་མ6974དགེ་རྒན་དང་ལས་བཟོ་པ717བཅས་ཡོད།

སྤྱི་ལོ2011ལོར་ཝུའུ་པའོ་རྫོང་དུ་སློབ་འབྲིང་དཀྱུས་མ2དང་། སློབ་ཆུང37བྱིས་གསོ་ཁང4བཅས་ཡོད། སློབ་ཆུང་དུ་སློབ་གྲྭར་ཡོད་པའི་སློབ་མ4746ཡོད་པ་དང་། སློབ་མ885དང་སློབ་ཐོན་སློབ་མ760ཡོད། དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ2261སློབ་མ647དང་། སློབ་ཐོན་སློབ་མ1151མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ1613སློབ་མ514སློབ་ཐོན་སློབ་མ555ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཧྲའན་ཞི། ཝུའུ་པའོ་རྫོང་།