ཅ་རྫོང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-03-31 14:56ལ་འགྲུབ།

ཅ་རྫོང་།

ཅ་རྫོང་།
​ཅ་རྫོང་ནི་ཧྲའན་ཞི་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་རྨ་ཆུའི་བར་རྒྱུད་ཀྱི་ནུབ་ངོགས་སུ་ཆགས་ཤིང་། ཡུས་ལིན་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དང་། མའོ་ཝུའུ་སུའུ་བྱེ་ཐང་གི་ཤར་ལྷོའི་མཐའ་ལ་ཆགས་ཡོད། ཤར་ཕྱོགས་སུ་ཧྲན་ཞིའི་ལིན་རྫོང་གི་རྨ་ཆུ་དང་ཕན་ཚུན་ཁ་གཏད་དུ་གནས་པ་དང་། ནུབ་ཏུ་སྨི་ཀྲི་རྫོང་དང་འབྲེལ་ཡོད་ལ། ལྷོ་རུ་ཝུའུ་པའོ་རྫོང་གི་རི་ཆུ་དང་འབྲེལ་ལ། བྱང་དུ་ཧྲེན་མུའུ་རྫོང་དང་འབྲེལ་ཞིང་། ལྷོ་ནུབ་ཏུ་སུའེ་ཏེ་རྫོང་དང་འབྲེལ་ཡོད། མངའ་ཁོངས་སུ་གྲོང་རྡལ12དང་། སྲང་ལམ1རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2144རྨོ་ཞིང་ཁྲི4.3རྫོང་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྲི26.97(སྤྱི་ལོ2017ལོ)ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
佳县
ཕྱི་ཡིག་མིང་།
Jiaxian County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
གཞི་ཁྱོན།
སྟོང་སྨི་གྲུ་བཞི་མ2144
ཁོངས་གཏོགས་ས་ཁུལ།
ཧྲའན་ཞི་ཞིང་ཆེན་ཡུས་ལེན་གྲོང་ཁྱེར།
མི་གྲངས།
མི་ཁྲི26.97(སྤྱི་ལོ2017ལོའི་ཐེམ་ཐོའི་མི་གྲངས)
སྲིད་གཞུང་གནས་ཡུལ།
ཅ་ཀྲོའུ་སྲང་ལམ།
ནམ་ཟླ།
དྲོ་རྒྱུད་སྐམ་སའི་རང་བཞིན་གྱི་ཐན་ཕྱེད་དུས་རླུང་ནམ་ཟླ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0912
གནམ་གྲུ་ཐང་།
ཡུས་ལིན་ཡུས་དབྱང་གནམ་གྲུ་ཐང་།
སྦྲག་སྲིད་ཨང་རྟགས།
719200
མེ་འཁོར་ས་ཚིགས།
ཡུས་ལིན་ས་ཚིགས།
གནས་ཡུལ།
ཧྲའན་ཞི་ཞིང་ཆེན་གྱི་བྱང་ཤར་རྒྱུད།
རླངས་འཁོར་ཚང་ཨང་།
ཧྲའནK(陕K)
སྲིད་འཛིན་ཚབ་ཨང་།
610828
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར50.51(སྤྱི་ལོ2017ལོ)
1 ངོ་སྤྲོད།

ཅ་རྫོང་ནི་ཧྲའན་ཞི་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་རྨ་ཆུའི་བར་རྒྱུད་ཀྱི་ནུབ་ངོགས་སུ་ཆགས་ཤིང་། ཡུས་ལིན་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དང་། མའོ་ཝུའུ་སུའུ་བྱེ་ཐང་གི་ཤར་ལྷོའི་མཐའ་ལ་ཆགས་ཡོད། ཤར་ཕྱོགས་སུ་ཧྲན་ཞིའི་ལིན་རྫོང་གི་རྨ་ཆུ་དང་ཕན་ཚུན་ཁ་གཏད་དུ་གནས་པ་དང་། ནུབ་ཏུ་སྨི་ཀྲི་རྫོང་དང་འབྲེལ་ཡོད་ལ།  ལྷོ་རུ་ཝུའུ་པའོ་རྫོང་གི་རི་ཆུ་དང་འབྲེལ་ལ། བྱང་དུ་ཧྲེན་མུའུ་རྫོང་དང་འབྲེལ་ཞིང་། ལྷོ་ནུབ་ཏུ་སུའེ་ཏེ་རྫོང་དང་འབྲེལ་ཡོད། མངའ་ཁོངས་སུ་གྲོང་རྡལ12དང་། སྲང་ལམ1རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2144རྨོ་ཞིང་ཁྲི4.3རྫོང་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྲི26.97(སྤྱི་ལོ2017ལོ)ཡོད།

2 སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།

སྤྱི་ལོ2016ལོར་ཅ་རྫོང་གི་མངའ་ཁོངས་སུ་ཁྲོམ་གཞུང1དང་གྲོང་རྡལ12ཡོད་པ་སྟེ། ཅ་ཀྲོའུ་ཁྲོམ་གཞུང་དང་། ཁུང་གྲོང་རྡལ། ཚོང་ཁང་གྲོང་རྡལ། ཝུའུ་ཀྲེན་གྲོང་རྡལ། ཅིན་མིང་དགོན་གྲོང་རྡལ། ཐུང་ཀྲེན་གྲོང་རྡལ། ཝང་ཅ་ཧྥང་གྲོང་རྡལ། ཧྥང་ཀོང་གྲོང་རྡལ། ཀྲུའུ་ཀོན་ཀྲའེ་གྲོང་རྡལ། ཀྲུའུ་ཅ་ཧྥང་གྲོང་རྡལ། ཆི་ཀྲེན་གྲོང་རྡལ། ལིའུ་གོ་ཅུས་གྲོང་རྡལ། མུའུ་ཡུས་གྲོང་རྡལ་བཅས་ཡིན།

3 ས་ཁམས་ཁོར་ཡུག

ཅ་རྫོང་ནི་ཧྲའན་ཞི་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་རྨ་ཆུའི་བར་རྒྱུད་ཀྱི་ནུབ་ངོགས་སུ་ཆགས་ཤིང་། ཡུས་ལིན་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དང་། མའོ་ཝུའུ་སུའུ་བྱེ་ཐང་གི་ཤར་ལྷོའི་མཐའ་ལ་ཆགས་ཡོད། ཤར་ཕྱོགས་སུ་ཧྲན་ཞིའི་ལིན་རྫོང་གི་རྨ་ཆུ་དང་ཕན་ཚུན་ཁ་གཏད་དུ་གནས་པ་དང་། ནུབ་ཏུ་སྨི་ཀྲི་རྫོང་དང་འབྲེལ་ཡོད་ལ།  ལྷོ་རུ་ཝུའུ་པའོ་རྫོང་གི་རི་ཆུ་དང་འབྲེལ་ལ། བྱང་དུ་ཧྲེན་མུའུ་རྫོང་དང་འབྲེལ་ཞིང་། ལྷོ་ནུབ་ཏུ་སུའེ་ཏེ་རྫོང་དང་འབྲེལ་ཡོད། ཤར་གྱི་གཞུང་ཐིག110°0′45"~110°45′10″དང་། བྱང་གི་འཕྲེད་ཐིག37°41′47"~38°23′34″བར་དུ་གནས།མངའ་ཁོངས་སུ་གྲོང་རྡལ12དང་། སྲང་ལམ1རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2144ཡོད།

4 མི་གྲངས།

སྤྱི་ལོ1914ལོར་རྫོང་ནང་དུ་ཞིང་དུད21559ཡོད་པ་དང་། སྤྱི་ལོ1923ལོར་མི94818ཡོད། སྤྱི་ལོ1924ལོར10576ཡོད།

སྤྱི་ལོ1928ལོར་དུད་ཚང21639དང་མི118374ཡོད་པ་དེ་སྤྱི་ལོ1912ལོ་དང་བསྡུར་ན་མི་འབོར53090འཕར་བ་དང་ཆ་སྙོམས་བྱས་ན་ལོ་རེར་མི3318འཕར་ཡོད།

སྤྱི་ལོ1929༡ལོ་ནས་སྤྱི་ལོ1937ལོ་བར་རྒྱལ་ནང་དུ་ཐན་པ་དང་ནད་ཡམས་སོགས་ཀྱི་གནོད་འཚེ་ཆེན་པོ་ཕོག་ལ། འོན་ཀྱང་མི་གྲངས་འཕར་ཆག་ཆེན་པོ་བྱུང་མེད། སྤྱི་ལོ1933ལོར་ཁྱིམ་དུད21423དང་མི་གྲངས120227ཡོད། སྤྱི་ལོ1935ལོར་ཁྱིམ་དུད21423དང་མི་གྲངས119897ཡོད། སྤྱི་ལོ1937ལོར་ཁྱིམ་དུད16281དང་མི་གྲངས89477ཡོད། སྤྱི་ལོ1940ལོ་ནས་བཟུང་རྫོང་ཁོངས་ཀྱི་མི་འབོར་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་། སྤྱི་ལོ1941ལོར་དུད་ཚང21694དང་མི་གྲངས119833ཡོད། སྤྱི་ལོ1942ལོར་དུད་ཚང21694དང་མི་གྲངས119831ཡོད། སྤྱི་ལོ1943ལོར་དུད་ཚང19517དང་མི་གྲངས136270ཡོད། སྤྱི་ལོ1944ལོར་དུད་ཚང25020དང་མི་གྲངས140382ཡོད།

སྤྱི་ལོ1949ལོར་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་མི་འབོར་མགྱོགས་མྱུར་ངང་འཕར་ཡོད་ལ། སྤྱི་ལོ1949ལོར་ཅཱ་རྫོང་གི་མི་གྲངས་བསྡོམས་འབོར110831ཟིན་པ་དང་སྤྱི་ལོ1959ལོར་མི་གྲངས159149ཟིན་པ་དེ་སྤྱི་ལོ1949ལོ་དང་བསྡུར་ན་མི་གྲངས48318འཕར་ཡོད། སྤྱི་ལོ1989ལོར་མི218844ཡོད་པ་དེ་སྤྱི་ལོ1949ལོ་དང་བསྡུར་ན་མི108013འཕར་ཡོད།

སྤྱི་ལོ2005ལོར་མི271008ཡོད། དེ་ནི་སྤྱི་ལོ1949ལོའི་ལྡབ2.45ཡིན། ལོ56ནང་མི160177དངོས་སུ་འཕར། ལོ་རེར་ཆ་སྙོམས་མི2860འཕར་ཡོད།

5 དཔལ་འབྱོར།

ཞིང་ལས།

སྤྱི་ལོ1947ལོར། ས་ཞིང་བསྒྱུར་བཅོས་བྱས་ཏེ་ས་ཞིང་འདེབས་མཁན་རང་ལ་དབང་བར་བྱས་པས། ཞིང་པ་རྣམས་ས་ཞིང་གི་བདག་པོར་གྱུར་པ་དང་། དམའ་རིམ་དང་མཐོ་རིམ་ཞིང་ལས་ཐོན་སྐྱེད་མཉམ་ལས་ཁང་བཅས་དུས་རིམ་བཞི་བརྒྱུད་དེ། ཞིང་པ་རྣམས་མཉམ་ལས་ཅན་གྱི་ལམ་དུ་ཁྲིད་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་སྤྱི་ལོ1978ལོའི་བར་ཞིང་ནང་ཆུ་བེད་ཀྱི་གཞི་རྩའི་འཛུགས་སྐྲུན་རྒྱ་ཆེར་སྤེལ་བ་དང་། རྫས་ལུད་དང་ཞིང་སྨན་རྒྱ་ཆེར་བརྒྱབ་པ། ངལ་རྩོལ་ཡོ་བྱད་ཇེ་ལེགས་སུ་བཏང་བ་བཅས་ཞིང་ལས་ཐོན་སྐྱེད་བྱེད་ནུས་ཆེ་རུ་ཕྱིན་པ་དང་འབྲུ་རིགས་ཐོན་ཚད་ལོ་རེ་བཞིན་འཕར་ཡོད།

སྤྱི་ལོ1978ལོར་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། གྲོང་གསེབ་ཀྱི་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཆེན་པོ་བྱས་པ་དང་། ཐོན་སྐྱེད་དང་སྦྲེལ་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་ཆེན་པོ་བཏང་། སྤྱི་ལོ1982ལོར་འབྲུ་རིགས་ཐོན་ཚད་བསྡོམས་འབོར་སྤྱི་རྒྱ་ཁྲི6512.5ཟིན་པ་དང་། མུའུ་རེའི་ཐོན་ཚད་སྤྱི་རྒྱ119.3ཟིན། མི་རེར་ཆ་སྙོམས་འབྲུ་རིགས་སྤྱི་རྒྱ340ཟིན། ཐོན་ཚད་བསྡོམས་འབོར་སྤྱི་ལོ1949ལོ་ལས་ལྡབ5.8འཕར་ཡོད།   

སྤྱི་ལོ1985ལོར་རྫོང་དུ་སྲན་ལྗང་དང་། རྡོ་ཐ། ཁ་སུར་དམར་པོ། ར་ཁུལ་དཀར་པོ་བཅས་ཐོན་སྐྱེད་རྟེན་གཞི4རིམ་བཞིན་ཆགས་པ་དང་། འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་། ཞིང་ལས་ཐོན་རྫས་ཚོང་ཟོག་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་བ་དང་། འབྲུ་རིགས་ཐོན་སྐྱེད་རིམ་བཞིན་སྤུས་ཚད་ཅན་དང་ཕན་འབྲས་ཅན་དུ་འགྱུར་བ། སྲན་ཆེན་དང་། སྲན་ལྗང་། མ་རྨོས་ལོ་ཏོག ཞོག་ཁོག་བཅས་འདེབས་འཛུགས་ལས་རིགས་ཀྱི་གཙོ་ཁྲིད་ཐོན་རྫས་སུ་གྱུར་པ། འབྲུ་རིགས་དཀྱུས་མ་འདེབས་འཛུགས་བྱེད་པའི་གཞི་ཁྱོན་རིམ་བཞིན་ཆགས་པ་བཅས་ཡིན།

སྤྱི་ལོ2004ལོར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས“ཞིང་གསུམ”(ཞིང་ལས་དང་། གྲོང་གསེབ། ཞིང་པ)གྱི་གནད་དོན་ལ་དོ་ཁུར་བྱས་ཤིང་། ཀྲུང་གུང་ཅཱ་རྫོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་དང་། ས་བོན་འདུ་འགོད་ལག་བསྟར་བྱས་ཏེ། ཆུ་གྲོན་ཆུང་དང་སྐམ་འདེབས་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་བཏང་ཡོད། ཅཱ་རྫོང་གི་འབྲུ་རིགས་སྤྱིའི་ཐོན་འབོར་སླར་ཡང་སྤྱི་རྒྱ་ཁྲི6000ལས་བརྒལ་བ་དང་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར1319ཟིན་ཡོད།

སྤྱི་ལོ2016ལོར་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར15.18ཟིན་ནས་རིན་ཐང་འཕར་མ་སྒོར་དུང་ཕྱུར9.06ཟིན་ཡོད། ལོ་ཧྲིལ་པོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན75530ཟིན་ཡོད།

བཟོ་ལས།

སྤྱི་ལོ2016ལོར་རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར14.9ཟིན་པ་དེ་སྤྱི་ལོ2015ལོ་ལས5.6%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར6.48མངོན་འགྱུར་བྱུང་བ་དེ་སྤྱི་ལོ2015ལོ་ལས8.3%འཕར་ཡོད།

6 འཕྲོད་བསྟེན།

སྤྱི་ལོ2016ལོར་ཅ་རྫོང་གིས་ལེན་ཡུན་ཀང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་དང་ཡུས་ལིན་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོས་རྫོང་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ལག་བསྟར་བྱས་པ་དང་། རྫོང་དང་ཡུལ་ཚོའི་སྨན་བཅོས་སྒྲིག་གཞི་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང9བསྐྱར་སྐྲུན་རྒྱས་སྐྲུན་བྱས། གྲོང་ཚོ་འཕྲོད་བསྟེན་ཁང13གསར་སྐྲུན་བྱས། རྫོང་རིམ་པའི་སྨན་ཁང་གི་རྩིས་ཞུའི་བསྡུར་ཚད80%བར་མཐོ་རུ་བཏང་ཡོད།

7 སློབ་གསོའི་ལས་དོན།

སྤྱི་ལོ2005ལོར་ཅ་རྫོང་དུ་རིགས་ཁག་གི་སློབ་གྲྭ319(སྒེར་ཚུགས་སློབ་གྲྭ4ཡོད)ཡོད་པའི་ནང་སློབ་འབྲིང17དང་། སློབ་ཆུང302བུ་བཅོལ་ཁང6དགེ་རྒན་ཟབ་སྦྱོང་སློབ་གྲྭ1བཅས་ཡོད། སློབ་མ42501དང་དགེ་རྒན་དང་ལས་བཟོ་བ2828ཡོད། སློབ་འབྲིང་དགེ་རྒན་གྱི་སློབ་རྒྱུས་ལོན་ཚད88%ཟིན་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཧྲའན་ཞི། ཅ་རྫོང་།