ཅན་ཁྲང་རྫོང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-03-31 17:46ལ་འགྲུབ།

ཅན་ཁྲང་རྫོང་།

ཅན་ཁྲང་རྫོང་།
ཅན་ཁྲང་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད། ཤར་ཕྱོགས་ནི་ལེན་ཧྲན་ཆུས་དང་། ཞིང་ཁྲེང་གྲོང་ཁྱེར་དང་ཉེ་ལ། ལྷོ་ཕྱོགས་སུའེ་ཀྲུང་རྫོང་དང་འབྲེལ་ཡོད། ནུབ་བྱང་ལིན་ཡོན་གྲོང་ཁྱེར་དང་འབྲེལ་ཞིང་། ལྷོ་ནུབ་ནི་ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་ཆིན་ལུང་མན་རིགས་རང་སྐྱོང་རྫོང་དང་། ཧའེ་ཀང་ཆུས་གཉིས་དང་ས་མཚམས་འབྲེལ་ཡོད། བྱང་ནི་ཁ་ཙོའུ་དང་ཁྲའོ་དབྱང་རྫོང་གཉིས་ལ་བཅར་ནས་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3181ཟིན་ཡོད། རྨོ་ཞིང་མུའུ་ཁྲི89ཡོད། ཅན་ཁྲང་རྫོང་དུ་མི་འབོར་ཁྲི65(སྤྱི་ལོ2011ལོར)ཡོད། རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཧུའེ་རིགས། ཁྲའོ་ཞན་སོགས་མི་རིགས་ཡོད། ཅན་ཁྲང་རྫོང་ནི་ལིའོ་ཞི་རི་མ་ཐང་གི་རི་ཁུལ་དུ་གནས་པ་དང་། རི་བོ་ཡན་ཧྲན་རི་རྒྱུད་དེ་གར་མཆེད་ཡོད། ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོར་དམའ། སུང་ལིན་རི་རྒྱུད་ནི་བྱང་ཤར་ལྷོ་ནུབ་ཏུ་གནས་པ་དང་། རྫོང་ཁོངས་སུ་ཁྱབ་ཡོད། རི་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1223ཡོད་པ་དེར་ལིའོ་ཞི་ཡི་ཡང་རྩེར་ཞེས་སྐད་གྲགས་ཆོད་ཡོད། འབྱུང་ཁུངས་དང་། རྫོང་གི་མངའ་ཁོངས་སུ་ཆུ་རྒྱུན40ལྷག་ཙམ་ཡོད་པ་དང་། ཆུ་བོ་གཙོ་བོའི་གྲས་སུ་ཏཱ་ལིན་ཧོ་ཆུ་བོ་དང་། ལིའུ་ཀུའུ་ཧོ་གཙང་པོ། ཆིན་ལུང་ཧོ་ཆུ་བོ། ཧེ་ཧྲུའེ་ཆུ་བོ་བཅས་ཡོད། མངའ་ཁོངས་སུ་ཆུ་མཛོད་ཆེ་འབྲིང་ཆུང་གསུམ31སྐྲུན་ཡོད་པ་དང་སྤྱིའི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1.74ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
建昌县
ཕྱི་ཡིག་གི་མིང་།
Jianchang County
མིང་གཞན།
ལིན་ནན།
གནས་ཡུལ།
ལིའོ་ཞི་དེའུ་འབུར་རི་ཁུལ་དང་། ཡན་ཧྲན་རི་རྒྱུད་སྣུར་སྲིང་རྒྱུད་དུ་གནས་ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3181ཡོད།
མི་འབོར།
ཁྲི65ཡོད། (སྤྱི་ལོ2011ལོ)
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཡུལ་སྐད།
པེ་ཅིང་སྐད། བྱང་ཤར་སྐད།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ལིའོ་ཉིང་ཞིང་ཆེན་ཧུའུ་ལུའུ་ཏའོ་གྲོང་ཁྱེར།
གནམ་གཤིས།
དྲོད་རྒྱུད་ཁུལ་གྱི་རློན་ཕྱེད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མངའ་ཁོངས།
གྲོང་རྡལ7དང་ཤང20མི་རིགས་ཤང1ཅན་ཁྲང་གྲོང་རྡལ་བཅས་ཡོད།
མཛེས་ལྗོངས་གྲགས་ཅན།
པེ་ལང་རི་བོའི་མཛེས་ལྗོངས་ཁུལ་དང་། ལུང་ཐན་གྲོག་རོང་ཆེན་མོ། ཅན་ཁྲང་གནའ་གྲོང་། ལིའོ་ཉིང་ཅན་ཁྲང་ཏུང་ཏཱ་ཀྲང་ཙི་ཀྲན་གོའི་བང་སོ།
སྲིད་གཞུང་གནས་ཡུལ།
ཁྲའོ་དབྱང་ལམ་དུ་གནས་ཡོད།
མེ་འཁོར་འབབ་ཚུགས།
ཅན་ཁྲང་འབབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
0429
སྦྲག་སྲིད་ཨང་རྟགས།
125300
རླངས་འཁོར་ཚབ་ཨང་།
ལིའོ(辽)P
སྲིད་འཛིན་ཚབ་ཨང་།
211422
1 ངོ་སྤྲོད།

ཅན་ཁྲང་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད། ཤར་ཕྱོགས་ནི་ལེན་ཧྲན་ཆུས་དང་། ཞིང་ཁྲེང་གྲོང་ཁྱེར་དང་ཉེ་ལ། ལྷོ་ཕྱོགས་སུའེ་ཀྲུང་རྫོང་དང་འབྲེལ་ཡོད། ནུབ་བྱང་ལིན་ཡོན་གྲོང་ཁྱེར་དང་འབྲེལ་ཞིང་། ལྷོ་ནུབ་ནི་ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་ཆིན་ལུང་མན་རིགས་རང་སྐྱོང་རྫོང་དང་། ཧའེ་ཀང་ཆུས་གཉིས་དང་ས་མཚམས་འབྲེལ་ཡོད། བྱང་ནི་ཁ་ཙོའུ་དང་ཁྲའོ་དབྱང་རྫོང་གཉིས་ལ་བཅར་ནས་གནས་ཡོད།

ཅན་ཁྲང་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3181ཟིན་ཡོད། རྨོ་ཞིང་མུའུ་ཁྲི89ཡོད། ཅན་ཁྲང་རྫོང་དུ་མི་འབོར་ཁྲི65(སྤྱི་ལོ2011ལོར)ཡོད། རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཧུའེ་རིགས། ཁྲའོ་ཞན་སོགས་མི་རིགས་ཡོད། ཅན་ཁྲང་རྫོང་ནི་ལིའོ་ཞི་རི་མ་ཐང་གི་རི་ཁུལ་དུ་གནས་པ་དང་། རི་བོ་ཡན་ཧྲན་རི་རྒྱུད་དེ་གར་མཆེད་ཡོད། ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོར་དམའ། སུང་ལིན་རི་རྒྱུད་ནི་བྱང་ཤར་ལྷོ་ནུབ་ཏུ་གནས་པ་དང་། རྫོང་ཁོངས་སུ་ཁྱབ་ཡོད། རི་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1223ཡོད་པ་དེར་ལིའོ་ཞི་ཡི་ཡང་རྩེར་ཞེས་སྐད་གྲགས་ཆོད་ཡོད། འབྱུང་ཁུངས་དང་། རྫོང་གི་མངའ་ཁོངས་སུ་ཆུ་རྒྱུན40ལྷག་ཙམ་ཡོད་པ་དང་། ཆུ་བོ་གཙོ་བོའི་གྲས་སུ་ཏཱ་ལིན་ཧོ་ཆུ་བོ་དང་། ལིའུ་ཀུའུ་ཧོ་གཙང་པོ། ཆིན་ལུང་ཧོ་ཆུ་བོ། ཧེ་ཧྲུའེ་ཆུ་བོ་བཅས་ཡོད། མངའ་ཁོངས་སུ་ཆུ་མཛོད་ཆེ་འབྲིང་ཆུང་གསུམ31སྐྲུན་ཡོད་པ་དང་སྤྱིའི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1.74ཟིན་ཡོད།

སྤྱི་ལོ2019ལོའི་ཟླ9པར་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་གི་ཚོད་ལྟའི་རྫོང་དུ་བདམས་ཐོབ་བྱུང་ཡོད།      

2 འཛུགས་སྐྲུན་འཕེལ་རིམ།

སྤྱི་ལོ1946ལོ་ནས་སྤྱི་ལོ1948ལོའི་བར་ཀྲུང་གོ་གུང་ཁྲན་ཏང་གི“ས་ཁུལ18”ཅན་ཁྲང་རྫོང་ཁོངས་སུ་བཅའ་སྡོད་བྱས་ཡོད། ཐོག་མར་ལུའུ་ཀོའུ་ཧོ་ནན་དུ་གནས་ཡོད་ལ། ཅན་ཁྲང་བཅིངས་འགྲོལ་བཏང་རྗེས་སུའུ་ཀྲུའུ་དབྱིན་ཙི་རུ་གནས་སྤར་བ་དང་། སྤྱི་ལོ1947ལོའི་སྟོན་ཁར་ཨེར་ཏའོ་ཝན་ཙི་སྲང་ལམ་དུ་གནས་སྤར། སྐབས་དེར་ཅན་ཁྲང་དང་ཅན་ཏུང་རྫོང་གཉིས་ནི“ས་ཁུལ18”ཀྱི་འགོ་ཁྲིད་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1946ལོའི་ཟླ9པའི་ཚེས22ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཅི་ཁྲ་རེ་ལིའོ་དམག་ཁུལ་གྱི་ལུའི་བཅུ་གསུམ་དང་དམག་ཁུལ་བཅོ་བརྒྱད་པའི་རང་ཚུགས་ཐོན་དང་ལིའོ་ཞི་ཡན་ལག་རུ་ཁག་སོགས་ཀྱིས་མཐའ་ཁུལ་གྱི་སི་ལིང་ཡོན་བློ་མཐུན་ལི་ཡུན་ཁྲང་གི་བཀོད་འདོམས་འོག་ཅན་ཁྲང་རྒྱལ་ཁའི་ངང་བླངས། དེ་ནས་བཟུང་ཅན་ཁྲང་མི་དམངས་ལ་བཅིངས་འགྲོལ་ཐོབ། ཅན་ཁྲང་མི་དམངས་ཨུད་བཅོ་བརྒྱད་པའི་འགོ་ཁྲིད་འོག་ས་ཁུལ་བཅའ་ཁྲིམས་ཀྱི་རྩ་འཛིན་གཞིར་བཟུང་ནས། སྤྱི་ལོ1947ལོའི་ཟླ7པ་ནས་བཟུང་ས་ཞིང་བསྒྱུར་བཅོས་ཀྱི་ལས་འགུལ་ཡོངས་ཁྱབ་ཏུ་སྤེལ་ཏེ། ས་ཞིང་རྣམས་འདེབས་མཁན་རང་ལ་དབང་བའི་མིའི་རིགས་ཀྱི་ཕུགས་བསམ་མངོན་འགྱུར་བྱུང་།

སྤྱི་ལོ1948ལོའི་ཟླ4བའི་ཚེས1ཉིན། གསར་བརྗེའི་གནས་བབ་འཕེལ་རྒྱས་ཀྱི་དགོས་མཁོའི་དབང་གིས་ཅན་ཏུང་རྫོང་མེད་པར་བཟོས་ཤིང་། དེའི་ཁོངས་གཏོགས་ཀྱི་ས་ཁུལ་བཅུ་གཉིས་ཏེ་པའོ་ས་ཁུལ་དེ་ཁ་ཙུའོ་རྫོང་ལ་སྤྲད་པ་ཕུད། དེ་བྱིངས་ཚང་མ་ཅན་ཁྲང་རྫོང་དུ་ཟླ་བསྒྲིལ་བཏང་། སྤྱི་ལོ1948ལོའི་སྟོན་ཁར། རྫོང་སྲིད་གཞུང་དེ་ཡུས་ཉིའུ་དབྱིན་ཙི་ཆུས་ཀྱི་སན་ཅཱ་གྲོང་ཚོའི་ཧོའུ་ཁྲི་ཐུན་དུ་སྤོས་པ་དང་། སྤྱི་ལོ1949ལོའི་དཔྱིད་ཀར་རྫོང་སྲིད་གཞུང་གི་སྡོད་གནས་ཅན་ཁྲང་སྲང་ལམ་དུ་སྤོས།

སྤྱི་ལོ1948ལོར་ཧུ་ཧྲང་ཧྥང་ཙི་ཆུས་སུ་པེ་ཙའོ་ལིན་ཙི་ཤར་གྱི་ས་ཆ་དེ་སུའེ་ཀྲུང་རྫོང་གི་ཁོངས་སུ་བཞག་པ་ཕུད། དེ་བྱིངས་རྣམས་ཅན་ཁྲང་རྫོང་གི་ཁོངས་སུ་གཏོགས། སྐབས་དེར་ཅན་ཁྲང་རྫོང་ནི་རེ་ཧུ་ཞིང་ཆེན་གྱི་ཆེད་གཏོགས་འགོ་ཁྲིད་བཅོ་བརྒྱད་ཀྱི་ཁོངས་སུ་གཏོགས་ཤིང་། དེའི་མངའ་འོག་ཏུ་ཡན་ཉིའུ་དབྱིན་ཙི་དང་། ཐང་ཧྲེན་མིའོ། ཏིའོ་ལུའུ་ཀུའུ། ལཱ་མཱ་དོང་། ཅན་ཁྲང་། ཞིན་ཁའེ་ལིང་། ལཱ་མཱ་དོང་། ཧི་ཧྲང་ཧྥང་ཙི། ཏཱ་ཐུན། ཧའེ་ཧྲན་ཁོ། ཡའོ་ཝང་མིའོ། ཨར་ཏའོ་ཝན་ཙི། ལིན་ལུང་ཐཱ། ཚུང་ཙི་བཅས་ཆུས13ཡོད་པ་དང་། ཆུས་མངའ་ཁོངས་སུ་གྲོང་ཚོ་དང་ཞིང་པའི་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ཡོད།

སྤྱི་ལོ1949ལོའི་ཟླ10པའི་ཚེས1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། དེ་ནས་ཅན་ཁྲང་རྫོང་གི་རིམ་པ་སོ་སོས་ཀྱང་སྔ་གཞུག་ཏུ་མི་དམངས་སྲིད་དབང་དངོས་སུ་བཙུགས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཅན་ཁྲང་རྫོང་ཁོངས་སུ་གྲོང་རྡལ7དང་། ཤང20མི་རིགས་ཤང1བཅས་ཡོད། གྲོང་རྡལ7ནི་ཅན་ཁྲང་གྲོང་རྡལ་དང་། པཱ་ཅཱ་ཙི་གྲོང་རྡལ། ལཱ་མཱ་ཏུང་གྲོང་རྡལ། ཡའོ་ཝང་མིའོ་གྲོང་རྡལ། ཐང་ཧྲེན་མིའོ་གྲོང་རྡལ། ལིན་ཅི་ཐཱ་གྲོང་རྡལ། ཏཱ་ཐུན་གྲོང་རྡལ་བཅས་ཡིན། ཤང20ནི་ཁྲུའུ་ཉིའུ་དབྱིན་ཙི་ཤང་། སུའུ་ཀྲུའུ་དབྱིན་ཙི་ཤང་། ཧྲི་ཧྥུ་ཤང་། ཝང་པའོ་དབྱིན་ཙི་ཤང་། ལའོ་ཏཱ་དབྱི་ཙི་ཞང་། ནན་ལུའུ་ཤང་། ཝེ་ཅཱ་ལིན་ཤང་། ཞི་ཅན་ཁྲང་ཤང་། ཐོའུ་ཏའོ་ཡིན་ཙི་ཤང་། ཧོ་ཅི་ཙི་ཤང་། དབྱང་མ་ཏེན་ཙི་ཤང་། ཧུ་ཧྲང་ཧྥང་ཙི་ཤང་། དབྱང་ཧྲུའུ་ཝན་ཙི་ཤང་། ཧའེ་ཧྲན་ཁོ་ཤང་། ལེ་ཅཱ་ཤང་། ཞའོ་ཏེ་དབྱིན་ཙི་ཤང་། ཨེར་ཏའོ་ཝན་ཙི་ཤང་། པ་ཡུས་ཙི་ཤང་། པཱ་ཧྲི་ཧན་ཤང་། ཉིང་ཉྭིང་མིའོ་ཤང་། ཀུའུ་ཀྲང་ཙི་ཤང་བཅས་ཡིན།

4 མི་འབོར་དང་མི་རིགས།

ཅན་ཁྲང་རྫོང་དུ་མི་ཁྲི68ཡོད་པ་དང་། ངལ་རྩོལ་མི་འབོར་ཁྲི24.4ཡོད། རྒྱ་རིགས། མན་ཇུ་རིགས། སོག་རིགས། ཧུའེ་རིགས། ཀྲོང་རིགས། ཨུ་རུ་སུ། ཞི་པོ། ཨོ་ལུན་ཁྲུན། ཁྲའོ་ཞན་སོགས་ཀྱི་མི་རིགས་ཡོད། ཕོ་མོའི་ཕོ་མོའི་བསྡུར་ཚད་ནི111:100ཡིན་པ་དང་། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར8099དང་མི་འབོར་སྐྱེ་ཚད12.98%ཟིན་ཡོད། ལོ་ཧྲིལ་པོར་མི་འབོར3604ཤི་བ་དང་མི་འབོར་ཤི་ཚད5.78%ཟིན་ཡོད། མི་འབོར4495རང་ཤུགས་སུ་འཕར་བ་དང་མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི7.2ཟིན་ཡོད།

5 ས་ཁམས་ཁོར་ཡུག
5_1 གནས་ཡུལ།

ཅན་ཁྲང་རྫོང་ནི་ལིའོ་ཉིང་ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་ཆགས་ཡོད། ཤར་ཕྱོགས་ནི་ལེན་ཧྲན་ཆུས་དང་། ཞིན་ཁྲེང་གྲོང་ཁྱེར་དང་ཉེ་ལ། ལྷོ་ཕྱོགས་སུའེ་ཀྲུང་རྫོང་དང་འབྲེལ་ཡོད། ནུབ་བྱང་ལིན་ཡོན་གྲོང་ཁྱེར་དང་འབྲེལ་ཞིང་། ལྷོ་ནུབ་ནི་ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་ཧའེ་ཀང་ཆུས་དང་། ཆིན་ལུང་མན་རིགས་རང་སྐྱོང་རྫོང་དང་ས་མཚམས་འབྲེལ་ཡོད། བྱང་ནི་ཁ་ཙོའུ་དང་ཁྲའོ་དབྱང་རྫོང་གཉིས་དང་འབྲེལ་ཡོད་ལ། ཤར་གྱི་གཞུང་ཐིག119°13′-120°18′བར་དང་། བྱང་གི་འཕྲེད་ཐིག40°24′-41°06′ཡི་བར་དུ་གནས་ཡོད། སྤྱིའི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3227.2ཟིན་ཡོད། རྨོ་ཞིང་མུའུ་ཁྲི89ཡོད།

5_2 ནམ་ཟླ།

ཅན་ཁྲང་རྫོང་ནི་བྱང་དྲོད་ཁུལ་གྱི་བརླན་བཤེར་ཆེ་བའི་དུས་ཚིགས་ཀྱི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཁོངས་སུ་གཏོགས་ལ། འོད་ཕོག་ཚད་འདང་ངེས་ཡོད། དུས་བཞི་གསལ་པོ་ཡོད་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད8.2℃ཡིན། ཟླ་དང་པོའི་ཆ་སྙོམས་དྲོད་ཚད-10℃དང་། ཆེས་དམའ་བའི་དྲོད་ཚད-26.9℃ཡིན། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད23.4℃དང་། ཆེས་མཐོ་བའི་དྲོད་ཚད40.7℃ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི550ཡིན་པ་དང་མང་ཆེ་བ་ཟླ་བདུན་པ་དང་བརྒྱད་པའི་ནང་གཅིག་སྡུད་བྱས་ཡོད། དཔྱིད་དུས་ཆར་ཆུ་ཉུང་བ་དང་། དྲོད་ཚད་ཇེ་མཐོར་འགྲོ་བ་མགྱོགས། རླུང་ཆེན་པོ་ལྡང་བ་དང་། དཔྱིད་ཐན་འབྱུང་སླ། སད་མེད་དུས་ཉིན158ཡས་མས་ཡིན།

5_3 དཔལ་འབྱོར།

སྤྱི་ལོ2008ལོའི་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར46.1མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས21.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་སྒོར་དུང་ཕྱུར11.2དང་། སྒོར་དུང་ཕྱུར11.7སྒོར་དུང་ཕྱུར23.2བཅས་མངོན་འགྱུར་བྱུང་བ་དེ་ལོ་གོང་མ་ལས13.1%དང་། 14.5%29.5%བཅས་སོ་སོར་འཕར་ཡོད། ཐོན་ལས་གཉིས་པའི་ནང་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར9.7ཟིན་པ་དེ་ལོ་གོང་མ་ལས15.3%འཕར་ཡོད།

ཐོན་ལས་གསུམ་པའི་ཁྲོད་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་དང་། མཛོད་ཉར། སྦྲག་སྲིད་ལས་རིགས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར3དང་། སྡེབ་འཚོང་དང་སིལ་ཚོང་ལས་རིགས་དང་ཞག་སྡོད་བཟའ་བཏུང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར5.2ཟིན་པ་དེ་ལོ་གོང་མ་ལས15.8%དང19.1%འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོ་7378ཟིན་ཡོད། ཐོན་ལས་གསུམ་པས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ནི24:26:50ཡིན།

6 སྤྱི་ཚོགས་ལས་དོན།
6_1 རིག་གནས་བྱ་གཞག

སྤྱི་ལོ2008ལོར་ཅན་ཁྲང་རྫོང་དུ་སྒྱུ་རྩལ་འཁྲབ་སྟོན་བྱེད་ས1དང་རིག་གནས་ཁང1གཞི་རིམ་རིག་གནས་ས་ཚིགས28དཔེ་མཛོད་ཁང1གློག་བརྙན་ཁང1བཅས་ཡོད། ལོ་ཧྲིལ་པོར་རིག་གནས་བྱེད་སྒོ་ཆེ་གྲས12སྤེལ་ནས་ཞིང་པའི་ཟློས་གར་ཚོགས་པའི་སྐོར་སྐྱོད་འཁྲབ་སྟོན་ཐེངས260བྱས་པ་དང་གློག་བརྙན་ཐེངས1600ལྷག་བསྟན། སྤྱི་ལོ2008ལོའི་ལོ་མཇུག་བར་ཅན་ཁྲང་རྫོང་གི་ཤང་གྲོང28དང་གྲོང་ཚོ276ཚང་མར་སྐུད་ཡོད་བརྙན་འཕྲིན་ཤར་གཏོང་ཐུབ་པ་དང་། ལོ་ཧྲིལ་པོར་རླུང་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད98%ཟིན་པ་དང་། བརྙན་འཕྲིན་ཕྱོགས་བསྡུས་མི་འབོར98%ཟིན་ཡོད།

6_2 སློབ་གསོའི་ལས་དོན།

སྤྱི་ལོ2008ལོར་ཆེད་སྦྱོང་སློབ་ཆེན་ཡན་གྱི་སློབ་གླིང་གི་སློབ་མ3500རྒྱུགས་འཕྲོད་ཡོད་པ་དང་། ལོ་གོང་མ་ལས་མི974མང་དུ་ཕྱིན་ཡོད། དེའི་ནང་དངོས་གཞིའི་ཚན་ཁག་གི་སློབ་མ2292དང་ཆེད་སྦྱོང་ཚན་ཁག་གི་སློབ་མ1208ཡོད་པ་དེ་ལོ་གོང་མ་ལས་མི455དང519སོ་སོར་འཕར་ཡོད། ལོ་གཉིས་བསྟུད་མར་ཆིང་ཧྭ་སློབ་ཆེན་ལ་རྒྱུགས་འཕྲོད་པའི་སློབ་མ་ཡོད། ལོ་མཇུག་ཏུ་རིགས་ཁག་གི་སློབ་གྲྭ272ཡོད་པ་ཚང་མ་སློབ་གྲྭར་ཡོད་མུས་ཀྱི་སློབ་མ78375ཡོད་པ་དང་། བྱིས་པ་སློབ་གྲྭར་ཞུགས་ཚད་དང་སློབ་རིམ་འཕར་ཚད་ཚང་མ100%ཟིན་ཡོད།

6_3 འཕྲོད་བསྟེན་བྱ་གཞག

སྤྱི་ལོ2008ལོར་ཅན་ཁྲང་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི་སྣ་ཚོགས49ཡོད་པའི་ནང་རྫོང་རིམ་པའི་སྨན་ཁང5དང་། ནད་ཁྲི1235སྒོ་བསྟེན་སྨན་བཅོས་ཀྱི་མི་ཐེངས443365འཕྲོད་བསྟེན་ལག་རྩལ་མི་སྣ1370བཅས་ཡོད། ཅན་ཁྲང་རྫོང་གི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི་གྲངས523289ཡོད་པ་དང་མཉམ་ལས་སྨན་བཅོས་ནང་ཞུགས་ཚད96.02%ཟིན་པ་དང་ཁྱོན་མ་དངུལ་སྒོར་ཁྲི4591བཏང་ནས་ཞིང་པར་སྨན་བཅོས་འགྲོ་གྲོན་སྒོར་ཁྲི4079ཁ་གསབ་བྱས་ཡོད།

6_4 ​སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2008ལོར་གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་བསྡུས་ནས་སྒོར་ཁྲི8538ཟིན་ཡོད། ལས་ཤོར་འགན་བཅོལ་གྲོན་དངུལ་སྒོར་ཁྲི123བཏང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་གྲོན་དངུལ་སྒོར་ཁྲི2558སྤྲད་ཡོད་པ་དང་། ལས་རྨས་འགན་བཅོལ་གྱི་གྲོན་དངུལ་སྒོར་ཁྲི70བཏང་། བུ་བཙའི་འགན་བཅོལ་གྲོན་དངུལ་བསྡུ་ལེན་བྱས་ནས་སྒོར་ཁྲི14བཏང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དུད་ཚང4637དང་། མི10999མི་རེའི་ཟླ་རེའི་འགན་བཅོལ་གྲོན་དངུལ་སྒོར105.5 གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དུད་ཚང10277དང་། མི20965མི་རེའི་ཟླ་རེའི་འགན་བཅོལ་གྲོན་དངུལ་སྒོར35བཅས་སྤྲད་ཡོད།


དཔྱད་གཞིའི་ཡིག་ཆ།