དམུ་ཆུ་འཕྲུལ་འཛག(2)སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-03-31 09:34ལ་འགྲུབ།

དམུ་ཆུ་འཕྲུལ་འཛག(2)

སྨན་དེ་ཞག་བཅའམ་ཟླ་བ་ཕྱེད་ཀྱི་བར།། ན་འཕྲོ་མི་བཅད་ཟས་དང་སྤྱོད་ལམ་གཟབ།། སྟོད་ནད་རིམ་པར་གཉེར་མ་ཙུམ་ཙུམ་འགྲོ།། ཆུ་ཟད་རྗེས་ལ་སྐེམ་སྨན་རིགས་བཏང་སྟེ།། གསང་ཁ་བསྡམས་ལ་བཅུད་ཀྱིས་གསོ་བར་བྱ།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
དམུ་ཆུ་འཕྲུལ་འཛག(2)
ཁོངས་གཏོགས།
སྨན་རྫས།
རྣམ་པ།
ཕྱེ་མ་དང་རིལ་བུ་གང་རུང་།
1 སྡེབ་ཁ། 

བྱང་བ9རྒྱ་ཚྭ30སྡིག་སྲིན30འབུ་སྐྱོགས40ཉི་དགའ15གཟེ་མ20ཚ་ལ20ཤིང་མངར10ལི་ཤི10གུར་ཀུམ20སུག་སྨེལ15པི་ལིང15གླ་རྩི10གུ་གུལ་དཀར10སྦྱར།

2 བཟོ་ཐབས། 

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའམ་ཡང་ན་དེང་སང་གི་ཚད་གཞི་ལྟར་རིལ་བུ་བཟོས་པའི་རུང་།

3 མདོག་དང་ངོ་བོ། 

སྨན་འདི་ཁ་དོག་སྨུག་སྐྱ་ཅན། རོ་མངར་ལ་ལན་ཚ་བ། དྲི་ཞིམ་པ། ནུས་པ་སྙོམས། བཟི་ཁ་ཅན་གྱི་སྨན་གྱི་སྦྱོར་བ་ཞིག་ཡིན།

4 ཕན་ཡོན་དང་གཙོ་བཅོས། 

སྨན་འདིའི་ཕན་ཡོན་ནི། སྨན་དེ་ཞག་བཅའམ་ཟླ་བ་ཕྱེད་ཀྱི་བར།། ན་འཕྲོ་མི་བཅད་ཟས་དང་སྤྱོད་ལམ་གཟབ།། སྟོད་ནད་རིམ་པར་གཉེར་མ་ཙུམ་ཙུམ་འགྲོ།། ཆུ་ཟད་རྗེས་ལ་སྐེམ་སྨན་རིགས་བཏང་སྟེ།། གསང་ཁ་བསྡམས་ལ་བཅུད་ཀྱིས་གསོ་བར་བྱ་ཞེས་པ་ལྟར་རོ།།

5 ཐུན་ཚད་དང་བསྟེན་ཐབས། 

སྨན་འདི་ཐེངས་རེར་ཁེ1ནས2དང་།ཉིན་རེར་ཐེངས2ནས3རེ་ཕུལ་དགོས།

6 བཟོ་དབྱིབས་དང་ཉར་ཚགས། 

སྨན་འདི་ནི་ཕྱེ་རིལ་གང་རུང་གི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུག་ནས་རླན་ལ་འཛེམ་དགོས།


བརྡ་འགྲེལ་གདོང་འཛར།

ཕན་ནུས། གཙོ་བཅོས།