དམུ་རྫིང་སྐེམ་པའི་སེ་འབྲུ་བརྒྱད་པ།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-03-31 09:34ལ་འགྲུབ།

དམུ་རྫིང་སྐེམ་པའི་སེ་འབྲུ་བརྒྱད་པ།

དམུ་རྫིང་སྐེམ་པའི་སྨན་མཆོག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
དམུ་རྫིང་སྐེམ་པའི་སེ་འབྲུ་བརྒྱད་པ།
ཁོངས་གཏོགས།
སྨན་རྫས།
རྣམ་པ།
ཕྱེ་མ་དང་རིལ་བུ་གང་རུང་ཡིན།
1 སྡེབ་ཁ། 

སེ་འབྲུ20ཤིང་ཚ15སུག་སྨེལ15པི་པི་ལིང15འགྲོན་ཐལ10དུར་ཐོད་ཐལ་བ10ཤ་རའི་ཐལ་བ10ཙི་ཏྲ་ཀ10སྦྱར།

2 བཟོ་ཐབས། 

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའམ་ཡང་ན་དེང་སང་གི་ཚད་གཞི་ལྟར་རིལ་བུ་བཟོས་པའི་རུང་།

3 མདོག་དང་ངོ་བོ། 

སྨན་འདི་ཁ་དོག་ནག་སྐྱ་ཅན། རོ་བསྐ་ལ་ཚ་བ། དྲི་ཞིམ་པ། ནུས་པ་སྙོམས་པ། བཟི་མེད་པའི་སྨན་སྦྱོར་བ་ཞིག་ཡིན།

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། དམུ་རྫིང་སྐེམ་པའི་སྨན་མཆོག་གོ།

5 ཐུན་ཚད་དང་བསྟེན་ཐབས། 

སྨན་འདི་ཐེངས་རེར་ཁེ1ནས2དང་། ཉིན་རེར་ཐེངས2ནས3རེ་ཕུལ་དགོས།

6 བཟོ་དབྱིབས་དང་ཉར་ཚགས། 

སྨན་འདི་ནི་ཕྱེ་རིལ་གང་རུང་གི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུག་ནས་རླན་ལ་འཛེམ་དགོས།


བརྡ་འགྲེལ་གདོང་འཛར།

གསོག་ཉར། སྡེབ་ཁ། ཕན་ནུས། སེ་འབྲུ།