ཆིན་ཡུན་རྫོང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-30 09:32ལ་འགྲུབ།

ཆིན་ཡུན་རྫོང་།

ཆིན་ཡུན་རྫོང་།
ཆིན་ཡུན་རྫོང་ནི་ཧྲན་ཏུང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། བྱང་དུ་པེ་ཅིང་དང་ཐེན་ཅིན་གྱི་ས་མཚམས་དང་འབྲེལ་ཞིང་། ལྷོ་རུ་ཅི་ནན་དང་འབྲེལ་ཡོད་ལ། ཐེན་ཅིན་དང་ཧོང་ཧན། པིན་ཀྲོའུ་བཅས་རྒྱ་མཚོའི་གྲུ་ཁ་ཆེན་པོ་གསུམ་དང་འབྲེལ་ཡོད། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ502ཡོད། (སྤྱི་ལོ2013ལོ) མི་འབོར་ཁྲི31ཡོད།(སྤྱི་ལོ2013ལོར) ཁོངས་གཏོགས་སུ་ཡུལ་ཚོ་དང་གྲོང་རྡལ9ཡོད། སྤྱི་ལོ2010ལོར་ཆིན་ཡུན་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར93.5ཟིན་ནས་ལོ་སྔོན་མ་ལས12.8%འཕར་ཡོད། སྤྱི་ཚོགས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར75བཏང་ནས་ལོ་སྔོན་མ་ལས29.3%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར38ཟིན་ནས་ལོ་སྔོན་མ་ལས14%འཕར་ཡོད། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར2ལས་བརྒལ་ནས་ལོ་སྔོན་མ་ལས40.2%འཕར་ཡོད། ཆིན་ཡུན་རྫོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཞ་རྒྱལ་རབས་ཀྱི་སྐབས་སུ་ཆན་ཀྲོའུ་ཡི་ཁོངས་སུ་གཏོགས་ལ། ཆིན་རྒྱལ་རབས་ཀྱི་སྐབས་སུ་ཆི་ཅུན་གྱི་ཁོངས་སུ་གཏོགས། སུའེ་ཁའེ་ཧོང་ཁྲི་ལོ་དྲུག་པར་རྫོང་བཙུགས་ཤིང་། སྤྱི་ལོ2012ལོར་ཆིན་ཡུན་རྫོང་ཀྲུང་གོའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་དཔེ་མཚོན་ཡག་ཤོས་ཀྱི་རྫོང་དང་ཧྲན་ཏུང་ཞིང་ཆེན་ལྗང་འགྱུར་དཔེ་བཟང་རྫོང་དུ་བདམས། སྤྱི་ལོ2018ལོའི་ཟླ10པར། སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་རྫོང་དང་གྲོང་ཁྱེར་བརྒྱ་དང་། རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་རྫོང་དང་གྲོང་ཁྱེར། རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་བཅས་སུ་བདམས། སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་རྫོང་བརྒྱའི་གྲོང་ཁྱེར་དང་། སྤྱི་ལོ2019ལོའི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་བཅས་སུ་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
庆云县
ཕྱི་ཡིག་གི་མིང་།
Qingyun
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྲན་ཏུང་ཏེ་ཀྲོའུ།
མངའ་ཁོངས།
ཆིང་ཡུན། ཚུའེ་ཁུའུ། ཁྲང་ཅ། ཧྲང་ཐང་། ཏུང་ཞིན་ཏན་སོགས་ཡིན།
སྲིད་གཞུང་གནས་ཡུལ།
ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་ཆིང་ཡུན་རྫོང་ཀོང་མིན་ལུའུ་ཨང་རྟགས63པ་ཡིན།
ས་ཁོངས་ཁ་པར་ཨང་རྟགས།
0534
སྦྲག་སྲིད་ཨང་རྟགས།
253700
གནས་ཡུལ།
ཧྲན་ཏུང་ཏེ་ཀྲོའུ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ502ཡོད།(སྤྱི་ལོ2013ལོ)
མི་འབོར།
ཁྲི30.68ཡོད(སྤྱི་ལོ2016ལོའི་རྒྱུན་སྡོད་མི་འབོར)
ནམ་ཟླ།
དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཅིན་ཧྲན་དགོན་པ། ཞང་ཧའེ་ཁྲན་ལིན། ཐང་ཙོའུ། ཆིན་ཡུན་ཕོ་བྲང་། ལི་ཀྲི་དབྱི་སྤྱི་གླིང་།
མེ་འཁོར་འབབ་ཚུགས།
ཏེ་ཀྲོའུ་ས་ཚུགས།
རླངས་འཁོར་ཚབ་ཨང་།
ལུའུN (鲁N)
སྲིད་འཛིན་ཚབ་ཨང་།
371423
1 ​ངོ་སྤྲོད་མདོར་བསྡུས།

ཆིན་ཡུན་རྫོང་ནི་ཧྲན་ཏུང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། བྱང་དུ་པེ་ཅིང་དང་ཐེན་ཅིན་གྱི་ས་མཚམས་དང་འབྲེལ་ཞིང་། ལྷོ་རུ་ཅི་ནན་དང་འབྲེལ་ཡོད་ལ། ཐེན་ཅིན་དང་ཧོང་ཧན། པིན་ཀྲོའུ་བཅས་རྒྱ་མཚོའི་གྲུ་ཁ་ཆེན་པོ་གསུམ་དང་འབྲེལ་ཡོད། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ502ཡོད། (སྤྱི་ལོ2013ལོ) མི་འབོར་ཁྲི31ཡོད།(སྤྱི་ལོ2013ལོར) ཁོངས་གཏོགས་སུ་ཡུལ་ཚོ་དང་གྲོང་རྡལ9ཡོད།

2 ལོ་རྒྱུས་འཕེལ་རིམ།

ཆིན་ཡུན་རྫོང་དུ་རྡོ་ཆས་གསར་མའི་དུས་རབས་ནས་བཟུང་མི་འཚོ་སྡོད་བྱས་ཡོད།

ཞ་རྒྱལ་རབས་ཀྱི་སྐབས་སུ་ཡན་ཀྲོའུ་ཡི་ཁོངས་སུ་གཏོགས།  ཧྲང་རྒྱལ་རབས་ཀྱི་སྐབས་སུ་ཕུའུ་ཀུའུ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས། ཀྲོའུ་ནུབ་མའི་ཝུའུ་ཝང་གི་དུས་སྐབས་སུ་ཅང་ཙི་ཡ་ཡི་ཁོངས་སུ་གཏོགས། ཁྲུན་ཆིའུ་དུས་སྐབས་སུ་ཆི་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཡིན།

ཆིན་རྒྱལ་རབས་ཀྱི་སྐབས་སུ་ཆི་ཅུན་གྱི་ཁོངས་སུ་གཏོགས། ཧན་རྒྱལ་རབས་ཀྱི་སྐབས་སུ་པོ་ཧའེ་ཅུན་གྱི་ཁོངས་སུ་གཏོགས། རྒྱལ་ཁབ་གསུམ་གྱི་སྐབས་སུ་ལེ་ཨན་ཅུན་གྱི་ཁོངསས་སུ་གཏོགས། ཅིན་རྒྱལ་རབས་ཀྱི་སྐབས་སུ་ལེ་ལིན་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས།  

སུའེ་ཁའེ་ཧོང་ཁྲི་ལོ་དྲུག་པར(སྤྱི་ལོ586ལོ)རྫོང་བཙུགས། ཡོན་རྒྱལ་རབས་ཀྱི་ཀྲི་ཡོན་ཁྲི་ལོ་གཉིས་པར(སྤྱི་ལོ1265ལོ)ཝུའུ་ཏི་རྫོང་དེ་ལེ་ལིན་རྫོང་དུ་ཟླ་སྒྲིལ་བཏང་།

མིང་ཧུང་ཝུའུ་ཁྲི་ལོ་དྲུག་པར(སྤྱི་ལོ1373ལོ)ཝུའུ་ཏི་རྫོང་དེ་ཆིང་ཡུན་རྫོང་དུ་བསྒྱུར།

ཆིང་རྒྱལ་རབས་ཀྱི་སྐབས་སུ་ཆིན་ཡུན་རྫོང་གི་ཤར་ནུབ་ཏུ་ལེ་དབར45དང་། ལྷོ་བྱང་གི་མཐའ་ལ་ལེ་དབར55ཡོད།

མིན་གོའི་དུས་འགོར། ཆིན་ཡུན་རྫོང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ560ཙམ་ཡོད་ལ། སྤྱི་ལོ1945ལོར་ཆིན་ཡུན་བཅིངས་འགྲོལ་བཏང་རྗེས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ588ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། སྤྱི་ལོ1970ལོར་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ502ཡོད། སྤྱི་ལོ1984ལོར་ཆིན་ཡུན་རྫོང་ཡུལ་ཚོ་དང་གྲོང་རྡལ་གྱི་སྒྲིག་གཞིར་བསྒྱུར། སྤྱི་ལོ1993ལོར་ཆིན་ཡུན་རྫོང་གི་ཡུལ་ཚོ་དང་གྲོང་རྡལ16དེ་ཡུལ་ཚོ་དང་གྲོང་རྡལ11ལ་ཟླ་སྒྲིལ་བཏང་། སྤྱི་ལོ2000ལོར་ཡུལ་ཚོ་དང་གྲོང་རྡལ8བཅོས་སྒྲིག་བྱས། སྤྱི་ལོ2005ལོར་པོ་ཧའེ་ལུའུ་ཁྲོམ་ལམ་དོན་གཅོད་ཁྲུའུ་འཕར་སྣོན་བྱས། སྤྱི་ལོ2010ལོའི་ཟླ7པར་ཏུང་ཞིན་ཏེན་དུ་གྲོང་རྡལ་བཙུགས།

3 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ1997ལོར་ཆིན་ཡུན་རྫོང་གི་མངའ་ཁོངས་སུ་གྲོང་རྡལ4དང་ཡུལ་ཚོ7ཡོད་པ་སྟེ། ཆིན་ཡུན་གྲོང་རྡལ་དང་། ཚུའེ་ཁོའུ་གྲོང་རྡལ། ཧྲང་ཐང་གྲོང་རྡལ། ཁྲང་ཅ་གྲོང་རྡལ། ཏུང་ཤིན་ཏན་ཡུལ་ཚོ། ཏ་ཅིན་ཡུལ་ཚོ། ཀྲུང་ཏིང་ཡུལ་ཚོ། ཏ་ཧུའུ་ཡུལ་ཚོ། ཞུས་ཡོན་ཙི་ཡུལ་ཚོ། ཡན་ཝུའུ་ཡུལ་ཚོ། ཧོའུ་ཀྲང་ཡུལ་ཚོ་བཅས་ཡིན།

སྤྱི་ལོ2003ལོའི་ཟླ12པའི་ཚེས15ཉིན། ཆིན་ཡུན་རྫོང་གིས་པོ་ཧའེ་ལུའུ་ཁྲོམ་ལམ་བཙུགས། སྤྱི་ལོ2012ལོར་ཆིན་ཡུན་རྫོང་ཁོངས་གཏོགས་སུ་གྲོང་རྡལ5དང་ཡུལ་ཚོ3 ཁྲོམ་ལམ1ཡོད། ཆིན་ཡུན་གྲོང་རྡལ་དང་། ཁྲང་ཅ་གྲོང་རྡལ། ཧྲང་ཐང་གྲོང་རྡལ། ཚུའེ་ཁོའུ་གྲོང་རྡལ། ཏུང་ཤིན་ཏན་གྲོང་རྡལ། ཡན་ཝུའུ་ཡུལ་ཚོ། ཀྲུང་ཏིང་ཡུལ་ཚོ། ཞུས་ཡོན་ཙི་ཡུལ་ཚོ། པོ་ཧའེ་ལམ་ཁྲོམ་ལམ་བཅས་ཡིན།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཆིན་ཡུན་རྫོང་ནི་ཧྲན་ཏུང་ཞིང་ཆེན་ནུབ་བྱང་བདེ་ཐང་གི་བྱང་རྒྱུད་དུ་གནས་ཤིང་། ཧྲན་ཏུང་ཞིང་ཆེན་དང་ཧོ་པེ་ཞིང་ཆེན་གྱི་པིན་ཀྲོའུ་དང་ཚང་ཀྲོའུ། ཏེ་ཀྲོའུ་བཅས་ཀྱི་འབྲེལ་མཚམས་སུ་གནས་ཡོད། ས་ཁམས་གནས་ཡུལ་ནི་ཤར་གྱི་གཞུང་ཐིག117°22′དང་བྱང་གི་འཕྲེད་ཐིག37°22′ཡིན། བྱང་དུ་ཀྲང་ཝེ་ཞིན་ཆུ་བོ་ས་མཚམས་བྱས་ཏེ་ཧོ་པེ་ཞིང་ཆེན་གྱི་ཡན་ཧྲན་རྫོང་དང་ཧའེ་ཞིན་རྫོང་དང་ཁ་གཏད་དུ་གནས་ཤིང་། ཤར་དུ་ཝུའུ་ཏི་རྫོང་དང་འབྲེལ་ཞིང་། ལྷོ་རུ་དབྱང་ཞིན་རྫོང་དང་འབྲེལ་ཡོད་ལ། ནུབ་ངོས་ལེ་ལིན་གྲོང་ཁྱེར་གྱི་འབྲེལ་མཚམས་ཡིན་ལ། ཧྭ་པེ་དང་། ཧྲིན་ལི། ཏ་ཀང་བཅས་སྣུམ་ཞིང་གི་ཆེན་པོ་གསུམ་གྱི་ལྟེ་གནས་སུ་ཆགས་ཡོད། ཧྭ་ནན་དང་ཧྭ་པེ། ཏུང་པེ། པེ་ཅིང། ཐེན་ཅིན་བཅས་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་གྱི་ལྟེ་གནས་གལ་ཆེན་ཞིག་ཡིན་ཞིང་། དེར“པེ་ཅིན་དང་ཐེན་ཅིན་གྱི་སྒོ་ཆེན”དང་། “ཧྲན་ཏུང་གི་བྱང་གི་སྒོ་ཆེན”དང་། ཏེ་ཀྲོའུ་ཡི“ཟམ་ཁའི་བཙན་རྫོང”ཞེས་འབོད་སྲོལ་ཡོད་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཆར་འགོད་བྱས་པའི་པོ་ཧའེ་རྒྱ་མཚོའི་མཐའ་སྐོར་གྱི་དཔལ་འབྱོར་ཁུལ་དུ་གནས་ཡོད།

4_2 ནམ་ཟླ།

ཆིན་ཡུན་ནི་དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་ལ། གནམ་གཤིས་དྲོ་ཞིང་འཇམ་པ་དང་། ཉི་འོད་འདང་ངེས་ཡོད་ལ། སད་མེད་དུས་ལོ་རེར་ཆ་སྙོམས་ཉིན207ཡིན། དུས་རླུང་རྣམ་པའི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་དགུན་དུས་སུ་བྱང་རླུང་མང་ཙམ་ཡོད་པ་དང་། དབྱར་དུས་ལྷོ་རླུང་མང་ཙམ་ཡོད་ལ། མཚོ་རྒྱུད་ཀྱི་དྲོད་ཚད་ཟླ1པོར་ཆེས་དམའ་ལ4℃ཡིན། ཟླ7པ་ནས་ཟླ8པའི་བར་དྲོད་ཚད་ཆེས་མཐོ་ལ་ཆ་སྙོམས་དྲོད་ཚད12.4℃ཡིན།

5 མི་གྲངས་དང་མི་རིགས།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། སྤྱི་ལོ2000ལོར་ཆིན་ཡུན་རྫོང་གི་མི་འབོར་བསྡོམས་གྲངས286427ཟིན་ཡོད་ལ། དེའི་ནང་དུ་སྐྱེས་པའི་མི་འབོར146922དང་། བུད་མེད་ཀྱི་མི་འབོར139505ཡོད་ཅིང་། སྤྱིའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད105.32:100ཡིན། ཁྱིམ་ཐོའི་མི་འབོར291849ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱི་བསྡུར་ཚད་ཀྱིས1.17%ཟིན་ཡོད་ལ། ཞིང་པའི་ཁྱིམ་ཐོ་མིན་པའི་མི་འབོར་གྱི་བསྡུར་ཚད10.85%ཟིན་ཡོད། མི་འབོར་བསྡོམས་འབོར་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར37234ཡོད་པ་དང་། གྲོང་གསེབ་ཀྱི་མི་འབོར249193ཡོད།

སྤྱི་ལོ2012ལོར་ཆིང་ཡུན་རྫོང་ལ་གྲངས་ཉུང་མི་རིགས39ཡོད་པའི་ནང་ཧུའེ་རིགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྤྱིའི་མི་འབོར་གྱི93%བཟུང་ཡོད།

6 དཔལ་འབྱོར།

སྤྱི་ལོ2008ལོར་ཆིན་ཡུན་རྫོང་གིGDPསྒོར་དུང་ཕྱུར68ཟིན་ནས་ལོ་སྔོན་མ་ལས20.7%འཕར་ཡོད་ལ། ས་གནས་ཀྱི་ནོར་སྲིད་ཡོང་འབབ་དང་ཀྲུང་དབྱང་ས་གནས་ཀྱི་དཔྱ་ཁྲལ་གཉིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་གསུམ་མངོན་འགྱུར་བྱུང་ནས་སོ་སོར་བརྒྱ་ཆའི49.8དང་། བརྒྱ་ཆའི28 བརྒྱ་ཆའི90.5འཕར་ཡོད། དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར31ཟིན་ནས་ལོ་སྔོན་མ་ལས40.5%འཕར་ཡོད། དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར22ཟིན་ནས་ལོ་སྔོན་མ་ལས30.5%འཕར་ཡོད།

སྤྱི་ལོ2009ལོར་ཆིན་ཡུན་རྫོང་གིGDPསྒོར་དུང་ཕྱུར82ལེགས་གྲུབ་བྱུང་ཡོད་ལ། སྤྱི་ཚོགས་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར60བཏང་ནས་ལོ་སྔོན་མ་ལས26%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར32ཟིན་ནས་ལོ་སྔོན་མ་ལས12%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས171ཟིན་པ་དང་། བཟོ་ལས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར2.18ཟིན་ནས་ལོ་སྔོན་མ་ལས34%འཕར་ཡོད། རྒྱལ་ཁབ་དང་ས་གནས་ཀྱི་དཔྱ་ཁྲལ་གཉིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར2.48ཟིན་ཡོད་ལ། ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར1.18ལེགས་གྲུབ་བྱུང་ནས་ལོ་སྔོན་མ་ལས10%འཕར་ཡོད། དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར37དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར28.2ཟིན་ནས་སོ་སོར15.5%དང31%འཕར་ཡོད།

སྤྱི་ལོ2010ལོར་ཆིན་ཡུན་རྫོང་གི་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར93.5ཟིན་ནས་ལོ་སྔོན་མ་ལས12.8%འཕར་ཞིང་། མི་རེར་ཆ་སྙོམས་སྒོར་ཁྲི3ཟིན་ཡོད། ཐོན་ལས་གསུམ་གྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་ཚད8.7:49.8:41.5ཟིན་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར75བཏང་ནས་ལོ་སྔོན་མ་ལས29.3%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར38ཟིན་ནས་ལོ་སྔོན་མ་ལས14%འཕར་ཡོད་ལ། ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར2ལས་བརྒལ་ནས40.2%འཕར་ལ། ཁྲལ་འབབ་ཀྱིས་ས་གནས་ཀྱི་ནོར་སྲིད་ཡོང་འབབ་ནང་བཟུང་བའི་བསྡུར་ཚད80.4%ཡིན།

སྤྱི་ལོ2011ལོར་ཆིན་ཡུན་རྫོང་གི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་ལོ་རེར་ཆ་སྙོམས13.7%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར11000ཟིན་པ་དང་། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར8000ཟིན་ཡོད་ལ། ཐོན་ལས་གྲུབ་ཚུལ་ཐེངས་གསུམ་སྤྱི་ལོ2007ལོའི13:49:38ནས8:53:39བར་ལེགས་སྒྲིག་བྱས་ཡོད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2012ལོར་ཆིན་ཡུན་རྫོང་ཀྲུང་གོའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་དཔེ་མཚོན་ཡག་ཤོས་ཀྱི་རྫོང་དང་ཧྲན་ཏུང་ཞིང་ཆེན་ལྗང་འགྱུར་དཔེ་བཟང་རྫོང་དུ་བདམས།

སྤྱི་ལོ2018ལོའི་ཟླ10པར། སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་རྫོང་དང་གྲོང་ཁྱེར་བརྒྱ་དང་། རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་རྫོང་དང་གྲོང་ཁྱེར། རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱ་བཅས་སུ་བདམས།

སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་རྫོང་བརྒྱའི་གྲོང་ཁྱེར་དང་། སྤྱི་ལོ2019ལོའི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱ་བཅས་སུ་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཆུས། རྫོང་།