ཆིན་ཡོན་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-04-02 09:17ལ་འགྲུབ།

ཆིན་ཡོན་རྫོང་།

ཆིན་ཡོན་རྫོང་།
ཆིན་ཡོན་རྫོང་ནི་ཧྲན་ཞི་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཤིང་ཧྲན་ཞི་ཞིང་ཆེན་གྱི་དབུས་ལྷོའི་རྒྱུད་དང་། ཐའེ་ཡུའེ་རི་བོའི་ཤར་ངོས། ཁྲང་ཀྲི་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་བཅས་དང་འབྲེལ་ནས་གནས་ལ་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2549ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沁源县
སྦྲག་སྲིད་ཨང་རྟགས།
046500
དབྱིན་ཡིག་གི་མིང་།
Qinyuan County
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2549
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པ།
མི་གྲངས།
ཁྲི16.4494
ཁོངས་གཏོགས་ས་ཁུལ།
ཧྲན་ཞི་ཞིང་ཆེན་ཁྲང་ཀྲི་གྲོང་ཁྱེར།
ནམ་ཟླ།
དྲོད་ཁུལ་ཕྱེད་ཙམ་དང་བརླན་གཤེར་སྐམ་སའི་རང་བཞིན་གྱི་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0355
རླངས་འཁོར་ཚབ་ཨང་།
ཅིནD(晋D)
1 ​ས་ཁམས་ཁོར་ཡུག  
1_1 གནས་ཡུལ།   

ཆིན་ཡོན་རྫོང་ནི་ཧྲན་ཞི་ཞིང་ཆེན་གྱི་དབུས་ལྷོའི་རྒྱུད་དང་ཐའེ་ཡུའེ་རི་བོའི་ཤར་ངོས། ཁྲང་ཀྲི་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད། ཤར་ངོས་ཆིན་རྫོང་དང་ཐག་ཉེ་ཞིང་ལྷོ་ངོས་ཐུན་ལིའུ་ཆུས་དང་ཨན་ཙེ་རྫོང་། ཀུའུ་རྫོང་བཅས་དང་འབྲེལ་ཡོད། ནུབ་ངོས་ལེན་ལིང་ཧྲི་རྫོང་དང་ཧུའོ་ཀྲོའུ་གྲོང་ཁྱེར། བྱང་ངོས་ཕིན་ཡོན་རྫོང་དང་ཅེ་ཞིའུ་གྲོང་ཁྱེར་བཅས་དང་འབྲེལ་ཡོད་ཅིང་། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག111°58′30″―112°32′30″བར་དང་བྱང་གི་འཕྲེད་ཐིག36°20′20″―37°00′42″བར་དུ་གནས་པ་དང་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2549ཡོད།

1_2 ས་དབྱིབས།  

ཆིན་ཡོན་རྫོང་གི་མངའ་ཁོངས་ནི་ས་སེར་མཐོ་སྒང་གི་ཁོངས་སུ་གཏོགས་པ་དང་ས་ཁམས་སྡེ་ཚན་ནི་ཆིན་ཧྲུའེ་གཤོང་སའི་ནུབ་རྒྱུད་འབུར་ཁུལ་གྱི་ཐའེ་ཡུའེ་རི་རྒྱུད་གཙོ་བོ་ཡིན་པ་དང་། ནུབ་བྱང་དུ་འབུར་ནས་ཤར་ལྷོ་དམའ་ཞིང་ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1400དང་ས་བབ་མཐོ་ཤོས་ལ་སྨི2523ཡོད།     

1_3 ནམ་ཟླ།  

ཆིན་ཡོན་རྫོང་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁུལ་ཡིན་པ་དང་གནམ་གཤིས་དྲོ་ཞིང་མཁའ་རླུང་བཞའ་ཚད་ཆེ། ཆ་སྙོམས་དྲོད་ཚད8.6℃དང་ལོ་རེའི་ལྟོས་བཅས་ཀྱི་བརླན་ཚད་ཆ་སྙོམས65%ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི656.7ཟིན། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད8.7℃ཡིན་པ་དང་སད་མེད་དུས་ཀྱི་ཉིན90ནས150བར་ཡིན་ཞིང་། ལོ་རེའི་ཆ་སྙོམས་ཀྱི་ཉི་འོད་ཕོག་པའི་དུས་ཚོད2519ཡིན།     

1_4 ཆུ་རྒྱུན།

ཆིན་ཡོན་རྫོང་ཁོངས་སུ་ཆིན་ཧོ་གཙང་པོ་དང་ཧྥུན་ཧོ་གཙང་པོའི་ཆུ་རྒྱུན་ཆེན་པོ་གཉིས་ཡོད་པ་དང་ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི656.7ཟིན་ཞིང་དེ་ནི་ཧྲན་ཆུ་རྒྱུད་གཙོ་བོ་ཞིག་ཏུ་གྱུར་ཡོད།

2 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཆིན་ཡོན་རྫོང་གི་མི་འབོར་ཁྲི16.4494ཟིན་པའི་ནང་སྐྱེས་པ88225དང་བུད་མེད76269ཕོ་མོའི་ཕོ་མོའི་བསྡུར་ཚད(བུད་མེད=100)115.68གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར77557གྲོང་གསེབ་ཀྱི་མི་འབོར86937བཅས་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད47.15%ཟིན། མི་འབོར་རང་བྱུང་འཕར་ཚད3.85‰3བཅས་ཟིན་པ་རེད།

3 དཔལ་འབྱོར།  

སྤྱི་ལོ2018ལོར་ཆིན་ཡོན་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར122.97ཟིན་པ་དེ་ལོ་སྨོན་མ་ལས7.7%རིན་གོང་འཕར་མེད)འཕར་ཡོད་ལ། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར2.72ཟིན་ནས2.8%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི2.2%བཟུང་བ་དང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར85.78ཟིན་ནས7.7%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི69.8%བཟུང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར34.47ཟིན་ནས8.1%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད28%ཟིན་ཡོད། ཐོན་ལས་གསུམ་པའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་ལས་བཅས་ཀྱི་འཕར་ཐང་སྒོར་དུང་ཕྱུར8.4ཟིན་ནས9.9%འཕར་བ་དང་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར7.09ཟིན་ནས3.7%འཕར། ཁེ་གཉེར་རང་བཞིན་མ་ཡིན་པའི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར5.52ཡིན་པས8.6%འཕར་ཡོད་ལ། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར75099ཟིན་ནས7.2%འཕར་བ་དང་སྤྱི་ལོ2018ལོའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ན་མི་རེར་ཆ་སྙོམས་ཨ་སྒོར113493.3ཟིན།     

གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ།   

སྤྱི་ལོ2018ལོར་ཆིན་ཡོན་རྫོང་གི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར55.7བཏང་ནས11.2%འཕར་ཡོད་ལ། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར0.75བཏང་བ་དང་ཐོན་ལས་གཉིས་པའི་མ་འཇོག་སྒོར་དུང་ཕྱུར33.6ཟིན། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར21.4བཏང་ཡོད། སྐྲུན་བཞིན་པའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས85ཡོད་ཅིང་། དེའི་ནང་རྣམ་གྲངས་ཁྲི5000ཡན་ཡོད་པ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར161.3དང་མ་དངུལ་སྒོར་དུང་ཕྱུར45.71གཏོང་རྩིས་ཡོད་པ་རེད།     

ནོར་ཁྲལ་གཏོང་སྒོ།   

སྤྱི་ལོ2018ལོར་ཆིན་ཡོན་རྫོང་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར35.19ཟིན་ནས15.6%འཕར་ཡོད། ས་གནས་ནོར་སྲིད་ཀྱི་ཡོང་སྒོ་སྒོར་དུང་ཕྱུར14.77ཡིན་པས་བརྒྱ་ཆ10.22འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར12.12ཡིན་པས9.89%འཕར་ཡོད། རྒྱལ་ཁབ་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར13.98ཟིན་ནས་ས་གནས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར17.31ཟིན་ཡོད་ཅིང་། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར18ཡིན་ཞིང་། དེའི་ནང་ཞིང་ནགས་ཆུ་གསུམ་གྱི་ལས་དོན་གཏོང་སྒོ་སྒོར་དུང་ཕྱུར3.15དང་སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར2.31 སྨན་བཅོས་འཕྲོད་བསྟེན་གྱི་གཏོང་སྒོ་སྒོར་དུང་ཕྱུར1.31འཕར། ཚན་རྩལ་གྱི་གཏོང་སྒོ་སྒོར་དུང་ཕྱུར0.11ཟིན་ཡོད།     

མི་དམངས་ཀྱི་འཚོ་བ།  

སྤྱི་ལོ2018ལོར་ཆིན་ཡོན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར34718ཟིན་པ་དེ་ལོ་སྔོན་མ་ལས6.8%འཕར་བ་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15085ཟིན་པ་དེ་ལོ་སྔོན་མ་ལས10%འཕར།     

3_1 ཐོན་ལས་དང་པོ།    

འདེབས་འཛུགས་ལས་རིགས། 

སྤྱི་ལོ2018ལོར་ཆིན་ཡོན་རྫོང་གི་ཞིང་ལས་སྐྱེ་དངོས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང15997.4ཟིན་ཡོད་ལ། དེའི་ནང་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང13249.4ཟིན་པ་དང་མ་རྨོས་ལོ་ཏོག་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང7824.4ཟིན་ཡོད། ཞོག་ཁོག་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང2878.2དང་སྔོ་ཚལ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང644.6ཟིན། ལོ་ཧྲིལ་པོར་འབྲུ་རིགས་སྤྱིའི་ཐོན་འབོར་ཏུན70984.4ཡིན།  

ནགས་ལས།    

སྤྱི་ལོ2018ལོའི་ལོ་མཇུག་བར་ཆིན་ཡོན་རྫོང་གི་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི220ཟིན་ནས་ནགས་ཚལ་ཁྱབ་ཚད56.7%ཟིན་ཡོད། རྫོང་ཡོངས་ཀྱིས་ལོ་ཧྲིལ་པོར་ནགས་ཚལ་ཚད་ལྡན་རྒྱ་ཁྱོན་མུའུ་ཁྲི2.319ཟིན།     

ཕྱུགས་ལས།    

སྤྱི་ལོ2018ལོར་ཆིན་ཡོན་རྫོང་གི་ཤ་རིགས་སྤྱིའི་ཐོན་འབོར་ཏུན2006ཟིན་པའི་ནང་ཕག་ཤ་ཐོན་ཚད་ཏུན550དང་ལུག་ཤའི་ཐོན་ཚད་ཏུན694 འོ་མའི་ཐོན་ཚད་ཏུན113བཅས་ཟིན་ཡོད་པ་རེད། བྱ་སྒོང་ཐོན་ཚད་ཏུན2207ཟིན་ནས་ལོ་མཇུག་ཏུ་ཕག་པ་ལག་ཡོད་གྲངས6514དང་། བཤས་གཏོང་གྲངས73373ལ་སླེབས་ཡོད།

ཐོན་སྐྱེད་ཆ་རྐྱེན།    

སྤྱི་ལོ2018ལོའི་ལོ་མཇུག་བར་ཆིན་ཡོན་རྫོང་གི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ36098ཟིན།     

3_2 ཐོན་ལས་གཉིས་པ།    

བཟོ་ལས།     

སྤྱི་ལོ2018ལོའི་ལོ་མཇུག་བར་ཆིན་ཡོན་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས26ཡོད་པ་དང་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར160.22ལེགས་གྲུབ་ཟིན་ནས་རིན་ཐང་འཕར་མ་སྒོར་དུང་ཕྱུར82.43ཟིན་ནས8.52%འཕར་བའི་ནང་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མས་བཟོ་ལས་ཀྱི་རིན་ཐང་འཕར་མའི་བསྡུར་ཚད5.75%ཟིན་པ་དང་རྡོ་སོལ་བཟོ་ལས་ཀྱི་རིན་ཐང་འཕར་མས་བཟོ་ལས་ཀྱི་རིན་ཐང་འཕར་མའི་བསྡུར་ཚད6.58%ཟིན་ཡོད་པ་རེད། སྤྱི་ཚོགས་ཡོངས་ཀྱི་མ་བཅོས་རྡོ་སོལ་ཐོན་ཚད་ཏུན་ཁྲི1489.65ཟིན་ནས26.54%འཕར་སྣོན་བྱུང་ཡོད། གློག་འདོན་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར10.28ཟིན་ནས25.98%འཕར། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་རྡོ་སོལ་བསྲེགས་མ་ཐོན་ཚད་ཏུན་ཁྲི150.79ཟིན་ནས13.15%འཕར། ལོ་ཧྲིལ་པོར་ཞིང་ཆེན་ཕྱི་རོལ་དུ་རྡོ་སོལ་ཏུན་ཁྲི195.45སྐྱེལ་འདྲེན་བྱས་ཡོད་ཅིང་། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར138.25བྱུང་ནས16.8%འཕར། ཁེ་སྤོགས་སྒོར་དུང་ཕྱུར28.15བྱུང་བ་དེ་ལོ་སྔོན་མ་ལས4.1%འཕར། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར46.89ཟིན་པ་དེ་ལོ་སྔོན་མ་ལས7%འཕར།     

བཟོ་སྐྲུན་ལས་རིགས།    

སྤྱི་ལོ2018ལོར་ཆིན་ཡོན་རྫོང་གི་བཟོ་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི3800ཟིན་ནས8.57%འཕར།     

3_3 ཐོན་ལས་གསུམ་པ།   

རྒྱལ་ནང་དཔལ་འབྱོར།   

སྤྱི་ལོ2018ལོར་ཆིན་ཡོན་རྫོང་གི་སྤྱི་ཚོགས་འཛད་སྤྱོ་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར27.91ཟིན་ནས10.5%འཕར་ཡོད་ལ། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར13.47ཟིན་ནས10.3%འཕར་བ་དང་གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར14.44ཟིན་ནས10.7%འཕར།     

སྦྲག་ཏར་འཕྲིན་གཏོང།    

སྤྱི་ལོ2018ལོར་ཆིན་ཡོན་རྫོང་གིས་སྦྲག་སྲིད་ལས་སྒོའི་བསྡོམས་འབོར་སྒོར་ཁྲི1416ཟིན་ནས1.49%འཕར་བ་དང་གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་ཁྲི9903.83ཟིན་ནས3.85%མར་ཆག་པ་དེའི་ནང་ལན་ཐུང་ཀུང་སིའི་ལས་སྒོའི་བསྡོམས་འབོར་སྒོར་ཁྲི3152ཟིན་པ་དང་། སྒུལ་བདེ་ཀུང་སིའི་ལས་སྒོའི་བསྡོམས་འབོར་སྒོར་ཁྲི6000ཟིན། གློག་འཕྲིན་ཀུང་སིའི་ལས་སྒོའི་བསྡོམས་འབོར་སྒོར་ཁྲི751.83ཟིན། ལོ་མཇུག་ཏུ་སྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི14.81ཟིན། རྫོང་ཡོངས་ཀྱི་དྲ་སྦྲེལ་སྤྱོད་མཁན་དུད་ཚང་ཁྲི5.51ནང་མཐུད་འཇུག་བྱས།     

ཡུལ་སྐོར་ལས་རིགས།   

སྤྱི་ལོ2018ལོར་ཆིན་ཡོན་རྫོང་གི་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར37.5ཟིན་ནས26%འཕར།     

དངུལ་རྩའི་ལས་རིགས།    

སྤྱི་ལོ2018ལོའི་ལོ་མཇུག་བར་ཆིན་ཡོན་རྫོང་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར73.75ཟིན་པ་དེ་ལོ་སྔོན་མ་ལས14.26%འཕར་ཡོད། དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར28.55ཟིན་ནས4.36%འཕར།     

འགན་བཅོལ་ལས་རིགས།  

སྤྱི་ལོ2018ལོའི་ལོ་མཇུག་བར་ཆིན་ཡོན་རྫོང་གི་འགན་བཅོལ་གྲོན་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར1.1264ཟིན་པའི་ནང་ཚེ་སྲོག་འགན་བཅོལ་ལས་སྒོའི་འགན་བཅོལ་གྱི་ཡོང་འབབ་སྒོར་ཁྲི7072ཟིན་པ་དང་རྒྱུ་ནོར་འགན་བཅོལ་ལས་སྒོའི་འགན་བཅོལ་གྱི་ཡོང་འབབ་སྒོར་ཁྲི4192ཟིན་ཡོད། 

4 སྤྱི་ཚོགས་ལས་རིགས།
4_1 ཚན་རྩལ་བྱ་གཞག     

སྤྱི་ལོ2018ལོར་ཆིན་ཡོན་རྫོང་གི་ཁེ་བེད་བདག་ཐོབ་རེ་ཞུ་ཁག14བྱས་པ་དང་ཁྱོན་རིགས་ཁག་གི་ལག་རྩལ་གན་རྒྱ་ཁག10བཞག ལག་རྩལ་གན་རྒྱའི་ཚོང་གི་ཚད་སྒོར་ཁྲི19706ཟིན།     

4_2 སློབ་གསོའི་བྱ་གཞག    

སྤྱི་ལོ2018ལོའི་ལོ་མཇུག་བར་ཆིན་ཡོན་རྫོང་གི་མཐོ་རིམ་སློབ་འབྲིང1དང་། ལས་རིགས་མཐོ་རིམ་སློབ་འབྲིང1 དམའ་རིམ་སློབ་འབྲིང5 ལོ་དགུའི་འོས་འགན་ལམ་ལུགས་ཅན་གྱི་སློབ་གྲྭ1 སློབ་ཆུང68བཅས་ཡོད་པ་རེད། སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ4010ཡོད། རྫོང་ཡོངས་ཀྱི་དགེ་རྒན1808ཡོད་པའི་ནང་སློབ་ཆུང་གི་དགེ་རྒན993དང་དམའ་རིམ་སློབ་འབྲིང་དུ་དགེ་རྒན495ཡོད་པ་དང་མཐོ་རིམ་སློབ་འབྲིང་དུ་དགེ་རྒན320ཡོད། རྫོང་ཡོངས་ཀྱི་སློབ་ཆུང་དཀྱུས་མའི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ9652ཡོད།     

4_3 རིག་གནས་ལས་རིགས།   

སྤྱི་ལོ2018ལོའི་ལོ་མཇུག་བར་ཆིན་ཡོན་རྫོང་དུ་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ7དང་རིག་གནས་ཁང1 སྤྱི་པའི་དཔེ་མཛོད་ཁང1 སྤྱི་པའི་དཔེ་མཛོད་ཁང་དུ་དེབ་ཁྲི14 ཡིག་ཚགས་ཁང1བཅས་ཡོད་པ་རེད། རྫོང་ཡོངས་སུ་བརྙན་འཕྲིན་ལས་ཁུངས1དང་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད94%ཟིན་ཡོད། རྫོང་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི3.5ཟིན་པའི་ནང་གྲངས་འཛིན་བརྡ་རྟགས་སྤྱོད་མཁན་དུད་ཚང་ཁྲི1.33ཡོད་པ་རེད། རྫོང་ཡོངས་སུ་གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ254དང་མང་ཚོགས་ཀྱི་གར་སྟེགས105 ཡུལ་ཚོ་དང་གྲོང་རྡལ་རིག་གནས་ས་ཚིགས14 ཞིང་དུད་དཔེ་ཁང254བཅས་བསྐྲུན།     

4_4 ལུས་རྩལ་བྱ་གཞག   

སྤྱི་ལོ2018ལོའི་ལོ་མཇུག་བར་ཆིན་ཡོན་རྫོང་དུ་ལུས་རྩལ་ཁང1ཡོད་པ་དང་ལོ་ཧྲིལ་པོར་འགྲན་བསྡུར་བྱེད་སྒོ་སྣ་ཚོགས30ལྷག་ཙམ་སྤེལ་ནས་རིམ་རྩིས་བྱས་ན་ལྟད་མོ་བ་མི་ཐེངས་ཁྲི10ལྷག་ཙམ་ཟིན་གྱིན་ཡོད།     

4_5 འཕྲོད་བསྟེན་ལས་རིགས།   

སྤྱི་ལོ2018ལོའི་ལོ་མཇུག་བར་ཆིན་ཡོན་རྫོང་དུ་སྨན་ཁང་དང་འཕྲོད་བསྟེན་ཁང18དང་བུད་མེད་དང་ཕྲུ་གུའི་འཕྲོད་བསྟེན་སྒྲིག་གཞི1 ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)1བཅས་ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ759ཡོད། རྫོང་ཡོངས་སུ་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པ་ཁྱབ་ཚད100%ཟིན།     

4_6 ངལ་རྩོལ་ལས་ཞུགས་སྐོར།     

སྤྱི་ལོ2018ལོར་ཆིན་ཡོན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་དུ་མི3120གསར་དུ་ལས་ཞུགས་ཐུབ་ཡོད། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས2716སྤོ་སྒྱུར་བྱས་པ་རེད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད1.8%ཟིན།     

4_7 སྤྱི་ཚོགས་འགན་སྲུང་།   

སྤྱི་ལོ2018ལོའི་ལོ་མཇུག་བར་ཆིན་ཡོན་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས83557ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས22236ཟིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས124936ཟིན། ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས13769ཟིན། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས24203ཟིན།     

4_8 སྤྱི་ཚོགས་ཕན་བདེ།    

སྤྱི་ལོ2018ལོར་ཆིན་ཡོན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས1411དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས5764 གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་མི་གྲངས1485 གྲོང་ཁྱེར་གྱི་དམིགས་བསལ་དཀའ་ངལ་མི་གྲངས5བཅས་ཡོད།   

4_9 ཁོར་ཡུག་སྲུང་སྐྱོང་།     

སྤྱི་ལོ2018ལོར་ཆིན་ཡོན་རྫོང་གི་བཟོ་ལས་སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད100%ཟིན་པ་དང་མཁའ་རླུང་སྤུས་ཚད་རིམ་པ་གཉིས་པ་ཡན་གྱི་ཉིན་གྲངས273ཟིན། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད74.8%ཟིན་ནས་རྫོང་ཡོངས་སུ་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ལོན་ཚད100%ཟིན། ས་ངོས་ཀྱི་ཆུའི་དཔྱད་ཞིབ་བཅད་ཚད100%ཟིན་པ་བཅས་རེད། ལོ་ཧྲིལ་པོར་བཙོག་ཆུ་གཙང་སེལ་བྱེད་ཚད95.65%ཟིན་ཡོད་ཅིང་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད100%ཟིན།     

4_10 ཉེན་མེད་ཐོན་སྐྱེད།    

སྤྱི་ལོ2018ལོའི་ལོ་མཇུག་བར་ཆིན་ཡོན་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་གྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་ཤི་ཚད་ནི0.08ཡིན་པ་རེད། 

དཔྱད་གཞིའི་ཡིག་ཆ།