ལུང་ཀང་ཆུས།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-03-27 10:23ལ་འགྲུབ།

ལུང་ཀང་ཆུས།

ལུང་ཀང་ཆུས།
ལུང་ཀང་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས་ཤིག་ཡིན་ཞིང་། པོ་ཧའེ་རྒྱ་མཚོའི་བྱང་རྒྱུད་ཀྱི་མཚོ་འགྲམ་རྒྱུད་དུ་གནས་ཡོད་པ་དང་། ལིའོ་ཏུང་མཚོ་ཁུག་ངོགས་ཀྱི་ཕྱེད་གླིང་ཞིག་ཡིན། དེ་ནི་ཧུའུ་ལུའུ་ཏའོ་གྲོང་ཁྱེར་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ172ཡོད་པ་དང་། སྤྱིའི་མི་འབོར་ཁྲི22ཡོད། ལུང་ཀང་ཆུས་ནི་བཙོ་སྦྱང་དང་གྲུ་བཟོ་གཙོར་བཟུང་ཡོད་པའི་བཟོ་ལས་ཁུལ་ཞིག་ཡིན་པ་དང་། ལྕགས་ལམ་དང་། མཚོ་ཐོག་སྐྱེལ་འདྲེན། མཁའ་ཐོག་སྐྱེལ་འདྲེན་བཅས་ཀྱིས་ལངས་གཟུགས་ཀྱི་རྣམ་པའི་སྐྱེལ་འདྲེན་དྲ་བ་གྲུབ་ཡོད། ཧའེ་ཁྲེན་ལམ་དང་། ཧའེ་པིན་ལམ། ཅིན་ཧུའུ་ལམ་བཅས་ཆུས་ཁོངས་ཡོངས་སུ་སྦྲེལ་མཐུད་བྱས་ཏེ་ཅིང་ཧ་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ102སོགས་དང་སྦྲེལ་མཐུད་བྱས་ཡོད། སྤྱིའི་རིང་ཚད་ལ་སྤྱི་ལེ1440ལྷག་ཙམ་ཡོད་པས་ལིའོ་ཉིང་ཞིང་ཆེན་པིན་ཧའེ་གཞུང་ལམ་ལུང་ཀང་ཆུས་བརྒྱུད་ནས་ཤར་གཏོང་ཐུབ་ཀྱིན་ཡོད། ལུང་ཀང་ཆུས་ཀྱི་ཤར་ཕྱོགས་ནས་ཅིན་ཀྲོའུ་གནམ་གྲུ་ཐང་དང་བར་ཐག་སྤྱི་ལེ30ཡོད་པ་དང་། ཆུས་ནང་ཁུལ་གྱི་ཧུའུ་ལུའུ་ཏའོ་གྲུ་ཁ་རུ་ཏུན་ཁྲི5མན་གྱི་ཟོག་འདྲེན་གྲུ་གཟིངས་བསྡད་ཆོག དེ་ནི་ཀྲུང་གོའི་བྱང་ཕྱོགས་ཀྱི་རང་བྱུང་གི་ཆབ་རོམ་མི་ཆགས་པའི་གྲུ་ཁ་ཞིག་ཡིན་པ་དང་། ཆུས་ཡོངས་ཀྱི་རྒྱ་མཚོའི་འགྲམ་རྒྱུད་ཀྱི་རིང་ཚད་སྤྱི་ལེ54.5ཟིན་ནས་ཆུ་ཐོན་དངོས་རྫས་སྣ་ཚོགས་ཐོན་གྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
龙港区
ཕྱི་ཡིག་གི་མིང་།
Longgang District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ172ཡོད།
​ཡུལ་སྐད།
བྱང་ཤར་སྐད།
​མི་འབོར། 
ཁྲི22ཡོད། (སྤྱི་ལོ2018ལོ)
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་ཧུའུ་ལུའུ་ཏའོ་གྲོང་ཁྱེར།
གནམ་གཤིས།
དྲོད་རྒྱུད་ཁུལ་གྱི་དུས་རླུང་རང་བཞིན་གྱི་ནམ་ཟླ།
མངའ་ཁོངས།
ཁྲོམ་གཞུང10དང་ཤང1ཡོད།
​མཛེས་ལྗོངས་གྲགས་ཅན། 
ལུང་ཝན་མཚོ་འགྲམ་དང་། ཧུའུ་ལུའུ་རི་གྲོང་། ཀྲང་ཞུའེ་ལིང་གཞིས་བྲང་སོགས་ཡོད།
​སྲིད་གཞུང་གནས་ཡུལ།
ཅིན་ཧུའུ་ལམ་གྱི་ལམ་དུམ་བར་མ་རུ་གནས་ཡོད།
མེ་འཁོར་འབབ་ཚུགས།
ལུང་ཀང་འབབ་ཚུགས། ཧུའུ་ལུའུ་ཏའོ་ལྷོ་ཚུགས། ཧུའུ་ལུའུ་ཏའོ་འབབ་ཚུགས། ཧུའུ་ལུའུ་ཏའོ་བྱང་ཚུགས་བཅས་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0429
རླངས་འཁོར་ཚབ་ཨང་།
ལིའོ(辽)P
སྦྲག་སྲིད་ཨང་རྟགས།
125003
​ཁྱད་ཐོན་དངོས་རྫས། 
མཚོ་ཟས་སོས་པོ།
གནས་ཡུལ།
པོ་ཧའེ་རྒྱ་མཚོའི་བྱང་རྒྱུད་ཀྱི་མཚོ་འགྲམ་དུ་གནས་ཡོད།
སྲིད་འཛིན་ཚབ་ཨང་།
211403
1 ངོ་སྤྲོད་མདོར་བསྡུས།

ལུང་ཀང་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས་ཤིག་ཡིན་ཞིང་། པོ་ཧའེ་རྒྱ་མཚོའི་བྱང་རྒྱུད་ཀྱི་མཚོ་འགྲམ་རྒྱུད་དུ་གནས་ཡོད་པ་དང་། ལིའོ་ཏུང་མཚོ་ཁུག་ངོགས་ཀྱི་ཕྱེད་གླིང་ཞིག་ཡིན། དེ་ནི་ཧུའུ་ལུའུ་ཏའོ་གྲོང་ཁྱེར་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ172ཡོད་པ་དང་། སྤྱིའི་མི་འབོར་ཁྲི22ཡོད།

ལུང་ཀང་ཆུས་ནི་བཙོ་སྦྱང་དང་གྲུ་བཟོ་གཙོར་བཟུང་ཡོད་པའི་བཟོ་ལས་ཁུལ་ཞིག་ཡིན་པ་དང་། ལྕགས་ལམ་དང་། མཚོ་ཐོག་སྐྱེལ་འདྲེན། མཁའ་ཐོག་སྐྱེལ་འདྲེན་བཅས་ཀྱིས་ལངས་གཟུགས་ཀྱི་རྣམ་པའི་སྐྱེལ་འདྲེན་དྲ་བ་གྲུབ་ཡོད། ཧའེ་ཁྲེན་ལམ་དང་། ཧའེ་པིན་ལམ། ཅིན་ཧུའུ་ལམ་བཅས་ཆུས་དང་སྦྲེལ་མཐུད་བྱས་ཏེ་ཅིང་ཧ་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ102སོགས་དང་སྦྲེལ་མཐུད་བྱས་ཡོད། ལྕགས་ལམ་གྱི་ཧའོ་དྲང་ཐིག་ནི་ཧྲེན་ཧྲན་ལམ་རྒྱུད་ཀྱི་ཧུའུ་ལུའུ་ཏའོ་འབབ་ཚུགས་དང་སྦྲེལ་མཐུད་བྱས་ཡོད་ལ། སྤྱིའི་རིང་ཚད་ལ་སྤྱི་ལེ1440ལྷག་ཙམ་ཡོད་པས་ལིའོ་ཉིང་ཞིང་ཆེན་པིན་ཧའེ་གཞུང་ལམ་ལུང་ཀང་ཆུས་བརྒྱུད་ནས་ཤར་གཏོང་ཐུབ་ཀྱིན་ཡོད། ལུང་ཀང་ཆུས་ཀྱི་ཤར་ཕྱོགས་ནས་ཅིན་ཀྲོའུ་གནམ་གྲུ་ཐང་དང་བར་ཐག་སྤྱི་ལེ30ཡོད་པ་དང་། ཆུས་ནང་ཁུལ་གྱི་ཧུའུ་ལུའུ་ཏའོ་གྲུ་ཁ་རུ་ཏུན་ཁྲི5མན་གྱི་ཟོག་འདྲེན་གྲུ་གཟིངས་བསྡད་ཆོག དེ་ནི་ཀྲུང་གོའི་བྱང་ཕྱོགས་ཀྱི་རང་བྱུང་གི་ཆབ་རོམ་མི་ཆགས་པའི་གྲུ་ཁ་ཞིག་ཡིན་པ་དང་། ཆུས་ཡོངས་ཀྱི་རྒྱ་མཚོའི་འགྲམ་རྒྱུད་ཀྱི་རིང་ཚད་སྤྱི་ལེ54.5ཟིན་ནས་ཆུ་ཐོན་དངོས་རྫས་སྣ་ཚོགས་ཐོན་གྱིན་ཡོད།   

2 འཛུགས་སྐྲུན་འཕེལ་རིམ།

སྤྱི་ལོ1948ལོར་ཅིན་ཞི་རྫོང་གིས་ཆུས་དགུ་པ་བཙུགས་པ་དང་། སྤྱི་ལོ1958ལོར་མ་ཅིན་ཧྥང་གྲོང་རྡལ་བཙུགས། ཅིན་ཞི་རྫོང་གི་ཁོངས་སུ་གཏོགས།

སྤྱི་ལོ1961ལོར་ཧུའུ་ལུའུ་ཏའོ་ཆུས་བཙུགས་པ་དང་། ཅིན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ1969ལོར་ཆུས་ཕྱིར་འཐེན་བྱས་ཏེ་ཧུའུ་ལུའུ་ཏའོ་གྲོང་རྡལ་བཙུགས་པ་དང་། ཅིན་ཞི་རྫོང་ཁོངས་སུ་གཏོགས།

སྤྱི་ལོ1983ལོར་ཧུའུ་ལུའུ་ཏའོ་ཆུས་བསྐྱར་དུ་བཙུགས་པ་དང་། ཅིན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ1989ལོར་ས་ཁུལ་རིམ་པའི་ཅིན་ཞི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ1994ལོའི་ཟླ9ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་ཅིང་། ཅིན་ཞི་གྲོང་ཁྱེར་གྱི་མིང་དེ་ཧུའུ་ལུའུ་ཏའོ་གྲོང་ཁྱེར་ཞེས་པར་བསྒྱུར་བ་དང་། དེ་སྔའི་ཧུའུ་ལུའུ་ཏའོ་ཆུས་ཀྱི་མིང་དེ་ལུང་ཀང་ཆུས་ཞེས་པར་བསྒྱུར།(ལོ་དེའི་ཟླ10པར་དངོས་སུ་ལག་བསྟར་བྱས)

སྤྱི་ལོ1995ལོར་ལུང་ཀང་ཆུས་དང་ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ་གྱི་ཧུའུ་ལུའུ་ཏའོ་ཡི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གཉིས་ཟླ་སྒྲིལ་བཏང་ནས་དཔལ་འབྱོར་གསར་སྤེལ་དང་སྲིད་འཛིན་དོ་དམ་གཞི་གཅིག་ཏུ་འདུས་པའི་དམིགས་བསལ་གྲོང་ཁུལ་ཞིག་ཏུ་གྱུར་ཡོད།

སྤྱི་ལོ2006ལོའི་ཟླ3པར། ཧུའུ་ལུའུ་ཏའོ་ཡིས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་ལུང་ཀང་ཆུས་ལོགས་སུ་བཀར་ནས་རང་ཚུགས་ཀྱིས་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་བཙུགས་པ་དང་། ཧུའུ་ལུའུ་ཏའོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐད་ཀར་འགོ་ཁྲིད་བྱས། འོན་ཀྱང་སྲིད་འཛིན་སྤྱི་ཚོགས་དོ་དམ་གྱི་འགན་ནུས་སྔར་བཞིན་ལུང་ཀང་ཆུས་ཀྱིས་ལག་བསྟར་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཞིན་ཁྲེང་གྲོང་ཁྱེར་ཧྲོང་ཧྲུའུ་ཤང་གི་ས་ཁོངས་ཁག་གཅིག་ལུང་ཀང་ཆུས་ཀྱི་དོ་དམ་བྱེད་ཁོངས་སུ་བཅུག

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ལུང་ཀང་ཆུས་ཁོངས་སུ་ཁྲོམ་གཞུང10ཡོད་པ་སྟེ། ཧུའུ་ལུའུ་ཏའོ་ཁྲོམ་གཞུང་དང་། ཏུང་ཁྲོམ་གཞུང་། ཞི་ཁྲོམ་གཞུང་། ཝང་ཧའེ་སི་ཁྲོམ་གཞུང་། ལུང་ཝན་ཁྲོམ་གཞུང་། པིན་ཧའེ་ཁྲོམ་གཞུང་། ཧྲོང་ལུང་ཁྲོམ་གཞུང་། ཡུས་ཧོང་ཁྲོམ་གཞུང་། ལེན་ཝན་ཁྲོམ་གཞུང་། པེ་ཀང་ཁྲོམ་གཞུང་བཅས་ཡིན།

སྤྱི་ལོ2002ལོའི་ཟླ3པའི་ཚེས4ཉིན་ལེན་ཝན་གྲོང་རྡལ་དང་པེ་ཀང་གྲོང་རྡལ་མེད་པར་བཟོས་ཏེ། པེ་ཀང་སྲང་ལམ་དོན་གཅོད་ཁང་དང་ལེན་ཝན་སྲང་ལམ་དོན་གཅོད་ཁང་། ཡུས་ཧོང་སྲང་ལམ་དོན་གཅོད་ཁང་བཅས་བཙུགས། སྤྱི་ལོ2002ལོར་ལུང་ཀང་ཆུས་ཁོངས་སུ་སྲང་ལམ10དང་། སྡོད་དམངས་ཨུ་ཡོན་ལྷན་ཁང18གྲོང་མིའི་ཨུ་ཡོན་ལྷན་ཁང49བཅས་ཡོད་པ་དང་། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ138ཡོད།

4 དཔལ་འབྱོར།

སྤྱི་ལོ2012ལོར་སྔོན་དཔག་བྱས་པ་ལྟར་ན་ཆུས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར133མངོན་འགྱུར་བྱུང་ཐུབ་པ་དང་། དེའི་ནང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རིན་ཐང་འཕར་མ་སོ་སོར་སྒོར་དུང་ཕྱུར2.3དང་། སྒོར་དུང་ཕྱུར68དང་། སྒོར་དུང་ཕྱུར62.7བཅས་མངོན་འགྱུར་བྱུང་བ་དང་། ལོ་རེར་ཆ་སྙོམས་རིམ་འཕར10%དང་། 34.8%41.4%བཅས་ཟིན་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། སྤྱི་ལོ2007ལོའི5.1:54.9:40ནས་1.7:51.1:47.2བར་ལེགས་སྒྲིག་བྱས། ཐོན་ལས་གསུམ་པའི་བསྡུར་ཚད་མགྱོགས་མྱུར་ངང་འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར81.6བཏང་ནས་ལོ་རེར་ཆ་སྙོམས35.6%འཕར་ཡོད། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར15.78ཟིན་ནས་ལོ་རེར་ཆ་སྙོམས་རིམ་འཕར22%ཟིན་ཡོད།

5 སྤྱི་ཚོགས་ལས་དོན།
5_1 ཚན་རྩལ།

སྤྱི་ལོ1996ལོར་རྒྱལ་ཁབ་ཀྱིས“མེ་སྟག་འདུས་ཁུལ”གྱི་མཚན་སྙན་གནང་བ་དང་། སྤྱི་ལོ2007ལོར“རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དངོས་བདག་དབང་དཔེ་སྟོན་ཁུལ”དུ་བདམས། སྤྱི་ལོ2008ལོར“ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ཚན་རྩལ་ཡར་ཐོན་བྱས་རྗེས་བྱ་དགའ”ཐོབ་ཡོད།

སྤྱི་ལོ2008ལོར་ཆུས་ཡོངས་སུ་མཐོ་གསར་ལག་རྩལ་ཁེ་ལས35ཡོད་པ་དང་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར26.5མངོན་འགྱུར་བྱུང་བ་དེས་ལྗོངས་ཡོངས་ཀྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་གི50.3%བཟུང་ཡོད། ཆུས་ཡོངས་སུ་གྲུ་གཟིངས་བཟོ་སྐྲུན་དང་ལེ་ལག་ཚང་བའི་ཞིབ་འཇུག་གསར་སྤེལ་སྒྲིག་གཞི7གསར་དུ་བཙུགས་པར་རིགས་ཁག་གི་ཚན་རྩལ་མི་སྣ600ལྷག་ཙམ་ཡོད། ལོ20ཡི་རིང་ལྗོངས་ཡོངས་སུ་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་ཚན་རྩལ་གྲུབ་འབྲས་བྱ་དགའི་རྣམ་གྲངས320ཐོབ་ཡོད།

5_2 སློབ་གསོ།

སྤྱི་ལོ1999ལོ་ནས་སྤྱི་ལོ2008ལོའི་བར་སློབ་གསོའི་བྱ་གཞག་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། སློབ་གསོའི་ཐོན་ཁུངས་ཇེ་ལེགས་སུ་བཏང་། སྤྱི་ལོ2008ལོར་ཆུས་ཡོངས་སུ་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ3དང་། ལས་རིགས་མཐོ་རིམ་སློབ་འབྲིང1སློབ་གྲྭ་འབྲིང་ཆུང16སློབ་གྲྭར་ཡོད་པའི་སློབ་མ20991བཅས་ཡོད། སྤྱི་ལོ2000ལོར་ཆུས་སྲིད་གཞུང་གིས་ཁོངས་གཏོགས་ཁུལ་གྱི་བཟོ་གཏེར་སློབ་གྲྭ་འབྲིང་ཆུང5རྩིས་ལེན་བྱས་པས་ལུང་ཀང་ཆུས་ཁོངས་གཏོགས་ཀྱི་སློབ་གྲྭ་འབྲིང་ཆུང19ཟིན་ཡོད། སྤྱི་ལོ2003ལོ་དང་སྤྱི་ལོ2004ལོར་སྔ་རྗེས་སུ་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང14ཟླ་བསྒྲིལ་བཏང་ནས་ཚད་གཞི་མཐོ་བའི་དེང་རབས་ཅན་གྱི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ་དང་ཚད་གཞི་མཐོ་བའི་སློབ་ཆུང(ཚོད་ལྟའི་སློབ་ཆུང)གསུམ་བཙུགས་པ་རེད། ལོ10(སྤྱི་ལོ1999ལོ་ནས་སྤྱི་ལོ2008ལོའི་བར་སྔ་རྗེས་སུ་མ་དངུལ་སྒོར་ཁྲི14534བཏང་ནས་སློབ་གྲྭའི་ཁང་པ་གསར་སྐྲུན་དང་། བཅོས་སྐྲུན་རྒྱས་སྐྲུན། སློབ་ཁྲིད་སྒྲིག་ཆས་གསར་སྒྱུར་བྱས། སྤྱི་ལོ1999ལོར་མ་དངུལ་སྒོར་ཁྲི2730བཏང་ནས་ཧུའུ་ལུའུ་ཏའོ་ཚོད་ལྟའི་སློབ་འབྲིང་གསར་སྐྲུན་བྱས་པ་དང་། སྔ་རྗེས་སུ་སྒོར་ཁྲི7890བཏང་ནས་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ་གསུམ་གསར་སྐྲུན་དང་སྔར་ཡོད་སློབ་གྲྭའི་ཉལ་ཁང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་། བསྒྱུར་བཀོད་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་6.5ཟིན་ཡོད། ཡང་བསྐྱར་མ་དངུལ་སྒོར་ཁྲི1957བཏང་ནས་སློབ་ཁྲིད་སྒྲིག་བཀོད་ཐོན་གསར་བརྗེ་རེས་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ཐད་སྤྱད། སློབ་གྲྭ་ཁག་གིས་བརྒྱུད་ལམ་སྣེ་མང་གི་དྲ་བ་བཙུགས་པ་དང་། སློབ་མ་དང་རྩིས་འཁོར་ཆུང་གྲས་ཀྱི་གྲངས་འབོར10:1ཟིན་ནས་ལྗོངས་ཡོངས་ཀྱི་སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།

5_3 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ1989ལོར་ཆུས་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི906བཏང་ནས་ཆུས་སྨན་ཁང་གི་སྨན་བཅོས་ཁང་པ་རྒྱས་སྐྲུན་བྱས་པ་དང་། སྤྱི་ལོ1996ལོར་མ་དངུལ་སྒོར་ཁྲི20བཏང་ནས་བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྨན་ཁང་གི་སྨན་བཅོས་སྒྲིག་ཆས་མང་དུ་བཏང་བ་དང་མི་སྣའི་སྟོབས་ཤུགས་ཆེ་རུ་བཏང་ནས་མ་བུ་འཕྲོད་སྦྱོར་སྨན་ཁང་དེ་ཞིང་ཆེན་རིམ་པའི་ཕྲུ་གུ་དམར་འབྱར་ལ་གཅེས་པའི་སྨན་ཁང་གི་ཚད་གཞིར་སླེབས་ཐུབ་ཡོད། ལོ་དེར་ཆུས་སྲིད་གཞུང་གིས《ལུང་ཀང་ཆུས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་གཙང་སྦྲའི“དགུ་ལྔའི་འཆར་གཞི”གོང་སྤེལ་འཆར་འགོད》ཁྱབ་བསྒྲགས་བྱས་པས། ལྗོངས་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་རྒྱུན་ལྡན་ཅན་དུ་གྱུར། ལོ་བཅུའི(སྤྱི་ལོ1999ལོ་ནས་སྤྱི་ལོ2008ལོའི་བར)མི་འབོར་སྐྱེ་ཚད14.2%ནས10.2%བར་ཆག་པ་དང་། རང་བྱུང་འཕེལ་ཚད10.2%ནས7.7%བར་ཆག་ཡོད། ལྗོངས་ཡོངས་ཀྱི་འཆར་ལྡན་བུ་བཙའི་ལས་དོན་དེ་ཕྲུ་གུ་སྐྱེ་ཚད་མཐོ་བ་ནས་ཕྲུ་གུ་སྐྱེ་ཚད་དམའ་བའི་བར་འགྱུར་ལྡོག་བྱུང་ཡོད།

སྤྱི་ལོ1999ལོ་ནས་སྤྱི་ལོ2008ལོའི་བར་མི་འབོར་དང་འཆར་ལྡན་བུ་བཙའི་འཕྲོད་བསྟེན་ལས་དོན་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད། སྤྱི་ལོ1999ལོར་ལུང་ཀང་ཆུས་མི་དམངས་སྲིད་གཞུང་ལ་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གྱི་སྔོན་ཐོན་ཚན་པའི་མཚན་སྙན་སྤྲད་པ་དང་། སྤྱི་ལོ2002ལོར་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)6གི་སྔོན་ལ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་སྤེལ་འགོ་ཚུགས། སྤྱི་ལོ2005ལོར་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ལས་དོན་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་ཡོད། སྤྱི་ལོ2008ལོར་སླེབས་སྐབས་ཆུས་ཡོངས་ཀྱི་མི32256འགན་བཅོལ་ནང་ཞུགས་ནས་མཉམ་ལས་སྨན་བཅོས་ནང་ཞུགས་ཚད96.3%ཟིན་པ་དང་སྤྱི་ལོ2008ལོར་ཆུས་ཀྱི་སྨན་བཅོས་ཞབས་ཞུའི་ལྟེ་གནས་རྣམ་གྲངས་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་པ་དང་ཁྱོན་མ་དངུལ་སྒོར་ཁྲི8000ལྷག་ཙམ་བཏང་ཡོད།


དཔྱད་གཞིའི་ཡིག་ཆ།