ནན་ཕིའོ་ཆུས།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-03-31 17:46ལ་འགྲུབ།

ནན་ཕིའོ་ཆུས།

ནན་ཕིའོ་ཆུས།
ནན་ཕིའོ་ཆུས་ནི་ལིའོ་ཞི་དོག་ལམ་དུ་གནས་ཡོད་པ་དང་། ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་ཆགས་ཡོད། ཅིན་ཀྲོའུ་དང་ཁྲའོ་དབྱང་གྲོང་ཁྱེར་གཉིས་དང་ས་མཚམས་འབྲེལ་ཡོད་པ་དང་། གནས་དེ་རུ་ཆིན་ཧོང་ཏའོ་གྲོང་ཁྱེར་ལ་རྒྱང་ལྟ་བྱས་ཆོག པོ་ཧའེ་རྒྱ་མཚོའི་དཔལ་འབྱོར་མུ་ཁྱུད་ཀྱི་གྲུ་ཁ་ཁག་བརྒྱུད་ནས་ཕྱི་ཕྱོགས་ལ་ཉོ་ཚོང་རྒྱ་སྐྱེད་གཏོང་ཐུབ་པ་དང་། བྱང་དུ་སུང་ལིན་ལ་སྔས་ནས་གནས་ཡོད་པ་དང་། ལྷོ་ངོས་སུ་པོ་ཧའེ་རྒྱ་མཚོར་བལྟས་ཏེ་བྱང་ཤར་གྱི་ཀྲུང་མོང་དང་ཀྲུང་ཨུའི་མཐའ་མཚམས་དཔལ་འབྱོར་ཁུལ་སྤྱད་དེ་མཐའ་མཚམས་ཚོང་དོན་གྱི་དཔལ་འབྱོར་འགྲོ་འོང་ལ་ཤུགས་སྣོན་རྒྱག་ཆོག ནན་ཕིའོ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1000ཡོད་པ་དང་དེའི་མངའ་ཁོངས་སུ་ཤང་གྲོང10དང་ཁྲོམ་གཞུང་དོན་གཅོད་ཁྲུའུ7ཡོད་པ་དང་། སྤྱི་ལོ2012ལོར་མངའ་ཁོངས་ཀྱི་སྤྱིའི་མི་འབོར་མི་ཁྲི30སླེབས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南票区
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1000ཡོད།
མི་འབོར།
ཁྲི30ཡོད། (སྤྱི་ལོ2012ལོ)
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་ཧུའུ་ལུའུ་ཏའོ་གྲོང་ཁྱེར།
ཡུལ་སྐད།
བྱང་ཤར་སྐད། ལིའོ་ཞི་ཅིན་ཀྲོའུ་སྐད།
མངའ་ཁོངས།
གྲོང་རྡལ2དང་ཤང2ཁྲོམ་གཞུང་དོན་གཅོད་ཁྲུའུ7བཅས་ཡོད།
གནམ་གཤིས།
དྲོད་འབྲིང་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
སྲིད་གཞུང་གནས་ཡུལ།
ནན་ཕིའོ་ཆུས་ལུང་ཧྲོའུ་ལམ་གྱི་ཨང་རྟགས42པར་གནས་ཡོད།
མཛེས་ལྗོངས་གྲགས་ཅན།
ཧྲ་ཀུའོ་ཐུན་མིའི་རིགས་ཀྱི་བྲག་ཕུག་རྗེས་ཤུལ།
ས་ཁོངས་ཁ་པར་ཨང་རྟགས།
0429
སྦྲག་སྲིད་ཨང་རྟགས།
125027
མེ་འཁོར་འབབ་ཚུགས།
ཧོང་ཅཱ་ཐུན་འབབ་ཚུགས། ནན་ཕིའོ་འབབ་ཚུགས། ཧུའུ་ལུའུ་ཏའོ་བྱང་ཚུགས། ཧུའུ་ལུའུ་ཏའོ་འབབ་ཚུགས། ཀའོ་ཆའོ་བྱང་ཚུགས། ཀའོ་ཆའོ་གྲོང་རྡལ་གྱི་འབབ་ཚུགས།
སྲིད་འཛིན་ཚབ་ཨང་།
211404
གནས་ཡུལ།
ཤར་གྱི་གཞུང་ཐིག་ཏུའུ120དང་སྐར་མ30ནས་ཏུའུ120དང་སྐར་མ50དང་། བྱང་གི་འཕྲེད་ཐིག་ཏུའུ40དང་སྐར་མ05ནས་ཏུའུ41དང་སྐར་མ20ཡི་བར་དུ་གནས་ཡོད།
རླངས་འཁོར་ཚབ་ཨང་།
ལིའོ(辽)P
1 ངོ་སྤྲོད།

ནན་ཕིའོ་ཆུས་ནི་ལིའོ་ཞི་དོག་ལམ་དུ་གནས་ཡོད་པ་དང་། ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་ཆགས་ཡོད། ཅིན་ཀྲོའུ་དང་ཁྲའོ་དབྱང་གྲོང་ཁྱེར་གཉིས་དང་ས་མཚམས་འབྲེལ་ཡོད་པ་དང་། གནས་དེ་རུ་ཆིན་ཧོང་ཏའོ་གྲོང་ཁྱེར་ལ་རྒྱང་ལྟ་བྱས་ཆོག པོ་ཧའེ་རྒྱ་མཚོའི་དཔལ་འབྱོར་མུ་ཁྱུད་ཀྱི་གྲུ་ཁ་ཁག་བརྒྱུད་ནས་ཕྱི་ཕྱོགས་ལ་ཉོ་ཚོང་རྒྱ་སྐྱེད་གཏོང་ཐུབ་པ་དང་། བྱང་དུ་སུང་ལིན་ལ་སྔས་ནས་གནས་ཡོད་པ་དང་། ལྷོ་ངོས་སུ་པོ་ཧའེ་རྒྱ་མཚོར་བལྟས་ཏེ་བྱང་ཤར་གྱི་ཀྲུང་མོང་དང་ཀྲུང་ཨུའི་མཐའ་མཚམས་དཔལ་འབྱོར་ཁུལ་སྤྱད་དེ་མཐའ་མཚམས་ཚོང་དོན་གྱི་དཔལ་འབྱོར་འགྲོ་འོང་ལ་ཤུགས་སྣོན་རྒྱག་ཆོག

ནན་ཕིའོ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1000ཡོད་པ་དང་དེའི་མངའ་ཁོངས་སུ་ཤང་གྲོང10དང་ཁྲོམ་གཞུང་དོན་གཅོད་ཁྲུའུ7ཡོད་པ་དང་། སྤྱི་ལོ2012ལོར་མངའ་ཁོངས་ཀྱི་སྤྱིའི་མི་འབོར་མི་ཁྲི30སླེབས་ཡོད།         

2 འཛུགས་སྐྲུན་འཕེལ་རིམ།

ནན་ཕིའོ་རུ་སྤྱི་ལོ1962ལོའི་ཟླ5པར་གྲོང་རྡལ་རིམ་པའི་སྒྲིག་གཞི་བཙུགས་པ་དང་།    དེ་སྔའི་ཅིན་ཞི་རྫོང་གི་ཁོངས་སུ་གཏོགས།

སྤྱི་ལོ1983ལོའི་ཟླ1པའི་ཚེས1ཉིན། ཅིན་ཀྲོའུ་གྲོང་ཁྱེར་དུ་ནན་ཕིའོ་ཆུས་བཙུགས་ཏེ། སྔོན་ཆད་ཅིན་ཞི་རྫོང་གི་མངའ་འོག་ཡིན་པའི་ནན་ཝན་གྲོང་རྡལ་དང་ཧྲ་ཀའོ་ཐུན་ཀུང་ཧྲེ་དེ་ཅིན་ཀྲོའུ་གྲོང་ཁྱེར་ནན་ཕིའོ་ཆུས་ཀྱི་མངའ་ཁོངས་སུ་གཏོགས།

སྤྱི་ལོ1989ལོའི་ཟླ6ཚེས12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཅིན་ཞི་རྫོང་རིམ་པའི་གྲོང་ཁྱེར་ནས་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་རིམ་སྤོར་བྱས། ཅིན་ཀྲོའུ་གྲོང་ཁྱེར་གྱི་ནན་ཕིའོ་ཆུས་དེ་ཅིན་ཞི་གྲོང་ཁྱེར་གྱི་མངའ་ཁོངས་སུ་བཅུག་ཅིང་། དུས་མཚུངས་སུ་དེ་སྔའི་ཅིན་ཞི་གྲོང་ཁྱེར་གྱི་ནོན་ཁྲི་ཐང་གྲོང་རྡལ་དང་། ཅན་ཡའོ་ལིན་གྲོང་རྡལ། ཧོང་ཐུའུ་ཁན་ཤང་བཅས་ནན་ཕིའོ་ཆུས་ཁོངས་སུ་བསྒྲིལ་བ་དང་། དེར་ཅིན་ཞི་གྲོང་ཁྱེར་གྱི་ནན་ཕིའོ་ཆུས་ཟེར།

སྤྱི་ལོ1994ལོའི་ཟླ9བའི་ཚེས20ཉིན། ཅིན་ཞི་གྲོང་ཁྱེར་གྱི་མིང་དེ་ཧུའུ་ལུའུ་ཏའོ་གྲོང་ཁྱེར་ཞེས་པར་བསྒྱུར་བ་དང་། ནན་ཕིའོ་ཆུས་ཀྱི་མིང་ཡང་དེ་དང་མཉམ་དུ་ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ནན་ཕིའོ་ཆུས་ཞེས་པར་མིང་བསྒྱུར། དེའི་ཁོངས་སུ་ཤང་དང་གྲོང་རྡལ2དང་སྲང་ལམ་དོན་གཅོད་ཁང7ཡོད།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ནན་ཕིའོ་ཆུས་ཀྱི་མངའ་ཁོངས་སུ་ཁྲོམ་གཞུང7དང་གྲོང་རྡལ7ཤང4ཆུ་མཛོད1བཅས་ཡོད་པ་སྟེ། ཁྲོམ་གཞུང7ནི་ཅིའུ་ལུང་ཁྲོམ་གཞུང་། ཀྲའོ་ཅཱ་ཐུན་ཁྲོམ་གཞུང་། ཆིའུ་ཕི་ཀོའུ་ཁྲོམ་གཞུང་། ཧྲ་ཀའོ་ཐུན་ཁྲོམ་གཞུང་། ཀྲུའུ་ཙི་ཀོའུ་ཁྲོམ་གཞུང་། སན་ཅཱ་ཙི་ཁྲོམ་གཞུང་བཅས་དང་། ཀང་ཡའོ་ལིང་གྲོང་རྡལ། ནོན་ཁྲི་གྲོང་རྡལ། ཧྲ་ཀུའོ་ཐུན་ཤང་། ཝུའུ་ཅིན་ཐང་ཆུ་མཛོད། ཀའོ་ཆའོ་གྲོང་རྡལ། ཅིན་ཞིན་གྲོང་རྡལ་ཧུང་ཅུས་ཐུན་གྲོང་རྡལ། ཐའེ་ཅི་ཐུན་གྲོང་རྡལ། ཏཱ་ཞིན་ཤང་། ཀྲང་ཞང་ཀུང་ཐུན་ཤང་བཅས་ཡིན།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ནན་ཕིའོ་ཆུས་ནི་ལིའོ་ཞི་དོག་ལམ་དུ་གནས་ཡོད་པ་དང་། ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་ཆགས་ཡོད། ཅིན་ཀྲོའུ་དང་ཁྲའོ་དབྱང་གྲོང་ཁྱེར་གཉིས་དང་ས་མཚམས་འབྲེལ་ཡོད་པ་དང་། གནས་དེ་རུ་ཆིན་ཧོང་ཏའོ་གྲོང་ཁྱེར་ལ་རྒྱང་ལྟ་བྱས་ཆོག པོ་ཧའེ་རྒྱ་མཚོའི་དཔལ་འབྱོར་མུ་ཁྱུད་ཀྱི་གྲུ་ཁ་ཁག་བརྒྱུད་ནས་ཕྱི་ཕྱོགས་ལ་ཉོ་ཚོང་རྒྱ་སྐྱེད་གཏོང་ཐུབ་པ་དང་། བྱང་དུ་སུང་ལིན་ལ་སྔས་ནས་གནས་ཡོད་པ་དང་། ལྷོ་ངོས་སུ་པོ་ཧའེ་རྒྱ་མཚོར་བལྟས་ཏེ་བྱང་ཤར་གྱི་ཀྲུང་མོང་དང་ཀྲུང་ཨུའི་མཐའ་མཚམས་དཔལ་འབྱོར་ཁུལ་སྤྱད་དེ་མཐའ་མཚམས་ཚོང་དོན་གྱི་དཔལ་འབྱོར་འགྲོ་འོང་ལ་ཤུགས་སྣོན་རྒྱག་ཆོག

ནན་ཕིའོ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1000ཡོད་པ་དང་དེའི་མངའ་ཁོངས་སུ་ཤང་གྲོང10དང་ཁྲོམ་གཞུང་དོན་གཅོད་ཁྲུའུ7ཡོད་པ་དང་། སྤྱི་ལོ2012ལོར་མངའ་ཁོངས་ཀྱི་སྤྱིའི་མི་འབོར་མི་ཁྲི30ཡོད།

4_2 ནམ་ཟླ།

ནན་ཕིའོ་ཆུས་ཀྱི་གནམ་གཤིས་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད19.5℃Cདང་། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི360-784བར་ཡིན། རླངས་པར་འགྱུར་ཚད་ཧའོ་སྨི1600-2000བར་ཡིན་ལ། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི500ཡིན།

5 དཔལ་འབྱོར།

སྤྱི་ལོ2012ལོར་ནན་ཕིའོ་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར41.7མངོན་འགྱུར་བྱུང་ནས77.1%འཕར་ཡོད་པ་དང་། ལོ་རེར་ཆ་སྙོམས་རིམ་འཕར12.1%(གཤམ་དུ་ཚང་མ་སྤྱི་ལོ2007ལོ་དང་བསྡུར་ན། སྤྱི་ལོ2007ལོའི་གཞི་གྲངས་ནང་ཤང་དང་གྲོང་རྡལ6ཚུད་ཡོད)འཕར་ཡོད། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར3.6ལེགས་གྲུབ་བྱུང་བས216.5%འཕར་ཡོད་པ་དང་། ལོ་རེར་ཆ་སྙོམས་བྱས་ན25.9%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར13བཏང་ནས58.5%འཕར་བ་དང་ལོར་ཆ་སྙོམས9.7%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར21.2ཟིན་ནས59.9%འཕར་བ་དང་ལོ་རེར་ཆ་སྙོམས་རིམ་འཕར9.8%ཟིན་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར9760ཟིན་ནས160.1%འཕར་བ་དང་ལོ་རེར་ཆ་སྙོམས21.1%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར11300ཟིན་ཡོད་ལ། རིམ་རྩིས་བྱས་ན་རྒྱལ་ནང་གི་མ་དངུལ་སྒོར་དུང་ཕྱུར70ནང་འདྲེན་བྱས་པ་དང་། ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་ཁྲི1074ནང་འདྲེན་བྱས། ཕྱིར་གཏོང་ཕྱི་དངུལ་ཨ་སྒོར་དུང་ཕྱུར2བརྩོན་ལེན་བྱས་ཡོད།

6 སྤྱི་ཚོགས་ལས་དོན།
6_1 ​སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2012ལོར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར3.3བཏང་ནས་འོས་འགན་སློབ་གསོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་སྐར་མ་ཐོབ་ཚད་མཐོ་བའི“ལོ་དགུའི་ཁྱབ་གདལ་སློབ་གསོའི་ཆུ་ཚད་མཐོ་རུ་བཏང་ནས”ཞིབ་བཤེར་རྩིས་ལེན་བྱས་པ་དང་། ཚད་གཞི་མཐོ་བའི་ལུས་རྩལ་ཐང་བསྐྲུན་ནས་དམངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པ་བདེ་བླག་ངང་གཉེར་ཡོད། མཐོ་རིམ་སློབ་འབྲིང་གི་སློབ་གསོའི་ཐོན་ཁུངས་བདེ་བླག་ངང་སྡེབ་སྒྲིག་བྱས་ནས་ཤང་དང་གྲོང་རྡལ་གྱི་ལྟེ་བའི་བུ་བཅོལ་ཁང6འཛུགས་སྐྲུན་བྱས་ཡོད། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་བ་དང་། གཞི་རྩའི་སྨན་རྫས་ལ་རིན་ཁྱད་མེད་པར་བྲིན་འཚོང་བྱས་ཡོད། མ་དངུལ་སྒོར་ཁྲི2950བརྩོན་ལེན་བྱས་ནས་འཕྲོད་བསྟེན་ཞབས་ཞུ་བྱ་ཡུལ་སྨི་གྲུ་བཞི་མ་ཁྲི1.6གསར་སྐྲུན་བསྐྱར་སྐྲུན་བྱས། ལྗོངས་སྨན་ཁང་གིས་བརྟན་པོའི་ངང་ཚབ་གཉེར་བྱས་པ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པར་རིམ་རྩིས་བྱས་ན་ཁ་གསབ་སྒོར་ཁྲི5000སྤྲད། མི་འབོར་སྐྱེ་ཚད་དང་། མི་འབོར་གྱི་ཕོ་མོའི་བསྡུར་ཚད་བཅས་ཚང་མ་གྲོང་ཁྱེར་གྱིས་གཏན་ཁེལ་བྱས་པའི་ལས་འགན་ལེགས་འགྲུབ་བྱས། ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་གྱུར། ཧྲ་ཀའོ་ཐུན་གྱི་རྡོའི་མཆོད་རྟེན་དང་། རྫ་མའི་ཡའོ་ལིང་མིང་རང་བཞིན་གྱི་དགོན་པ། ཨན་ཁྲང་ཕུའུ་ཧྲེ་ལི་ཐ་སོགས་ལོ་རྒྱུས་ཀྱི་རིག་དངོས་ཁག་གཅིག་དུས་ཐོག་ཏུ་ཉམས་གསོ་བྱས་ཡོད། བུ་ལྔའི་རྗེས་ཤུལ་བང་སོ་ཁང་གིས་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་རེ་ཞུ་བྱས་པ་རེད། “གཉིས་བཀུར་དཔེ་བཟང་ཁུལ”གྱི་མཚན་སྙན་ཐོབ་ཡོད། ཚན་རྩལ་ཁྱབ་གདལ་དཔེ་སྟོན་ཁུལ་གྱིས་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་ཚན་རྩལ་ཁྱབ་གདལ་ཞིང་ཕན་གྲོང་ཚོའི་སྔོན་ཐོན་ཚན་པའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། སྦགས་བཙོག་འབྱུང་ཁུངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོ་དང་། དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་བྱས། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པ་བཅས་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།

7 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2012ལོར་མ་དངུལ་སྒོར་ཁྲི1200བཏང་ནས་ལྟེ་བའི་རྒན་གསོ་ཁང་དང་ནད་པ་ཚབ་གཉེར་ལྟེ་གནས་བསྐྲུན་ཡོད། དབུལ་སྐྱོར་མ་དངུལ་སྒོར་ཁྲི520བརྩོན་ལེན་བྱས་ནས་ཞིང་པ་དུད་ཚང3700ལ་ཕན་པ་ཐོབ་ཡོད། ཞིང་སྐྱོར་ཞིང་ཕན་གྱི་ཁ་གསབ་སྒོར་ཁྲི5900འཛིན་སྤྲོད་དངུལ་ལེན་བྱས་པ་དང་། ཞིང་ལས་འགན་བཅོལ་ནང་ཞུགས་པའི་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་བཏང་ཞིང་། ཞིང་པའི་གྱོང་གུན་སྒོར་ཁྲི600ཉུང་དུ་བཏང་ཡོད། འབྲུ་རིགས་ཁེ་ལས་བསྒྱུར་བཅོས་བརྟན་པོའི་ངང་སྤེལ། ཆུ་མཛོད་ཀྱི་གནས་སྤོས་ཡུལ་མིའི་དུས་མཇུག་གི་རོགས་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རོགས་སྐྱོར་མ་དངུལ་སྒོར་ཁྲི1735བཏང་ནས་གནས་སྤོས་ཡུལ་མིའི་ལས་གྲྭ66ལེགས་གྲུབ་བྱུང་ཡོད། གྲོང་གསེབ་ཀྱི་འཐུང་ཆུ་ཉེན་མེད་ལས་གྲྭ་ཁག81ལག་བསྟར་བྱས་ཏེ་མི་ཁྲི4.2ཀྱི་འཐུང་ཆུ་ཉེན་མེད་གནད་དོན་ཐག་གཅོད་བྱས་ཡོད། སྤྱི་ཕན་རང་བཞིན་གྱི་ལས་གནས460གསར་སྤེལ་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དངོས་མིང་ལམ་ལུགས་སུ་མི་ཐེངས་ཁྲི2.8ལས་ཞུགས་ཐུབ་ཡོད། ངལ་ནུས་ཕྱིར་གཏོང་མི་ཐེངས་ཁྲི4.5བྱས་པ་དང་། ལས་ཞུགས་མེད་པའི་ཁྱིམ་ཚང་གི་གནས་ཚུལ་མེད་པ་བཅས་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ནན་ཕིའོ་ཆུས། མི་གྲངས། དཔལ་འབྱོར།