ལིན་ཁྲེང་ཆུས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-27 17:43ལ་འགྲུབ།

ལིན་ཁྲེང་ཆུས།

ལིན་ཁྲེང་ཆུས།
ལིན་ཁྲེང་ཆུས་ནི་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲན་ཏུང་གླུ་གར་སྒྱུ་རྩལ་གྱི་ཕ་ཡུལ་ཡིན་ལ། དེ་ནི་ཧྲན་ཏུང་ནུབ་བྱང་བདེ་ཐང་དང་། པེ་ཅིང་དང་། ཐེན་ཅིན། ཅི་ནན་བཅས་ཀྱི་བར་དུ་གནས་ཡོད། སྤྱི་ལོ2014ལོའི་བར་དུ་ཁོངས་གཏོགས་སུ་གྲོང་རྡལ10དང་། ཡུལ་ཚོ1 ཁྲོམ་ལམ་དོན་གཅོད་ཁྲུའུ2 དཔལ་འབྱོར་གསར་སྤེལ་ཁུལ2བཅས་ཡོད་ལ། སྤྱིའི་མི་འབོར་ཁྲི57.7ཟིན་པའི་ནང་དུ་ཞིང་ལས་མི་འབོར་ཁྲི48ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1213ཡོད་ལ། རྨོ་ཞིང་མུའུ་ཁྲི120ཡོད། སྤྱི་ལོ2010ལོར་ལིན་ཁྲེང་ཆུས་སུ་བཟོ་ལས་ཐད་སྐྱེ་དངོས་ལག་རྩལ་དང་། ནུས་རྒྱུ་གསར་པའི་རླངས་འཁོར། འཁལ་འཐག་གསར་པ། རྒྱུ་ཆ་གསར་པ། སྒྲིག་ཆས་བཟོ་སྐྲུན། སྣོད་བཅུད་རྫས་འགྱུར་བཟོ་ལས་བཅས་གཙོ་བོར་བྱེད་པའི“4+2”ཡི་དེང་རབས་ཐོན་ལས་མ་ལག་ཆགས་ཡོད་ལ། ཀྲུང་གོའི་ཡུལ་ཐབས་བཟོ་ལས་ཀྱི་འདྲེས་སྦྱོར་རྒྱུ་ཆའི་ཐོན་སྐྱེད་རྟེན་གཞི་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་སྔོན་ཐོན་རྫོང་ཡིན་ལ། ཀུའུ་ཧྲེན་ཚོགས་པ་དང་ཧེང་ཧྥེང་འཁེལ་འཐག་སོགས་ཁེ་ལས17རྒྱལ་ཡོངས་ལས་རིགས་གཅིག་པའི་མདུན་གྲལ་དུ་སླེབས་ཡོད་ཅིང་། ཞིང་ལས་ཐད་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་། རྒྱལ་ཡོངས་ཀྱི་རིམ་འདས་འབྲུ་རིགས་ཐོན་འབོར་ཆེ་བའི་རྫོང་། རྒྱལ་ཡོངས་ཀྱི་སྲིང་བལ་ཐོན་སྐྱེད་སྟོབས་ཆེན་གྱི་རྫོང་། རྒྱལ་ཡོངས་ཀྱི་སྔོ་ཚལ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་ཡིན་ལ། ལོ་རེར་འབྲུ་རིགས་རྒྱ་མ་དུང་ཕྱུར22ཐོན་སྐྱེད་བྱས་པ་དེ་ནི་ཧྲན་ཏུང་ཞིང་ཆེན་གྱི་འབྲུ་རིགས་སྤྱིའི་ཐོན་འབོར་རྒྱ་མ་དུང་ཕྱུར20ཟིན་པའི་རྫོང4ཡི་གྲས་ཤིག་ཡིན། སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཁོངས་གཏོགས་སུ་དཔལ་འབྱོར་གསར་སྤེལ་ཁུལ1དང་། ལིན་ཆི་ཁྲོམ་ལས། ཀྲེང་ཅ་ཀྲའེ་གྲོང་རྡལ། ཧྲེན་ཐོའུ་གྲོང་རྡལ། ཏིང་ཀྲོང་གྲོང་རྡལ། པན་ལིང་གྲོང་རྡལ། ཧུའེ་ཝང་ཀྲོང་གྲོང་རྡལ། ཙི་ཀྲེན་གྲོང་རྡལ། རུའེ་ཀྲེན་གྲོང་རྡལ། དབྱི་ཏུའུ་ཁོའུ་གྲོང་རྡལ། ཆན་སུན་གྲོང་རྡལ། སུང་ཅ་གྲོང་རྡལ། ཡུས་ཅི་ཡུལ་ཚོ། ཏེ་ཀྲོའུ་གྲོང་ཁྱེར་དང་པེ་ཅིང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཐོན་ལས་མཉམ་ལས་ཁུལ་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陵城区
ཕྱི་ཡིག་གི་མིང་།
Lingcheng District
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཧྭ་ཤར་ས་ཁུལ།
ས་ཁོངས་ཁ་པར་ཨང་རྟགས།
0534
སྦྲག་སྲིད་ཨང་རྟགས།
253500
གནས་ཡུལ།
ཧྲན་ཏུང་ཞིང་ཆེན་ནུབ་བྱང་རྒྱུད་དང་། ལུའུ་ནུབ་བྱང་བདེ་ཐང་།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1213ཡོད།(སྤྱི་ལོ2013ལོ)
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
མི་འབོར།
ཁྲི58.41ཡོད།(སྤྱི་ལོ2016ལོའི་རྒྱུན་སྡོད་མི་འབོར)
རླངས་འཁོར་ཚབ་ཨང་།
ལའུN (鲁N)
སྲིད་འཛིན་ཚབ་ཨང་།
371403
1 ལོ་རྒྱུས་འཕེལ་རིམ།

མིན་གོའི་དུས་འགོར་ཏེ་ཀྲོའུ་དེ་ཏེ་རྫོང་དུ་བསྒྱུར་བ་དང་། ཆི་ཞི་ཏའོ་ཡི་ཁོངས་སུ་གཏོགས་པ་དང་། རྗེས་སུ་ཏེ་ལིན་ཏའོ་ཡི་མངའ་ཁོངས་སུ་བསྒྱུར།

སྤྱི་ལོ1928ལོར་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་ཐད་གཏོགས་ས་ཁུལ་ཡིན།

སྤྱི་ལོ1943ལོར་འཇར་འགོག་གི་ཆེད་དུ་རང་སྲོག་བློས་བཏང་བའི་རྫོང་དཔོན་ཝུའུ་ཁོང་ཝོ་ལ་རྗེས་དྲན་བྱེད་ཆེད། ཨན་ཏེ་ཆུས་དེ་ཝུའུ་ཁོང་ཝོ་རྫོང་དུ་བསྒྱུར།

སྤྱི་ལོ1949ལོར་ལིན་རྫོང་སླར་གསོ་བྱས།

སྤྱི་ལོ1952ལོར་ཏེ་རྫོང་དང་ཟླ་སྒྲིལ་བཏང་ཞིང་། རྫོང་མཁར་ནི་དེང་གི་ལིན་རྫོང་མཁར་དུ་ཡོད།

སྤྱི་ལོ1958ལོར་ཕིན་ཡོན་རྫོང་དུ་ཟླ་སྒྲིལ་བཏང་། ལིན་རྫོང་མཁར་ཏེ་ལིན་གྲོང་རྡལ་དུ་བསྒྱུར།

སྤྱི་ལོ1961ལོར་ཕིན་ཡོན་རྫོང་ལོགས་སུ་ཕྱེས་ནས་བཅོས་སྐྱོང་བྱས་པ་དང་། སྔར་བཞིན་ཏེ་རྫོང་གི་ཁོངས་སུ་གཏོགས།

སྤྱི་ལོ2013ལོར་ཏེ་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་ལིང་རྫོང་གི་ལིང་ཁྲེང་གྲོང་རྡལ་ལིན་ཆི་ཁྲོམ་ལམ་དུ་བསྒྱུར།

སྤྱི་ལོ2014ལོའི་ཟླ10པའི་ཚེས20ཉིན། ཧྲན་ཏུང་ཞིང་ཆེན་གྱིས་ཏེ་ཀྲོའུ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུའི་སྐོར་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་ནས། ལིན་རྫོང་མེད་པ་བཟོས་ནས་ཏེ་ཀྲོའུ་གྲོང་ཁྱེར་ལིན་ཁྲེང་ཆུས་བཙུགས་ཏེ། དེ་སྔའི་ལིན་རྫོང་གི་སྲིད་འཛིན་ས་ཁོངས་ལིན་ཁྲེང་ཆུས་ཀྱི་སྲིད་འཛིན་ས་ཁོངས་བྱས་ཤིང་། ལིན་ཁྲེང་ཆུས་མི་དམངས་སྲིད་གཞུང་ལིན་ཆི་ཁྲོམ་ལམ་དུ་བཅའ་སྡོད་བྱས་ཡོད།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཁོངས་གཏོགས་སུ་དཔལ་འབྱོར་གསར་སྤེལ་ཁུལ1དང་། ལིན་ཆི་ཁྲོམ་ལམ། ཀྲེང་ཅ་ཀྲའེ་གྲོང་རྡལ། ཧྲེན་ཐོའུ་གྲོང་རྡལ། ཏིང་ཀྲོང་གྲོང་རྡལ། པན་ལིང་གྲོང་རྡལ། ཧུའེ་ཝང་ཀྲོང་གྲོང་རྡལ། ཙི་ཀྲེན་གྲོང་རྡལ། རུའེ་ཀྲེན་གྲོང་རྡལ། དབྱི་ཏུའུ་ཁོའུ་གྲོང་རྡལ། ཆན་སུན་གྲོང་རྡལ། སུང་ཅ་གྲོང་རྡལ། ཡུས་ཅི་ཡུལ་ཚོ། ཏེ་ཀྲོའུ་གྲོང་ཁྱེར་དང་པེ་ཅིང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཐོན་ལས་མཉམ་ལས་ཁུལ་བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ལིན་ཁྲེང་ཆུས་ནི་ཤར་གྱི་གཞུང་ཐིག116°21′ནས116°57′བར་དང་། བྱང་གི་འཕྲེད་ཐིག37°13′ནས37°36′བར་དུ་གནས་ཡོད། ལྷོ་ངོས་ཕིང་ཡོན་རྫོང་དང་འབྲེལ་ཞིང་། བྱང་ངོས་ཉིང་ཅིན་རྫོང་དང་འབྲེལ་ཡོད་ལ། ཤར་ངོས་ལིན་དབྱི་རྫོང་དང་ལེ་ལིང་གྲོང་ཁྱེར་དང་འབྲེལ་ཡོད། ནུབ་ངོས་ཏེ་ཀྲོའུ་དཔལ་འབྱོར་གསར་སྤེལ་ཁུལ་དང་འབྲེལ་ཡོད།

3_2 ནམ་ཟླ།

ལིན་ཁྲེང་ཆུས་ནི་དྲོད་ཁུལ་སྐམ་སའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། གནམ་གཤིས་དྲོ་ཞིང་འཇམ་ལ། དུས་བཞིའི་དབྱེ་བ་གསལ་པོ་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུ12.7ཡིན་ལ། དྲོད་ཚད་མཐོ་ཤོས42.00Cཡིན་ལ།(སྤྱི་ལོ1968ལོའི་ཟླ6པའི་ཚེས1ཉིན) དྲོད་ཚད་དམའ་ཤོས21.80C(སྤྱི་ལོ1979ལོའི་ཟླ1པོའི་ཚེས31ཉིན)ཡིན། ལོ་རེའི་རླུང་ཕྱོགས་གཙོ་བོSSWཡིན་ལ། ལོ་རེའི་ཆ་སྙོམས་རླུང་འགྲོས3.7M/S(རླུང་འགྲོས་ཆེ་ཤོས24M/Sཡིན)ཡིན། ལོ་རེར་ཆ་སྙོམས་སུ་ཆར་ཆུ་འབབ་ཚད་ཧའོ་སྨི570.2ཟིན་ཡོད་ལ། ལོ་རེའི་ཆར་ཆུ་འབབ་ཚད་ཆེ་ཤོས་ནི1088.1(སྤྱི་ལོ1964ལོ)ཡིན་པ་དང་། ལོ་རེའི་ཆར་ཆུ་འབབ་ཚད་ཉུང་ཤོས220.3(སྤྱི་ལོ1986ལོ)ཡིན། ལོ་རེའི་ཆ་སྙོམས་ཀྱི་རླངས་འགྱུར་ཚད2076.4mཡིན། ལིན་ཁྲེང་ཆུས་འོད་དྲོད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། སད་མེད་དུས་ཉིན205ཟིན་ཡོད།  ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད2647.2ཟིན་ཡོད་ལ། ལིན་ཁྲེང་ཆུས་སུ་དགུན་དུས་སྨུག་པ་འཐིབ་པའི་གནམ་གཤིས་མངོན་གསལ་དོད་པོར་མང་དུ་འགྲོ།

4 མི་འབོར།

སྤྱི་ལོ2010ལོའི་ཟླ11པའི་ཚེས1ཉིན་གྱི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་གཞི་གྲངས་གཙོ་བོ་གཤམ་གསལ་ལྟར་ཡིན།

4_1 གཅིག རྒྱུན་སྡོད་མི་འབོར།

རྒྱུན་སྡོད་མི་འབོར་ཁྲི56.90ཟིན་པ་དེ་སྤྱི་ལོ2000ལོའི་ཟླ11པའི་ཚེས1ཉིན་མི་ཁྲི52.95ཟིན་པ་དང་བསྡུར་ན་ལོ་བཅུའི་ནང་དུ་མི་ཁྲི3.95འཕར་ཡོད། འཕར་ཚད7.45%ཡིན། ལོ་རེར་ཆ་སྙོམས་སུ་བརྒྱ་ཆའི0.72འཕར་ཡོད།

4_2 གཉིས། ཁྱིམ་ཚང་གི་མི་གྲངས།

རྒྱུན་སྡོད་མི་འབོར་ལ་ཁྱིམ་ཚང་ཁྲི16.69ཡོད་པ་དང་། ཁྱིམ་ཚང་གི་མི་འབོར་ཁྲི54.56ཡོད། ཁྱིམ་ཚང་རེའི་ཆ་སྙོམས་སུ་མི་འབོར3.27ཡོད། སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་ལྔ་པའི3.21ལས0.06མང་དུ་ཕྱིན་ཡོད།

4_3 གསུམ་པ། ཕོ་མོའི་དབྱེ་བ།

རྒྱུན་སྡོད་མི་འབོར་ཁྲོད་སྐྱེས་པ་ཁྲི28.67ཡོད་པ་དེས་སྤྱིའི་མི་འབོར་གྱི50.39%བཟུང་ཡོད། བུད་མེད་ཁྲི28.23ཡོད་པ་དེས་སྤྱིའི་མི་འབོར་གྱི49.61%བཟུང་ཡོད། སྤྱིའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད་སྤྱི་ལོ2000ལོའི101.61ནས101.58བར་མར་ཆག་ཡོད།

4_4 བཞི། ལོ་ན་གྲུབ་ཚུལ།

རྒྱུན་སྡོད་མི་འབོར་ཁྲོད་ལོ0ནས14བར་གྱི་མི་འབོར་ཁྲི9.63ཡོད་པ་དེས16.92%བཟུང་ཡོད་ལ། ལོ15ནས64བར་གྱི་མི་འབོར་ཁྲི42.30ཟིན་པ་དེས74.33%བཟུང་ཡོད། ལོ65དང་དེ་ཡན་གྱི་མི་འབོར་ཁྲི4.97ཟིན་པ་དེས8.75%བཟུང་ཡོད། སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་དང་བསྡུར་ན་ལོ0ནས14བར་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆིའ4.46མར་ཆག་ཡོད་ལ། ལོ15ནས64བར་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི2.94འཕར་ཡོད། ལོ65དང་དེ་ཡན་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི1.52འཕར་ཡོད།

4_5 ལྔ། སློབ་གསོ་མྱོང་ཚད།  

རྒྱུན་སྡོད་མི་འབོར་ཁྲོད་སློབ་ཆེན(ཆེད་ཚན་སློབ་གྲྭ་ཆེན་མོ་ཡན་ལ་ཟེར)གྱི་སློབ་གསོ་མྱོང་ཚད་མི་ཁྲི1.77ཟིན་ཡོད་ལ། མཐོ་རིམ་སློབ་འབྲིང(འབྲིང་རིམ་ཆེད་ལས་སློབ་གྲྭ་ཚུད)གི་སློབ་གསོ་མྱོང་ཚད་མི་ཁྲི5.63ཡོད། དམའ་རིམ་སློབ་འབྲིང་གི་སློབ་གསོ་མྱོང་ཚད་མི་ཁྲི25.70ཟིན་ཡོད། སློབ་ཆུང་གི་སློབ་གསོ་མྱོང་ཚད་མི་ཁྲི16.88ཡོད།

4_6 དཔལ་འབྱོར།

སྤྱི་ལོ2010ལོར་ལིན་ཁྲེང་ཆུས་སུ་བཟོ་ལས་ཐད་སྐྱེ་དངོས་ལག་རྩལ་དང་། ནུས་རྒྱུ་གསར་པའི་རླངས་འཁོར། འཁལ་འཐག་གསར་པ། རྒྱུ་ཆ་གསར་པ། སྒྲིག་ཆས་བཟོ་སྐྲུན། སྣོད་བཅུད་རྫས་འགྱུར་བཟོ་ལས་བཅས་གཙོ་བོར་བྱེད་པའི“4+2”ཡི་དེང་རབས་ཐོན་ལས་མ་ལག་ཆགས་ཡོད་ལ། ཀྲུང་གོའི་ཡུལ་ཐབས་བཟོ་ལས་ཀྱི་འདྲེས་སྦྱོར་རྒྱུ་ཆའི་ཐོན་སྐྱེད་རྟེན་གཞི་དང་།   རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་སྔོན་ཐོན་རྫོང་ཡིན་ལ། ཀུའུ་ཧྲེན་ཚོགས་པ་དང་ཧེང་ཧྥེང་འཁེལ་འཐག་སོགས་ཁེ་ལས17རྒྱལ་ཡོངས་ལས་རིགས་གཅིག་པའི་མདུན་གྲལ་དུ་སླེབས་ཡོད་ཅིང་། ཞིང་ལས་ཐད་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་། རྒྱལ་ཡོངས་ཀྱི་རིམ་འདས་འབྲུ་རིགས་ཐོན་འབོར་ཆེ་བའི་རྫོང་། རྒྱལ་ཡོངས་ཀྱི་སྲིང་བལ་ཐོན་སྐྱེད་སྟོབས་ཆེན་གྱི་རྫོང་། རྒྱལ་ཡོངས་ཀྱི་སྔོ་ཚལ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་ཡིན་ལ། ལོ་རེར་འབྲུ་རིགས་རྒྱ་མ་དུང་ཕྱུར22ཐོན་སྐྱེད་བྱས་པ་དེ་ནི་ཧྲན་ཏུང་ཞིང་ཆེན་གྱི་འབྲུ་རིགས་སྤྱིའི་ཐོན་འབོར་རྒྱ་མ་དུང་ཕྱུར20ཟིན་པའི་རྫོང4ཡི་གྲས་ཤིག་ཡིན།

སྤྱི་ལོ2012ལོར་ལིན་ཁྲེང་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར195.64བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས12.8%འཕར་ཡོད་ལ། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར27.61ཟིན་པ་དེ་ལོ་སྔོན་མ་ལས5.5%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར96.57ཟིན་པ་ལོ་སྔོན་མ་ལས10.4%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར71.46ཟིན་པ་དེ་ལོ་སྔོན་མ་ལས16.9%འཕར་ཡོད། ཐོན་ལས་ཀྱི་བསྡུར་ཚུལ་དེ་ལོ་གོང་མའི14.6:51.6:33.8ནས14.1:49.4:36.5བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར33445ཟིན་ནས་ལོ་སྔོན་མ་ལས12.9%འཕར་ཡོད།

4_7 ཐོན་ལས་དང་པོ།

སྤྱི་ལོ2012ལོར་ལིན་ཁྲེང་ཆུས་ཀྱི་ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི555814ཟིན་པ་དེ་ལོ་གོང་མ་ལས6.7%འཕར་ཡོད་ལ། དེའི་ནང་དུ་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི281651ཟིན་པ་དེ་ལོ་གོང་མ་ལས6.35%འཕར་ཞིང་ ནགས་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི12016ཟིན་པ་དེ་ལོ་གོང་མ་ལས1.87%འཕར་ཡོད་ལ། འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི213632ཟིན་པ་དེ་ལོ་གོང་མ་ལས8.23%འཕར་ཡོད། ཉ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི16975ཟིན་པ་དེ་ལོ་གོང་མ་ལས5.18%འཕར་ཡོད། ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི31540ཟིན་པ་དེ་ལོ་གོང་མ་ལས2.99%འཕར་ཡོད།

སྤྱི་ལོ2012ལོར་ལིན་ཁྲེང་ཆུས་སུ་ནགས་བཟོའི་རྒྱ་ཁྱོན་སྤྱི་ཆིང2000འཕར་བ་དང་། ལོ་དེའི་ཕྱོགས་བཞི་རུ་སྡོང་རྐང་ཁྲི120བཙུགས་ཡོད་ལ། ལོ་མཇུག་ཏུ་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི3.2ཡོད། ནགས་ཚལ་གྱིས་ཁེབས་ཚད་བརྒྱ་ཆའི30.5ཟིན་ཡོད།

4_8 ཐོན་ལས་གཉིས་པ།

སྤྱི་ལོ2012ལོར་ལིན་ཁྲེང་ཆུས་ཀྱི་བཟོ་ལས་ཐོན་རྫས་ཕྱིར་ཚོང་བྱེད་ཚད99.2%ཟིན་ཡོད་ལ། ཆུས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ལ་ཐོན་རྫས་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར540.96བྱུང་བ་དེ་ལོ་གོང་མ་ལས28.51%འཕར་ཡོད། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར52.96བྱུང་ཞིང་། ཁེ་སྤོགས་སྒོར་དུང་ཕྱུར28.40བྱུང་ནས་སོ་སོར་ལོ་སྔོན་མ་ལས13.15%དང16.44%འཕར་ཡོད། སྤྱི་ལོ2012ལོར་ལིན་ཁྲེང་ཆུས་ཀྱི་ཐོབ་ཐང་རིམ་པ་གསུམ་པ་དང་དེ་ཡན་གྱི་ཨར་སྐྲུན་ཁེ་ལས་ཀྱིས་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི57916ལེགས་འགྲུབ་བྱས་པ་དེ་ལོ་གོང་མ་ལས18.6%འཕར་ཡོད། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་ཁྲི8442མངོན་འགྱུར་བྱུང་ཡོད་ལ། དེའི་ནང་དུ་གཞུང་ཁོངས་དང་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱིས་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི6645ཟིན་ནས་ལོ་སྔོན་མ་ལས17.20%འཕར་ཏེ། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་ཁྲི1019ཟིན་ཡོད། རྒྱལ་ཁབ་ཀྱི་ཁེ་ལས་མིན་པའི་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི51271ཟིན་ནས་ལོ་སྔོན་མ་ལས18.78%འཕར་ཡོད། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་ཁྲི7423མངོན་འགྱུར་བྱུང་ཡོད།

4_9 ​ཐོན་ལས་གསུམ་པ།

སྤྱི་ལོ2012ལོར་ལིན་ཁྲེང་ཆུས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར63.66ཟིན་པ་དེ་ལོ་གོང་མ་ལས15%འཕར་ཡོད། བཅད་གྲངས་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་དང་། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་ཁྲིམས་ཚན་ཁེ་ལས36ཡོད་པ་དེས་སིལ་ཚོང་བསྡོམས་འབོར་གྱི24.1%བཟུང་ཡོད།

སྤྱི་ལོ2012ལོར་ལིན་ཁྲེང་ཆུས་ཀྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི19397ཟིན་ནས་ལོ་གོང་མ་ལས8.2%འཕར་ཡོད། དེའི་ནང་དུ་ཕྱིར་གཏོང་ཨ་སྒོར་ཁྲི12659ཟིན་ནས་ལོ་སྔོན་མ་ལས5%འཕར་ཡོད་ལ། ནང་འདྲེན་གྱིས་ཨ་སྒོར་ཁྲི6738ཟིན་ནས14.4%འཕར་ཡོད།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།