ཁུ་ལཱ་ཆིན་ཙུའོ་དབྱི་སོག་རིགས་རང་སྐྱོང་རྫོང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-03-27 08:48ལ་འགྲུབ།

ཁུ་ལཱ་ཆིན་ཙུའོ་དབྱི་སོག་རིགས་རང་སྐྱོང་རྫོང་།

ཁུ་ལཱ་ཆིན་ཙུའོ་དབྱི་སོག་རིགས་རང་སྐྱོང་རྫོང་།
ཁུ་ལཱ་ཆིན་ཙུའོ་དབྱི་སོག་རིགས་རང་སྐྱོང་རྫོང་ནི་ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། བྱང་གི་འཕྲེད་ཐིག40°47′12″-41°33′53″བར་དང་། ཤར་གྱི་གཞུང་ཐིག119°24′54″-120°23′24″ཡི་བར་དུ་ཆགས་ཡོད། ལིའོ་ཉིང་ཞིང་ཆེན་ནུབ་རྒྱུད་དང་ཁྲའོ་དབྱང་གྲོང་ཁྱེར་གྱི་ལྷོ་རྒྱུད། ཏཱ་ལིང་གཙང་པོའི་སྟོད་རྒྱུད་ཀྱི་རི་མ་ཐང་དུ་ཆགས་ཡོད། ཤར་ངོས་ཁྲའོ་དབྱང་རྫོང་དང་འབྲེལ་ཡོད་ལ། ནུབ་ལིང་ཡོན་གྲོང་ཁྱེར་དང་འབྲེལ་ཡོད། ལྷོ་ཅན་ཁྲང་རྫོང་དང་འབྲེལ་ཞིང་། བྱང་དུ་ལེན་ཕིང་རྫོང་བཙུགས་ཡོད། ཆིན་ཧོང་གླིང་ཕྲན་དང་བར་ཐག་སྤྱི་ལེ130ཡོད། དེ་ནི་ལིའོ་ཅི་སོག་རིགས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་དང་། ལིའོ་ཞི་དོག་ལམ་གྱི་བྱང་བགྲོད་ལམ་གྱི་འགག་ས། པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་བཅས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། སྤྱི་ལོ2017ལོའི་བར་ཁུ་ཙོའུ་རྫོང་གི་ཁོངས་གཏོགས་སུ་ཁྲོམ་གཞུང3དང་། གྲོང་རྡལ10ཤང9ཞིང་ར1བཅས་ཡོད་པ་དང་ཁྱོན་སྲིད་འཛིན་གྲོང་ཚོ190དང་སྡེ་ཁུལ8ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2240ཡོད། མི་འབོར་ཁྲི42ཡོད་པ་དང་སྤྱི་ལོ2013ལོར་ཁུ་ཙུའོ་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར116.3ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
喀喇沁左翼蒙古族自治县
ཕྱི་ཡིག་གི་མིང་།
Autonomous CountyHarqin Left Wing Mongolian
མིང་གཞན།
ཁུ་ཙོའུ། ཀྲུན་ཁུ་ལཱ་ཆིན། ལི་ཀྲོའུ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2240ཡོད།
ཡུལ་སྐད། 
སོག་སྐད། བྱང་ཤར་སྐད།
​མི་འབོར། 
ཁྲི42ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ། 
རང་སྐྱོང་རྫོང་།
གནམ་གཤིས།
སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
​ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར།
མཛེས་ལྗོངས་གྲགས་ཅན།
ལུང་ཧྥེང་རི་བོ་དང་། ཏུང་ཧྲན་ཙུའེ་གནའ་ཤུལ། ཅིའུ་ཆོན་ལེན་ཧྭ་རི་བོ། ཕུག་རོན་བྲག་ཕུག་དང་་ལིན་ཧུ་ཁུག་དང་པོ་སོགས་ཡོད།
​མངའ་ཁོངས། 
གྲོང་རྡལ10དང་ཤང9ཁྲོམ་གཞུང3ཞིང་ར1བཅས་ཡོད།
གནམ་གྲུ་ཐང་།
ཁྲའོ་དབྱང་གནམ་གྲུ་ཐང་།
​སྲིད་གཞུང་གནས་ཡུལ། 
ཏཱ་ཁྲེང་ཙི་སྲང་ལམ་དུ་གནས་ཡོད།
རླངས་འཁོར་ཚབ་ཨང་།
ལིའོ(辽)N
ས་ཁོངས་ཁ་པར་ཨང་རྟགས།
0421
​སྲིད་འཛིན་ཚབ་ཨང་། 
211324
གནས་ཡུལ།
ཁྲའོ་དབྱང་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་གནས་ཡོད།
1 ངོ་སྤྲོད་མདོར་བསྡུས།

ཁུ་ཙོའུ་ལ་གནའ་དུས་སུ“ལི་ཀྲོའུ”ཞེས་འབོད་པ་དང་། ཁུ་ལཱ་ཆིན་ཙུའོ་དབྱི་སོག་རིགས་རང་སྐྱོང་རྫོང་ནི་ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། བྱང་གི་འཕྲེད་ཐིག40°47′12″-41°33′53″བར་དང་། ཤར་གྱི་གཞུང་ཐིག119°24′54″-120°23′24″ཡི་བར་དུ་ཆགས་ཡོད། ལིའོ་ཉིང་ཞིང་ཆེན་ནུབ་རྒྱུད་དང་ཁྲའོ་དབྱང་གྲོང་ཁྱེར་གྱི་ལྷོ་རྒྱུད། ཏཱ་ལིང་གཙང་པོའི་སྟོད་རྒྱུད་ཀྱི་རི་མ་ཐང་དུ་ཆགས་ཡོད། ཤར་ངོས་ཁྲའོ་དབྱང་རྫོང་དང་འབྲེལ་ཡོད་ལ། ནུབ་ལིང་ཡོན་གྲོང་ཁྱེར་དང་འབྲེལ་ཡོད། ལྷོ་ཅན་ཁྲང་རྫོང་དང་འབྲེལ་ཞིང་། བྱང་དུ་ལེན་ཕིང་རྫོང་བཙུགས་ཡོད། ཆིན་ཧོང་གླིང་ཕྲན་དང་བར་ཐག་སྤྱི་ལེ130ཡོད། དེ་ནི་ལིའོ་ཅི་སོག་རིགས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་དང་། ལིའོ་ཞི་དོག་ལམ་གྱི་བྱང་བགྲོད་ལམ་གྱི་འགག་ས། པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་བཅས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།

སྤྱི་ལོ2017ལོའི་བར་ཁུ་ཙོའུ་རྫོང་གི་ཁོངས་གཏོགས་སུ་ཁྲོམ་གཞུང3དང་། གྲོང་རྡལ10ཤང9ཞིང་ར1བཅས་ཡོད་པ་དང་ཁྱོན་སྲིད་འཛིན་གྲོང་ཚོ190དང་སྡེ་ཁུལ8ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2240ཡོད། མི་འབོར་ཁྲི42ཡོད་པ་དང་སྤྱི་ལོ2013ལོར་ཁུ་ཙུའོ་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར116.3ཟིན་ཡོད།

ཁུ་ཙོའུ་རྫོང་ནི་ཁག་དང་པོའི་རྒྱལ་ཁབ་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་ཁུལ་ཡིན་པ་དང་། སྤྱི་ལོ2018ལོའི་ཟླ11པར་ཚན་རྩལ་པུས་གསར་གཏོད་རྣམ་པའི་རྫོང(གྲོང་ཁྱེར)ཁག་དང་པོར་གཏན་འཁེལ་བྱས།

2 ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གསུམ་པ་སྤྱི་ལོ1914ལོར་ཅན་ཁྲང་རྫོང་དེ་ཡང་ལིན་ཡོན་རྫོང་དུ་བསྒྱུར། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉི་ཤུ་པ་སྤྱི་ལོ1931ལོར་ལིན་ནན་རྫོང་བཙུགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དྲུག་པ་སྤྱི་ལོ1937ལོར་ལིན་ཡོན་དང་ལིན་ནན་རྫོང་གཉིས་ཟླ་བསྒྲིལ་བཏང་ནས་ཅན་ཁྲང་རྫོང་དུ་བསྒྱུར། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དགུ་པ་སྤྱི་ལོ1940ལོར་རྫོང་རྣམས་ཕྱིར་འཐེན་བྱས། ཁུ་ལཱ་ཆིན་ཙུའོ་དབྱི་ཆི་དེ་ཁུ་ལཱ་ཆིན་ཙུའོ་ཆི་དུ་བསྒྱུར་བ་དང་། ཁུ་ལཱ་ཆིན་ཙུའོ་ཆིས་མངའ་འོག་ཏུ་བཅུག མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་ལྔ་པ་སྤྱི་ལོ1946ལོའི་ཟླ8པར་ཁུ་ལཱ་ཆིན་ཙུའོ་ཆི་མི་དམངས་སྲིད་གཞུང་བཙུགས་པ་ནས་བཟུང་སོག་རིགས་དང་རྒྱ་རིགས་ཀྱིས་སོ་སོར་བསྐྱངས་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད།

སྤྱི་ལོ1949ལོར་ཆི་སྲིད་གཞུང་དེ་ནན་ཀུང་ཙི་ནས་ཏ་ཁྲེང་ཙི་རུ་སྤོས།

སྤྱི་ལོ1953ལོར་སྒྲིག་གཞི་ཚང་བའི་གྲོང་རྡལ་བཙུགས།

སྤྱི་ལོ1957ལོའི་ཟླ10པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ཐེངས58ཐོག་ཁུ་ལཱ་ཆིན་ཙོའུ་ཆི་ཡི་སྒྲིག་གཞི་ཕྱིར་འཐེན་བྱེད་པར་གྲོས་འཆམ་བྱུང་།

སྤྱི་ལོ1958ལོའི་ཟླ4ཚེས1ཉིན་ཁུ་ལཱ་ཆིན་ཙོའུ་དབྱི་སོག་རིགས་རང་སྐྱོང་རྫོང་བཙུགས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2017ལོའི་བར། ཁུ་ཙུའོ་རྫོང་གི་མངའ་ཁོངས་སུ་གྲོང་རྡལ10ཡོད་པ་སྟེ། ཀྲུང་སན་ཅཱ་གྲོང་རྡལ་དང་། ཀུང་དབྱིན་ཙི་གྲོང་རྡལ། དབྱང་ཅའོ་ཀོའུ་གྲོང་རྡལ། ཧྲེ་ཏེ་པའོ་གྲོང་རྡལ། ལའོ་ཡེ་མིའོ་གྲོང་རྡལ། ནན་ཀུང་དབྱིན་ཙི་གྲོང་རྡལ། པེ་ཐཱ་ཙི་གྲོང་རྡལ། ཕིན་ཧྥང་ཙི་གྲོང་རྡལ། ཧྲན་ཙུའེ་ཙི་གྲོང་རྡལ། ལིའུ་ཀོན་དབྱིན་ཙི་གྲོང་རྡལ་བཅས་དང་། ཤང9ནི་ཞང་ཧྲུའེ་ཆོན་ཤང་དང་། ཝོ་ཧུའུ་ཤང་། ཀན་ཀྲའོ་ཤང་། ཞིན་ལུང་ཀྲོང་ཤང་། ཡིའུ་ཀྲང་ཙི་ཤང་། ཏུང་ཧྲའོ་ཤང་། ཚའོ་ཁྲང་ཤང་། ཁུན་ཏུའུ་དབྱིན་ཙི་ཤང་། ཏཱ་དབྱིན་ཙི་ཤང་། ཁྲོམ་གཞུང་གསུམ་ནི། ཏཱ་ཁྲེང་ཙི་ཁྲོམ་གཞུང་དང་། ལི་ཀྲོའུ་ཁྲོམ་གཞུང་། ནན་ཧྲའོ་ཁྲོམ་གཞུང་བཅས་དང་། ཞིང་ར1ནི། ཀོན་ཏཱ་ཧའེ་ཞིང་ར་ཡིན་ལ། ཁྱོན་ཡོངས་སུ་སྲིད་འཛིན་གྲོང་ཚོ190དང་སྡེ་ཁུལ8ཡོད།

4 མི་འབོར་དང་མི་རིགས།
4_1 མི་འབོར།

སྤྱི་ལོ2019ལོའི་ལོ་མཇུག་བར་ཁུ་ཙུའོ་རྫོང་དུ་ཐེམ་ཐོ་མི་འབོར་ཁྲི42ཡོད་པའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི8.96ཡོད་པ་དེས་ཁུ་ཙུའོ་རྫོང་གི་མི་འབོར་བསྡོམས་འབོར་གྱི21.1%བཟུང་ཡོད།

4_2 མི་རིགས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཁུ་ཙོའུ་རྫོང་ཁོངས་སུ་སོག་རིགས་དང་། རྒྱ་རིགས། མན་ཇུ་རིགས། ཧུའེ་རིགས་སོགས་མི་རིགས18ཡོད་པ་དང་། གྲངས་ཉུང་མི་རིགས་ཁྲོད་སོག་རིགས་མང་བ་དང་ཁྱོན་མི་ཁྲི9ཡོད་པ་དེས་སྤྱིའི་མི་འབོར་གྱི21%བཟུང་ཡོད།

5 ས་ཁམས་ཁོར་ཡུག
5_1 གནས་ཡུལ།

ཁུ་ལཱ་ཆིན་ཙུའོ་དབྱི་སོག་རིགས་རང་སྐྱོང་རྫོང་ནི་ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། བྱང་གི་འཕྲེད་ཐིག40°47′12″-41°33′53″བར་དང་། ཤར་གྱི་གཞུང་ཐིག119°24′54″-120°23′24″ཡི་བར་དུ་ཆགས་ཡོད། ལིའོ་ཉིང་ཞིང་ཆེན་ནུབ་རྒྱུད་དང་ཁྲའོ་དབྱང་གྲོང་ཁྱེར་གྱི་ལྷོ་རྒྱུད། ཏཱ་ལིང་གཙང་པོའི་སྟོད་རྒྱུད་ཀྱི་རི་མ་ཐང་དུ་ཆགས་ཡོད། ཤར་ངོས་ཁྲའོ་དབྱང་རྫོང་དང་འབྲེལ་ཡོད་ལ། ནུབ་ལིང་ཡོན་གྲོང་ཁྱེར་དང་འབྲེལ་ཡོད། ལྷོ་ཅན་ཁྲང་རྫོང་དང་འབྲེལ་ཞིང་། བྱང་དུ་ལེན་ཕིང་རྫོང་བཙུགས་ཡོད། ཆིན་ཧོང་གླིང་ཕྲན་དང་བར་ཐག་སྤྱི་ལེ130ཡོད། དེ་ནི་ལིའོ་ཅི་སོག་རིགས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་དང་། ལིའོ་ཞི་དོག་ལམ་གྱི་བྱང་བགྲོད་ལམ་གྱི་འགག་ས། པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་བཅས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེ་ནི་བྱང་ཤར་གྱི་མཚོ་ཐོག་བགྲོད་ལམ་ཆེན་པོ་དང་། མཚོ་རྒྱུད་སྒོ་འབྱེད་གྲོང་ཁྱེར་ཆིན་ཧོང་ཏའོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ130ཡོད། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ105དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ57.5སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2240བཅས་ཡོད།

5_2 ནམ་ཟླ།

ཁུ་ཙུའོ་རྫོང་ནི་དྲོད་ཁུལ་དང་ཐན་པ་ཕྱེད་ཙམ་གྱི་ཞི་ལིའོ་ཧོ་ཆུ་བོའི་ཁུལ་ནས་དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་རི་རྒྱུད་དུ་གནས་ཡོད་པ་དང་། སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། གནམ་གཤིས་ཀྱི་ཁྱད་ཆོས་གཙོ་བོ་ནི། དཔྱིད་དུས་ཆར་ཆུ་ཉུང་ཞིང་ཐན་པ་མང་བ་དང་། དབྱར་དུས་ཚ་བ་ཆེ་བ་དང་ཆར་ཞོད་ཆེ། སྟོན་དུས་ནམ་མཁའ་གཡའ་དག་པ། དགུན་དུས་གྲང་ངར་དང་ཁ་བ་ཉུང་བ། ལོ་རེའི་ཆ་སྙོམས་དྲོད་ཚད8.7℃ཡིན་པ་དང་། མངའ་ཁོངས་ནང་གི་ལྷོ་བྱང་གི་དྲོད་ཚད་ཧེ་བག1.5℃ཡིན། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི491.5ཡས་མས་ཡིན་ལ། རྩི་ཤིང་ཧྲིལ་པོའི་སྐྱེ་འཚར་དུས་རིམ(ཟླ4པ་ནས9པའི་བར)གྱི་ཆར་ཆུ་འབབ་ཚད་ཧའོ་སྨི451.6ཡས་མས་ཡིན་པ་དེས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི92%བཟུང་ཡོད། ཆ་སྙོམས་ཉི་འོད་ཕོག་ཡུན་ནི་ཆུ་ཚོད2807.8ཡིན་པ་དང་། ཆ་སྙོམས་སད་མེད་དུས་ཉིན144ཡིན།

6 དཔལ་འབྱོར།

སྤྱི་ལོ2012ལོར་ཁུ་ཙུའོ་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར116.3མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2011ལོ་ལས11.7%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར32.9ཟིན་པ་དེ་སྤྱི་ལོ2011ལོ་ལས5.5%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར52.4ཟིན་པ་དེ་སྤྱི་ལོ2011ལོ་ལས14%འཕར་བའི་ནང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར45.6ཟིན་པ་དེ་སྤྱི་ལོ2011ལོ་ལས12.9%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར31ཟིན་ནས་སྤྱི་ལོ2011ལོ་ལས13.1%འཕར་ཡོད། སྤྱི་ལོ2012ལོར་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར7.7ཟིན་པ་དེ་སྤྱི་ལོ2011ལོ་ལས21%འཕར་བའི་ནང་ཁྲལ་འབབ་ཁག་སྒོར་དུང་ཕྱུར6.3ཟིན་པ་དེ་སྤྱི་ལོ2011ལོ་ལས19%འཕར་བ་དང་། ས་གནས་ནོར་སྲིད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར22ཡིན་པས་སྤྱི་ལོ2011ལོ་ལས་བརྒྱ་ཆའི36.7འཕར་ཡོད།

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོ།

སྤྱི་ལོ2012ལོའི་ལོ་མཇུག་བར་ཁུ་ཙུའོ་རྫོང་དུ་སློབ་གྲྭར་ཡོད་པའི་སློབ་མ་ཁྲི5ཡོད་པའི་ནང་མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི1.1དང་། ལས་རིགས་མཐོ་རིམ་སློབ་འབྲིང་གི་སློབ་མ0.2དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི1.3སློབ་ཆུང་གི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི2.4བཅས་ཡོད། མཐོ་རྒྱུགས་ཁྲོད་སློབ་མ3ཆིང་ཧྭ་སློབ་ཆེན་གྱིས་བསྡུས་པ་དང་རྒྱུགས་སྤྲོད་སློབ་མ2པེ་ཅིང་སློབ་ཆེན་གྱིས་བསྡུས། སྤྱི་ལོ2012ལོར་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭར་སློབ་མ3830སྐྱེལ་འདྲེན་བྱས་ཡོད།

7_2 འཕྲོད་བསྟེན།

སྤྱི་ལོ2012ལོའི་ལོ་མཇུག་བར་ཁུ་ཙུའོ་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི707ཡོད་པའི་ནང་སྨན་ཁང11དང་། འཕྲོད་བསྟེན་ཁང19གྲོང་ཚོའི་འཕྲོད་བསྟེན་ཁང་དང་སྨན་བཅོས་ཁང677བཅས་ཡོད་པ་རེད། ཉལ་ཁྲི1120སྒྲིག་བཟོ་བྱས་པ་དང་ཉལ་ཁྲི1120བཀོད་སྒྲིག་བྱས་ཡོད། འཕྲོད་བསྟེན་ལག་རྩལ་མི་སྣ1802ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ554དང་། ལས་གཉེར་ལས་རོགས་སྨན་པ137ནད་གཡོག401བཅས་ཡོད།

7_3 ལུས་རྩལ།

སྤྱི་ལོ2012ལོར་ཁུ་ཙུའོ་རྫོང་གི་འཐུས་མི་རུ་ཁག་ལ་ཨེ་ཤེ་ཡའི་རྒྱལ་སྤྱིའི་ཚད་ལྡན་ཞབས་བྲོའི་གཞོན་ནུ་ལོ་ཆུང་གི་ལེགས་སྐྱེས་འགྲན་བསྡུར་ཁྲོད་ཀྲུང་གོའི་ས་ཁུལ་གྱི་ཡོངས་བསྒྲགས་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་དང་བྱ་དགའ་ཐོབ་པའི་བྱང་བུ62ཐོབ་ཡོད། དེ་ནི་ལིའོ་ཉིང་ཞིང་ཆེན་ལུས་རྩལ་རྗེས་གྲབས་ཤེས་ལྡན་མི་སྣ་སྐྱེལ་འདྲེན་རྟེན་གཞི་དང་གྲངས་ཉུང་མི་རིགས་ལུས་རྩལ་རྣམ་གྲངས་ཀྱི་སྦྱོང་བརྡར་རྟེན་གཞི་ཁག་དང་པོར་གྱུར་ཡོད། རྫོང་ལུས་རྩལ་ཁང་སྤྱོད་འགོ་ཚུགས་པ་དང་། སྔ་རྗེས་སུ་ལིའོ་ཉིང་ཞིང་ཆེན་གྱི་ཞིང་པའི་ལུས་རྩལ་འགྲན་ཚོགས་ཀྱི་འཇུ་རེས་འགྲན་བསྡུར་དང་། ཨ་རི་དང་ཨོ་སི་ཁྲུ་ལི་ཡའི་རྒྱལ་སྤྱིའི་གྲགས་ཅན་མི་སྣའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་སོགས་རྒྱལ་སྤྱི་དང་རྒྱལ་ནང་གི་ལུས་རྩལ་འགྲན་བསྡུར་ཁག4གཉེར་ཡོད།

7_4 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2011ལོར་ཁུ་ཙུའོ་རྫོང་དུ་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་ཁྲི18.1ཡོད་པའི་ནང་གྲོང་གསེབ་ཀྱི་རྒན་གསོ་འགན་བཅོལ་གསར་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་རྒན་གསོ་འགན་བཅོལ་ཁྲི0.64ཁེ་ལས་ཀྱི་རྒན་གསོ་འགན་བཅོལ་ཁྲི2.84བཅས་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་ལ་ཞུགས་མཁན་མི་གྲངས་ཁྲི29ཟིན་ཡོད།

སྤྱི་ལོ2012ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18969ཟིན་པ་དེ་སྤྱི་ལོ2010ལོ་ལས19.7%འཕར་ཡོད། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར8460ཟིན་ནས15.2%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།