ཧའེ་ཁྲེང་གྲོང་ཁྱེར།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-03-31 17:48ལ་འགྲུབ།

ཧའེ་ཁྲེང་གྲོང་ཁྱེར།

ཧའེ་ཁྲེང་གྲོང་ཁྱེར།
​ཧའེ་ཁྲེང་གྲོང་ཁྱེར་ནི་ལིའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ལེའོ་ཏུང་ཕྱེད་གླིང་གི་དབུས་དང་ཧྲེན་དབྱང་དཔལ་འབྱོར་ཁུལ་གྱི་དབུས་སུ་གནས་ཡོད། བྱང་དུ་ངར་ལྕགས་གྲོང་གི་ཨན་ཧྲན་དང་ཞིང་ཆེན་གྱི་ལྟེ་གནས་ཧྲེན་དབྱང་དང་འབྲེལ་ཡོད། ལྷོ་རུ་གྲུ་ཁའི་གྲོང་ཁྱེར་དབྱིན་ཁོའུ་དང་ཏཱ་ལེན། ཤར་དུ་སོལ་ལྕགས་གྲོང་ཁྱེར་གྱི་པེན་ཞི་དང་དེ་བཞིན་མཐའ་མཚམས་གྲོང་ཁྱེར་ཏན་ཏུང་དང་འབྲེལ་ཡོད། ནུབ་ཏུ་སྣུམ་ཞིང་གྲོང་གསར་ཕན་ཅིན་དང་ཁ་སྤྲོད་དུ་གནས་ཡོད། མངའ་ཁོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2732(སྤྱི་ལོ2013ལོ)ཡོད་པ་དང་། ཁོངས་གཏོགས་སུ་ཐེང་ཨའོ་གྲོང་གསར་དང་། ཧའེ་ཞི་གྲོང་གསར་། ཉིའུ་ཀྲོང་ཞིན་གྲོང་ཁྱེར་གྲོང་རྡལ། ཆང་མུའུ་ཞིན་གྲོང་ཁྱེར་གྲོང་རྡལ་སོགས“གྲོང་ཁྱེར་གཉིས་དང་གྲོང་ཁྱེར་གྲོང་རྡལ”ལ་མི་འབོར་ཁྲི109.7(སྤྱི་ལོ2011ལོར)ཡོད། སྤྱི་ལོ2011ལོར། ཧའེ་ཁྲེང་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར700ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海城市
ཕྱི་ཡིག་གི་མིང་།
Haicheng City
ཡུལ་སྐད།
བྱང་ཤར་སྐད།
མིང་གཞན།
ལིན་མིང་།
གནམ་གཤིས།
དྲོད་རྒྱུད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར།
གནམ་གྲུ་ཐང་།
ཐེང་ཨའོ་གནམ་གྲུ་ཐང་།
སྲིད་གཞུང་གནས་ཡུལ།
ཏུང་སི་ཁྲོམ་གཞུང་དུ་གནས་ཡོད།
མངའ་ཁོངས།
ཁྲོམ་གཞུང4དང་། གྲོང་རྡལ23ཡོད།
མེ་འཁོར་འབབ་ཚུགས།
ཧའེ་ཁྲེང་འབབ་ཚུགས། ཧའེ་ཁྲེང་ནུབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
0412
རླངས་འཁོར་ཚབ་ཨང་།
ལིའོ(辽)C
སྦྲག་སྲིད་ཨང་རྟགས།
114200
གནས་ཡུལ།
ལིའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་གནས་ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2732ཡོད།
ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར།
དམངས་སྒོར་དུང་ཕྱུར500.1ཡོད། (སྤྱི་ལོ2016ལོ)
སྲིད་འཛིན་ཚབ་ཨང་།
210381
གཟི་བརྗིད་མཚན་སྙན།
འཛམ་གླིང་གི་མཱེ་གྲོང་། ཧ་ཤིག་གི་ཕ་ཡུལ།
མཛེས་ལྗོངས་གྲགས་ཅན།
པའེ་ཡུན་རི་བོའི་མཛེས་ལྗོངས་ཁུལ་དང་། ཅིའུ་ལུང་ཁྲོན་རང་བྱུང་སྲུང་སྐྱོང་ཁུལ། ལུའུ་ཀྲུང་ཧའེ་སྣོད་བཅུད་ཆུ་ཚན་སྤྲོ་གསེང་གྲོང་ཚོ། ཏཱ་པེ་དགོན།
1 ངོ་སྤྲོད།

ཧའེ་ཁྲེང་གྲོང་ཁྱེར་ནི་ལིའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ལེའོ་ཏུང་ཕྱེད་གླིང་གི་དབུས་དང་ཧྲེན་དབྱང་དཔལ་འབྱོར་ཁུལ་གྱི་དབུས་སུ་གནས་ཡོད། བྱང་དུ་ངར་ལྕགས་གྲོང་གི་ཨན་ཧྲན་དང་ཞིང་ཆེན་གྱི་ལྟེ་གནས་ཧྲེན་དབྱང་དང་འབྲེལ་ཡོད། ལྷོ་རུ་གྲུ་ཁའི་གྲོང་ཁྱེར་དབྱིན་ཁོའུ་དང་ཏཱ་ལེན། ཤར་དུ་སོལ་ལྕགས་གྲོང་ཁྱེར་གྱི་པེན་ཞི་དང་དེ་བཞིན་མཐའ་མཚམས་གྲོང་ཁྱེར་ཏན་ཏུང་དང་འབྲེལ་ཡོད། ནུབ་ཏུ་སྣུམ་ཞིང་གྲོང་གསར་ཕན་ཅིན་དང་ཁ་སྤྲོད་དུ་གནས་ཡོད། མངའ་ཁོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2732(སྤྱི་ལོ2013ལོ)ཡོད་པ་དང་། ཁོངས་གཏོགས་སུ་ཐེང་ཨའོ་གྲོང་གསར་དང་། ཧའེ་ཞི་གྲོང་གསར་། ཉིའུ་ཀྲོང་ཞིན་གྲོང་ཁྱེར་གྲོང་རྡལ། ཆང་མུའུ་ཞིན་གྲོང་ཁྱེར་གྲོང་རྡལ་སོགས“གྲོང་ཁྱེར་གཉིས་དང་གྲོང་ཁྱེར་གྲོང་རྡལ”ལ་མི་འབོར་ཁྲི109.7(སྤྱི་ལོ2011ལོར)ཡོད། སྤྱི་ལོ2011ལོར། ཧའེ་ཁྲེང་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར700ཟིན་ཡོད།

ཧའེ་ཁྲེང་གྲོང་ཁྱེར་ནི་ཀྲུང་གོའི“རྣམ་པ་གཉིས”ཀྱི་གྲོང་ཁྱེར་འབྲིང་ཆུང་བཅུ་དང་། ཀྲུང་གོའི་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་གྲོང་ཁྱེར་འབྲིང་ཆུང་། ཀྲུང་གོའི་གྲོང་ཁྱེར་འབྲིང་ཆུང་གི་ཕྱོགས་བསྡུས་སྟོབས་ཤུགས་རྩེ་གྲ་བརྒྱའི་རྫོང་དང་གྲོང་ཁྱེར། ཀྲུང་གོའི་སྐུལ་ཁྲིད་ནུས་པ་ཆེ་ཤོས་ལྡན་པའི་གྲོང་ཁྱེར་འབྲིང་ཆུང་བརྒྱའི་ཕུལ་བྱུང་རྫོང་དང་གྲོང་ཁྱེར་བཅས་ཡིན། ཧའེ་ཁྲེང་ནི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་དང་པོའི་གྲས་སུ་ཚུད་ཡོད།

ཧའེ་ཁྲེང་ནི་སྤྱི་ལོ2017ལོ་དང་སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་འབྲིང་ཆུང་གི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་རྫོང་བརྒྱའི(རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་རྫོང་བརྒྱའི)ཨང་བཅུ་པ་ཡིན། སྤྱི་ལོ2017ལོའི་ཟླ11པར་ཧའེ་གྲོང་ཁྱེར་ལ“སྤྱི་ལོ2017ལོའི་ལོ་འཁོར་གྱི་ཀྲུང་གོའི་སྤུས་ལེགས་སོས་དལ་རྟེན་གཞི”བཅུའི་གྲས་སུ་བདམས། སྤྱི་ལོ2018ལོའི་ཟླ10པར་སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་དང་། ཚན་རྩལ་གསར་གཏོད་ཀྱི་ཕུལ་བྱུང་རྫོང་དང་གྲོང་ཁྱེར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་བརྒྱའི་རྫོང་དང་གྲོང་ཁྱེར་བཅས་སུ་བདམས། སྤྱི་ལོ2018ལོའི་ཟླ11པར་གཟི་བརྗིད་ངང“སྤྱི་ལོ2018ལོའི་ཀྲུང་གོའི་བདེ་སྐྱིད་ལྡན་པའི་རྫོང་བརྒྱའི་མིང་ཐོར”བཀོད། སྤྱི་ལོ2018ལོའི་ཟླ11པར་ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྟོན་གྲངས་ཀྱི་མདུན་གྲལ100ཡི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ1ཚེས9ཉིན་ཧའེ་ཁྲེང་གི་སྡོང་རིང་དབྱང་ཀོ་སྤྱི་ལོ2018ལོ་ནས་སྤྱི་ལོ2020ལོའི་ལོ་འཁོར་གྱི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”མིང་ཐོའི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ10ཚེས8ཉིན། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཀྱི་ཕུལ་བྱུང་རྫོང་བརྒྱ་དང་གྲོང་ཁྱེར་དང་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་བརྒྱའི་རྫོང་དང་གྲོང་ཁྱེར་དུ་བདམས། སྤྱི་ལོ2019ལོར་རྒྱལ་ཁབ་ཀྱི་ཞིང་ཞོར་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་རྫོང་ཁག་གཉིས་པའི་གྲས་སུ་བཅུག་ཡོད་པ་དང་། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་སྟོབས་ལྡན་རྫོང་བརྒྱའི་གྲས་སུ་ཚུད་ཡོད།    

2 ལོ་རྒྱུས་འཕེལ་རིམ།

ཀྲུང་ཧྭ་མིན་གོའི་དུས་འགོར་ཧྥེང་ཐེན་ཞིང་ཆེན་གྱི་ལིའོ་ཧྲེན་ཏའོ་ཡི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅོ་བརྒྱད་པ་སྤྱི་ལོ1929ལོར་ཧྥེང་ཐེན་ཞིང་ཆེན་དེ་ལིའོ་ཉིང་ཞིང་ཆེན་དུ་བསྒྱུར་པ་དང་། ཧའེ་ཁྲེང་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་རྫོང་རིམ་པ་དང་པོ་ཡིན། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉི་ཤུ་པ་སྤྱི་ལོ1931ལོར་རི་པིན་གྱིས་བྱང་ཤར་བཙན་བཟུང་བྱས་རྗེས་ལིའོ་ཉིང་ཞིང་ཆེན་མན་ཇུ་རྫུས་མའི་སྲིད་གཞུང་དུ་བསྒྱུར་པ་དང་། ཧའེ་ཁྲེང་རྫོང་ནི་ཧྥེང་ཐེན་ཞིང་ཆེན་གྱི་ཁོངས་སུ་གྱུར། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དྲུག་པ་སྤྱི་ལོ1937ལོར་མན་ཇུ་སྲིད་གཞུང་རྫུས་མས་དབྱིན་ཁོའུ་རྫོང་མི་དགོས་པར་བཟོས་ནས་ལིའོ་ཧུ་ཆུ་བོ་ས་མཚམས་བྱས་ཏེ་ཤར་ཕྱོགས་སུ་ཧའེ་ཁྲེང་རྫོང་གི་ཁོངས་སུ་བགོས་པ་དང་། ནུབ་རྒྱུད་དེ་ཕན་ཧྲན་རྫོང་གི་ཁོངས་སུ་བགོས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བཞི་པ་སྤྱི་ལོ1945ལོར་རི་པིན་མགོ་བཏགས་རྗེས་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཧའེ་ཁྲེང་རྫོང་དུ་དམངས་གཙོའི་སྲིད་གཞུང་བཙུགས་པ་དང་། ལིའོ་ཉིང་ཞིང་ཆེན་གྱི་ལིའོ་ནན་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་ལྔ་པ་སྤྱི་ལོ1946ལོའི་ཟླ4པར་གོ་མིན་ཏང་སྲིད་གཞུང་གིས་བྱང་ཤར་ཞིང་ཆེན་དགུ་རུ་བསྒྱུར་པ་དང་། ཧའེ་ཁྲེང་རྫོང་སྔར་བཞིན་ལིའོ་ཉིང་ཞིང་ཆེན་གྱི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་དྲུག་པ་སྤྱི་ལོ1947ལོའི་ཟླ10པར་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་ཧའེ་ཁྲེང་རྫོང་བཅིངས་འགྲོལ་བཏང་བ་དང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བདུན་པའི་སྤྱི་ལོ1948ལོའི་ཟླ2པར་རྫོང་གི་མངའ་ཁོངས་སུ་ཉིའུ་ཀྲོང་རྫོང་ལོགས་སུ་བཙུགས་པ་དང་། རྫོང་སྲིད་གཞུང་དེ་ད་ལྟའི་ཉིའུ་ཀྲོང་གྲོང་བརྡལ་དུ་བཙུགས། ལོ་མཇུག་ཏུ་ཉིའུ་ཀྲོང་རྫོང་ཕྱིར་འཐེན་བྱས། ཟླ11པར་བྱང་ཤར་ས་ཁུལ་ཡོངས་རྫོགས་བཅིངས་འགྲོལ་བྱས་རྗེས། ཧའེ་ཁྲེང་རྫོང་གི་མངའ་ཁོངས་དེ་ལིའོ་ཏུང་ཞིང་ཆེན་གྱི་མངའ་འོག་ཏུ་གཏོགས། ཞིང་ཆེན་གྱི་ལྟེ་གནས་དེང་གི་ཏན་ཏུང་གྲོང་ཁྱེར་དུ་ཡོད།

སྤྱི་ལོ1954ལོར་ལིའོ་ཏུང་དང་ལིའོ་ཞི་ཞིང་ཆེན་གཉིས་ཟླ་བསྒྲིལ་བཏང་ནས་ལིའོ་ཉིང་ཞིང་ཆེན་དུ་གྱུར་པ་དང་། ཧའེ་ཁྲེང་རྫོང་དེ་ལིའོ་ཉིང་ཞིང་ཆེན་ལིའོ་དབྱང་ཀྲོན་ཧྲུའུ་ཡིས་འགོ་ཁྲིད་བྱས།

སྤྱི་ལོ1959ལོར་ཨན་ཧྲན་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1965ལོར་ལིའོ་ནན་ཆེད་གཏོགས(ཆེད་ལས་ཁང་དེང་གི་ཀའེ་ཀྲོའུ་གྲོང་ཁྱེར་དུ་བཅའ་སྡོད་བྱས)སུ་བསྒྱུར།

སྤྱི་ལོ1966ལོའི“རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ། ཧའེ་ཁྲེང་རྫོང་མི་དམངས་ཨུ་ཡོན་ལྷན་ཁང(རྫོང་སྲིད་གཞུང)མེད་པར་བཟོས་པ་དང་། སྤྱི་ལོ1967ལོའི་ཟླ3པར་ཧའེ་ཁྲེང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དབྱིན་ཁོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ1973ལོར་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ1980ལོའི་ཟླ7པར། རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་དེ་རྫོང་མི་དམངས་སྲིད་གཞུང་ཞེས་པར་བསྒྱུར།

སྤྱི་ལོ1985ལོའི་ཟླ1པོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཧའེ་ཁྲེང་རྫོང་མེད་པར་བཟོས་ནས་ཧའེ་གྲོང་ཁྱེར(རྫོང་རིམ་པའི་གྲོང་ཁྱེར)བཙུགས་པ་དང་། དེ་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2008ལོའི་བར་ཧའེ་ཁྲེང་གྲོང་ཁྱེར་ཁོངས་གཏོགས་སུ་ཁྲོམ་གཞུང་བཞི་ཡོད་དེ། དེ་དག་ནི་ཧའེ་ཀྲོའུ་ཁྲོམ་གཞུང་དང་། ཞིན་ཧའེ་ཁྲོམ་གཞུང་། ཤང་ཐང་ཁྲོམ་གཞུང་། ཏུང་སི་ཁྲོམ་གཞུང་བཅས་ཡིན། གྲོང་རྡལ21ཡོད་པ་སྟེ། དེ་དག་ནི་ཀུའུ་ཧྲན་གྲོང་རྡལ་དང་། ཁྲ་ཀོའུ་གྲོང་རྡལ། ཅེ་ཝུན་གྲོང་རྡལ། ཞི་མུའུ་གྲོང་རྡལ། མ་ཧྥུང་གྲོང་རྡལ། ཕེ་ལོའུ་གྲོང་རྡལ། དབྱིན་ལུའུ་གྲོང་རྡལ། པཱ་ལི་གྲོང་རྡལ། མའོ་ཆི་གྲོང་རྡལ། ཝང་ཧྲི་གྲོང་རྡལ། ནན་ཐའེ་གྲོང་རྡལ། ཞི་ལིའུ་གྲོང་རྡལ། ཧན་ཝང་གྲོང་རྡལ། ཀྲུང་ཞའོ་གྲོང་རྡལ། ཉིའུ་ཀྲོང་གྲོང་རྡལ། ཐེང་ཨའོ་གྲོང་རྡལ། ཀེན་ཀྲོང་གྲོང་རྡལ། ཞི་སི་གྲོང་རྡལ། ཀའོ་ཐུའོ་གྲོང་རྡལ། ཝང་ཞང་གྲོང་རྡལ་བཅས་ཡིན།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཧའེ་ཁྲེང་ནི་ལིའོ་ཏུང་ཕྱེད་གླིང་དང་སྐམ་སའི་དབུས་ཁུལ་གྱི་སྦྲེལ་གནས་སུ་གནས་ཡོད་པ་དང་། ཤར་ངོས་ནི་ཏན་ཏུང་གྲོང་ཁྱེར་དང་འབྲེལ་ཡོད་ལ། ལྷོ་ཕྱོགས་ནི་གྲུ་ཁའི་གྲོང་ཁྱེར་དབྱིན་ཁོའུ་དང་ཏཱ་ལེན་གྲོང་ཁྱེར་དང་ཉེ། ནུབ་ཕྱོགས་ནི་སྣུམ་གྲོང་ཕན་ཅིན་དང་བརྟེན་ཡོད། བྱང་ཕྱོགས་ནི་ངར་ལྕགས་གྲོང་ཨན་ཧྲན་དང་ཞིང་ཆེན་ལྟེ་གནས་ཧྲེན་དབྱང་བཅས་དང་འབྲེལ་ཡོད། ཧའེ་ཁྲེང་ནི་ལིའོ་ཉིང་ཞིང་ཆེན་གྱི་ལྷོ་རྒྱུད་དང་། ལིའོ་ཧུ་ཆུ་བོའི་སྨད་རྒྱུད་ཀྱི་གཡོན་ངོགས་དང་། ལིའོ་ཏུང་ཕྱེད་གླིང་གི་བྱང་སྣེ། ཤར་གྱི་གཞུང་ཐིག122°18′-123°08′དང་། བྱང་གི་འཕྲེད་ཐིག40°29′- 41°11′ཡི་བར་དུ་གནས་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ80དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ44ཡོད། མངའ་ཁོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2732(སྤྱི་ལོ2013ལོར)ཡོད།

4_2 ནམ་ཟླ།

ཧའེ་ཁྲེང་གྲོང་ཁྱེར་ཡོངས་ཀྱི་གནམ་གཤིས་དྲོད་འཇམ་ལྡན་པ་དང་ལོའི་ཆ་སྙོམས་དྲོད་ཚད10.4℃དང་ཆར་པ་འབབ་ཚད་ཧའོ་སྨི721.3ཟིན་ནས་དྲོད་ཁུལ་གྱི་དུས་རླུང་གནམ་གཤིས་ཁུལ་དུ་གནས་ཡོད། དུས་བཞིའི་དབྱེ་བ་གསལ་ཞིང་ཆར་ཆུ་མོད།

5 མི་འབོར་དང་མི་རིགས།
5_1 མི་འབོར།

སྤྱི་ལོ2017ལོར་ཧའེ་ཁྲེང་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར1073810ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི6318ཉུང་དུ་ཕྱིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར321185ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི29.9%བཟུང་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར9727ཡོད་པ་དང་། ཤི་བའི་མི་འབོར12799ཡོད། མི་གྲངས1196གནས་སྤོས་བྱས། མི་གྲངས2952གནས་སྤོས་བྱས་ཡོད། ལོ་ཧྲིལ་པོར་མི་འབོར་སྐྱེ་ཚད5.67%དང་། ཤི་ཚད6.08‰མི་འབོར་རང་བྱུང་འཕར་ཚད་སྟོང་ཆའི-0.41བར་ཡིན། ལོ་ཧྲིལ་པོར་འཆར་ལྡན་བུ་བཙའི་ཚད98.54%ཟིན་ཡོད།

5_2 མི་རིགས།

ཧའེ་ཁྲེང་གྲོང་ཁྱེར་གྱི་མི་རིགས་རྒྱ་རིགས་གཙོ་བོ་ཡིན་པ་དང་། དེར་མན་ཇུ་རིགས་དང་། ཧུའེ་རིགས། ཁྲའོ་ཞན་རིགས། སོག་རིགས། ཞི་པོ་རིགས། བོད་རིགས། ཡུ་གུར་རིགས། མིའོ་རིགས། དབྱིས་རིགས། ཀྲོང་རིགས་སོགས་གྲངས་ཉུང་མི་རིགས་ཡོད།

6 དཔལ་འབྱོར།

སྤྱི་ལོ2017ལོར། ཧའེ་ཁྲེང་གྲོང་ཁྱེར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར523.5ཟིན་པ་དེ་ལོ་གོང་མ་ལས1.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར38.2ཟིན་ནས3.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར149.9ཟིན་ནས3.6%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར335.4ཟིན་ནས0.5%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད7.3%བཟུང་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་གི་བསྡུར་ཚད28.6%ཟིན་ཡོད། ཐོན་ལས་གསུམ་པའི་འཕར་ཐང་གི་བསྡུར་ཚད64.1%བཅས་ཟིན་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར48609ཟིན་པ་དེ་སྔ་ལོ་ལས5%འཕར་ཡོད།

7 སྤྱི་ཚོགས་ལས་དོན།
7_1 ཚན་རྩལ།

སྤྱི་ལོ2017ལོའི་བར་ཧའེ་ཁྲེང་གྲོང་ཁྱེར་དུ་མཐོ་གསར་ལག་རྩལ་ཁེ་ལས42ཡོད་པ་དང་། ཁེ་ལས11ལ་སྤྱི་ལོ2017ལོར་ཞིང་ཆེན་གྱིས་མཐོ་གསར་ལག་རྩལ་ཁེ་ལས་སུ་བསྐྱར་དུ་གཏན་འཁེལ་བྱས་ནས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱས་པའི་ནང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར6ལྷག་ཙམ་ཟིན་ཡོད། ལོ་འདིའི་ནང་ཚན་ཞིབ་གྲུབ་འབྲས་བྱ་དགའ་ཁྱོན17ཐོབ་པ་དེ་ལོ་གོང་མ་ལས་རྣམ་གྲངས7མང་དུ་ཕྱིན་ནས་རྒྱལ་སྤྱིའི་སྔོན་ཐོན་རྣམ་གྲངས4དང་རྒྱལ་ནང་གི་སྔོན་ཐོན་རྣམ་གྲངས10ཟིན་ཡོད།

7_2 སློབ་གསོ།

སྤྱི་ལོ2017ལོའི་བར་ཧའེ་ཁྲེང་གྲོང་ཁྱེར་དུ་རིགས་ཁག་གི་སློབ་གྲྭ299དང་། སློབ་གྲྭར་ཡོད་པའི་སློབ་མ106348དགེ་རྒན་དང་ལས་བཟོ8872བཅས་ཡོད། དེའི་ནང་སློབ་འབྲིང47ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ42820དགེ་རྒན་དང་ལས་བཟོ3893བཅས་ཡོད། སློབ་ཆུང242དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ61048དང་དགེ་རྒན་དང་ལས་བཟོ4531ཡོད། དེ་མིན་རིགས་ཁག་གི་སློབ་གྲྭ10དང་། སློབ་གྲྭར་ཡོད་པའི་སློབ་མ2480དགེ་རྒན་དང་ལས་བཟོ་པ448བཅས་ཡོད།

7_3 རིག་གནས།

སྤྱི་ལོ2017ལོའི་བར་ཧའེ་ཁྲེང་གྲོང་ཁྱེར་དུ་རིག་གནས་ཁང1དང་གྲོང་རྡལ(ཆུས)གྱི་རིག་གནས་ས་ཚིགས27ཡོད། གློག་བརྙན་སྟོན་པའི་ཚན་པ3དང་། དཔེ་མཛོད་ཁང1དཔེ་མཛོད་ཁང་ཁྲི་31.3བཅས་ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་སུ་རླུང་འཕྲིན་ལས་ཁུངས1ཡོད་པ་དང་། རྒྱང་བསྒྲགས་ཕྱོགས་བསྡུས་མི་འབོར་ཁྱབ་ཚད100%ཟིན་ཡོད། གྲོང་ཁྱེར་དེ་ཡོངས་ལ་བརྙན་འཕྲིན་ལས་ཁུངས་གཅིག་ཡོད་པ་དང་། བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་བརྒྱ་ཆའི97ཟིན་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི15ཟིན་ཡོད།

7_4 ལུས་རྩལ།

སྤྱི་ལོ2017ལོའི་བར་ཧའེ་ཁྲེང་གྲོང་ཁྱེར་དུ་ལུས་རྩལ་ཐང1དང་། ཆུ་རྐྱལ་ཁང8ལུས་རྩལ་སྦྱོང་བརྡར་ཁང4ལས་ཞོར་ལུས་རྩལ་སློབ་གྲྭ1རྩལ་ཁྲིད་པ30སློབ་གྲྭར་སྐྱོད་བཞིན་པའི་སློབ་མ345བཅས་ཡོད།

7_5 འཕྲོད་བསྟེན།

སྤྱི་ལོ2017ལོའི་བར་ཧའེ་ཁྲེང་གྲོང་ཁྱེར་དུ་འཕྲོད་བསྟེན་སྒྲིག་གཞ56ཡོད་པའི་ནང་སྨན་ཁང24དང་འཕྲོད་བསྟེན་ཁང27ཡོད། ཁྲག་འཐེན་ས་ཚིགས་དང་། བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ས་ཚིགས། ཆེད་ཚན་འགོག་བཅོས་དང་ནད་ཡམས་སྔོན་འགོག་ལྟེ་གནས་བཅས་ཁྱོན5ཡོད། སྨན་བཅོས་སྒྲིག་གཞིར་ཉལ་ཁྲི4436དངོས་སུ་ཡོད་པ་དང་། སྨན་བཅོས་ལག་རྩལ་མི་སྣ3149ཡོད་པའི་ནང་ལས་གཉེར་སྨན་པ1258ཡོད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་རྒན་གསོ་ཁང24ཡོད་པ་དང་ཉལ་ཁྲི2370ཡོད། རྒན་པ་གཉོར་སྐྱོང་བྱས་པའི་མི་གྲངས218ཡོད། ལོ་མཇུག་ཏུ་སྡེ་ཁུལ་ཞབས་ཞུའི་ལྟེ་གནས423ཡོད།

7_6 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2017ལོའི་བར་ཧའེ་ཁྲེང་གྲོང་ཁྱེར་གྱི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས290329དང་། སྨན་བཅོས་འགན་བཅོལ་གྱི་མི་གྲངས277209ལས་རྨས་འགན་བཅོལ་གྱི་མི་གྲངས106780བུ་བཙའི་འགན་བཅོལ་གྱི་མི་གྲངས81302བཅས་ཡོད། རིམ་རྩིས་བྱས་ན་རྒན་གསོའི་འགན་བཅོལ་མ་དངུལ་སྒོར་ཁྲི109612དང་། སྨན་བཅོས་འགན་བཅོལ་མ་དངུལ་སྒོར་ཁྲི32846ལས་རྨས་འགན་བཅོལ་མ་དངུལ་སྒོར་ཁྲི1413བཅས་བསྡུས། བུ་བཙའི་འགན་བཅོལ་མ་དངུལ་སྒོར་ཁྲི679བཅས་ཟིན་ཡོད། རིམ་རྩིས་བྱས་ན་རྒན་གསོའི་འགན་བཅོལ་མ་དངུལ་སྒོར་ཁྲི263958དང་། སྨན་བཅོས་འགན་བཅོལ་མ་དངུལ་སྒོར་ཁྲི29975ལས་རྨས་འགན་བཅོལ་མ་དངུལ་སྒོར་ཁྲི1983བུ་བཙའི་འགན་བཅོལ་མ་དངུལ་སྒོར་ཁྲི615བཅས་སྤྲད་ཡོད།


དཔྱད་གཞིའི་ཡིག་ཆ།