ཞང་ཧྥུན་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-03-31 09:20ལ་འགྲུབ།

ཞང་ཧྥུན་རྫོང་།

ཞང་ཧྥུན་རྫོང་།
ཞང་ཧྥུན་རྫོང་ནི་ཧྲན་ཞི་ཞིང་ཆེན་ལིན་ཧྥུན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་ཧྲན་ཞི་ཞིང་ཆེན་གྱི་དབུས་ལྷོའི་རྒྱུད་དུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1034ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
襄汾县
མི་གྲངས།
ཁྲི46.09
དབྱིན་ཡིག་གི་མིང་།
Xiangfen County
ཡུལ་སྐད།
ཀྲུང་ཡོན་སྐད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པ།
ནམ་ཟླ།
དྲོད་ཁུལ་དུས་རླུང་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ལིན་ཧྥུན་གྲོང་ཁྱེར།
གནམ་གྲུ་ཐང་།
ལིན་ཧྥུན་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0357
རླངས་འཁོར་ཚབ་ཨང་།
ཅིནL(晋L)
གནས་ཡུལ།
ཧྲན་ཞི་ལིན་ཧྥུན།
སྦྲག་སྲིད་ཨང་རྟགས།
041500
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1034
སྲིད་འཛིན་ས་ཁོངས་ཀྱི་ཚབ་ཨང་།
141023
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1949ལོར་ལིན་ཧྥུན་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།     

སྤྱི་ལོ1950ལོར་ལུང་ལིན་རྫོང་ཀྲའོ་ཆུས་གྲོང་རྡལ་དུ་གནས་སྤོ་བྱས།   

སྤྱི་ལོ1954ལོར་ཟླ་སྒྲིལ་བཏང་ཞིང་རྫོང་སྲིད་གཞུང་གྲོང་རྡལ་དུ་བཅའ་སྡོད་བྱས།

སྤྱི་ལོ1958ལོར་རྫོང་ནས་ཕྱིར་འཐེན་བྱས་ཏེ་ཧོའུ་མ་གྲོང་ཁྱེར་དང་ལིན་ཧྥུན་རྫོང་སོ་སོར་བགོས།     

སྤྱི་ལོ1961ལོར་བསྐྱར་སྒྲིག་བྱས།     

སྤྱི་ལོ1967ལོར་ཧྲན་ཞིའི་ལྷོ་རྒྱུད་ས་ཁུལ་དུ་གཏོགས།     

སྤྱི་ལོ1970ལོར་ལིན་ཧྥུན་ས་ཁུལ་དུ་གཏོགས།     

སྤྱི་ལོ2000ལོར་ལིན་ཧྥུན་གྲོང་ཁྱེར་དུ་གཏོགས།   

2 སྲིད་འཛིན་ས་ཁོངས།   

སྤྱི་ལོ2007ལོའི་བར་དུ་ཞང་ཧྥུན་རྫོང་ཁོངས་སུ་གྲོང་རྡལ7དང་ཡུལ་ཚོ6 སྲིད་འཛིན་སྡེ་བ349ཡོད་དེ། ཞིན་ཁྲིན་དང་ཀྲའོ་ཁང་གྲོང་རྡལ། ཧྥུན་ཁྲིན་གྲོང་རྡལ། ནན་ཅ་གྲོང་རྡལ། ཀུའུ་ཁྲིན་གྲོང་རྡལ། ཏིན་ཀྲོང་གྲོང་རྡལ། ཐའོ་ཟི་ཡུལ་ཚོ། ཡུང་ཀུའུ་ཡུལ་ཚོ། ཅིང་མའོ་ཡུལ་ཚོ། ཞི་ཅ་ཡུལ་ཚོ། ནན་ཞིན་ཏེན་ཡུལ་ཚོ། ཏ་ཏིན་ཡུལ་ཚོ་བཅས་ཡིན། 

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཞང་ཧྥུན་རྫོང་ནི་ཧྲན་ཞི་ཞིང་ཆེན་གྱི་དབུས་ལྷོའི་རྒྱུད་དུ་གནས་པ་དང་ཤར་ངོས་སུ་ཧྥུ་ཧྲན་དང་དབྱི་ཁྲེང་། ནུབ་ངོས་སུ་ཞང་ཉིང་དང་ནན་ཆུས་ཨའོ། ཧོའུ་མ། ཞིན་ཅང་། བྱང་ངོས་སུ་ཡའོ་ཏུའུ་ཆུས་བཅས་སུ་གནས་ཡོད་ལ། ཤར་གྱི་གཞུང་ཐིག111°06′~111°40′བར་དང་བྱང་གི་འཕྲེད་ཐིག35°40′~36°03′བར་དུ་གནས་ཡོད། ལྷོ་བྱང་སྤྱི་ལེ39.3དང་ཤར་ནུབ་སྤྱི་ལེ62.5ཡོད་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1034ཡོད།     

3_2 ས་དབྱིབས།

ཞང་ཧྥུན་རྫོང་གི་ས་བབ་མཐོ་ཞིང་དཀྱིལ་དམན་ལ་ཤར་དུ་ཐ་ཨེར་རི་བོ་ཡོད་པ་དེ་ཐའེ་ཧང་རི་རྒྱུད་ཀྱི་ཁོངས་སུ་གཏོགས་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1493ཡོད་པ་དེ་ནི་རྫོང་ཡོངས་ཀྱི་རི་བོ་མཐོ་ཤོས་ཡིན། ནུབ་ལུའེ་ལེའང་རི་འདབས་ནས་དཀྱིལ་གྱི་ཧྥེན་ཧོ་ཆུ་བོ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་བརྒྱུད་ཡོད་ཅིང་། ཤར་ནུབ་རི་འདབས་ནས་རིམ་བཞིན་ཧྥུན་ཧའོ་ཆུ་བོའི་ལུང་གཞུང་དུ་གསེག་སྟེ། ཤར་དངོས་མཐོ་ཞིང་དཀྱིལ་དམའ་བའི་དབྱིབས་ཀྱི་རྣམ་པ་གྲུབ། རོང་ས་དམའ་ཤོས་ཀྱི་ཡུང་ཀུའུ་ཡུལ་ཚོ་ཤིས་ཅི་གྲོང་ཚོའི་ས་བབ་མཐོ་ཚད་སྨི391ཟིན་པ་དང་རི་ཁུལ་གྱི་རི་བོ་མཐོ་ཤོས་ཀྱི་ས་བབ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1495.4དང་མཐོ་ཚད1104.4ཟིན་ཡོད། རི་རྩ་དང་ལུང་གཞུང་ཕུད་སྤྱིར་བཏང་ས་ངོས་ཀྱི་མཐོ་དམན་དེ་ཙམ་ཆེན་པོ་མེད་པ་དང་། བདེ་ཐང་གིས་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི70%ཡན་བཟུང་ཡོད་ཅིང་། གཞི་རྩའི་ཆ་ནས་ཕིང་ཁྲོན་ས་ཁུལ་ལ་དབང་བ་རེད། ཧྥེན་ཧོ་གཙང་པོའི་ངོགས་གཉིས་ཀྱི་ས་དབྱིབས་ཁོད་སྙོམས་ཤིང་དེ་ནི་ལིན་ཧྥུན་གཤོང་སའི་གྲུབ་ཆ་ཞིག་ཡིན་པ་དང་ས་བབ་མཐོ་ཚད་སྨི500ནས600བར་ཡིན།     

3_3 ནམ་ཟླ།     

ཞང་ཧྥུན་རྫོང་ནི་དྲོད་ཁུལ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ལོ་རེར་ཆ་སྙོམས་དྲོད་ཚད་ཏུའུ11.5དང་ཟླ་བ་དང་པོ་ནས4.5ཟླ་བདུན་པའི་ཏུའུ26ཡིན། ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི550ཡས་མས་དང་སད་མེད་དུས་ཀྱི་ཉིན་ནི185ཡིན།

4 མི་འབོར་དང་མི་རིགས།
4_1 མི་འབོར།     

སྤྱི་ལོ2010ལོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པ་ལྟར་ན་ཞང་ཧྥུན་རྫོང་གི་མི་གྲངས་བསྡོམས་འབོར་ཁྲི44.26ལ་སླེབས་ཡོད།  

4_2 མི་རིགས། 

ཞང་ཧྥུན་རྫོང་ནི་རྒྱ་རིགས་གཙོ་བོ་ཡིན་པ་དང་། གྲངས་ཉུང་མི་རིགས་ལ་ཧུའེ་རིགས་དང་། མན་ཇུ་རིགས། ཐུའུ་ཅ་རིགས། སོག་རིགས། མིའོ་རིགས་སོགས་ཡོད།     

5 དཔལ་འབྱོར།

སྤྱི་ལོ2010ལོར་ཞང་ཧྥུན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི1015405ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2009ལོ་ལས17.0%འཕར་ཡོད་ལ། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི82205ཟིན་པ་དེ་སྤྱི་ལོ2009ལོ་ལས20.1%འཕར་བ་དང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི680657ཟིན་པ་དེ་ལོ་སྔོན་མ་ལས17.8%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི252543ཟིན་ནས་སྤྱི་ལོ2009ལོའི་དུས་མཚུངས་ལས13.3%འཕར། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་སྤྱི་འབོར་ཁྲོད་ཟིན་པའི་སྐལ་གྲངས་སོ་སོར8.1%དང67.0% 24.92%བཅས་ཟིན།    

5_1 ཐོན་ལས་དང་པོ།     

སྤྱི་ལོ2010ལོར་རྫོང་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན378985ཟིན་པ་དེ་སྤྱི་ལོ2009ལོ་ལས་ཏུན89733འཕར་བ་དེ་ལོ་སྔོན་མ་ལས23.7%འཕར་ཡོད་ལ། དེའི་ནང་དབྱར་ཁའི་འབྲུ་རིགས་ཐོན་ཚད་ཏུན179277.5ཟིན་པ་དེ་སྤྱི་ལོ2009ལོ་ལས་ཏུན14240འཕར་བ་དེ་སྤྱི་ལོ་ལས8%འཕར་ཡོད། སྟོན་ཁའི་འབྲུ་རིགས་ཐོན་ཚད་ཏུན199709ཟིན་པ་དེ་སྤྱི་ལོ2009ལོ་ལས་ཏུན75495ཐོན་འཕར། ལོ་ཧྲིལ་པོར་སྲིང་བལ་ཐོན་ཚད་ཏུན1320ཟིན་པ་དེ་སྤྱི་ལོ2009ལོ་ལས་ཏུན996ཉུང་དུ་ཕྱིན་པ་དང་སྣུམ་རྒྱུ་ཐོན་ཚད་ཏུན3106ཟིན་པ་དེ་སྤྱི་ལོ2009ལོ་ལས་ཏུན301མར་ཆག་པ་དང་། སྔོ་ཚལ་ཐོན་ཚད་ཏུན108021ཟིན་པ་དེ་སྤྱི་ལོ2009ལོ་ལས་ཏུན21622འཕར། ཤིང་འབྲས་ཐོན་ཚད་ཏུན68195ཟིན་པ་དེ་སྤྱི་ལོ2009ལོ་ལས་ཏུན20792ཐོན་འཕར་བྱུང་ཡོད། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན14857ཟིན་པ་དེ་སྤྱི་ལོ2009ལོ་ལས2.97%འཕར། འོ་མའི་ཐོན་ཚད་ཏུན776ཟིན་པ་དེ་སྤྱི་ལོ2009ལོ་ལས26%འཕར། བྱ་སྒོང་ཐོན་ཚད་ཏུན8058ཟིན་པ་དེ་སྤྱི་ལོ2009ལོ་ལས2%འཕར་ཞིང་། སྤྱི་ལོ2010ལོའི་ལོ་མཇུག་ཏུ་ཕྱུགས་རིགས་ཆེ་གྲས9491ཡོད་པ་དང་ཕག217953བཅས་ཡོད།

5_2 ཐོན་ལས་གཉིས་པ།    

སྤྱི་ལོ2010ལོར་རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་བཟོ་ལས་ཀྱི་འཕར་ཐང་སྒོར་ཁྲི605295ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2009ལོ་ལས་སྒོར་ཁྲི159800འཕར་ནས26%འཕར་ཡོད། དཔལ་འབྱོར་རིགས་ཀྱི་ཐོག་ནས་བལྟས་ན། མ་རྐང་ལམ་ལུགས་ཀྱི་ཁེ་ལས་ཀྱི་འཕར་ཐང་སྒོར་ཁྲི570092ཟིན་པ་དེ་སྤྱི་ལོ2009ལོ་ལས26%འཕར་བ་དང་ཕྱི་རྒྱལ་གྱི་ཚོང་པ་དང་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་མ་འཇོག་ཁེ་ལས་ཀྱི་འཕར་ཐང་སྒོར་ཁྲི10066ཟིན་ནས51%འཕར། དེ་མིན་གྱི་དཔལ་འབྱོར་རིགས་ཀྱི་ཁེ་ལས་ལ་སྒོར་ཁྲི25136ཟིན་པ་དེ་སྤྱི་ལོ2009ལོ་ལས28%འཕར་བ་བཅས་རེད། བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་ཁྲི42675ལེགས་གྲུབ་ཟིན་པ་དེ་སྤྱི་ལོ2009ལོའི་དུས་མཚུངས་ལས46.9%འཕར།     

5_3 ཐོན་ལས་གསུམ་པ།  

སྤྱི་ལོ2010ལོར་སྦྲག་སྲིད་ལས་སྒོའི་ཡོང་འབབ་སྒོར་ཁྲི3114.08ཟིན་པ་དང་ཁ་པར་གྲོང་ཚོ348ཡོད་པ་རེད། དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ཁག་སྒོར་ཁྲི758009ཟིན་པ་དེ་སྤྱི་ལོ2010ལོའི་ལོ་འགོ་ལས་སྒོར་ཁྲི108901འཕར་ནས16.8%འཕར་བའི་ནང་ཁེ་ལས་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་ཁྲི66187ཟིན་པ་དེ་ལོ་སྔོན་མ་ལས་སྒོར་ཁྲི10304འཕར་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཅོལ་དངུལ་ལྷག་གྲངས་སྒོར་ཁྲི627495ཟིན་པ་དེ་ལོ་སྔོན་མ་ལས་སྒོར་ཁྲི92264མང་དུ་ཕྱིན་ནས17.2%འཕར།  

6 འགྲིམ་འགྲུལ་སྐྱེལ་འདྲེན།

ཞང་ཧྥུན་རྫོང་གི་ནན་ཐུང་ཕུའུ་ལྕགས་ལམ་དང་། ཧྥེན་ཧོ། ཏ་ཡུན་བཅས་ཀྱི་མྱུར་བགྲོད་གཞུང་ལམ་དེ་ས་ཁོངས་ཧྲིལ་པོ་བརྒྱུད་ཅིང་། ཧོ་ཧོའུ་དང་ལིན་ཞ་སོགས་དང་རྒྱལ་ཁབ། ཞིང་ཆེན་རིམ་པའི་གཞུང་ལམ་དང་རྫོང་རིམ་པའི་གཞུང་ལམ། ཡུལ་ཚོ་རིམ་པའི་གཞུང་ལམ་བཅས་ཀྱི་དྲ་བ་ཞིག་ཆགས་ཡོད་ཅིང་། སྤྱི་ལོ2010ལོར་ཞང་ཧྥུན་རྫོང་གིས་གནས་སྐབས་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ཀྱི་སྨི་གྲུ་བཞི་མ5000ཟིན་པའི་ས་ཚིགས་ཀྱི་ཨར་འདམ་ལས་འགན་ལེགས་སྒྲུབ་བྱས་པ་དང་མ་དངུལ་སྒོར་ཁྲི35བཏང་། ལིན་ཞང་ལམ་གྱི་ཞའོ་ཀུའོ་གྲོང་ཚོའི་དུམ་བུའི་སྤྱི་ལེ0.6ཡི་ལམ་ངོས་བསྐྱར་བཟོ་ལས་གྲྭ་ལེགས་སྒྲུབ་བྱས་པ་དང་མ་དངུལ་སྒོར་ཁྲི107བཏང་། ལིན་ཞང་ལྕགས་ལམ་གྱི་གུང་གཞོན་ཚོགས་པའི་ཟམ་འོག་བསྐྱར་བཟོ་ལས་གྲྭ་ལེགས་གྲུབ་བྱུང་བ་དང་མ་དངུལ་སྒོར་ཁྲི45བཏང་། སྤྱི་ལེ61.2ཡོད་པའི་གྲོང་ཚོ17ལ་གཞུང་ལམ་ཤར་གཏོང་ཐུབ་པ་དང་མ་དངུལ་སྒོར་ཁྲི1540བཏང་། གཞུང་ལམ་ཐོག་རླངས་འཁོར་ཤར་བགྲོད་ཐུབ་པའི་ལམ་ཐག་སྤྱི་ལེ20གསར་སྣོན་བྱས་ཡོད།  

7 སྤྱི་ཚོགས་ལས་རིགས།
7_1 སྨན་བཅོས་འཕྲོད་བསྟེན།   

སྤྱི་ལོ2010ལོར་རྫོང་ཡོངས་ཀྱི་གྲོང་ཚོའི་འཕྲོད་བསྟེན་ཁང348དང་འཕྲོད་བསྟེན་ཁང310ཚད་ལོན་ནས་ཚད་ལོན་ཚད89%ཟིན་ཡོད། ཧོ་ནན་ནུབ་རྒྱུད་ཀྱི་སྒོ་ར་གསར་པའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་མུའུ150ཟིན་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ67800ཟིན། ཉལ་ཁྲི500བཀོད་སྒྲིག་བྱས་ནས་རགས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར2.8ལྷག་ཙམ་བཏང་། རྒྱལ་ཁབ་འཕྲོད་བསྟེན་པུའུ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་གི་འཛུགས་སྐྲུན་གཞིར་བཟུང་ནས་སྨན་བཅོས་ལག་རྩལ་ཐོག་ཁང་ལ་མ་དངུལ་སྒོར་ཁྲི2800བཏང་བ་དང་། སྨན་བཅོས་ལག་རྩལ་ཐོག་ཁང་གི་ལས་གྲྭ་ལས་མཇུག་སྒྲིལ། སྒོ་བསྟེན་སྨན་ཁང་དུ་སྡོད་པའི་ཐོག་ཁང་གི་ཇུས་འགོད་ཇུས་གཞི་ལེགས་གྲུབ་ཟིན།     

7_2 སློབ་གསོའི་བྱ་གཞག 

སྤྱི་ལོ2010ལོར་རྫོང་ཡོངས་ཀྱི་གྲོང་གསེབ་སློབ་ཆུང200ནས139བར་ལེགས་སྒྲིག་བྱས་ཡོད་ཅིང་། བུ་བཅོལ་ཁང་དང་པོ་གནས་སྤོ་ལེགས་གྲུབ་བྱུང་ནས་ཞང་ཧྥུན་གྱི་སློབ་ཁྲིད་ཐོག་ཁང་ཆུང་བ་དེ་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། ཚོད་ལྟའི་མཐོ་རིམ་སློབ་འབྲིང་དང་ལས་རིགས་སློབ་གསོའི་ལྟེ་གནས། ཞང་ཧྥུན་སློབ་འབྲིང་གཉིས་པའི་ཁང་པ་བཅས་སྤྱོད་འགོ་ཚུགས་ཤིང་ཞང་ཧྥུན་གསུམ་གྱི་བཟོ་སྐྲུན་རྐྱང་མ6གི་ལས་གྲྭ་གཙོ་བོ་ལེགས་གྲུབ་བྱུང་བ་དང་། འཛུགས་སྐྲུན་རྐྱང་མ4ཡི་སྒྲིག་སྦྱོར་ཡང་ལེགས་གྲུབ་བྱུང་ཡོད།     

7_3 རྨང་གཞིའི་སྒྲིག་བཀོད།    

སྤྱི་ལོ2010ལོར་ཞང་ཧྥུན་རྫོང་གི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུའུ་ཡིས་འགན་འཁུར་བའི་སྤྱི་ལེ4.2ཡོད་པའི་མདོང་དྲའི་ལས་གྲྭ་ཞིག་དང་རྫོང་ཨུད་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དྲོད་བརྗེ་ས་ཚིགས་གཉིས་ཚང་མ་ལེགས་གྲུབ་ཟིན་ནས་དྲོད་རླངས་མཁོ་འདོན་བྱེད་ནུས་སྨི་གྲུ་བཞི་མ་ཁྲི40ཟིན་པ་དང་དངོས་སུ་དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི12ཟིན། རང་འབབ་ཆུ་ཀ་ལ་ཀུང་སིས་ཆུ་མཁོ་འདོན་བྱེད་ཚད་ཏུན་ཁྲི150ཟིན། ཡོང་འབབ་སྒོར་ཁྲི190ཟིན། ལོ་ཧྲིལ་པོའི་ཡོང་འབབ་ཀྱི90%ཟིན། ཆུ་མཁོ་འདོན་ཁྱབ་གདལ་གཏོང་ཚད100%བཅས་སོ་སོར་ཟིན། སོལ་རླངས་ལས་གྲྭའི་ཉིན་རེར་སོལ་རླངས་མཁོ་འདོན་བྱེད་ཚད་སྨི་གྲུ་བཞི་མ་ཁྲི18ཟིན་པ་དང་ཁྱོན་གྲོང་མི་དུད་ཚང9000ཡོད་པ་དང་། འབར་རླངས་ཁྱབ་གདལ་གཏོང་ཚད82%ཟིན་ཡོད། 

དཔྱད་གཞིའི་ཡིག་ཆ།